ར་ས་ཕོ་ཉ།
དེ་རིང་ནས་འཛམ་གླིང་གི་རྐང་སྤོལ་འགྲན་བསྡུར་འཚོགས་རྒྱུ་ཡིན་ལ། མི་མང་པོ་ཞིག་གི་སེམས་སུ་སུས་ཐ་མའི་རྒྱལ་ཁ་ལེན་པ་དང་། གང་ཟག་སུ་ལ་གསེར་གྱི་ལྷམ་གོ་དེ་ཐོབ་རྒྱུ་ཡིན་ནམ་སྙམ་བཞིན་ཡོད། ད་་་་་ལྟའི་ཆར་ཉམས་ཞིབ་པ་མང་པོའི་ཐ་མའི་རྒྱལ་ཁ་ལེན་མཁན་དེ་སེ་པེན་Spainཡིན་པར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་སེ་པེན་གྱི་རྩེད་འགྲན་པ་མང་ཆེ་བ་སྐད་གྲགས་ཡོད་པའི་བྷར་སེ་ལོ་ན་རྐང་སྤོལ་ཚོགས་པ་དང་། རེལ་མེ་རིཊ་དང་། ལི་ཝར་པུལ་ཚོགས་པའི་རྩེད་འགྲན་པ་ཡིན་པ་དང། ལྷག་པར་དུ་ཁོང་ཚོའི་སློབ་ཁྲིད་པ་coachནི་ཕུལ་དུ་བྱུང་བ་ཡོད། འདས་མ་ཐག་པའི་ཁོང་ཚོའི་རྐང་སྤོལ་རྩེད་ཐེངས་༤༨ནང་གཅིག་རང་ལས་ཤོར་མེད་པ་དང་༤༥ཐོབ་པ་ཡིན། ༢༠༠༨ལོའི་ཡོ་རོབ་རྐང་སྤོལ་གྱི་རྒྱལ་ཁ་དེ་ཡང་ཁོང་ཚོས་འཁྱེར་བར་སོང་ད་ལོ་ལྷོ་ཨཕ་རི་ཀར་འཚོགས་པར་འགྱུར་བའི་འགྲན་བསྡུར་དེའི་ནང་སེ་པེན་ནི་ཐོབ་རྒྱའི་རེ་བ་ཆེ་ཤོས་བྱ་ས་དེ་ཡིན། ཨར་ཇེན་ཊི་ནའི་གྲགས་ཅན་རྩེད་འགྲན་པ་མེ་སི་messiཡིས་ཀྱང་སེ་པེན་དང་བྷར་ཛིལ་དང་དབྱིན་ཇི་གསུམ་འདི་ལོར་སྟོབས་ཤུགས་ལྡན་པའི་ཕྱོགས་ལྡན་ཡོད་པར་བརྗོད་ཡོད།
དེས་ན་མཁས་པ་མང་པོས་ཡིད་ཆེས་དང་རེ་བ་བྱེད་བཞིན་པའི་རྒྱལ་ཁབ་ནི།
༡ སེ་པེན། Spain
༢ བྷར་ཛིལ། Brazil
༣ དབྱིན་ཇི། England
༤ ཨར་ཇིན་ཊི་ན། Argentina
༥ ཨི་ཏ་ལི། Italy
༦ ཧོ་ལེནྜ། མིང་གཞན་ནི་དྷར་ལེནཌ། neatherland
གསེར་གྱི་ལྷམ་གོ་འཐོབ་རྒྱུའི་རེ་བ་ཡོད་པའི་གང་ཟག་ནི།
༡ མེ་སི། Messi, ཨར་ཇིན་ཊི་ན།
༢ རོ་ནལ་ཌོ། Ronaldo, པོར་ཅུ་གྷལ།
༣ ཊོ་རེ་སེ། Torres, ཊོར་རེས།
༤ རོ་ནི། Rooney, དབྱིན་ཇི།
༥ ཀ་ཀ Kaka, བྷར་ཛིལ།
༦ ཕ་བྷི་ནོ། Fabiano, བྷར་ཛིལ།
༧ ཝིལ་ལ། Villa སེ་པིན།
ང་ནི་དབྱིན་ཇི་ཡིན་ད
ཕ་ཡུལ་ཞེས་བས་། རང་ས་གོར་གོར་མ་མོའི་སོག་པ་འདྲ་བོ་དེར་ལོག་རྒྱ་སྐལ་བ་མ་ཤར་ན། ང་རྒན་པོས་རིས་བ་སྤར་མོ་གང་བོ་འཐིམས་ས་ས་འདི་ཡིན།
