གངས་ལྷ་མོ།
ནད་ཡམས་ལ་ཁ་གཏད་སྐབས་རྒྱལ་ཁབ་ཁག་ནས་མཐུན་མོང་གི་ལེགས་ཆོས་ཅི་འདྲ་སྟོན་ཡོད་དམ། བུད་མེད་ཀྱི་དབུ་ཁྲིད་རྣམས།
(མཆན། རྩོམ་འདིའི་མ་དེབ་ཨཱིན་ཡིག་ཡིན་སྟབས་སོ་སོའི་སྐད་དེའི་བྱང་ཆ་ཞེན་ཡང་ཨུ་ཚུགས་ཀྱིས་བསྒྱུར་སྟབས་ནོར་འཛོལ་བྱུང་ཚེ་མ་ཡིག་ལ་རྩ་འཛིན་ཡོང་བ་ཞུ། )
(ཁྱོད་ཚོས་) ཉེན་ཁར་ཁ་ཕྱོགས་དུས་དབུ་ཁྲིད་ངོ་མ་ཞིག་གི་དཔེ་མཚོན་འཚོལ་གྱི་ཡོད་དམ། ཨཱེ་སི་ལན་ཊི་ Iceland ཐཱེ་ཝན། Taiwan དེ་བཞིན་ཇཱ་མན་ནིས་ Germany ནས་ནཱོའུ་ཙི་ལན་ཊིའི་ New Zealand བར། བུད་མེད་ཚོས་འཛམ་གླིང་འདིར་ཟང་ཟིང་གི་འགྲོ་བ་མིའི་ཁྱིམ་གཞི་དོ་དམ་ཅི་ལྟར་དགོས་མིན་སྐོར་ར་སྤྲོད་བྱེད་བཞིན་ཡོད། དེའི་ཐོག་ཧྥིན་ལན་ Finland དང་ཨཱེ་ཟི་ལན་ཊི་ Iceland དང་ཌཱེ་མག་ཁིར་ Denmark བཅས་ལ་མཚོན་ན།
ང་ཚོས་ཨཱ་རིའི་རྒྱལ་ཚོགས་ཀྱི་ཁང་ཆེན་དུ་བཤད་གླེང་དེའི་སྐོར་གྱི་དྲོད་ཚད་ལྟ་བུ་དེ་མཐོ་རུ་འགྲོ་བཞིན་པའི་སྐབས་སུ་ནད་ཡམས་འདིར་ཁ་གཏད་ཐུབ་པའི་དགོས་མཁོའི་དངོས་པོའམ་ནུས་པ་དེ་བུད་མེད་རྣམས་ལ་ཚང་ཡོད་པར་ར་སྤྲོད་བྱས་ཟིན་པ་རེད། མང་པོས་འདི་ཚོ་ནི་རྒྱལ་ཁབ་ཆུང་གྲལ་རེད། གླིང་ཕྲན་ཆུང་གྲལ་རེད། དེ་ཚོ་རྒྱལ་ཁབ་གཞན་དང་མི་འདྲ་ཞེས་ཀྱང་བཤད་སྲིད། འོན་ཀྱང་ཇཱ་མན་ནིས་ Germany ནི་སྔོན་མཐོན་དང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་རེད། ཨིན་ཇི་རྒྱལ་ཁབ་ United Kingdom ནི་སྔར་དང་མིི་འདྲ་བའི་མཚོ་གླིང་ཞིག་རེད། དབུ་ཁྲིད་འདི་ཚོས་ང་ཚོར་དབང་ཆ་བེད་སྤྱོད་ཀྱི་འགུལ་ཤུགས་དེའི་ཚབ་མཚོན་གཞན་གྱི་ཐབས་ལམ་ཞིག་སྟེར་བཞིན་ཡོད། ཁོང་ཚོས་ང་ཚོར་ཅི་ཞིག་བསླབ་ཀྱི་ཡོད་དམ་ཞེ་ན།
བདེན་པ།
