རུ་ཤུལ་ཆོས་གྲུབ་ཀྱིས།
འུ་ཚང་གི་ཕ་རྒན་བསྟན་འཛིན་ཁ་སང་དོན་དག་ཅིག་གི་ཆེད་དུ་རི་ཕར་རྒྱབ་ཀྱི་སྡེ་བ་ཞིག་ལ་མགྲོན་པོར་སོང་། ཁོང་གི་ད་ཐེངས་ཀྱི་བྱ་བའི་འགོ་འཇུག་ཚང་མ་ཧ་ཅང་གི་ལེགས་གྲུབ་བྱུང་སོང་ཞེས་ སྡེ་བ་གཞན་པའི་མྱི་མང་པོ་ཞིག་གིས་གང་སར་བཤད་ཀི་འདུག དེའི་ཞོར་དུ་ཕ་རྒན་ཁོང་དེ་རོ་ཀི་སྡེ་དཔོན་ཚང་དུ་བོས་འདུག་ལ་སྡེ་དཔོན་ཨོ་རྒྱན་དང་ ཁོང་གཉིས་ཀྱིས་ཇ་ཡུན་གཅིག་ལ་སྡེ་བ་ཕན་ཚུན་བར་གྱི་གྱོད་ཁ་མཆུ་དང་ཁྱིམ་ཚང་སོ་ སོའི་འཁོར་བ་སྐྱོང་སྟེང་སོགས་མང་པོ་ཞིག་གླེང་འདུག ལྷག་པར་དུ་འུ་ཚང་གི་འཁོར་བའི་གནས་ཚུལ་སོགས་ལ་སྡེ་དཔོན་ཨོ་རྒྱན་ཁོས་ནམ་ཡིན་ཡང་སེམས་ ཁུར་བྱེད་ཀི་ཡོད་པ་མ་ཟད་ཕ་རྒན་ལ་ཁྱོད་ནི་འུ་ཅག་སྡེ་བ་ཀུན་གྱི་མིག་དཔེར་ལྟ་ ས་གཅིག་པུ་ཡིན་ཞེས་མཐེ་བོང་ར་རྔ་འདྲ་ཞིག་བསྟན་འདུག འོན་ཀྱང་ཕ་རྒན་ཁྱིམ་དེ་ནས་འོང་བཀྱག་མ་ཐག་ཏུ་དེ་ཚང་གི་སྐད་སྐྱེལ་བས་ཁོང་གི་ སྡེ་དཔོན་ཨོ་རྒྱན་གྱིས་བཤད་རྒྱུར་དེ་རིང་ང་སྡེ་བ་གཞན་ཞིག་གི་ཁྱིམ་བདག་དང་ཐུག་སྟེ་སྡེ་དོན་ཚོ་དོན་མང་པོ་ཞིག་ཁ་བརྡ་བྱས་ཡིན། འོན་ཀྱང་ཁོ་དང་ཁོང་གི་ཨ་ཞིང་ཚང་གཉིས་ནི་ཁྱིམ་ཚང་གཅིག་ཡིན་པ་ལས་ཁྱིམ་ཐ་ དད་ཅིག་ཡིན་པ་ངེས་ནམ་ཡང་དངོས་འཛིན་བྱེད་ཀི་མེད་ཅེས་སྡེ་བ་ཡོངས་ལ་བསྒྲགས་ཏེ་ཨ་ཞིང་ཚང་གི་ངོ་སོའང་བཟུང་འདུག སྡེ་དཔོན་ཨོ་རྒྱན་དང་འུ་ཚང་གི་ཕ་རྒན་གཉིས་ཐུག་རྒྱུ་ཡིན་པ་སྡེ་བ་ཡོངས་ཀྱི་ཐོས་རྗེས་ཨ་ཞིང་ཚང་གི་རྒད་པོ་རྒོད་པོ་ཡིན་ཟེར་བའི་ཚོ་མྱི་དག་གིས་རྒད་པོ་བསྟན་འཛིན་ནི་ཁ་འོ་མ་ལས་ཞིམ་ལ་ཁོག་ཚེར་མ་ལས་རྩུབ་པའི་མྱི་ཁོག་བཙོག་གཡོ་སྒྱུ་ཅན་ཞིག་ཡིན་པ་ཚང་མའི་ཤེས་ནི་རེད། སྡེ་དཔོན་ཨོ་རྒྱན་ཁོ་དང་ཐུག་ན་སྡེ་བ་ཡོངས་ལ་ཡག་པོ་མེད་རབ་དང་ལྷག་པར་འུ་ཁྱིམ་ཚང་གཉིས་ཀྱི་བར་ལ་ཅི་འབྱུང་མི་ཤེས་ཞེས་སྐྱ་མྱི་ལ་ལང་ནས་བཤད་རྐང་ཐང་ལ་བསྡད་ནས་བཤད་ཀྱང་ཕན་ཅི་ཡང་མ་ཐོག་པར་སྡེ་དཔོན་ཨོ་རྒྱན་གྱིས་འུ་ཚང་གི་ཕ་རྒན་ཁྱིམ་དུ་བསུས།
ཕ་རྒན་གྱིས་མི་ཐུག་ཚད་ལ་ངའི་བུ་ཕྲུག་ཚོ་ལག་ཆགས་ཡོད། ལྷག་པར་ཏུ་སྡེ་བ་གཞན་པའི་སྡེ་དཔོན་ཚོ་དང་བློ་ཤེས་རྒྱ། དཔའ་བློ་ཁོག ལག་ལས་དཀའ་སོགས་གང་ཅེས་ཐད་ནས་སྨོན་མི་དགོས་པའི་བུ་གཅིག་གིས་ད་ལོར་ངེད་ཚང་གི་འཁོར་བ་འཛིན་རྩིས་ཡོད། ད་ནི་ང་ལ་འཁོར་བའི་འགན་མེད་ལ་ངའི་སེམས་ཡང་བདེ་ལ་བབ་ཡོད། ཚེ་ཐག་རིང་རྒྱུའི་ངའི་བྱིས་པ་དེ་ཚོས་ངེད་ཚང་གི་གཞིས་ཀ་བཟུང་ནས་འཁོར་བ་སྐྱོང་གི་རེད་ཟེར་བཞིན་ཁ་ངོ་འཛུམ་གྱིས་འཁེངས་འདུག
ངོ་མ་ཡག་གི་ ངས་ཤེས་འདོད་པ་ཆ་ཚང་ཤེས་སོང་།
ཁྱེད་ཀྱི་དེ་དོན་སྙིང་ལྡན་པ་ཞིག་རེད་དེའི་གོ་དགོས་པ་ཚང་མ་གོ་སོང་ཡག་པོ་འདུག་རིམ་བཞིན་འབྲི་རོགས་ཞུ་རྒྱུ་དང་གནད་འགག་ལ་ལྟ་དགོས་པ་ཤེས་པ་བྱུས་མ་ཟད་དགོས་པ་ཡོན་ན་གང་ལྟར་ཕྲིས་མེད་ན་གནས་སྐབས་སུ་བཞག་ན་ཡང་ཆོག་ཐུགས་རྗེ་ཆེ་ཞུ།