རྡ་ས། གཉའ་དཀོན་མཆོག
དང་པོ།
འུ་ཚོའི་བསམ་བློ་རང་དབང་ཡོད་པའི་བོད་མི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པས་བཀའ་ཁྲིའི་འོས་ཤོག་གི་ཆ་ཤས་ངེས་པར་དུ་ལེན་དགོས།ཆ་ ཤས་རང་དགར་དུ་མ་སོང་པའི་བོད་མིའི་རྩ་དོན་དང་རང་གི་འཚོ་བའི་བདེ་སྡུག་ལ་ འབྲེལ་བ་ཡོད་སྟབས་བསམ་བློའི་ཅི་ལྕོགས་ཀྱི་འགན་ཁྲིའི་ཆ་ཤས་ལེན་དགོས།ཆ་ཤས་དེ་རྒྱལ་སྤྱིའི་ལས་དོན་ལ་ཁ་ཕྱོགས་ནས་འཚོལ་ན།རང་ གཞུང་གི་ནུས་པ་བསྐྱེད་སྲིང་ཐུབ་ཐབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ རྒྱལ་སྤྱིའི་འགྱུར་འགྲོས་སམ་མི་རབས་གསར་བའི་སེམས་ཁམས་དང་མཐུན་པར་མ་འོངས་ སྔོན་གཟིགས་ཀྱིས་མང་གཙོའི་གསོལ་རས་གནང་བ་ལ།ཆོས་སྲིད་ཀྱི་ཕྱག་ལས་བོད་ཙམ་ མ་ཟད་ས་ཁྱོན་ཡངས་པའི་རྒྱལ་སྤྱིའི་སྟེང་ན་འུ་ཚཽ་བོད་པ་ཚང་གི་ངོམ་དུ་རི་བའི་ བླ་ན་མེད་པའི་གཟི་བརྗིད་ལྡན་པ་ཞིག་ཡོད་པ་ཁོང་གཅིག་པུ་རེད།ཁོང་གི་དགོངས་གཞི་ལྟར་རྒྱལ་སྤྱིའི་བརྩི་སྲུང་ལ་ཁ་ཕྱོགས་ན།རྒྱལ་སྤྱིའི་སྟེང་ན་མང་གཙོ་དང་ཐོབ་ཐང་གི་ཁེ་དབང་བརྩི་སྲུང་བྱེད་བཞིན་པར་མ་ཟད།བྱེ་ བྲག་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་སྒེར་ གཉིས་ཆ་ནས་ཉིན་རེ་ལས་མང་དུ་འགྲོ་བ་ལས་ཉུང་ངུ་ནམ་ཡང་སོང་མེད།བདག་ཉིད་ ཆེན་པོ་གནྡིས་ཀྱང་རྒྱ་གར་རང་དབང་རྩོད་སྒྲུབ་སྐབས་སྒྲུབ་ཕྱོགས་འཛུགས་སྐྲུན་ ཀྱི་ལས་རིམ་བཅོ་བརྒྱད་བརྩམས་ཡོད་པའི་ནང་དགུ་པ་བུད་མེད་ཀྱི་ནུས་ཤུགས་སྤེལ་ བའི་ལས་རིམ་ཡིན་པ་དང༌།དེ་ལ་བརྟེན་ནས་རྒྱ་གར་རང་བཙན་གྱི་ལས་འགུལ་ནང་བུད་མེད་ཀྱི་ནུས་ཤུགས་ཚད་མཐོར་སླེབས་ཡོད་ཅེས་གསུངས༌།མང་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཁག་ཏུ་སྲིད་འཛིན་དང་སྲིད་བློན་ལ་བུད་མེད་ཁེལ་བཞིན་ཡོད་པས།རྒྱ་ནག་གིས་གཙོས་རྒྱལ་སྤྱིའི་སྟེང་ན་ངེད་ཚོ་མང་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པ་ཤེས་སུ་འཇུག་ཐབས་སུ།ད་ཐེངས་ཀྱི་འཀའ་ཁྲི་བུད་མེད་ཅིག་འདེམས་དགོས་པར་མཐོང༌།
གཉིས་པ།
བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དང་མཐུན་པའི་བཀའ་ཁྲི་ཞིག་འཚོལ་འདོད་ཡོད་པས།བཀའ་ ཤག་གི་ལས་མི་ལ་འགྱུར་བ་འགྲོ་བ་ལས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞྀའམ་ བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལ་འགྱུར་བ་མ་སོང་བས་དེ་མཐུན་གྱི་བཀའ་ཁྲི་ ཞིག་འུ་ཚོས་ངེས་པར་དུ་འདེམས་བསྐོ་དགོས་པ་ནི།ད་ལྟའི་བར་དུ་ྋགོང་ས་ ྋསྐྱབས་མགོན་ཆེན་པོས་གཙོས་ལས་ཀྱི་སྣེ་མོར་གཏོགས་པའི་གཞུང་ཞབས་ལས་བྱེད་རྣམས་ ཀྱིས་ངལ་བ་དང་ལེན་གྱིས་མེད་པ་ཡོད་པར་བྱས་ཤིང༌།ཡོད་པ་རྒྱ་བསྐྱེད་ཀྱི་འཛུགས་བསྐྲུན་གནང་སྟེ་ང་བོད་མི་ཡིན་ཞེས་བརྗོད་པར་ངོ་གནོང་མི་དགོས་ཤིང༌།བཙན་བྱོལ་བོད་གཞུང་ཞེས་པ་རྒྱལ་སྤྱིའི་ཁྲོད་ན་དོ་སྣང་བྱེད་དགོས་ས་ཞིག་བཟོས་ཡོད།རང་དགར་ལས་སླ་བོ་བསྐྲུན་ཐབས་མེད་པར་ཆུ་ཐིགས་བསགས་པའི་རྒྱ་མཚོར་འགྱུར་བཞིན་ཡོད་སྟབས།གཞི་རྩའི་སྲིད་ཇུས་འདི་ལ་རྐ་ལམ་མི་བཟོ་མཁན་ཞིག་ད་ཐེངས་ཀྱི་འོས་གཞི་བཀའ་སྤྱི་གཉིས་ལ་འུ་ཚོའི་བསམ་བློ་གཏོང་ཐུབ་དགོས།བཙན་བྱོལ་ལ་གཞིགས་པའི་ཤེས་འཇོན་མེད་པའི་བཀའ་ཁྲི་ཞིག་འདེམས་མཁན་ཞིག་ཡོང་དཀའ་ཞིང༌།བསམ་ བློའི་དྲང་ཚུགས་ལྡན་ཞིང་ད་ལྟའི་བོད་གཞུང་གི་སྲིད་ཇུས་ལ་ངེས་པ་རྙེད་པའི་ཡིད་ ཆེས་གཏིང་ཟབ་ལྡན་ཞིང་རང་གི་ལྟ་སྤྱོད་ཀྱང་སྲིད་ཇུས་དེ་དང་མཐུན་པའི་གཤིས་ཀ་ ཡོད་མཁན་ཞིག་ཡིན་ན་དཀའ་ངལ་མེད་པའི་རྣམ་དཔྱོད་མངོན་ཐུབ།དེའི་གཤིས་ཀ་ཡོད་མེད་ལྟ་ས་སྐྱེས་པ་དང་བུད་མེད་གཉིས་ལས་མེད།སྐྱེས་པ་ལས་བུད་མེད་ལ་བྱམས་བརྩེ་དང་ཞི་བའི་གཤིས་ཀ་ཡོད་ཅེས་བརྗོད་ཆོག་སྟེ།འཛམ་གླིང་འདིའི་སྟེང་གཏོར་སྐྱོན་དང་མི་གསོད་ཁྲག་སྦྱོར་བྱེད་མཁན་སྐྱེས་པ་ལས་བུད་མེད་ཆེས་ཤིན་ཏུ་ཉུང་བ་ཡོད།དེའི་ སྟབས་བོད་གཞུང་བཀའ་ཤག་གིས་ཀྱང་འབྱུང་འགྱུར་བོད་ཀྱི་མི་རབས་བཟང་པོ་དང་མི་ འབོར་འཕེལ་རྒྱས་ཡོང་ཆེད་མ་དང་བྱིས་པའི་འཕྲོད་བསྟེན་ཐོག་གཞུང་གིས་དམིགས་བསལ་ དོ་སྣང་དགོས་པ་ཞེས་གསུངས་པས་འཚེ་མེད་ཞི་བའི་སྲིད་ཇུས་འཛིན་མཁན་ལ་བུད་མེད་ ཅིག་བདག་གིས་བདམས་ན་སེམས།
གསུམ་པ།
བོད་མིའི་རྩ་དོན་ཐད།
བོད་མའི་དཔུང་བ་མཉམ་གཤིབ་ཐུབ་ཐབས་ཀྱིས་བཀའ་ཁྲི་ཞིག་འཚོལ་དགོས།འུ་ཚོའི་ཆོལ་ཁ་དང་ཆོས་བརྒྱུད་རེ་རེའི་ངོས་ནས་བོད་མིའི་རྩ་དོན་ཐད་ལ་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་བཞིན་ཡོད།དེ་བཞིན་སྐྱ་སེར་གཉིས་ཀྱང་འགྲོ་བཞིན་ཡོད་མོད།འོན་ ཀྱང་སྐྱེས་པ་དང་བུད་མེད་གཉིས་དཔུང་བ་མཉམ་གཤིབ་མ་ཐུབ་པས་བོད་མིའི་རྩ་དོན་ལ་ བོད་མི་ས་ཡ་གསུམ་གྱི་ནུས་པ་འདོན་ས་ཞིག་མ་ཡིན་པར་བོད་མི་ས་ཡ་དྲུག་གི་ནུས་པ་ མཉམ་སྤུངས་བྱེད་ཐབས་སུ།ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་བདེ་ཐང་དང་ དགོང་ལོའི་ཆ་ནས་ད་ལྟ་ངེད་ཚོ་འཇིགས་མི་དགོས་པས་ཁོང་གི་སྐུ་རིང་ལ་ངེས་པར་དུ་ བུད་མེད་ཚོ་ལ་མང་ཚོགས་ནས་གོ་སྐབས་སྤྲོད་དགོས།ད་ཐེངས་ཀྱི་བཀའ་ཁྲི་བུད་མེད་ཚོའི་གོ་སྐབས་ཀྱི་བཀའ་ཁྲི་ཡིན་པ་བུད་མེད་ཚོ་ལ་སྤོབས་པ་དང་ཆོད་སེམས་དགོས།
ལམ་སྣེ་འདི་ནས་འཇུས་ཏེ་དཔུང་པ་མཉམ་གཤིབ་ཐུབ་པའི་ཡིད་ཆེས་ཀྱང་བུད་མེད་ཀྱི་ལོ་རྒྱུས་ལས་རྙེད་ཐུབ།
