ནམ་མཁའ།
བཙན་བྱོལ་གཞུང་གི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཆོལ་ཁའི་འཐེན་འཁྱེར་གྱི། མཁྲིས་ནད་ཕོག་པའི་སྨན་ཁང་ནས་ཕྱི་ལོགས་སུ་ཐོན་ཏེ། ནུས་པ་ཆེ་ཆུང་ལ་མ་བལྟས་བར་རང་གི་སྨྱུག་གུའི་མདུང་རྩེ་རྒྱ་ནག་དམར་ཤོག་ལ་གཏོད་འདོད་པ་དེ་ཡིན། བདུན་ཕྲག་རྗེས་མའི་ཚེས་སུམ་བཅུ་ནི། རྒྱ་ནག་གིས་འཛམ་གླིང་དམག་ཆེན་གསུམ་པ་བསླངས་བའི་ཉིན་མོ་རེད། དེ་ཡང་རྒྱ་ནག་གི་དཔལ་འབྱོར་ལྷུང་ནས་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་དུས་སུ་སླེབས་ལ་ཉེ་དུས། རྒྱ་ནག་གིས་ཝུའུ་ཧན་ནས་བཟོས་བའི་ནད་འབུའི་མཚོན་ཆ་འཛམ་གླིང་ལ་ཐོག་མར་གཏོང་སྐབས། འཛམ་གླིང་གི་རྒྱལ་ཁབ་ཚོའི་རང་གི་ལུང་པའི་འགག་སྒོ་ཐམས་ཅད་ལ་སྣང་མེད་བྱས་ནས་སྒོ་ཕྱེ་སྟེ། དོག་པ་དང་རྣམ་རྟོག་རྒྱ་ནག་གི་སྟེང་ལ་ཅི་ཡང་མ་སྐྱེས་བར་གཉིད་ནས་རྨི་ལམ་སྐྱིད་པོ་བཏང་སྟེ་ཡོད།
དེ་ལྟ་ན་ཡང་། སྐབས་དེར་རྒྱ་ནག་ཝུའུ་ཧན་གྱི་མི་སེར་ཚོའི་སྟེང་ལ་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་གནས་ཚུལ་བྱུང་སྟེ། མི་དམངས་ཉམས་ཆུང་ཚོའི་ངུ་སྐད་སྨན་ཁང་དང་སྲང་ལམ་རུ་རྒྱུན་མ་ཆད་པར་དགུང་ལ་འཕྱོ་བཞིན་ཡོད་ལ། ཝུའུ་ཧན་གྱི་རོ་ཁང་ནང་དུ་ཡང་དུས་ཚོད་ཉེར་བཞིའི་རིང་རོ་ཕུང་བསྲེགས་པའི་མེ་ལྕེ་ཆད་ཀྱི་མེད་ན་ཡང་། རྒྱ་ནག་གིས་ནད་འབུའི་མཚོན་ཆས་བསད་གྲངས་མང་སྟབས། དུས་ལྟར་རོ་ཕུང་བསྲེགས་མ་ཐུབ་པར་རོ་ཕུང་རུལ་དྲི་ཕྱོགས་གང་སར་ཁྱབ་སྟེ། ཝུའུ་ཧན་གྱི་རོ་ཕུང་བསྲེགས་སའི་མཁའ་དབྱིངས་སུ་མཚན་མོ་ཡང་བྱ་རིགས་འཁོར་བའི་དུས་ལ་སླེབས་པ་རེད།
དེ་རིང་སྐབས་དེའི་གནས་ཚུལ་རྣམས་ཕྱིར་དྲན་ཞིག་བྱས་ཏེ། ཚིག་གཉིས་ཀྱི་ནང་དུ་བཤད་ན་དངོས་གནས་༼སེམས་སྐྱོ་༽བ་ཞིག་རེད། ལོ་གཅིག་གི་རྗེས་ཀྱི་དེ་རིང་ད་དུང་ཡང་ཡིད་ངོགས་སུ་བརྗེད་མེད་པར་གསལ་བོ་ཤར་བ་ཞིག་ནི། སྨན་ཁང་ཞིག་གི་ནང་ནས་རོ་ཕུང་འཇོག་སའི་ཁུག་མ་ཆེན་པོ་དེ་འདྲ་ཞིག་ནང་དུ། བྱིས་པ་ལོ་བཅུ་ཡས་མས་ཟིན་ཙམ་གྱི་རོ་ཕུང་གསུམ་ཁྱེར་ཡོང་སྟེ་གཅིག་རྗེས་གཉིས་མཐུད་ཀྱིས་བཞག་སོང་ལ། བརྙན་ཐུང་དེ་དྲ་ལམ་དུ་འཇོག་མཁན་དེས་བྱིས་པ་འདི་གསུམ་ལ་ཕ་མ་ཡོད་ངེས་རེད། ཕ་མ་ལ་ཡང་རོ་ཕུང་མ་བསྟན་པར་འཇོག་པ་འདི་ནི་འགྲིག་གི་མ་རེད་ཟེར། སྨན་ཁང་གཞན་ཞིག་གི་ནང་དུ་བྱིས་པ་ལོ་བདུན་ཡས་མས་ཟིན་ཙམ་ཞིག རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་དེ་རོ་ཕུང་འཇོག་སའི་ཁུག་མའི་ནང་དུ་མ་བཞག་པའི་སྔ་རོལ་དུ། བུ་ཕྲུག་དེའི་ཨ་ཕའི་རང་གི་བུ་ཆུང་གི་ཕུང་པོ་ལ་འཐམས་ནས་ངུ་སྟངས་དེ་ནི། དངོས་གནས་ཨ་ཕ་འུ་ཐུག་ཐབས་ཟད་པ་ཁོ་རང་གི་ངུ་སྐད་དགུང་ལ་འཕྱོ་བཞིན་པ་དེས་ཤེས་ཐུབ། རོ་ཕུང་ལ་བདག་པོ་རྒྱག་མཁན་ཚོས་ཨ་ཕ་དེའི་ལག་ནས་བཙན་གྱིས་བླངས་ཏེ་རོ་ཕུང་འཇོག་སའི་ཁུག་མའི་ནང་བཞག་སོང་མོད། འོན་ཀྱང་ཨ་ཕ་དེས་ཡང་བསྐྱར་རེ་འདོད་བཏོན་སྟེ། ཁུག་མ་དེའི་ཁ་མ་རྒྱག་ཏུ་མ་བཅུགས་པར་ཁོའི་བུ་ཕྲུག་གི་གདོང་ལ་གསལ་བོར་བལྟས་ཏེ་ངུས་ནས་ཡང་བསྐྱར་འཐམས་སོང་། གནས་ཚུལ་འདི་ནི་ལོ་གཅིག་གི་རྗེས་སུ་ཡང་ངའི་སེམས་ནས་བརྗེད་མེད་པར་ཡོད་པའི་ཟུར་ཙམ་ཞིག་རེད། ང་ཚོས་མ་མཐོང་བའི་འདི་འདྲའི་གནས་ཚུལ་ག་ཚོད་མང་པོ་ཞིག་ཡོད་དམ། གོང་གི་གནས་ཚུལ་འདི་ནི་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་གནས་ཚུལ་ཟུར་ཙམ་ཞིག་རེད།
དེ་ལྟ་ན་ཡང་། འཛམ་གླིང་སྟེང་མི་ག་ཚོད་ཞིག་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་ཡོད་དམ། དྲི་བ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པ་ལ་མཚོན་ན། ཤེས་འདོད་མེད་པའི་དྲི་བ་ཞིག་ཡིན་པ་མ་ཟད། གསང་རྒྱ་བྱེད་དགོས་བའི་དྲི་བ་ཞིག་ཡིན་པ་རེད། ཡིན་ན་ཡང་། པེ་ཅིན་གྱི་དཔྱིད་ཀ་北就之春ཟེར་བའི་ཟིན་བྲིས་འདིའི་ནང་དུ། ཀྲང་ཅིན་ཟེར་བའི་མི་ཞིག་གིས་བྲིས་པ་ལྟར་ན། འཛམ་གླིང་སྟེང་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་གྲངས་ཀ་ཁྲི༡༧༠དང་ནད་འབུའི་མཚོན་ཆ་ཕོག་པའི་མི་ཁྲི༨༠༠༠ཟེར། གང་ལྟར་ཡང་ས་ཡ་གཅིག་དང་འབུམ་བདུན་ཤི་ཡོད་པ་རེད། ནད་པ་ས་ཡ་བརྒྱད་ཡོད་པ་རེད་ཅེས་བྲིས་འདུག
