འཇིགས་དབང་།
༄༅། སྐུ་ཡི་ལྗོན་པ་གངས་ལྗོངས་སྟག་འཚེར་བལྟམས།།
གསུང་གི་འཕྲིན་ལས་འཕགས་པའི་ཡུལ་ནས་རྒྱས།།
ཐུགས་ཀྱི་བརྩེ་བ་འགྲོ་བ་ཡོངས་ལ་ཁྱབ།།
ཞི་བདེའི་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ།།
དུས་གསུམ་སྒོ་མོ་འབྱེད་མཁན་དེ་ཁྱེད་ཡིན།།
འཚེ་མེད་ཞི་བདེ་སྤེལ་མཁན་དེ་ཁྱེད་ཡིན།
སྒོ་གསུམ་གུས་པ་ཆེན་པོས་ཁྱེད་ལ་བསྟོད།།
བསྟོན་འགྲོའི་མགོན་དུ་སྐུ་ཚེ་རབ་བརྟན་ཤོག།
ཁེལ་གྷ་རི་ནས་གུས་འཇིགས་དབང་གིས་ ༢༠༡༩ ཟླ་ ༡༢ ཚེས་ ༧ ཕུལ།