རྒྱལ་ཁབ་གང་མང་ན་རྒྱལ་མོའི་ལམ་ལུགས་དང་རྒྱལ་མོ་སོགས་བྱུང་མྱོང༌།བོད་ རང་ན་དུས་རབས་བདུན་པའི་ནང་རྒྱལ་མོའི་མཚན་སྙན་ཅན་འབྲོ་བཟ་ཁྲི་མ་ལོས་སྤྱི་ལོ་ ༧༠༩ལོར་སེ་རིབ་ཀྱི་རྒྱལ་བོ་ཡང་གསོན་བཟུང་བྱས་པ་སོགས་བོད་བཙན་པོའི་ཆབ་སྲིད་ ཇེ་བརྟན་གྱི་བྱས་རྗེས་བཞག།རྒྱལ་མོའི་མཚན་སྙན་མ་བཟུང་ཡང་ཆོས་སྲིད་གཉིས་ ཀྱི་ནང་བུད་མེད་མཚན་སྙན་ཅན་བྱུང་བ་རང་ཉིད་ཀྱི་ལག་ཏུ་འོང་བའི་ལས་དོན་ལ་ནུས་ ཤུགས་ངོམ་པ་ཞིག་ཡིན།མི་ཞིག་ལ་ཐོག་མའི་བྱམས་བརྩེ་དང་བསམ་བློའི་ཁ་ཕྱོགས་ མ་ཡིས་བྱིན་པས་འཛམ་གླིང་འདིའི་མི་གཞི་བརྒྱ་ཆའི་ངན་རྒྱུ་མེད་པ་མ་ཡི་སློབ་ གསོའི་ནུས་པ་གསལ་བས་རྡོ་རིང་ཞིག་ཡིན་ཞེས་བརྗོད་ཆོག ཁྱིམ་གཞི་ཞིག་ལ་མཚོན་ ན་བུ་ཕྲུག་འཁོར་བའི་དྲོད་ཁོལ་མ་ཡིས་བཟུང་ཡོད་པས་རྒྱ་བལ་འབྲུག་གསུམ་གྱི་བོད་ མིའི་སྐྱབས་བཅོལ་གྱི་གནས་བབས་ཡོད་པའི་དྲོད་ཁོལ་ཅན་ཞིག་བཟོ་ཐབས་སུ་ཐེངས་ འདིའི་བཀའ་ཁྲི་ལ་ཤེས་འཇོན་ལྷག་བསམ་གྱི་བུད་མེད་ཅིག་འདེམས་དགོས་པ་འུ་ཚོའི་ ཕྱོགས་ཡོངས་ཀྱི་གནས་བབས་དང༌།སྲིད་དོན་གྱི་བསམ་བློ་པ་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་སོགས་ཀྱིས་དགོངས་གཞི་ཡིན་པས་དགོས་པ་དང་རྒྱུ་མཚན་ཡོད་པ་བདག་གི་སེམས་བཞིན་ཡོད།
ངས་རང་གི་འོས་ཤོག་རྐང་གཅིག་པོ་རྩེད་སྤྱད་མི་བྱེད། མིའི་འཇོན་ཐང་དང་ནུས་བར་མི་ལྟ་བར་བུད་མེད་ལ་དམིགས་བསལ་སྤྲོད་པའི་དུས་ཚོད་མ་རེད། ཁྱོད་ལ་དགོངས་དག་ཞུ།
ངས་ཀྱང་གཅན་བཟོད་རྒྱམ་ལགས་ཀྱིས་གསུངས་པ་ནང་བཞིན་ཡིན། འོས་ཤོག་གཅིག་པོ་འཕྲོ་བརླག་གཏོང་རན་མ་རེད། སྐུ་ངོ་བཀྲ་ཤིས་དབང་འདུས་ལ་འོས་བསམ་ཡོད།
ཁྱོད་དགོངས་པ་མ་ཚོམ་སྐྱེས་དམན་ཞེས་པ་དམན་ས་རང་ལས་ཐོབ་ས་མ་རེད།
བཀའ་ཁྲིའི་རྐུབ་སྟེགས་འདི། དགའ་ལྡན་ཕོ་བྲང་རྟགས་ཅན་གྱི་མོ་ཊ་ཁ་ལོ་བའི་རྐུབ་སྟེགས་རེད། མོ་ཊ་གཅིག་ལ་གཏོང་མཁན་ཁ་ལོ་བ་འཚང་ཁ་རྒྱག་གི་ཡོད། མཐའ་མ་རྔ་མ་དེར་གཅིག་ལས་དགོས་ཀྱི་མེད། རྐུབ་སྟེགས་ཁོ་རང་གཅིག་རང་རེད། ད་རེས་འཚང་ཁ་ཤིག་ཤིག་གིས་སླེབས་པ་འདིས་ཚོར་བ་ཡ་མཚན་པ་རེ་སྟེར་གི
གཅིག འདི་ཚོས་ད་བར་དུ་གང་བྱེད་ཀི་བསྡད་པ་ཡིན་ནམ།
གཉིས། འདི་ཚོར་སེམས་ཤུགས་འདི་གློ་བུར་དུ་གང་ནས་བྱུང་བ་ཡིན་ནམ།
གསུམ། འདི་ཚོས་རྐུབ་སྟེགས་འདི་རྩེད་སྤྱད་བྱེད་ཕོད་པ་ཅི་རེད་དམ།
མོ་ཊ་འདི་རྙིང་པ་ཞིག་ཡིན་ནའང་། ད་ཆ་ཁ་ལོ་བ་ཟམ་གདོང་རིན་པོ་ཆེ་ཡིས་གང་ལ་སོང་ནའང་ལམ་སང་སྐྱོན་ཤོར་འགྲོ་བའི་ཚད་དེ་ནས་བཅོ་བཅོས་ལེགས་ཙམ་བརྒྱབ། སྣུམ་འདང་ངེས་ཤིག་བླུག་ཡོད། ད་ཁ་ལོ་བ་ཚོས་ཅི་བསམ་པ་ཡིན་སུས་ཤེས། ལོ་ལྔའི་ནང་ལ་སླར་ཡང་མོ་ཊ་ཆག་ཏོ་ཞིག་གི་ཚད་ལ་བསྐྱལ་ན་ཕངས་ཆེ། ཁ ལོ་བ་གསར་རྙིང་གི་སྐད་ཆ་མ་རེད། མོ་ཊ་ཁོ་རང་ལ་བདག་གཅེས་གནང་མཁན་ཞིག་དགོས་པ་རེད།
བྲག་ཚེ་དབང་ལགས།སྐྱེས་དམན་ཡོད་ཚད་ཁྱེད་ཀྱི་འདོད་པ་ལྟར་དུ་ཡིན་མི་དགོས་ལ་ཡིན་ཡང་མི་སྲིད།
ད་དུང་ཁྱེད་ཀྱི་བསམ་བློའི་ངོར་བུད་མེད་ལ་དམའ་འབེབ་ཀྱི་བག་ཆགས་ཐུག་པོ་ཞིག་ཡོད་པ་སྙིང་རེ་རྗེ་སོ་སོའི་ཡོན་ཏན་དང་འཇོན་ཐང་ཡོན་ན་བུད་མེད་ཡིན་ཡང་དགའ་ལྡན་ཁྲི་ལ་བཞུགས་ཆོག་ལ་བཀའ་བློན་ཁྲི་བ་ལ་དེ་བས་ཀྱང་ངོ་།
གཉའ་དཀོན་མཆོགI think you doesn’t have any experience in the society.