ཇཱ་མན་ནིས་ཀྱི་སྲིད་བློན་ཨཱན་ཅེ་ལ་མཱོག་ཁེ་ Angela Merkel སྔར་ནས་ཡར་ལང་སྟེ་ཞི་ལྷོད་ངང་མོའི་སྤུན་ཟླ་ཚོར་འདི་ནི་ཧ་ཅང་ཚབ་ཆེན་གྱི་ནད་འབུ་ཞིག་ཡིན་ལ། ནད་འབུ་དེས་མི་འབོར་ཡོངས་ཀྱི་བརྒྱ་ཆ་བདུན་ཅུར་ 70% འགོས་ཐུབ་ཀྱི་ཡོད་པ་རེད་ཅེས་དང་། མོས་འདི་ནི་ཧ་ཅང་ཚབ་ཆེན་རེད། ཅེས་བཤད་ཡོད། མོས་དེ་འདྲ་བཤད་ཐུབ་ཡོད་པའི་རྐྱེན་གྱིས་ཁོ་ཚོས་ལས་དོན་ཡང་དེ་ལྟར་གྲུབ་ཡོད་པ་རེད། ནད་གཞི་རྟོགས་དཔྱོད་འགོ་བརྩམས་པ་ནས་བཟུང་ཇཱ་མན་ནི་ནས་ང་ཚོས་ས་གནས་གཞན་དག་ནས་མཐོང་བའི་ཁོང་ཁྲོ་དང་མཐོང་ཆུང་གི་གོ་རིམ་དེ་ལས་བརྒལ་ཟིན་ཡོད་པ་རེད། རྒྱལ་ཁབ་འདིའི་ནད་ཡམས་ཁྱབ་ཚད་ཀྱི་གྲངས་ཀ་ནི་ཡཱོ་རོབ་ཁྱིམ་མཚེས་རྒྱལ་ཁབ་གཞན་ལས་ཧ་ཅང་ཉུང་བ་མ་ཟད། གནས་སྟངས་མང་པོས་ཁོང་ཚོས་ཕྱོགས་གཞན་ཞིག་ནས་མ་འོངས་པར་ནད་ཡམས་བཀག་སྡོམ་གྱི་བཀག་རྒྱ་དེའང་སྔ་ཙམ་ནས་ལྷོད་དུ་གཏོང་སྲིད་པར་ཚད་དཔག་བྱེད་ཐུབ་པ་གསལ་ཡོད།
ཐག་གཅོད་ཀྱི་རང་བཞིན།
བུད་མེད་དབུ་ཁྲིད་དང་ནད་ཡམས་ཀྱི་ཤི་རྐྱེན་འབྱུང་བའི་བསྡུར་ཚད་ཀྱི་རེའུ་མིག་ཐོག་ནས་སྤྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༢ བར། ཡཱོ་རོབ་ནད་གཞི་ཚོད་འཛིན་ལྟེ་གནས་ཀྱི་གྲངས་ཚད། 20-FIRST ཆེས་སྔ་ཤོས་དང་ལས་འགུལ་སྔ་ཤོས་སྤེལ་མཁན་ནི་ཐཱེ་ཝན་ Taiwan གྱི་སྲིད་འཛིན་ཚཱེ་དབྱིན་ཝུན་ Cai Yingwen རེད། ཟླ་བ་དང་པོར་ནད་ཡམས་གསར་པ་ཐོག་མ་འབྱུང་བའི་ཚུལ་མཐོང་སྐབས་མོ་རང་གིས་ཐབས་ལམ་ཁག་ ༡༢༤ སྟོན་ནས་ནད་ཡམས་བརྒྱུད་སྤེལ་མི་འབྱུང་བར་སྔོན་འགོག་བྱས་པ་དང་། དེ་བས་ས་གནས་གཞན་ལྟར་སྤྱི་ཁྱབ་ཀྱི་བཀག་སྡོམ་གྱི་བྱ་བར་བརྟེན་མི་དགོས་པ་བཟོས། མོས་ད་ལྟའི་ཆར་ཨཱ་རི་དང་ཡཱོ་རོབ་ལ་ཁ་རས་ཁྲི་ ༡༠༠༠ མཁོ་འདོན་བྱེད་བཞིན་པ་རེད། Ing-wen གྱིས་གསར་ཁང་ CNN ལ་འཛམ་གླིང་ཐོག་ཆེས་ལེགས་ཤོས་ཅེས་བཤད་ཡོད་པ་ལྟར་ཐཱེ་ཝན་ནས་ནད་ཡམས་དེར་ཁ་གཏད་ཀྱི་ཐབས་སྟོན་ནས་དེར་ཚོད་བཀག་ཐུབ་པ་བཟོས་པ་དང་། ད་བར་ཐཱེ་ཝན་ལ་མི་གྲངས་ ༦ ལས་ཤི་རྐྱེན་བྱུང་མེད་པ་རེད།
