འཛམ་གླིང་གི་མྱ་ངན།
གཱན་ངྷི་། ཁོང་གི་མི་ཚེ་དང་འཛམ་གླིང་ལ་གསུང་འཕྲིན།
ལོའུ་བེ་སུ ཧྥི་ཆེར་གྱིས་བརྩམས།
བོད་སྒྱུར། ཚེ་རིང་དོན་གྲུབ
མོ་ཧཱན་ངྷ གཱན་ངྷི ༡༨༦༩ ཟླ་བ་༡༠་ཚེས༢ – ༡༩༤༨་ཟླ་བ་༡་ཚེས་༣༠
ལྡི་ལི་གསར་བའི་ཉེ་འཁྲིས། ཇུམ་ནཱ་གཙང་བའི་འགྲམ་དུ། མི་མང་ས་ཡ་གཅིག་ལ་ཉེ་བས་སྐུ་ཕུང་གདན་ཞུའི་ཆོ་ག་ཞུགས་འབུལ་གནང་སའི་གནས་ཏེ་འབྱོར་བར་སྒུག་འདུག སྐྱེས་བ་ཚོས་དར་གོས་དཀར་པོ་གྱོན་པ་དང་། བུད་མེད་ཚོས་སྲིང་བལ་གྱི་གཟན་རས་དཀར་པོ་གཡོག་པ་དེས་ས་གཞི་ཡོངས་དཀར་པོས་ཁེབས།
གཙང་བོ་ནས་གོམ་ཁྲི་བརྒྱ་ཕྲག་ཅིག་གི་སར་རཱ་རྗེ་གཱ་ཊ་རུ་ས་དང་རྡོ། ས་ཕག་གིས་བཟོས་པའི་དུར་ཁང་གསར་བ་ཞིག་འདུག དེ་ནི་གོམ་ཁྲི་བརྒྱད་ཅན་གྱི་གྲུ་བཞི་ཞིག་རེད་། མཐོ་ཚད་ལ་གོམ་ཁྲི་གཉིས་ཙམ་འདུག ཙན་དན་གྱི་ཤིང་དུམ་ཕྲ་ཞིང་རིང་བོ་ལ་དྲི་བཟང་ཞུགས་ནས་དེའི་སྒང་དུ་སྤུངས། མཱ་ཧཱ་མཱ གཱན་ངྷའི་སྐུ་ཕུང་གི་དབུ་བྱང་ལ་གཏད་དེ་དུར་ཁང་དུ་བཞག སྟོན་པ་སངས་རྒྱས་མཆོག་མྱ་ངན་ལས་འདས་བའི་མཛད་པ་དེ་བཞིན་བསྟན་འདུག
ཕྱི་དྲོ་དུས་ཚོད་༤་དང་སྐར་མ་༤༥་ཐོག མཱ་ཧཱ་མཱའི་བུ་གསུམ་པ་རཱམ་ངྷ་སུ་ཡིས་དུར་ཁང་གི་སྐུ་ཕུང་ལ་ཞུགས་མེ་སྒྲོན་པ་ན། ཤིང་དུམ་འབར་བས་མེ་ལྕེ་མཆེད་པ་དང་། རྒྱ་ཆེ་བའི་མི་ཚོགས་འདུ་འཛོམས་ཀྱིས་མྱ་ངན་ཆེན་པོ་ངང་བུད་མེད་ཚོས་སྐད་ཤུགས་ཆེན་པོར་ངུ་བ་དང་སྨྲེ་སྔགས་འདོན་པ། སྐྱེས་བ་ཚོས་མིག་ནས་མཆི་མ་བཏོན། ཤིང་དུམ་འབར་བས་ཚག་སྒྲ་འབྱིན་ཞིང་མེ་ཚིགས་པ་དང་། མེ་ལྕེ་ཕྱོགས་གཅིག་ཏུ་མཆེད་ནས་མེ་ཕུང་ཞིག་ཏུ་གྱུར། ད་ལྟ་གནས་དེ་ཁུ་སིམ་སིམ་དང་། གཱན་ངྷའི་ཕུང་བོ་ཆུང་དུ་ཕྱིན་ཏེ་ཚིགས་རོ་དང་ཐལ་བ་གྱུར།