འོ་ཡ། ངས་ཀྱང་རང་ལ་རྐང་གྲངས་གཅིག་ཁོ་ནས་ལས་ཐོབ་ཐང་མེད་པའི་རིན་ཐང་ཅན་གྱི་འོག་ཤོག་རྡོག་གཅིག་པོ་དེ་དང་། རིན་ཐང་ཅན་གྱི་དུས་ཚོད་རྩ་ཆེན་པོ་དེ་རྩེ་སྤྱད་ངོ་མ་བྱེད་ཀྱི་མིན། ང་འདོད་ཆགས་ཀྱིས་སྡོད་དུ་མ་བཅུག་ན་ཡག་རྩོག་ལ་མ་ལྟོས་པའི་བུད་མེད་ཅིག་ཨེ་རག་ལོས་བལྟ་མ་གཏོགས། བཀའ་ཁྲིའི་འོས་ཤོག་དེ་འཇོན་ཐང་ཡོད་ན་མེད་ན་འདི་བུད་མེད་ཅིག་རེད་ཟེར་ནས་མོ་རྟགས་ལ་བལྟས་ཏེ་འཕེན་དགོས་དོན་གཏན་ནས་མེད། དེས་ན་གཉའ་དཀོན་མཆོག་ལ་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན། གཅིག་བྱས་ན་རྙ་དཀོན་མཆོག་ཟེར་རྒྱུ་ཡིན་པ་འདྲ། ད་དུང་གཟབ་གཟབ་གྱིས་མ་གཏོགས་རང་གི་འོས་ཤོག་རྡོག་གཅིག་པོ་དེས་ནུས་པ་གང་ཡང་མ་ཐོན་པས་བར་མ་དོ་རུ་ཆུད་ཟོས་སུ་འགྲོ་ཡོང་ན་ཐང་ཀོ ཨ་བུ་ལོ་ལོ།
གཉའ་དཀོན་མཆོག་ལགས། ང་ཡང་བུད་མེད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། དེ་ཙང་ད་རེས་ཀྱི་འོས་ཤོག་ཅིག་པོ་འདི་བུད་མེད་ཞིག་ལ་སྟེར་འདོད་ཡོད། ཡིན་ན་ཡང་རྒྱ་རི་སྒྲོལ་མར་འོས་ཤོག་སྟེར་གྱི་མིན། ད་ཁྱེད་རང་གིས་གཅིག་ཤོད་དང་སུ་ལ་འོས་ཤོག་བླུགས་ན་ཡག་པོ་འདུག་གམ། ཁྱེད་རང་གི་དོན་ཚན་གསུམ་ཅན་གྱི་རྩོམ་གྱི་ནང་ནས་ངས་ལན་དེ་རྙེད་མ་སོང་བས་ཁྱེད་རང་ལ་ཡང་བསྐྱར་དྲིས་པ་ཡིན།
དང་པོ་རང་མིང་རྙ་མ་རེད། གཉའ་རེད་དེ་ཙམ་ལ་མགོ་འཁོར་ནས་བསམ་བློ་རྒྱ་ཆེན་པོ་གཏོང་ཁུལ་བྱེད་ཀྱིན་གཏན་ནས་མེད། ད་དུང་ཅིག་བཤད་ན་རྗེ་གཉའ་ཁྲིའི་མཚན་ཟུར་གྱི་གཉའ་ཡིན། དུས་ཚོད་རྩ་ཆེན་པོ་མ་རེད་འདོད་པ་དང་འོས་ཤོག་གཅིག་ལས་མང་བ་ཡོད་ཀི་འདོད་པ་གཏན་ནས་མེད། རྒྱལ་སྤྱིའི་མང་གཙོའི་ཁ་ཕྱོགས་དང་མཐུན་པ། བོད་མིའི་སྟོབས་ཤུགས་གཅིག་ཏུ་ཐུབ་སྤུངས་ཐུབ་ཐབས་ལ་དམིགས་པ་གཙོ་བོར་གཏད་པ་ལས། ཁྱོད་ཅག་གི་ཐུགས་ལ་འཁོར་བ་ལྟ་བུའི་ཆེས་དམའ་རིམ་གྱི་བསམ་སྤྱོད་ཅིག་ཁུར་ནས་ང་འདིར་ཡོང་མེད་པ་དགོངས་པར་འཇགས་རོགས་གྱིས།
བོད་མི་རིགས་དང་ རྒྱལ་ཁབ་ཀྱི་དོན་དུ་ཤེས་ལྗོན་ ལྷག་བསམ་ ཉམས་མྱོང་སོགས་ཀྱི་རྒྱན་ཏེ་བོད་མིའི་རྩ་དོན་ཐོག་ཁེ་ཕན་ནུས་ཤུགས་ཆེ་ཤོས་འདོན་ཐུབ་ཁན་ཞིག་ཡོད་ན་ སྐྱེད་པ་ཡིན་ཡང་རུང་ བུད་མེད་ཡིན་ཡང་རུང་འོས་པ་དེ་ལ་ འོས་ཤོག་ལོས་འཕེན་ ཡིན་ཡང་ད་བར་ཡོད་བཞིན་པའི་བཀའ་ཁྲིའི་འོས་ཞིའི་ནང་ བོད་སྤྱི་པར་ཕན་ཐོག་ནུས་ཤུགས་ཆེ་ཤོས་བྱེད་ཐུབ་ཁན་གྱི་འོས་མི་དེ་ བློ་བཟང་སེངྒེ་ལགས་ཁོང་རང་མིན་ཚེ་སུ་གང་ཡང་མིན་འདུག་ དེ་ན་བོད་མདོ་དབུས་ཁམས་གསུམ་ནང་གི་སྤུན་ཟླ་ཚོས་གཙོས་བཙན་བྱོལ་ནང་གི་བོད་རིགས་སྤུན་ཟླ་ ང་ཚོ་ཚང་མའི་རྩ་དོན་བདེན་མཐའ་མྱུར་གསེལ་ཆེད་དུ་ ངེད་ཚོས་འོས་དེ་མཁས་དབང་བློ་བཟང་སེངྒེ་ལགས་ལ་འཕེན་རྒྱུ་ཡིན་ ཕོ་མོ་འདྲ་མཉམ་དགོས་པར་རྒྱབས་སྐྱོར་གཙང་མ་ཡོད་ཀྱང་ ད་ལྟའི་ཆར་བཀའ་ཁྲིར་འོས་པའི་བུད་མེད་ཞིག་མིན་འདུག་།།
