ཚེ་རིང་ཡ་མ།
ཉིན་ཞིག་གི་ཕྱི་དྲོར་སྒེར་བདག་གནམ་གྲུ་ཆུང་བ་ཞིག་གི་ནང་དུ། སྐུ་ཞབས་སྨན་རམས་པ་མཁས་ཅན་ཞིག་དང་ཁྲིམས་རྩོད་པ་གྲགས་ཅན་གཉིས་པོ། འཁོས་མེད་ཉམ་ཆུང་གི་གྲྭ་རྐྱང་གཅིག་དང་བུ་ཚ་ཆུང་ངུ་ཞིག་དང་འགྲོགས་ཏེ་བར་སྣང་ལ་སྤྲོ་འཁྱམ་དུ་སྐྱོད་བཞིན་པའི་སྐབས། གློ་བུར་དུ་སྟབས་མ་ལེགས་པར་གནམ་གྲུའི་འཕྲུལ་ཆས་ལ་སྐྱོན་ཤོར་ཏེ་མར་ལྷུང་བའི་གནས་སུ་གྱར། ཁ་ལོ་བས་ཐབས་ཤེས་གང་དྲག་བྱས་ཀྱང་ཕན་ནུས་གང་ཡང་མ་ཐོན་པའི་ཐ་མ་དེར་འུ་ཐུག་སྟེ། མཆོང་གདུགས་(parachute)ཤིག་ལག་ཏུ་བཟུང་ནས་སྐད་ཤུགས་ཆེན་པོས་”འགྲུལ་པ་རྣམ་པ་ཚོ་ཚང་མ་མཆོང་རོགས་གྱིས། མཆོང་ན་ཡག་གི་རེད་”ཅེས་འབོད་ཀྱིན་རྒྱངས་སེ་སྔོན་དུ་མཆོང་སོང་།
ད་རུང་བྱུས་མ་ལེགས་པ་གཞན་ཞིག་སྟེ་གནམ་གྲུའི་ནང་དུ་མཆོང་གདུགས་གསུམ་མ་གཏོགས་ལྷག་མེད། སྐུ་ངོ་སྨན་པས་ལམ་སང་གནས་ཚུལ་དེ་རྟོགས་ཏེ་”མི་མང་གི་ཚེ་སྲོག་སྐྱབས་རྒྱུའི་ཆེ་དུ་ང་ངེས་པར་དུ་གསོན་དགོས་”ཟེར་ནས་མཆོང་གདུགས་ཤིག་དམ་དུ་བཟུང་སྟེ་ལྡིང་སོང་། དེ་མ་ཐག་ཁྲིམས་རྩོད་པས་ཀྱང་མཆོང་གདུགས་ཤིག་ཧབ་ཐོབ་བྱས་ཏེ་”འཛམ་གླིང་ནང་གི་བློ་རིག་སྤྱང་ཤོས་དེ་ཁྲིམས་རྩོད་པ་དག་ཡིན་པས། ང་ཡང་ངེས་པར་དུ་གསོན་འོས་པ་རེད་”ཅེས་བཤད་དེ་ཐེ་ཚོམ་ཙམ་ཡང་མེད་པཪ་ལྡིང་སོང་།
ད་ནི་གནམ་གྲུའི་ནང་དུ་ཡ་ང་བའི་རྒན་བྱིས་གཉིས་པོ་ལས་སུ་ཡང་ལྷག་མེད་སྟབས། གྲྭ་རྒན་དེས་གཅེས་པར་འོས་པའི་བྱིས་པ་ཆུང་ངུ་དེའི་ངོ་གདོང་ལ་གཟིགས་ཀྱིན་ངག་འཇམ་པོས་”ངའི་བུ་ཆུང་། ང་ནི་འཇིག་རྟེན་འདིར་རྒྱུན་རིང་བསྡད་ལ་མི་ཚེ་ཡང་ཕལ་ཆེར་འཁྱོལ་ཚར་བས་ཡིད་ཚིམས་སོང་། བུ་ཁྱེད་རང་ནི་ད་ལྟ་ལོ་ན་ཆུང་ཞིང་མི་ཚེ་བསྐྱལ་རྒྱུ་གཞི་ནས་ཡིན་པས་མཆོང་གདུགས་འདི་ཁྱེད་ཀྱིས་ཁྱེར་ལ་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱོལ་དང་”གསུངས་པ་དང་། བུ་དེས་མཆོང་གདུགས་ཞིག་གྲྭ་པའི་ཕྱག་ཏུ་ཕུལ་ཏེ་”རྒན་ལགས། སེམས་ཁྲལ་མ་གནང་དང་། འཛམ་གླིང་ནང་གི་མི་སྤྱང་ཤོས་དེས་ངའི་རྒྱབ་ཁུག་ཁུར་སོང་བ་ལས་མཆོང་གདུགས་ཁྱེར་མི་འདུག་”ཅེས་བཤད་དེ་ཁོང་གཉིས་པོ་ཡང་ཉེ་ཞོ་མེད་པར་ལྡིང་སོང་།།
ཏོག་ཙམ་འགྲིག་མ་སོང་། གྲྭ་རྒན་དེས་ང་ནི་ཨ་རི་སོགས་ནུབ་ཕྱོགས་སུ་ཆོས་ཚོགས་བཙུག་རྒྱུ་དང་། རྒྱ་བལ་དུ་ནང་མི་བུ་ཕྲུག་གསོ་ལྷག་ཡོད་པས་ང་ནི་ངེས་པར་གསོན་དགོས་སོ་ཞེས་དང་པོ་ནས་རྒྱངས་སེ་འཆོང་ནས་ལྡིང་ངོ་་་་།།