གང་ལྟར་ཡང་། རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་པའི་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ནི་ཉུང་ཉུང་ཞིག་མིན་ལ། ས་ཡ་གཅིག་དང་འབུམ་བདུན་གྱི་ཤུལ་ལུས་ནང་མི་ཚོའི་སེམས་ཀྱི་དཀའ་སྡུག་ནི་ཡིག་འབྲུ་འགའི་བརྗོད་ཐུབ་པ་ཞིག་དེ་བས་ཀྱང་མ་རེད། ཡིན་ན་ཡང་། ཨ་རི་མ་ཡིན་པའི་རྒྱལ་ཁབ་མང་པོའི་སྲིད་འཛིན་དང་མི་དམངས་ཚང་མའི་ཁ་ལ་རས་གཞི་དམར་པོའི་གཡོག་སྟེ། ཚིག་གཅིག་ཀྱང་ངག་ནས་བརྗོད་མི་ཐུབ་འདི་ནི་ཆེས་ཤིན་ཏུ་ནས་ཡ་མཚར་རེད། ཐབས་སྐྱོ་བ་ཞིག་ལ། ཨ་རི་དང་ཡོ་རུབ་ཀྱི་ཧྥུ་རན་སི་གཉིས་ཀྱི་ཉེན་རྟོག་པའི་ལག་ནས་སྟབས་མ་ལེགས་པར་མི་རིགས་ནག་པོ་ལ་གཅར་རྡུང་དང་། ལག་ཉེས་ཤོར་དུས་མི་རིགས་དབྱེ་འབྱེད་བྱས་སོང་ཟེར་ནས། འཇར་པན་ལ་མཚོ་གཡོམ་རྒྱབ་པ་ལྟར་རྒྱལ་ཁབ་དེ་གཉིས་ཀྱི་མི་དམངས་ཚོས་ཟང་ཟིང་གནམ་འོག་བརྗེ་བ་ལྟར་བྱས་སོང་མོད། འོན་ཀྱང་རྒྱ་ནག་གི་ནད་འབུའི་མཚོན་ཆས་མི་ཁྲི་འབུམ་གསོད་དུས། མི་དམངས་ཚང་མ་གྲགས་འགུལ་ཅི་ཡང་མེད་པར་དགུན་དུས་ཀྱི་བྱི་བ་ཚང་ནས་ཉལ་བ་ལྟར་རེད ། དེ་ནི་འདི་ལྟར་སྟེ། རྒྱ་ནག་དམར་ཤོག་ཚོགས་པ་ལ་ཚིག་གཅིག་ཀྱང་བརྗོད་མི་ཤེས་བའི། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོས་ཆོལ་ཁའི་འཐེན་ཁྱེར་བྱས་ཏེ ། བོད་མི་ནང་ཁུལ་ལ་འཁྲུགས་འཛིངས་རྒྱབ་སྟེ། མཁས་རྟགས་དང་དཔའ་རྟགས་སྟོན་པའི་དྲ་འབུ་ཚོ་དང་གཅིག་མཚུངས་རེད་སྙམ།
དེ་ལྟ་ན་ཡང་། འདི་འདྲའི་འཛམ་གླིང་གི་མི་མང་པོ་རྒྱ་ནག་གི་ནད་འབུའི་མཚོན་ཆས་བསད་ཀྱང་། རྒྱ་ནག་གི་སྲིད་གཞུང་དང་མི་དམངས་བློ་མི་ཕམ་ཀྱང་ངོ་ཚ་དགོས་པ་ཞིག་ཡིན་མོད། འོན་ཀྱང་དེ་ལས་ལྡོག་སྟེ་རྫུན་གྱི་གསར་འགྱུར་སྒྲོགས་མཁས་བའི། རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་མི་དམངས་ཚོར་ཨ་རི་དང་ཡོ་རུབ་སོགས་རྒྱལ་ཁབ་མང་པོར་ཏོག་ནད་ཀྱིས་ཤི་ཚད་རྒྱ་ནག་ལས་ལྡབ་འགྱུར་གྱིས་མང་ཚད་བཤད་ཡོད་ལ། རྒྱ་ནག་མི་དམངས་ཀྱིས་ཀྱང་གཞུང་གི་གསར་རྫུན་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། བླུན་པོ་ལུག་ལྟ་བུ་མང་པོ་ཞིག་དགའ་སྤྲོའི་ཞབས་བྲོ་རྒྱག་བཞིན་ཡོད། གནས་སྟངས་འདིའི་གང་ཞིག་མཚོན་ཐུབ་ཟེར་ན། རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