ད་རང་གསེར་རྟའི་མཁན་པོ་ཆོས་དབྱིངས་སམ་བཀྲ་ཤིས་ཟེར་བ་འདིས་ཀྱང་རྙིང་མའི་སྤྱི་འཐུས་འགན་བཞེས་ན་ཡག་ཚུལ་བཤད་འདུག སྤྲུ་སྐུ་བརྒྱ་ལས་ཆོས་མེད་སྨྲ་བ་གཅིག་དགའ་ཟེར་མཁན་དེ་རེད། ཁོང་གི་ལྟ་བ་འདི་ང་ཚོ་རྙིང་པ་ལ་དགོ་ཡ་ཞིག་རེད་མི་འདུག
ཁྱེད་ཚོས་གང་བཤད་ནའང་བཤད། ད་ལྟ་བོད་ཀྱི་ལས་དབང་ཉག་ཕྲ་བའི་དུས་འདིར་ཕོ་མོའི་ཐོབ་ཐང་དང་། འདྲ་མཉམ་རྩོད་པའི་དུས་མ་རེད་ལོ། བདག་ལ་དབང་བའི་འོས་ཤོག་རྐང་གཅིག་པུ་འདི་ཆུད་ཟོས་སུ་མི་གཏོང་བར་ཤེས་འཇོན་གཉིས་ལྡན་གྱི་དེང་རབས་གཞོན་སྐྱེས་མཁས་དབང་བློ་སེང་ལ་འབུལ་ངེས་ཡིན། ད་ཚང་མས་བསམ་བློ་གཏོང་ཚར་བ་རེད་ཁྱེད་རང་གི་འགྲེལ་བཤད་གང་འདྲ་ཞིག་བྱས་ཀྱང་ཕན་པ་ཨི་ཡོད་ན།
ཆོས་འཐུས་འོས་མི་ཡག་པོ་ཡོང་ན་ཁོ་ཚོ་ཆོལ་གསུམ་བར་གི་ཟམ་པ་དང་སྤྱར་རྩི་ལྟ་བུ་ཡིན། ད་ལོ་ཆོས་རྒྱུད་ཁག་གི་ལྷོད་ཡང་ཤོར་ས་རེད། ས་འོག་གི་འོས་གཞི་གང་སར་བསླེབས་འདུག
ཆོས་རྒྱུད་འཐུས་ལ་འོས་འདོན་མཁན་བོན་པོའི་ཆོས་རྒྱུད་མ་གཏོགས་མཐོང་མ་སོང་། ད་དུང་བཙན་བྱོལ་བོད་པ་ཚོས་ནད་ཀྱི་འབྱུང་རྩ་ཤེས་མི་འདུག ད་ལོའི་སྤྱི་འཐུས་ནང་གི་རྩོད་ཉོག་དེ་ཆོས་རྒྱུད་ཁག་གི་སྤྱི་འཐུས་འདེམས་ཐོན་སྐབས་ཕྱོགས་ཁག་ཆུང་ཆུང་ཞིག་ལག་ལ་ཆོས་སྤྱི་མང་ཆེ་བ་ཤོར་བས་རེད། ཆོས་རྒྱུད་ཁག་གིས་རང་རང་གི་སྤྱི་འཐུས་ཡག་པོ་འདེམས་མ་ཐུབ་པར་ཆོས་རྒྱུད་སྤྱི་འཐུས་དགུ་ཕྱོགས་ཁག་ཅིག་(འཇུ་ཆེན་ཕྱོགས་)གི་ལག་ལ་ཤོར་བ་རེད།སྤྱི་འཐུས་སྐབས་༡༤་ནང་ཕྱོགས་ཁག་དེས་ས་འོག་དར་སྐུད་འཐེན་པའི་དབང་གིས་དེང་སྐབས་ཡོད་བཞིན་པའི་སྤྱི་འཐུས་ནང་ཕྱོགས་ཁག་དེ་ལ་སྤྱི་འཐུས་༡༩ བྱུང་ཡོད་པ་རེད། སྐབས་༡༥་པའི་ནང་ཡང་ཁོ་ཚོར་ཆོལ་ཁ་ཞིག་གིས་སྤྱི་འཐུས་༡༠་ཆ་ཚང་དང་ཆོས་སྤྱི་ཆ་ཚང་༡༠། མངའ་རིས་འཐུས་མི་༥་ལྷག་དང་ཕྱོགས་མཐའི་འཐུས་མི་འགའ་ཅེས་སྤྱི་འཐུས་༢༨་ཐོབ་སྲིད་པ་རེད། དེ་ལྟར་བྱུང་ན་ཚོགས་གཙོ་ཡང་ཁོ་ཚོར་ཐོབ་གི་རེད་ལ། མ་འོངས་བའི་ལོ་ལྔའི་ནང་གི་བོད་ཀྱི་ལས་དོན་ཆེ་ཆུང་ཡོད་ཚད་ཕྱོགས་ཁག་ཆུང་ཆུང་དེས་ཐག་གཅོད་བྱེད་གི་རེད། གསང་བ་ཡིན་ད་ཧ་ཧ།
