ཤྲྰི་སྨྱོན་པ།
ཨེ་མ་ཧོཿ
དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །
འཛམ་གླིང་སྤྱི་དང་གངས་ཅན་པའི། །
ལྷ་ཀླུ་གནོད་སྦྱིན་མི་མི་མིན། །
སྲིད་པ་ཆགས་པའི་གཡང་ལྷ་བསངས། །
སྣང་སྲིད་རྣམ་དག་ལྷ་ཡི་ཞིང་། །
སྣང་སྲིད་གཞིར་བཞེངས་མཆོད་པའི་ཚོགས། །
ཀུན་བཟང་མཆོད་སྤྲིན་མཉམ་པར་འབུལ། །
ཡོངས་གྲོལ་བྱང་ཆུབ་ལམ་དུ་བསངས། །
རྒྱལ་ཀུན་མཆོད་པས་མཉེས་གྱུར་ཅིག །
ཆོས་སྐྱོང་བསྟན་སྲུང་དགྱེས་གྱུར་ཅིག །
རིགས་དྲུག་འདོད་པས་ཚིམས་གྱུར་ཅིག །
ལན་ཆགས་ཤ་འཁོན་དག་གྱུར་ཅིག །
མཁྱེན་རབ་ཉི་མ་འབར་གྱུར་ཅིག །
བརྩེ་ཆེན་དུང་ཟླ་གསལ་གྱུར་ཅིག །
ནུས་སྟོབས་སྐར་ཚོགས་བཀྲ་གྱུར་ཅིག །
མ་རིག་མུན་པ་བསངས་གྱུར་ཅིག །
སངས་རྒྱས་བསྟན་པ་མཐའ་ནས་རྒྱས། །
འཛམ་གླིང་ཞི་བདེ་ཀུན་ལ་ཁྱབ། །
ཆོས་སྲིད་མི་ནུབ་བསྟན་པའི་དཔལ། །
ནམ་ཡང་ཉམས་པ་མེད་གྱུར་ཅིག །
ཅེས་པ་རབ་རྒྱན་ཆུ་འབྲུག་སྣྲོན་ཟླའི་ཉ་འམ་འཛམ་གླིང་སྤྱི་བསང་གི་སྐབས་སུ་དཔལ་ལྡན་ལྷ་མོས་བསྐུལ་བ་བཞིན་གང་ཤར་དུ་ཤྲྰི་སྨྱོན་པས་ཨེ་ཝྃ་མཁའ་འགྲོ་ཆོས་གླིང་ནས་བྲིས་པ་དགེའོ། །
རྩ་བརྒྱུད་བླ་མ་ཐམས་ཅད་བསངས། །
ཡི་དམ་ལྷ་ཚོགས་ཐམས་ཅད་བསངས། །
མ་དང་མཁས་འགྲོ་ཐམས་ཅད་བསངས། །
ཡུལ་ལྷ་གཞི་བདག་ཐམས་ཅད་བསངས། །
ནང་པ་ཡིན་པའི་ལྷ་ཀླུ་དང་། །
ནང་པ་མིན་པའི་ལྷ་ཀླུ་བཙན། །
ས་སྐྱེས་རྡོ་སྐྱེས་ལྷ་སྲིན་དང་། །
མགྲོན་ཕེབས་ལྷ་ཀླུ་གཞི་བདག་ལ། །
བསངས་མཆོད་སྤོས་རྐང་གཅིག་གིས་བསངས། །
ཤྲཱི་སྨྱོན་པས་གང་དགོས་བཀོད་མཛད་བཞིན་འདོན་ན་བདག་ཅག་ལ་འདོད་དོན་འཕེལ་ལོ།།
་ ཤི་ར་ཁོས་མཚམས་རེ་ཡག་པོ་འདྲ་བཤད་ཤེས་ཀྱིན་རེད་མོད། ཡིན་ན་ཡང་། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས་ཞེས་པའི་ཚིག་དེ་བརྗེད་འདུག་གྰ། བོད་མི་ཚང་མ་སྡུག་གིས་ནོན་མེ་བསྲེག་བཏང་དུས་ཁོས་བསངས་མཆོད་བཏངས་ཏེ་སྐྱིད་པོ་བྱས་ནས་བསྡད་དུ་ཡོད་ས་རེད། ཧ ཧ ཁོས་དཔལ་ལྡན་ལྷ་མོ་མཐོང་འདུག་ག
དཔལ་ལྡན་ལྷ་མོས་ཨེ།
དཔལ་ལྡན་ལྷ་མོས་ཨེ། མི་ཆོས་བླ་མའི་རྫུན་མིན་པར་ཤོག
མི་ཆོས་བླ་མའི་རྫུན་ཆེན་ལ་མཁས་པའི་ཤྲཱི་སྨྱོན་ནག ཁོའི་ཁ་ལ་རྟག་ཏུ་རྫུན་ཆེན་པོ་དང་། སེམས་ལ་རྟག་ཏུ་ཕྲག་དོགས་དུག་ཆུ་ཁོལ་མ། ད་དུང་བོད་མི་རིགས་ལ་དཀྲུགས་ཤིང་གཟེར་མ་ར་མགོ་མ་གཏོགས་གཞན་མེད་བ།
འོ་རེད། ངས་གཞི་ནས་དྲན་སོས་བྱུང་། ཁོ་ཁ་བརྡ་དྲ་བར་ལྐོག་འཛུལ་བྱས་འདུག འདྲེ་འདིས་ཁ་བརྡ་དྲ་བར་མི་ཡོང་རྒྱུའི་ཐོ་ནག་སློང་ནས་བུད་སོང་བ་རེད། ལས་ནག་པོའི་ངན་པོ་ཁོ་སྙིང་རྗེ། ཧཧཧཧཧ
གྲྭ་རྫུན་ཆོས་བཟང་མིང་ཅན་ཁ་བདེ་པོ་ཡོད་
ཨོཾ་ཟ་ཁང་གི་མགྲོན་ཁང་ནང་དབྱིན་མོ་རྒྱོ་ད་ལྟ་གཟན་ཤམས་གོན་ཞབས་འདྲེན་ཁྱོད