ཁྲོ་གཏུམ།
འཛམ་གླིང་གི་གང་སར་བཞད་མོས་བཀང་བའི་དུས་ནི
དེ་རིང་གི་ཉིན་མོ་སྟེ
ས་སྟག་འཚེར་ནས་འཁྲུངས་པའི་སྐྱེས་བུ་ཞིག
དུས་རབས་ཀྱི་འཕེལ་རྒྱས་ཁྲོད་དུ་བཞད་པའི་འཛུམ་མདངས་དེ་ཉིད
དེ་རིང་གི་ཉི་བཟང་སྐར་བཟང་སྟེ
བོད་མཐོ་སྒང་ལ་ཞབས་རྗེ་བཀོད་མཁན་གྱི་སྐྱེས་བུ་ཞིག
ཚན་རིག་གི་རླབས་རྒྱུན་ཁྲོད་དུ་བཞུར་བའི་དྭངས་གཙང་གི་སེམས་པ་ཉིད
དེ་རིང་གི་ཉིན་མོ་སྟེ
ས་ཆེན་པོའི་ཁྲོད་དུ་བབས་པའི་ཞི་བདེ་ཡི་ལྷ་བྱ་དཀར་པོ་ཞིག
འགྲོ་བ་མིའི་སེམས་ཀྱི་ཟབ་ས་རུ་འཛུལ་བའི་ཞི་འཇམ་གྱི་སྡོམ་ཚིག་འགའ
དེ་རིང་གི་ཉིན་མོ་སྟེ
བརྡ་འཕྲིན་གྱི་མཁའ་དབྱིངས་སུ་འཕུར་བའི་གསུང་ཚིག་རེ་རེའི་བྱིན་རླབས་ཤིག
ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་ཨོ་གླིང་ནས་ཕུལ།