ད་ཆ་ང་ཚོས་མང་གཙོ་ཚད་མཐོར་སླེབས་ཡོད་པའི་རྣམ་པ་སྟོན་རྒྱུ་ཙམ་གཙོ་བོ་ཡིན་ཚེ་བུད་མེད་ཅིག་བདམས་ན་ལེགས་ངེས། འོན་ཀྱང་ད་ཆ་ཛ་དྲག་གི་སྐབས་ཡིན་པས་བོད་རྒྱ་ཞི་མོལ་གནང་ཐབས་ལ་འབད་རྒྱུ་གལ་ཆེ། དེ་ལ་རྒྱ་ལོ་དོན་གྲུབ་ལེགས་ཤོས་ཡིན་ཀྱང་ཁོང་བགྲེས་དྲགས་པས་མི་ཡོང། དེས་ན་ཕལ་ཆེར་བསྟན་འཛིན་རྣམ་རྒྱལ་དང་སྤེན་པ་ཚེ་རིང་གཉིས་ལས་གཅིག་བདམ་དགོས་པ་མིན་འགྲོ་སྙམ། བསྒྲུབ་བྱ་གཙོ་བོ་གང་ཡིན་ལ་དཔགས་ནས་བདམ་དགོས།
བཀའ་ཁྲིའམ་སྤྱི་འཐུས་ལ་ངེས་པར་དུ་བུད་མེད་དགོས་འམ་ཡང་ན་བུད་མེད་ལ་ཐོབ་ཐང་སྤྲོད་དགོས་ཀྱིན་འདུག་ལྟ་བུའི་སྐད་ཆ་འདི་དག་ནི་མི་ཁ་ཤས་ལ་མཚོན་ན་དེང་རབས་ཅན་ནམ་ཡང་ན་ཧ་ཅང་གིས་བསམ་བློ་ཀུ་ཡངས་པོ་ཡིན་མདོག་ཡིན་རྒྱུ་རེད་དེ། ངས་ལྟོས་ན་ཕོ་མོ་འདྲ་མཉམ་མམ་ཡང་ན་མེད་བཞིན་དམིགས་བསལ་སྤྲོད་དགོས་པ་ལྟ་བུའི་བསམ་ཚུལ་ནི་ཡོད་མི་རུང་བའམ་ཡང་ན་མ་མཐར་ཡང་སྐད་ཆ་དེ་ཚོ་རྙིང་པ་ཆགས་ཚར་རེད། སྐྱེས་པ་དང་བུད་མེད་སུ་ཡིན་གང་ཡིན་བཤད་དགོས་དོན་མེད་ལ་སུ་ཞིག་གི་ཤེས་འཇོན་རིག་སྟོབས་ཀྱིས་འདང་ན་དེ་ལ་འོས་བབ་དེ་ལྟར་ཡོད་པའི་བསམ་བློ་གཏོང་རན་ལས། མེད་པ་ཞིག་དམིགས་བསལ་སྤྲད་དེ་ཡོད་དགོས་བཟོ་དོན་མེད་ལ། ཡང་ང་ཚོས་དངོས་ཐོག་བདེན་འཚོལ་གྱིས་སྐད་ཆ་བཤད་ན། ད་ལྟའི་ཆར་ཆེས་ཛ་དྲག་གི་འགན་བབ་ང་ཚོའི་ཕྲག་ཏུ་ཡོད་པའི་སྐབས་འདི་འདྲ་ཞིག་ལ་ཆེས་དཀའ་གནད་ཅན་དང་ཆེས་འདེགས་དཀའ་བའི་བཀའ་ཁྲིའི་འོས་འགན་ཁུར་ཐུབ་མཁན་ཡོད་མེད་ལ་མི་རྣམས་ཡིད་གཉིས་ཐེ་ཚོམ་ལ་གྱུར་ཡོད་སྐབས། མི་རིགས་ཤིག་གི་ཆེས་ཛ་དྲག་གི་དུས་སྐབས་ལ་གདོང་ལེན་དང་བོད་མི་ཚོས་ཡིད་ཆེས་བློ་འགེལ་བྱ་ཆོག་སའི་བུད་མེད་ཅིག་ང་ཚོར་མེད་པ་གསལ་བོ་མཐོང་ནས་བསྡད་ཡོད།
དྲ་གྲོགས་ལྷན་རྒྱས་ཀྱིས་ངོ་མ་དཀའ་ལས་རྒྱག་གི་འདུག་ག མང་གཙོ་དེ་མང་གཙོ་རང་གི་སྟེང་ནས་བཞག་ན་ཡག་གི་རེད་མ་གཏོགས། འདི་བླུགས་ན་བཟང་རབ་དང་དེ་བླུགས་ན་རྒྱན་རབ་བཤད་མཁན་དེ་ཚོར་ཡ་མཚན་ཆེ་བ་ལ། ད་བར་མང་གཙོའི་ཁེ་དབང་ལོངས་སྤྱད་མ་མྱོང་བའི་དཔང་རྟགས་དེ་ལྷང་ལ་བུད་པ་འདྲ། མིག་ཅན་གྱིས་གཟུགས་ཅན་ལ་བལྟ་བཞིན་ཡོད་སྟབས་སྐུལ་མ་བྱེད་དགོས་མ་རེད། རང་ཉིད་ལ་གང་དབང་བ་དེ་རང་ཉིད་ཀྱི་ཐོབ་ཐང་རེད། བཀའ་བློན་ཁྲི་པ་གཅིག་ལས་མི་དགོས་པ་ཤེས་བཞིན་དུ་མང་ཐག་ཆོད་ཅིག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་འདི་ཕྱོགས་གཅིག་ནས་དགའ་དགོས་པ་ཞིག་ཡིན་ཀྱང་། ཕྱོགས་གཅིག་ནས་སྐྱོ་དགོས་པ་ཞིག་ཀྱང་རེད་འདུག ཚང་མ་བསམ་བློ་ཞིབ་ཏུ་ཐོངས།