་མི་དམངས་ཀྱི་ཀླད་པ་ཁྲུས་ཟིན་པ་ཤེས་ཐུབ་པ་མ་ཟད། རྒྱ་ནག་མི་རིགས་ཁོ་རང་ཡང་ཁྲེལ་མེད་ཀྱི་མི་རིགས་ཞིག་ཡིན་པ་གསལ་བོར་མཚོན་ཐུབ། གལ་སྲིད་མི་བསམ་བློ་ཚད་ལྡན་ཅན་ཞིག་ཡིན་ཚེ། ཞིའི་ཅིན་ཕེན་ཕག་མགོ་གཙོ་བྱས་ནས་རྒྱ་ནག་མི་དམངས་ཀྱིས་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ། འཛམ་གླིང་མི་དམངས་ལ་དགོངས་དག་ཞུ་དགོས་པ་ཞིག་རེད།
གང་ལྟར་ཡང་། འཛམ་གླིང་རྒྱ་ནག་གི་ནད་འབུ་མཚོན་ཆའི་བཙོན་འོག་ཏུ་བཅུགས་ཏེ། ལོ་གཅིག་འཁོར་བའི་དེ་རིང་གི་ཉིན་མོ། ཨ་རི་ནས་བཟོས་བའི་འགོག་སྨན་ཐོན་ཏེ་མི་དམངས་རྣམས་བཙོན་འོག་འདི་ནས་ཐར་བའི་ལམ་སྣེ་ཞིག་ལ་སླེབས་དུས། རྒྱ་ནག་གིས་ཀྱང་འགོག་སྨན་བཟོས་ཏེ་རྒྱ་ནག་མི་དམངས་ལ་རྒྱག་མགོ་བརྩམས་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་ནང་དུ་ཡོད་པའི་སྨན་པ་མང་པོ་ཞིག་ཡིད་ཆེས་མེད་སྟབས། རྒྱ་ནག་མི་དམངས་ཚོར་འགོག་སྨན་རྒྱག་པར་ཁྱེད་རང་ཚོ་བྲེལ་བ་མི་ལངས་དགོས་བར། ལུང་པ་གཞན་ནས་འགོག་སྨན་ཡག་པོ་ཡོང་གི་རེད་ཅེས། རྒྱ་ནག་མི་དམངས་ལ་རྒྱ་ནག་རང་གི་བཟོས་བའི་འགོག་སྨན་ཚད་ལྡན་མིན་པའི་ཉེན་བརྡ་རྒྱབ་པ་རེད། རྒྱ་ནག་རང་གི་སྨན་པ་གྲགས་ཅན་ཚོ་ཡིད་ཆེས་མེད་དུས། རྒྱལ་ཁབ་གཞན་གྱི་མི་རིགས་ཞིག་ཡིད་ཆེས་ཅི་ལྟར་བྱེད་དགོས་སམ། དེ་ལྟ་ན་ཡང་། རྒྱལ་ཁབ་སྐྱོ་བོ་སྐོར་ཞིག་གིས་རྒྱ་ནག་གི་སྨན་རྫུན་དེ་བེད་སྤྱོད་བྱེད་པའི་མགོ་རྩོམ་བཞིན་ཡོད།
གང་ལྟར་ཀྱང་། འཛམ་གླིང་ཡོངས་གཉིད་སད་དེ་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། རྒྱ་ནག་གི་སྲིད་གཞུང་བརྗེ་བོ་རྒྱག་མ་ཐུབ་ཚེ། ད་རུང་ཡང་རྒྱ་ནག་གི་ནད་འབུའི་མཚོན་ཆ་གཏོང་མི་སྲིད་པ་མ་རེད།
26/12/2020ཡོ་རུབ་ནས་ནམ་མཁས་བྲིས།
་་་་་་་་་་་་ གང་ལྟར་ཀྱང་། འཛམ་གླིང་ཡོངས་གཉིད་སད་དེ་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། རྒྱ་ནག་གི་སྲིད་གཞུང་བརྗེ་བོ་རྒྱག་མ་ཐུབ་ཚེ། ད་རུང་ཡང་རྒྱ་ནག་གི་ནད་འབུའི་མཚོན་ཆ་གཏོང་མི་སྲིད་པ་མ་རེད། ་་་་་་་་་་་་
26/12/2020ཡོ་རུབ་ནས་ནམ་མཁས་བྲིས།