ང་ཨ་རི་ཕྱོགས་ནས་ཡིན་ད་།
གསེར་ལྷམ་དེ་བོད་རིགས་ཅིག་ལ་མྱུར་དུ་ཐོབ་པའི་སྨོན་འདུན་བཅས།
དབྱིན་ཇི་ལ་ཐོབ་མི་སྲིད་ཁོ་ཐག་རེད། ད་སྔོན་ཏག་ཏག་ལ་ཨ་རི་དང་མཉམ་གྱི་རྩེད་འགྲན་ཅིག་ལ་བལྟས་པ་ཡིན་མོད། Steven Gerrard ཞེས་ཨང་ཀི་ 4 ཅན་པ་དེ་མ་གཏོགས་རྒྱལ་སྤྱིའི་རྩེད་མཁན་མཆོག་གྱུར་པ་ཞིག་མེད་ཚོད་རེད། ཡིན་ནའང་དེ་རིང་གི་རྒྱལ་ཕམ་གྱི་དབྱེ་ཐག་མ་ཆོད་པའི་སྐྱོན་ཚང་མ་དབྱིན་ཇིའི་སྒོ་སྲུང་བ་དེའི་ཐོག་ཏུ་འགེལ་ཁོ་ཐག་རེད། ད་ལོ་སི་པེན་ལ་ལྟད་མོ་བལྟ་རྒྱུ་ཞིག་མེད་དམ་བསམ་གྱི་ཡོད།
རྒྱལ་ཁབ་གང་གི་་ཁོངས་ཡིན་རུང་མིན་རུང་བོད་རིགས་རྣམས་འཛམ་གླིང་རྩེད་འགྲན་ནང་ལ་ཚུད་ཐབས་རོགས་ཕན་གཅིག་ཕན་གཅིག་གྲོགས་ལ་བརྩོན་དགོས།
ཀ་རྡོ་ལགས། སྤྱིར་སྨོན་ལམ་ནི་འ༊༊གྲོ་སོང་དང་དཀའ་ངལ་མེད་པའི་ཕན་ཡོན་ཅན་ཞིག་རེད་ཀྱང། སྨོན་ལམ་འདི་རེ་བ་དང་ཐག་ཉེ་ཙམ་ཡོད་པ་མ་རེད་དམ། དེས་ན་བོད་རེ་བས་ཕུང་ཟེར་བ་འདྲ་པོ་ཆགས་སྲིད། རང་སྐུ་གཞོན་ཡིན་ན་པོལོ་ལ་ཤུགས་རྒྱོབ། ཡང་ན་བུ་ཕྲུག་འདྲ་ཡོད་ན་ཁོང་ཚོར་པོལོའི་སློབ་གྲྭ་ལ་གཏོང་་དེ་ནས་རེ་བ་ཡོད་རེད།
སྔོན་ལོ་༡༢་གོང་ཙམ་ལ་སུད་སི་ནས་རྡོ་རྗེ་ཟེར་བའི་བོད་གཞོན་ཞིག་པོལོ་མཁས་པོ་ཞིག་ཡོད། དེའི་སྐབས་སུད་སི་རྒྱལ་སྤྱིའི་འགྲན་བསྡུར་ནང་ཚུད་ཚེ་ཁོ་ཡང་སུད་སི་ཁོངས་ནས་རྩེད་རྒྱུ་རེད་ཟེར་དེ། དེ་རྗེས་གང་ཡང་གོ་རྒྱུ་མེད་པ་ཆགས་སོང་།
མེ་ཏོག་ལགས།
ངས་རྐང་པོལ་རྩེད་ནས་ལྔ་དང་སླད་ཀོར་རག་མྱོང་། ང་རང་བསིལ་པོལ་རྩེད་ཉམས་དང་ཁེངས་དྲེགས་ཡོད། ཕྲུ་གུའི་ལོ་ཚད་དང་ང་རང་གི་ལོ་ཚད་ནི་དིང་སང་གསང་བ་བྱེད་བགྱིད་ཡོད། ཚེ་འདི་དང་ཕྱི་མ་ཡང་རྩེད་རིགས་ལ་མཁས་པ་ཡོང་བའི་སྨོན་ལམ་ད་དུང་ཡང་བརྒྱབ་བགྱི་ཡིན། སྐུ་རྩེད་དང་བཅས།
རྨི་ལམ་གཏོང་རྒྱུ་ནི་ཞེ་དྲག་གལ་ཆེན་པོ་ཡིན། ཚན་རིག་པ་ཌ་ཝིན་སི་ལ་འཕུར་རྒྱུའི་རྨི་ལམ་དང་པོ་དེ་བཏང་ཡོད།