ནཱེའུ་ཙི་ལན་ཊིའི་ New Zealand ཀྱཱེ་སིན་ཏ་ཨ་ཊན་ Jacinda Ardern གྱིས་སྔོན་མ་ནས་དེར་བཀག་སྡོམ་བཟོས་ཟིན། ད་དུང་མོས་ནཱེའུ་ཙི་ལན་ཊིར་ཚད་མཐོའི་གཟབ་ནན་བྱེད་ཀྱི་ཡོད་པའམ་དེའི་རྒྱུ་རྐྱེན་ཅི་འདྲ་ཡིན་མིན་ཐད་གསལ་པོར་མཚོན་ཐུབ་པ་བྱས་ཡོད། མོས་ནཱེའུ་ཙི་ལན་ཊིའི་མི་རྣམས་ངེས་པར་དུ་ནང་དུ་སྡོད་དགོས་སྐོར་ཧོན་འཐོར་དགོས་པའི་བཀག་རྒྱ་དམ་པོ་བཟོས་པ་དང་། སྐབས་དེར་རྒྱལ་ཡོངས་སུ་ནད་ཡམས་ཀྱི་དཔེ་མཚོན་དྲུག་ལས་བྱུང་མེད། དེས་མ་ཚད་དེ་རྗེས་ཙམ་ནས་རྒྱལ་ཁབ་ཕྱིའི་མི་རྣམས་ནཱེའུ་ཙི་ལན་ཊིར་ཡོང་རྒྱུར་བཀག་སྡོམ་ཆ་ཚང་བཟོས་ཡོད། གསལ་ཆ་དོད་ཅིང་སེམས་ཐག་ཆོད་པོའི་རྣམ་འགྱུར་དེ་ནི་ནཱེའུ་ཙི་ལན་ཊི་ནད་ཡམས་དེའི་དྲག་ཆར་དང་རླུང་འཚུབ་ནས་སྐྱོབས་ཐུབ་པའི་ནུས་པ་དེ་ཡིན། འདི་ཟླ་ ༤ པའི་ཟླ་དཀྱིལ་བར་ཁོ་ཚོའི་མི་བཞི་ལས་ཤི་རྐྱེན་བྱུང་མེད་པ་རེད།
རྒྱལ་ཁབ་གཞན་ཚོས་བཀག་སྡོམ་མཇུག་བསྒྲིལ་དགོས་པར་བགྲོ་གླེང་བྱེད་བཞིན་པའི་གནས་སྟངས་འོག ཀྱཱེ་སིན་ཏ་ཨ་ཊན་ Jacinda Ardern གྱིས་ད་དུང་ནཱེའུ་ཙི་ལན་ཊིར་ཕྱིར་ཡོང་མཁན་གྱི་ཕྱི་མི་རྣམས་དམིགས་བཀར་གྱི་ས་གནས་རང་དུ་ཉིན་བཅུ་བཞིར་རང་བཀག་དགོས་པའི་བཀའ་ཆད་ཁ་སྣོན་ཡང་བརྒྱབས་ཡོད་པ་རེད།
ཚན་རྩལ་ཁག
ཨཱེ་སི་ལན་ཊི་ Iceland ཡི་སྲིད་བློན་ཁཱ་ཐེ་ལིན་ KatrinJakobsdóttir ཡིས་འགོ་འཁྲིད་འོག མི་དམངས་ཡོངས་ལ་ནད་ཡམས་ཡོད་མེད་ཚོད་ལྟའི་ལས་གཞི་རིན་མེད་ཀྱི་སྤེལ་ཡོད་པ་མ་ཟད། རྒྱལ་ཁབ་འདི་ནི་ད་ཐེངས་ཀྱི་ཏོག་དབྱིབས་ནད་ཡམས་ ༡༩ ཅེས་པའི་དངོས་བྱུང་གི་ཁྱབ་དར་དང་ཤི་རྐྱེན་སྐོར་མ་འོངས་པར་ཞིབ་འཇུག་གི་དཔེ་མཚོན་གཙོ་གནད་ཅན་དུ་ཆག་གི་ཡོད་པ་རེད། རྒྱལ་ཁབ་དང་ས་གནས་མང་ཆེར་གྱི་ཚོད་ལྟ་དེ་ཁྱབ་དར་འགྲོ་བཞིན་པའི་ཚོད་དུ་ལས་ངོས་འཛིན་བྱེད་ཀྱི་མེད། རྒྱལ་ཁབ་འདིས་མ་འོངས་པར་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་གི་རེད། རྒྱལ་ཁབ་འདིས་ ཀཱོ་རི་ཡན་ Korea གྱི་མི་འབོར་ཡོངས་ཀྱི་བསྡུར་ཚད་ལ་རྟགས་དཔྱད་བྱས་པའི་གྲངས་ཚད་ནི་ལྡབ་ལྔ་ཡིན། དེ་མིན་དེའི་རྗེས་འཇུག་གི་སྒྲིག་སྲོལ་ཆ་ཚང་བ་ཞིག་ཀྱང་བཟོས་ཟིན་པ་དེས་ཁོ་ཚོས་རྒྱལ་ཁབ་ལ་བཀག་སྡོམ་དང་སློབ་གྲྭ་ཁག་སྒོ་རྒྱག་མི་དགོས་པའི་གནས་སྟངས་ཤིག་ཀྱང་མཚོན་གྱི་ཡོད་པ་རེད།
སཱང་ན་མ་ལིན་ Sanna Marin ནི་ན་ནིང་ལོའི་ཟླ་ ༡༢ པར་ཧཱིན་ལན་ཊི་ Finland རྒྱལ་ཁབ་ནས་དབུ་འཁྲིད་ལ་གདམ་ཐོན་བྱུང་རྗེས་འཛམ་གླིང་ཐོག་ཆེས་ལོ་གཞོན་གྱི་རྒྱལ་ཁབ་སྲིད་འཛིན་ཞིག་ཏུ་གྱུར། སྟོང་ལོ་གསར་པའི་དབུ་ཁྲིད་འདིས་སྤྱི་ཚོགས་དྲ་ལམ་དུ་ཤུགས་རྐྱེན་ཆེ་བའི་མི་སྣ་ཚོ་བེད་སྤྱོད་དེ་ནད་ཡམས་འདིའི་ཉེན་ཁར་ཁ་གཏད་གཅོག་སྟངས་དེ་ནི་འགུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར། ཁོ་ཚོས་མི་ཚང་མས་གསར་འགྱུར་ལ་ལྟ་གི་མེད་པར་ངོས་འཛིན་བྱུང་བར་བརྟེན། ཁོ་ཚོས་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེ་བའི་གཞོན་ནུ་སུ་ཡིན་རུང་དེ་དག་གདན་འདྲེན་ཞུས་ཏེ་ནད་ཡམས་འགོས་ཁྱབ་ཀྱི་རྨང་གཞིའི་དོན་དངོས་ལྡན་པའི་གསར་འགྱུར་རྒྱུད་སྤེལ་བྱེད་དུ་བཅུག་ཡོད་པ་རེད།
བརྩེ་བ།
