ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་ནས་རྒྱ་གཞུང་གིས་མེ་མདས་དམར་གསོད་བྱས་པའི་བོད་མི་དེ་འཛམ་ཐང་རྫོང་བར་མ་ཞང་ཤོས་མདའ་སྡེ་བའི་སྤོས་ཐར་ཚང་གི་ཕ་སྤོས་ཐར་གྱི་བུ་ཨོ་རྒྱན། རང་ལོ་ ༢༠ ཡིན་པ་ཁོང་ཡིན་འདུག ཁོང་དང་ཉིན་དེར་ཡི་གེ་སྦྱར་ནས་འཛིན་བཟུང་བྱས་པའི་རི་སྤུངས་ནོར་མོའི་བུ་ཐར་པ་གཉིས་རྒྱ་ནག་གི་སློབ་གྲྭ་ཞིག་ལ་མཉམ་དུ་འགྲོ་བཞིན་ཡོད་ཀྱང་སློབ་གྲྭའི་མིང་དང་ས་གནས་སོགས་ཤེས་རྟོགས་མ་བྱུང་། ཤོས་མདའ་སྡེ་བ་ནི་བར་མ་ཤང་ནས་སྤྱི་ལེ་གསུམ་ཙམ་གྱི་སར་ཡོད་པའི་ས་མ་འབྲོག་གི་སྡེ་བ་ཞིག་ཡིན་ཞིང་། དེ་རིང་སྟེ་ཕྱི་ཚེས་ ༢༧ ཉིན་བར་མ་ཞང་དང་ཞང་གི་ཉེ་འཁོར་གྱི་སྡེ་བ་ཚང་མར་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་གིས་བོད་མི་རྣམས་ཕྱི་ལ་ཐོན་ཙམ་བྱེད་འཇུག་གི་མེད་པའི་དམ་དྲག་གི་གནས་སྟངས་འོག་ཡོད་མུས་ཡིན་སྟབས། ཁོང་གི་ཕུང་པོ་ནང་མི་ལ་རག་ཡོད་མེད་སོགས་ཤེས་རྟོགས་མ་ཐུབ། དེ་མིན་བར་མ་ཞང་ནས་སྤྱི་ལེ་གསུམ་ཙམ་གྱི་སར་ཡོད་པའི་ལྷ་དབང་དགོན་པའི་གྲྭ་པ་བཞི་འཛིན་བཟུང་བྱས་ཡོད་ཀྱང་མིང་སོགས་ཤེས་རྟོགས་མ་བྱུང་བ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༧ ལ།
ཞི་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་སྟངས་འདི་ནི་དངོས་ནས་ཧ་ལས་པ་ཞིག་རེད། གཞིས་ལུས་བོད་མིའི་སྙིང་སྟོབས་དང་ཆོད་སེམས་ལ་ངོ་གསོ་བསྟོད། བདེན་པ་ཟེར་བ་མཐའ་ཞིག་ཡོད་ན། དྲང་བདེན་སྐྱོང་མཁན་གྱི་སྲིད་དོན་པ་ཡོད་ན། གནས་ལུགས་དང་རྒྱུ་མཚན་ལ་ཕྱོགས་པའི་མི་བུ་ཡོད་ན། བོད་ནང་གི་སྐྱེ་བོ་འདི་དག་གི་ཚེ་སྲོག་ལ་འགན་ལེན་བྱེད་ཐུབ་པའི་ལས་གཞི་རྒྱ་ཆེ་རུ་གཏོང་བའི་དུས་ནི་ཏན་ཏན་སླེབས་འདུག
འཛམ་ཐང་གི་ཛ་དྲག་གནས་ཚུལ་འདིས་ང་རེ་བ་དང་ཆོད་སེམས་གསར་པ་ཅིག་སླེབས་སོང་། བོད་བཞུགས་བོད་མི་ཚོས། མཉམ་རུབ་ཀྱིས་ལས་འགུལ་འདི་ལྟ་བུ་སྤེལ་དགོས་པ་ལས། རང་སྲོག་གཅོད་པའི་ལས་འགུལ་དུས་ནམ་ཡང་སྤེལ་དགོས་ཡོད་མ་རེད།
ད་ནི་ས་ནས་དེ་ནས་བོད་རྒྱ་ཕྲག་དང་། སླར་ཡང་ཁྲི་ཕྲག་ལངས་ནས་རྒྱབ་སྐཡོར་དང་། ཉེ་འགྲམ་ནམ་འབུམ་ཕྲག་དང་། བོད་ས་ཡོངས་ནས་ས་ཡ་དང་ས་ཡ་བརྒལ་ནས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་འདུག་ལགས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ལ་ཐུགས་རྗེ་ཆེ། བོད་ནང་གི་གནས་ཚུལ་བསྡུ་ལེན་བྱེད་རྒྱུ་དེ་གྲྭ་རྐྱང་ལྷག་བསམ་ཅན་འདི་གཉིས་གཅིག་པོས་ལས་འགན་མིན། ང་ཚོ་ཚང་མར་ལས་འགན་ཡོད། ལྷག་པར་འཛམ་ཐང་སོགས་ཀྱི་གནས་ཚུལ་སྐོར་འཛམ་ཐང་ཕྱོགས་ཀྱི་མི་རེ་འགན་འཁུར་རོགས། ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་རོགས།