དབྱིན་ཇིའི་རྩེད་འགྲན་པ་དེ་ཚོ་ཡག་དྲག་ནས་ད་ལོ་ཤོར་རྒྱུའི་ཉེན་ཁ་འདུག ཁེ་ཉན་ཨ་མི་རི་ཀ་དང་རྩེ་དུས་སྒོ་གཉེར་བ་དེ་ཐབས་སྐྱོ་པོ་བྱས་སོང་བས་ད་དུང་ཉེན་ཁ་རེད། མདང་དགོང་འཇར་མ་ནིས་ལེགས་པོ་རྩེས་ཤག
མི་ཚོས་སེ་པན་ལ་རྒྱལ་ཁ་ཐོབ་ཀྱི་རེད་སེ་བཤད་པ་དེར་ང་འགོད་དྲོ་ཀྱི་འདུག བལྟོས་དང་ཁ་སྔོན་སུ་ཛི་ལེནྚ་ལྟ་བུའི་རྒྱལ་ཁབ་དེས་སེ་པན་ཕམ་ཉེས་བཏང་སོང་བས་མཐའ་མིའི་རྒྱལ་ཁ་སེ་པན་ལ་ཐོབ་ཀྱི་རེད་ཟེར་ན་ཡ་མཚན་མ་རེད་དམ། ངས་བྱས་ན་ཨར་ཇན་ཊི་ནཱ་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་རེད་དོ།
ང་ཚོ་བོད་པའི་རྐང་རྩེད་རུ་ཁག་དེ་ག་དུས་རྩེད་རྭ་དེའི་ནང་མཐོང་གི་རེད་དཀོན་ཅོན་གསུམ་མཁྱེན། ངའི་མི་ཚེ་འདིར་མཐོང་ཐུབ་པ་ཤོག
faranc་ངོ་ཚ་པོ་ཆགས་སོང་ང། ཨར་ཇིན་ཊི་ན་དང་ཇར་མི་ནི་ལེགས་ཤོས་མཐོང་།
ད་དུང་ག་ལེར་ག་ལེར་བལྟ་ཆོག་གི་རེད་པ།
ལྷོ་ཀོ་རི་ཡ་ཨར་ཇིན་ཊི་ན་འགྲན་མི་ཐུབ་ཐག་ཆོད་རེད་འདུག
ཁ་སེང་སེ་པིན་སུད་སི་ལག་ཏུ་རྐང་སྤོལ་ཤོར་བ་དེ་འཛམ་གླིང་གི་མི་མང་པོ་ཧང་སངས་ཡོད། ཤོར་སྟངས་དེ་ཡང་སེ་པིན་གྱིས་དཔེ་ཡག་པོ་རྩེད་ནས་ལྟད་མོ་བ་ཚང་མ་ཧ་ལས་ཤིང་། རྩེད་འགྲན་འདི་སེ་པིན་གྱི་ལག་ཐོག་ཏུ་ཡོད་ཡོད་ཁར་ཤོར་བ་རེད། དེ་དུས་མི་སུད་ཀྱང་སུད་སི་ཐོག་ཏུ་འགན་འཇོག་ནུས་ཡོད་མི་འདུག
སེ་པིན་་གྱིས་རྩེད་འགྲན་གཉིས་པ་དེ་དེ་རིང་དགོངས་དག་གམ། ཚེས་༢༢་གྱི་ཚོུད་་༡༢་amཐོག་རྩེ་རྒྱུ་ཡིན་པས། དེ་དུས་ཁོང་ཚོ་ཤོར་ན་བུད་ངེས་ལྟ་བུ་ཡིན།
མདང་དགོངས་བྷར་ཛིལ་གྱིས་ཨེ་ཝུ་རི་ཀོ་སེཊ་༣དང་༡་གྱིས་ཕམ་པར་བྱས་ཡོད་འདུག་ཀྱང་། ཁོང་ཚོས་རྩེད་འགྲན་པ་ཡག་ཤོས་ཀ་ཀ་ཟེར་བ་དེར་བྱང་བུ་དམར་པོ་སྤྲད་ཡོད།
ད་བར་ལོ་འདིའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་བརྒྱ་ཆ་མཐོ་ཤོས་ནི་ཨར་ཇིན་ཊི་ན། ཧོ་ལནྜ་་་་འམ་་མིང་གཞན་་་ནི་དྷར་ལནྜ། བྷར་ཛིལ་བཅས་ཡིན།
དེ་རིང་རྐང་སྤོལ་རྭ་བ་༡༦པའི་ནང་ གཡུ་རུ་གྷྱ་དང་མེག་སེ་ཀོ་གཉིས་ཚུད་སོང་ལ། ལྷོ་ཨཕ་རི་ཀ་བུད་པ་རེད།