འཇམ་དབྱངས་དཀར་པོ།
ཤི་ཝ་ ཆ་རན་ ཡ་དྷི་ཝི་ (Shiv Charan Yadav) སླར་ཡང་འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ཐེངས་ ༤༦ པ་དེ་མ་འཕྲོད་པ་ཐག་ཆོད། ལོ་ ༨༡ ཡིན་པའི་རྒད་པོ་འདི་ལོ་རྟག་པར་ར་ཇ་སི་ཐན་(Rajasthan)གྱི་འཛིན་གྲྭ་ ༡༠ ཡིག་རྒྱུགས་གཏོང་བར་ཡོང་ན་ཡང་། ཡིག་ཚད་མི་འཕྲོད་པ་གསལ་བོ་རེད། སློབ་ཚན་གཅིག་ཀྱང་ཡིག་ཚད་འཕྲོད་མེད་པའི་ན་ནིང་དང་བསྡུར་ན། ཤི་ཝ་ ཆ་རན་ ཡ་དྷི་ཝི་མཆོག་གིས་ད་ལོ་སྤྱི་ཚོགས་ཚན་རིག་གི་སློབ་ཚན་ཡིག་ཚད་གྲུབ་འབྲས་དེ་བརྒྱ་ ༡༠༠ ནས་ ༣༤ བླངས་ཏེ་ཡིག་ཚད་འཕྲོད་ཡོད།
ཁོའི་སློབ་ཚན་གཞན་གྱི་སྐར་གྲངས་ནི་ཧིན་དྷི་ཀློག་པ་ལ་བརྒྱ་ཆ་ ༣། དབྱིན་ཡིག་ཀློག་པ་ལ་བརྒྱ་ཆ་ 0། ཨང་རྩིས་ལ་བརྒྱ་ཆ་ ༩། སཾསྐྲིཏ་ལ་བརྒྱ་ཆ་ ༧ བཅས་ཡིན། སྐུ་ཞབས་ཡ་དྷི་ཝི་མཆོག་ལོ་གཅིག་གི་རྗེས་ནས༌སླར་ཡང་ཡིག་ཚད་ཀྱི་ཆེད་དུ་སྣང་བར་གྱུར་ཏེ། ལོ་ན་ཆེ་ཡང་འཛིན་གྲྭ་ ༡༠ པའི་ཡིག་ཚད་མ་འཕྲོད་པར་གཉེན་སྒྲིག་རྒྱུ་མིན་པའི་དམ་བཅའ་བསྐྱར་དྲན་བྱས།
“ད་ལྟ་ང་གཉེན་སྒྲིག་རྒྱུའི་རེ་བ་མེད། དེར་བརྟེན་ངས་འཛམ་གླིང་གི་ལོ་རྒྱུས་ལ་ཟིན་ཐོ་གསར་པ་འགོད་པར་འབད་བརྩོན་བྱ་རྒྱུ་ཡིན་”ཞེས་ར་ཇ་སི་ཐན་མངའ་སྡེའི་ས་གནས་ཨལ་ཝར་རྫོང་གི་ལོ་ ༨༡ ཡིན་པའི་བགྲེས་སོང་དེས། ཐག་བཅད་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་གསལ་བཤད་བྱས་པར་མ་ཟད། ལོ་ན་ཇེ་ཆེར་སོང་བ་ལ་བརྟེན་ནས་ཡི་གེ་འབྲི་ཀློག་དཀའ་ན་ཡང་། སྐུ་ཞབས་ཡ་དྷི་ཝི་མཆོག་གིས་ལོ་རྗེས་མའི་ཡིག་རྒྱུགས་ཆེད་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུར་དམ་བཅས། ཞྭ་མོ་ཕུད་དེ་ཁྱོད་ལ་གུས་ཕྱག་འབུལ། སྐུ་ངོ་ལགས།
རིག་པ་ནངས་བར་འཆི་ཡང་སློབ་ཟེར་བའི་གདམས་ངག་དེ་ཉམས་ལེན་བྱེད་ན་དེ་འདྲ་བྱེད་དགོས་རེད།
རིག་པ་ནང་པར་འཆི་ཡང་སློབ་།
ཚེ་འདིར་མཁས་པ་མ་ཆགས་ཡང་།
སྐྱེ་བ་ཕྱི་མར་ཕན་པ་ཡིན་།
ནོར་ལ་སྦྱིན་པ་ལེན་དང་འདྲ་།
མིང་གི་ཁྱེད་དུ་རང་སྡུག་རང་གིས་ཉོས།
རྒད་པོ་ལགས་ཀྱི་བརྩོན་སེམས་ལ་ཡིད་རངས་དང་ལོ་རྗེས་མར་ཡིག་རྒྱུགས་འཕྲོད་པར་སྨོན་འདུན་ཞུ་ཡི་ཡོད།
ལོ་རྒྱུས་འདི་བདེན་མདོག་ཅིག་མ་རེད།་འཛིན་གྲོགས་ཚང་མ་བུ་མོ་ཤ་སྟག་རེད་འདུག་བུ་མོའི་འཛིན་ཁང་ཞིག་ཏུ་མི་རྒན་རྒད་པོ་ཞིག་ཇི་ལྟར་བྱས་ཏེ་བྱུང་བ་ཡིན་ནམ།
ཧ་ཧ་ཧ་ཧ་ཡག་པོ་རེད། མ་ནི་འདོན་བཞིན། མགོ་ནས་བཞུགས་དབར་ཁ་གཏང་བའི་བོད་རྒན་འདི་ཚོ་ལས། བརྩོན་འགྲུས་ཅན་རྒྱ་གར་རྒན་པོ་འདི་ལེགས་སོ།
ཧ་ཧ་ཧ་། བུ་མོ་གཞོན་པའི་འཛིན་གྲོགས་སྤོ་སྤོ་ལགས།