གྲྭ་རྒན་མགོ་དཀྱོག་དེས་ང་རྡ་རམ་ས་ལར་བསྡད་ནས་སྲིད་དོན་ནང་དཀྲུག་གི་ལས་ཀ་རེ་བྱེད་དགོས་ཟེར་ནས་ཆེས་སྔོན་མ་བྱས་ནས་མཆོང་སོང་།
སྒྲུང་དེ་སྔོན་ཨ་རིའི་སྲིད་འཛིན་སྦུ་ཤི་དང་འབྲེལ་ཡོད་ཀྱིས་གོ་མྱོང་།
ད་རེས་འདི་ཡག་སྙན་པོ་འདུག ཐུགས་རྗེ་ཆེ།
ཕྱི་རྒྱལ་བ་མང་པོའི་བོད་དོན་ཤེས་པ་དེ་གྲྭ་རྒན་གྱིས་ཆོས་ཚོགས་བཙུགས་ནས་བྱུང་། རྡ་སའི་སྤྱི་ཚོགས་ནང་ལྐོག་ཟ་ཉུང་བ་གྲྭ་རྒན་གྱིས་ཇུས་གཏོགས་ལས་བྱུང་། ལར་ནས་གྲྭ་རྒན་ལ་ན་ཟུག་ཆེ་བ་དེ་ཕྲག་དོག་ལས་བྱུང་བ་རེད།
ཇི་ལྟར་བདེ་གཤིགས་སྐུ་གཟུགས་ཤིང་ལས་ཀྱང་།
བགྱིས་པ་ཅི་འདྲ་རུང་ཏེ་མཁས་པས་མཆོད།
དེ་བཞིན་བདག་གི་སྙན་ངག་དེ་ངན་ཡང་།
དམ་ཆོས་རྗོད་བརྟེན་སླད་སྨད་མི་བགྱི།།
མཆན་བུ་བ་དེ་ཚོ་གྲྭ་ལོག་ཤ་ཏག་ཡིན་ས་རེད་ཧ་ཧ་་ཧ་ཧ་ཧ་་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
ཕྱེད་རང་གིས་མཐོང་བསྡད་ཡོད་པའི་ཚུལ་འདྲ་བོའི་སྒྲུང་འབྲི་སྟངས་འདི་ཚོ་འབྲི་མ་ཤེས་བ་ཡིན་ནམ། བོད་ལ་དེའི་དབྱེ་བ་མེད་པར་ཉ་ཉོག་སྲེ་བ་རེད་དམ་གང་།
ཡ་མ་ལགས་ཀྱིས་ཡ་ལན་མེད་པ་གང་རེད། ངའི་མཆན་དེ་དྲི་བ་ཡིན།
པཱ་ལགས་ : བུ་ཁྱེད་རང་ངའི་འདོད་པ་དང་མཐུན་པའི་བུ་མོ་ཞིག་ལ་ཆང་ས་རྒྱབ་དགོས་ཡོད་ ཤེས་སོང་ངམ་
བུ་: མིན་ང་འདོད་པ་མེད་
པཱ་ལགས་ : བུ་མོ་དེ་འཛམ་གླིང་ནང་རྒྱུ་ཕྱུག་ཤོས་ Bill gate ཀྱི་བུ་མོ་རེད་
བུ་: དེ་ཡིན་ན་ འགྲིགས་ཀྱི་རེད་
( པཱ་ལགས་ Bill gate ཐུག་ཏུ་ཕྱིན་ )
པཱ་ལགས་ : ཁྱེད་ཀྱི་བུ་མོ་ངའི་བུའི་མནའ་མ་ལ་གཏོང་རོགས་
Bill gate : དེ་འགྲིགས་ཀྱི་མ་རེད་ ཡོང་མི་སྲིད་པ་ཞིག་རེད་
པཱ་ལགས་ : ངའི་བུ་འཛམ་གླིང་དངུལ་ཁང་( world bank ) གི་འགོ་ཁྲིད་ ( CEO ) དེ་རེད་
Bill gate : དེ་འདྲ་ཡིན་ན་མི་འགྲིགས་པ་གང་ཡང་མི་འདུག་
( པཱ་ལགས་འཛམ་གླིང་དངུལ་ཁང་འགན་འཛིན་བཅར་དུ་ཕྱིན་ )
པཱ་ལགས་ : འགན་འཛིན་ལགས་ ངའི་བུ་དངུལ་ཁང་གི་འགོ་ཁྲིད་ ( CEO ) བསྐོ་རོགས་གནང་
འགན་འཛིན་ : གཉིད་ལམ་མ་གཏོང་ ཡོང་མི་སྲིད་པ་རེད་
པཱ་ལགས་ : ངའི་བུ་ bill gate བུ་མོའི་ཁྱོ་ག་རེད་ དགོངས་པ་བཞེས་རོགས་
འགན་འཛིན་: ཡིན་དང་ཡིན་ མི་འགྲིགས་པ་གང་ཡང་མི་འདུག་ དེ་ག་ཐག་ཆོད་པ་ཡིན་.
( མཆན་: དེ་འདྲ་ཞིག་ལ་ཚོང་གི་རིག་པ་ཟེར་ ) ( མཚར་གཏམ་དབྱིན་སྐད་ལས་བསྒྱུར་ )
འཛམ་གླིང་ནང་གི་ཕྱུག་བདག་དང་འགན་འཛིན་འདི་གཉིས་ཆེས་བླུན་པོ་གཉིས་རེད། ཧ་ཧ་ཧ།