ནཱོ་ཝེའི་ Norway སྲིད་བློན་ཨཱེར་མ་སོལ་བྷོག Erna Solberg གིས་གསར་གཏོད་ཀྱི་བསམ་ཚུལ་ཞིག་སྟོན་ཡོད་པ་དེ་ནི་གློག་བརྙན་བརྒྱུད་རྒྱལ་ཁབ་རང་གི་ཕྲུ་གུ་ཚོ་དང་བརྗོད་གཞིའི་སྐོར་བགྲོ་གླེང་ཐད་ཀར་བྱེད་ཀྱི་ཡོད་པ་དེ་རེད། མོས་དེ་སྔོན་ཊཱན་མག་ Denmark གི་སྲིད་བློན་ མཱེ་ཐིར་ Mette Frederiksen ནས་ཉིན་ཤས་སྔོན་དུ་སྐར་མ་གསུམ་ཙམ་རིང་གི་གསར་འགོད་གསར་བསྒྲགས་དེ་རྨང་གཞིར་བྱས། དེའང་སཱོ་བྷག་གིས་ཆེད་དུ་གསར་འགོད་གསར་བསྒྲགས་ཅིག་སྤེལ་བའི་ནང་ཕྲུ་གུ་ཚོ་ལས་དར་མ་ཚོ་དེར་བཞུགས་མི་ཆོག་པ་བྱས། མོས་རྒྱལ་ཡོངས་ཀྱི་ཕྲུ་གུ་བྱིས་པ་ཚོའི་དྲི་བར་ལན་འདེབས་ཀྱིས་དུས་ཚོད་བཏང་ནས་སེམས་ལ་འཇིགས་སྐྲག་ཡོང་བ་དེ་ལུགས་མཐུན་ཡིན་དགོས་པའི་རྒྱུ་མཚན་སྐོར་འགྲེལ་བཤད་བྱས། བསམ་ཚུལ་དེའི་གསར་གཏོད་དང་མངོན་མཚན་རང་བཞིན་གྱིས་མི་རྣམས་ལ་ཚོར་ཤུགས་ཧ་ཅང་ཆེན་པོ་བསླངས། ད་དུང་ཡང་སྟབས་བདེ་ཞིང་མི་གཤིས་ཀྱི་རང་བཞིན་ལྡན་པའི་གསར་གཏོད་རང་བཞིན་གྱིས་བུད་མེད་ཀྱི་དབུ་ཁྲིད་ཚོས་ནུས་སྟོབས་སྔར་ལས་ཆེ་བ་སྤེལ་ཐུབ་པའི་ནུས་པ་ལྡན་ཐུབ་བམ།
སྤྱི་བཏང་གི་ཆ་ནས་བཤད་ན། བུད་མེད་ཀྱི་དབུ་ཁྲིད་འདི་དག་གིས་གཅིག་མཚུངས་ཀྱི་དོན་དམ་རང་བཞིན་གྱི་སེམས་ཁམས་དང་ཐུགས་འཁུར་མཚོན་པ་དེ་ནི་ཚབ་མཚོན་རང་བཞིན་གྱི་ཁམས་གཞན་ཞིག་ནས་ཡོང་བ་དང་མཚུངས་པ་ལས། དེ་ནི་ང་ཚོའི་དེ་སྔོན་གྱི་གོམས་གཤིས་ཅིག་མིན། དེའང་ཁོང་ཚོའི་ལག་གཉིས་བརྙན་འཕྲིན་ནས་ཕྱིར་བཀྱང་བཞིན་པ་དང་མཚུངས་ལ། དེས་ཁྱེད་རང་དམ་དུ་འཐམ་ཞིང་བརྩེ་ཚོར་ལྡན་པ་དང་མཚུངས། དབུ་ཁྲིད་ཅེས་པ་ཐོས་སྟངས་དེ་ལྟ་བུ་ཞིག་དགོས་པ་སུས་ཤེས་སམ།
ད་ཆ་དབུ་ཁྲིད་འདི་དག་དང་དེ་ཚོའི་ལོ་རྒྱུས་དང་ཉེན་འཚབ་བེད་སྤྱོད་དེ་དབང་ཤུགས་རིང་ལུགས་ལ་ཤུགས་གནོན་རྒྱག་པའི་གོ་རིམ་གསུམ་ཅན་གྱི་ནུས་ཤུགས་སྤྱོད་དེ་དཔྱད་བསྡུར་བྱེད་ན། མི་གཞན་དག་ཟེར་བར་འཁང་ར་བྱེད་པ། ཁྲིམས་སྲིད་དབང་སྒྱུར་གྱི་སྡེ་ཚན། གསར་འགོད་པར་ལོག་འགྲེལ་བྱེད་ཅིང་དེ་དག་ནི་རྒྱལ་ཁབ་ཀྱི་འཁེབ་འོག་ཏུ་ང་ཚོར་ནམ་ཡང་འབྱུང་མི་སྲིད་ཅེསབཤད་སྟངས་ཀྱི་གྲིབ་འོག་ཏུ་གནས་སུ་བཅུག་པ་ལྟར་རེད། རྒས་ཡོལ་གཏོང་བའི་མུན་ནག