ངའི་རེ་བ་ཆེ་ཤོས་དེ་མཁས་དབང་བློ་བཟང་སེང་གེ་ཡིན་ཡང་ཕྱོགས་མཐའ་ཁག་ན་དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་གིས་ཁོའི་རྒྱབ་ལྗོངས་མཐུག་པོ་དེ་གང་འདྲ་ཞིག་ཡིན་མིན་ང་དོགས་པ་ཟ་རུ་བཅུག་སོང་། དཔེར་ན་གཞིས་གྲོང་ཁག་དང་དགོན་པ་ཁག་གི་ནང་ན་བློ་བཟང་སེང་གེའི་པར་མ་གཏོགས་སྦྱར་ཡོད་པ་མཐོང་ཉན་གྱི་མི་འདུག འོས་གཞི་གཞན་པ་སུ་ཡིན་རུང་ཚང་མའི་ངོར་དམར་རྟགས་འཐེན་པ་སོགས་བྱས་ཏེ་དངོས་ནས་སྤྱོད་ངན་དེ་དག་གིས་ཁོང་གི་ལངས་ཕྱོགས་དང་བསམ་ཚུལ་ངོ་མ་དེའི་རྒྱབ་མདུན་ཚང་མ་བལྟ་དགོས་པར་སྣང་སོང་། མདོར་ན་དེའི་རིགས་ཀྱིས་སྤྱི་ཚོགས་ནང་དཀྲུག་ཤིང་ངོས་ནས་དེ་རྒྱག་གི་འདུག དེའི་ཕྱིར་ངའི་རེ་བ་ལ་ཚང་མས་གང་གཟབ་གཟབ་གནང་གལ་ཆེ་བར་མཐོང་ངོ་། ནོར་འཁྲུལ་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།
གཉའ་དཀོན་མཆོག་ཟེར་བ་དེས་བུ་མེད་ཅིག་བཀའ་ཁྲིར་དགོས་པའི་རྒྱུམཚན་གསུམ་གྱི་བཤད་པའི་དང་པོ་ནི་མདོར་བསྡུས་ན། ཁོས་བདག་ཉིད་ ཆེན་པོ་གནྡིས་ཀྱང་རྒྱ་གར་རང་དབང་རྩོད་སྒྲུབ་སྐབས་སྒྲུབ་ཕྱོགས་འཛུགས་སྐྲུན་ ཀྱི་ལས་རིམ་བཅོ་བརྒྱད་བརྩམས་ཡོད་པའི་ནང་དགུ་པ་བུད་མེད་ཀྱི་ནུས་ཤུགས་སྤེལ་ བའི་ལས་རིམ་ཡིན་པ་དང༌།དེ་ལ་བརྟེན་ནས་རྒྱ་གར་རང་བཙན་གྱི་ལས་འགུལ་ནང་བུད་མེད་ ཀྱི་ནུས་ཤུགས་ཚད་མཐོར་སླེབས་ཡོད།ཅེས་དང་། ཡང་མང་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ ཁག་ཏུ་སྲིད་འཛིན་དང་སྲིད་བློན་ལ་བུད་མེད་ཁེལ་བཞིན་ཡོད་པས།རྒྱ་ནག་གིས་གཙོས་ རྒྱལ་སྤྱིའི་སྟེང་ན་ངེད་ཚོ་མང་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པ་ཤེས་སུ་འཇུག་ ཐབས་སུ།ད་ཐེངས་ཀྱི་འཀའ་ཁྲི་བུད་མེད་ཅིག་འདེམས་དགོས་པར་མཐོང༌། ཟེར་བ་ནི་བྱབ་ཆུང་བསམ་མེད་ཅིག་གི་གཏམ་བཤད་ལས་ཤེས་ལྡན་ཞིག་གིས་བསམ་བློ་ག་ལ་ཡིན་སྲིད། རྒྱུ་མཙན་ནི་དང་པོ་རྒྱ་གར་གྱི་རང་བཙན་འཐབ་རྩོད་སྐབས་བུད་མེད་ལ་རང་བཞིན་གྱི་ནུས་པ་ལྡན་པ་ལས་གནྡིས་བྱས་པ་ཅི་ལ་ཡིན། དེ་ཙམ་མ་ཟད་རྒྱལ་ཁབ་གཞན་པར་བུ་མེད་ཀྱི་སྲིད་འཛིན་དང་སྲིད་བློན་ཡོད་པ་ནི་དོ་བདག་སོ་སོར་ནུས་མཐུ་དང་འཇོན་ཐང་ཡོད་པས་ཡིན། དེ་ཚོ་དང་མོ་མཚན་འདྲ་བ་ཙམ་ཡོད་པས་རྒྱུ་མཚན་གྱིས་སྐྱེས་དམན་རེད་ཅེས་བརྗོད་ཆོག་ཀྱང་སྲིད་འཛིན་དང་སྲིད་བློན་ལ་བཞག་དགོས་ཟེར་བ་ནི་རྣམ་དཔྱོད་ཀྱི་རྩལ་མ་རྫོགས་པའི་གཏམ་འབའ་ཞིག་ཏུ་སེམས་སོ། །ད་དུང་རྒྱ་ནག་གིས་གཙོས་རྒྱལ་ སྤྱིའི་སྟེང་ན་ངེད་ཚོ་མང་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པ་ཤེས་སུ་འཇུག་ཐབས་ སུ།ད་ཐེངས་ཀྱི་འཀའ་ཁྲི་བུད་མེད་ཅིག་འདེམས་དགོས་པར་མཐོང༌། ཟེར་། ཤེས་ཡོན་དང་ཉམས་མྱོང་། འཇོན་ཐང་། དྲང་བདེན། ལྷག་བསམ་སོགས་ལ་མ་བལྟས་པ་སྟག་འཕག་སར་ཝ་འཕག་ན་ཝ་ངན་མ་སྐེད་ཚིགས་བུད་པ་ཞིག་དང་། མི་ཚོས་འཕྱ་སྨད་བྱ་ཡུལ་ཞིག་ལས་ཅི་ཡོད།