ཕྱི་ལོ་༡༩༤༨་ཟླ་༡་ཚེས་༣༠་ཉིན་གྱི་སྔ་བོ་དེ་ལ། མི་དར་མ་ཞིག་གིས་རྒྱ་གར་གྱི་གཙོ་འཛིན་མོ་ཧཱན་ངྷ་ གཱན་ངྷི་ལ་མེ་མདའ་རྒྱབ་ཏེ་བཀྲོངས་བ་རེད།
ཧྥུ་རིན་སུ་བློན་ཆེན་ཟུར་བ་ལེའུན་བྷ་ལུམ་གྱི་ཞུ་ཚིག་ནང་ “ངས་གཱན་ངྷི་མཐོང་མྱོང་མེད། ངས་ཁོང་གི་སྐད་ཡིག་མི་ཤེས། ངས་ཁོང་གི་རྒྱལ་ཁབ་ནང་གོམ་པ་སྤོས་མྱོང་མེད། ཡིནའང་། ངས་རང་ཉིད་ཀྱི་ཉེ་འབྲེལ་ཞིག་དང་བརྩེ་ལྡན་ཞིག་གྲོངས་བ་ཇི་བཞིན་སྡུག་བསྔལ་གཅིག་པ་ཚོར་ཡོང་། འཛམ་གླིང་ཡོངས་ཁྱད་དུ་འཕགས་པའི་མི་སྣ་འདི་སྐུ་གཤེགས་པས་མྱ་ངན་ནང་ལྷུང་། ”
ཁོང་སྐུ་གཤེགས་དུས། གཱན་ངྷི་ནི་ཁོང་དུས་རྒྱུན་གང་འདྲ་འཚོ་བ་ཇི་བཞིན། རྒྱུ་ནོར་དང་འབྱོར་བ་མེད་པ། ཐོབ་དང་གཞུང་གི་གོ་ས་མེད་པ། ཚན་རིག་གསར་གཏོད་དམ་ཁྱད་འཕགས་གཞུང་ལུགས་སོགས་ཅི་ཡང་མེད། ཡིནའང་། སུའུ་ལེན་དམར་གཞུང་མ་གཏོགས་སྲིད་གཞུང་ཚང་མའི་གཙོ་འཛིན་རྣམས་དང་། ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་སྐེད་པ་གཟན་རས་དཀྲིས་ཤིང་དགུང་ལོ་དོན་བརྒྱད་སོན་པའི་སྨུག་མདོག་ཅན་གྱི་མི་སྐམ་པོ་འདི་ལ་གུས་འདུད་ཞུ། སྲིད་འཛིན་ཊི་རུ་མན་དང་། དབྱིན་ཇའི་རྒྱལ་བོ། ཕྷ་རིན་སའི་སྲིད་འཛིན། ཡེ་ཤུའི་མཁན་པོ་དང་ཆོས་དཔོན་ཕི་སུ། ལོན་ཊོན་གྱི་འགོ་གཙོ་རཱ་བྷི། བོད་ཀྱི་ཏཱ་ལའི་བླ་མ། དེ་མིན་ཕྱིའི་རྒྱལ་ཁབ་ཀྱི་མི་སྣ་སྟོང་ཕྲག་གསུམ་གྱིས་རྒྱ་གར་ལ་མྱ་ངན་སེམས་གསོའི་ཞུ་འཕྲིན་བཏང་འདུག མཉམ་སྒྲིལ་རྒྱལ་ཚོགས་ལྷན་ཁང་སྐོང་འཚོགས་ཀྱིས་གཱན་ངྷ་ལ་ཆེད་བསྟོད་གནང་བ་དང་། དབྱིན་ཇའི་འཐུས་ཚུབ་ཧྥི་ལིབ་ ནོལ་བྷ་ཁེར་གྱིས་ “ཁེར་རྐྱང་དང་དབུལ་བོ་ཚོའི་གྲོགས་པོ་གཱན་ངྷ་སྐུ་གཤེགས་སོང་།” ཁོང་གིས་མུ་མཐུད་དུ་གཏམ་བརྗོད་གནང་དོན་ “གཱན་ངྷི་ཡི་རླབས་ཆེ་བའི་གྲུབ་འབྲས་ད་དུང་འབྱུང་བཞིན་པ་རེད།” དེ་མིན་འཐུས་ཚབ་གཞན་རྣམས་ཀྱིས་ཀྱང་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཞི་བདེ་ཆེད་བྱ་བཞག་མཛད་པར་བསྔགས་བརྗོད་གནང་།
མཉམ་སྒྲིལ་རྒྱལ་ཚོགས་ཀྱི་དར་ཆ་མར་ཕྱེད་ཙམ་ཕབ་པ་དང་། སྙིང་རྗེ་སྐྱོབ་ཚོགས་ཀྱི་དར་ཆ་ཡང་མར་ཕབ།
མྱ་ངན་མཁན་ཚོས་གཱན་ངྷི་ཡི་མཁྱེན་ཡོན་ཁ་ཤས་རྟོགས་ལ། ཨ་རིའི་གྲོས་ཚོགས་འཐུས་མི་ཨར་ཐུར་གྱིས་“གཱན་ངྷི་ཡིས་མཛད་པའི་བྱམས་བརྩེ་དང་བདེན་པ་ནི་གོང་མ་རྒྱལ་བོ་ཚོ་ལས་སྟོབས་ཆེན་པོ་བྱུང་ཡོད།” དབྱིན་ཇའི་ཕྱི་འབྲེལ་དྲུང་ཆེ་ཡིས་གཏམ་བརྗོད་གནང་བར་ “ངས་ཉེ་རབས་ཀྱི་ལོ་རྒྱུས་ནང་དང་། ཡང་ན་དུས་གང་ཞིག་ལ་སྐྱེས་བུ་གཞན་སུ་ཞིག་གིས་ནང་སེམས་ཀྱི་སྙིང་སྟོབས་དེ་ཕྱི་དངོས་བོའི་སྟོབས་ལས་རྣམ་པར་རྒྱལ་པར་ཤུགས་དྲག་དང་ཡིད་ཆེས་ལྡན་པའི་ངང་གསལ་སྟོན་བྱས་པ་སྐྱེས་བོ་གཅིག་ཀྱང་མི་ཤེས”ཨ་རིའི་ཕྱི་འབྲེལ་དྲུང་ཆེ་འཇོར་ཇི་མར་ཞཱལ་གྱིས་འཛམ་གླིང་གི་མྱ་ངན་ཐོག་འབྲེལ་བརྗོད་གནང་དོན་“མཱ་ཧཱ་མཱ་གཱན་ངྷི་ནི་འགྲོ་བ་མའི་རིགས་ཀྱི་བླང་དོར་འབྱེད་པའི་བློ་གྲོས་ལ་མགྲིན་ཚབ་པ་ཞིག་རེད།”
སྐྱེས་བོ་དང་བུད་མེད་། བྱིས་བ་རྣམས་ཀྱིས་ཚོར་ཞིང་ཤེས་བ་དེ། འགྲོ་བ་མིའི་རིགས་ཀྱི་བླང་དོར་འབྱེད་པའི་བློ་གྲོས་ལ་ལྐོག་གསོད་པའི་མདེལ་བུ་གསུམ་གྱིས་གཱན་ངྷི་སར་འགྱེལ་ནས་མགྲིན་ཚབ་པ་མེད་པར་གྱུར་བ་རེད། མི་ཉམ་ཆུང་འདི་གྲོངས་པ་དེས་མི་རྣམས་ཉམས་
གཱན་ངྷའི་སྐུ་འདྲ་འདི་ནི། ཝ་ཞིན་ཊོན་ནང་རྒྱ་གར་གཞུང་ཚང་མདུན་དུ་འདུག སྒྱུར་མཁན་གྱིས་བཀོད།