ཨ་རིའི་སྲིད་འཛིན་ཁྲཱོན་ཕུའུ། Trumpདང་། བྷེ་ཙི་ལན། Brazilian གྱི་ཆབ་སྲིད་པ། Bolsonaro མཱོ་སི་ཁན། Mexicanགྱི་ཆབ་སྲིད་པ། ཧཱི་ལི་ཕིན་ Philippine གྱི་ཆབ་སྲིད་པ། Duterte ཧཱང་གྷ་རིའི་ Hungarian ཆབ་སྲིད་པ་ Orban རྒྱ་གར India ་གྱི་སྲིད་འཛིན། Modi རཱ་ཞི་ཡན་ Russian གྱི་སྲིད་འཛིན་ཕུའུ་ཀིན། Putin ཨཱེ་ཟི་རལ་ Israeliགྱི་ཆབ་སྲིད་པ་ནཱེ་ཐན་ཡ་ཧུན། Netanyahu སོགས་ཡོད།
ལོ་མང་གི་ཞིབ་འཇུག་གྲུབ་དོན་ལས་ང་ཚོར་གསང་བརྡ་ཞིག་སྤྲོད་བཞིན་པ་དེ་ནི་བུད་མེད་ཀྱི་དབུ་ཁྲིད་ཀྱི་ལམ་ལུགས་དེ་གཞན་དང་མི་འདྲ་བ་ཞིག་ཡིན་ཆོག་ལ་དེ་ལ་ཕན་ཐོག་ཡོད་པ་ཞིག་ཡིན་པ་མཚོན་ཡོད།
དེ་མིན་གཞན་ནི་ཧ་ཅང་མང་བའི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་ཚོགས་པ་ཚོས་མུ་མཐུད་བུད་མེད་ཀྱི་དབུ་ཁྲིད་དེ་དག་གི་ནུས་པ་དང་རྒྱལ་ཁའི་ཕྱོགས་ནས་གང་ཐུབ་ཀྱི་སྐྱེས་པའི་དབུ་འཁྲིད་ཅིག་དང་འདྲ་མཚུངས་དགོས་པའི་ཕྱོགས་སུ་ཧུར་བརྩོན་གྱིས་བསྐུལ་འདེད་བྱེད་བཞིན་ཡོད་པ་རེད། ཡིན་ཡང་རྒྱལ་ཁབ་ཀྱི་དབུ་ཁྲིད་འདི་དག་ནི་ཟླ་བ་བདུན་པའི་གྱོད་དོན་ཞེས་པའི་སྐོར་ཞིབ་འཇུག་བྱེད་ཡུལ་མིག་ཟུང་གི་འོད་མདའ་ལྟ་བུར་གྱུར་ཡོད་པ་རེད།
མ་རྩོམ་གྱི་འབྲེལ་ཐག
https://www.forbes.com/sites/avivahwittenbergcox/#4ae501c0bf19
བུད་མེད་ངར་མ་བདུན་གྱིས། །
ཏོག་དབྱིབས་ཁ་གཏད་གཏོང་སྟངས། །
བོད་མོ་ངར་མ་གངས་ལྷ་མོས། །
བསྒྱུར་བ་བདག་གིས་བཀླགས་ཟིན། །