ཡང་ཁོས་༼སྐྱེས་པ་ལས་བུད་མེད་ལ་བྱམས་བརྩེ་དང་ ཞི་བའི་གཤིས་ཀ་ཡོད་ཅེས་བརྗོད་ཆོག་སྟེ།འཛམ་གླིང་འདིའི་སྟེང་གཏོར་སྐྱོན་དང་ མི་གསོད་ཁྲག་སྦྱོར་བྱེད་མཁན་སྐྱེས་པ་ལས་བུད་མེད་ཆེས་ཤིན་ཏུ་ཉུང་བ་ཡོད།དེའི་ སྟབས་བོད་གཞུང་བཀའ་ཤག་གིས་ཀྱང་འབྱུང་འགྱུར་བོད་ཀྱི་མི་རབས་བཟང་པོ་དང་མི་ འབོར་འཕེལ་རྒྱས་ཡོང་ཆེད་མ་དང་བྱིས་པའི་འཕྲོད་བསྟེན་ཐོག་གཞུང་གིས་དམིགས་བསལ་ དོ་སྣང་དགོས་པ་ཞེས་གསུངས་པས་འཚེ་མེད་ཞི་བའི་སྲིད་ཇུས་འཛིན་མཁན་ལ་བུད་མེད་ ཅིག་བདག་གིས་བདམས་ན་སེམས།༽ཞེས་བྲིས་འདུག འདིས་བུ་མེད་བཀའ་ཁྲིར་བདམས་དགོས་པའི་རྒྱུ་མཚན་ཞིག་མཐོང་གི་འདུག་གམ།
ངས་དུས་ཚཽད་རིན་ཅན་དེ་རྩོམ་འཆལ་འདི་ལ་གཏོང་བར་མི་འདོད་ནས་སྙུག་རྩེ་གཡོ་འགུལ་གྱི་མཇུག་གྲུབ་པ་བྱས་པ་ཡིན།
གཉའ་དཀོན་མཆོག་ལགས་གདྣིས་ཀྱིས་རྒྱ་གར་རང་བཙན་སྒྲུབ་ཕྱོགས་༡༨་པོ་རེ་རེ་ནས་བཤད་པའི་རེ་བ་ཡོད་།་
གཉའ་དཀོན་ལགས་། བུ་མེད་གྲངས་ཚོད་གཅིག་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་བྱེད་ཀྱིན་འདུག་ཁྱེད་ཀྱིས་རྒྱལ་ཁབ་རེ་རེ་བཞིན་མིང་བཤད་རོགས་།
བུད་མེད་ཡིན་པས་འོས་འཕེན་ཟེར་བ་དང་གཅིག
ན་གཞོན་ཡིན་པས་འོས་འཕེན་ཟེར་བ་དང་གཉིས།
སྐུ་དྲག་ཡིན་པས་འོས་མི་འཕེན་ཟེར་བ་དང་གསུམ།
ད་དུང་་་་་་་་་་་་་་་་་་་་་་་་་་་་་
དེ་ཚོ་རྣ་བ་འགྲོ་བའི་སྐད་ཆ་ཞིག་མ་རེད་འདོད།
གཉའ་དཀོན་མཆོག་ལགས།
སྐུ་ཉིད་ཀྱི་རྩོམ་ཡིག་དོན་གསུམ་ཚན་ཅན་ཞིག་སྤེལ་མ་ཐག་མཆན་བཀོད་ཉིད་ཉི་ཤུ་མ་ཟིན་ཙམ་བྱུང་བ་ཕལ་ཆེར་གྱིས་མོས་མཐུན་མེད་པའི་ལྟ་ཚུལ་བཟུང་འདུག་ཀྱང་དེ་ནི་མི་སོ་སོའི་ལྟ་ཚུལ་རེད།
གང་ལྟར་རང་ཉིད་ཀྱི་ལྟ་ཚུལ་ཕྱིར་མངོན་ཐུབ་པ་བྱུང་བ་འདིས་ཁྱེད་ལ་རིན་ཐང་ཞིག་སླེབས་ཡོད་པ་རྟོགས་རོགས་གནང་།
ངས་འོས་ཤོག་ཁྱེད་ཀྱི་འདོད་པ་ལྟར་འཕེན་ཐབས་བྲལ་སོང་། རྒྱུ་མཚན་འུ་གཉིས་བསམ་ཚུལ་ལ་བར་ཐག་ཆེན་པོ་འདུག
གཉའ་དཀོན་མཆོག་ལགས།
ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་གང་དགོས་མིན་གྱི་རང་གི་ལྟ་ཚུལ་དོན་ཚན་གསུམ་ཅན་གྱི་རྩོམ་ཡིག་འདི་སྤེལ་བར་ཐུགས་རྗེ་ཆེ།
མུ་མཐུད་དེ་སྤེལ་རོགས།
ང་བོད་དུ་ཡོད་སྐབས་སློབ་མ་ཞིག་ཡིན། སྐབས་དེ་དུས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་སློབ་སྦྱོང་ཡག་པོ་མེད་རུང་དམིགས་བསལ་གྱི་ཐོབ་ཐང་ཞིག་གི་ཐོག་ནས་སྐར་གྲངས་ཁ་ཤས་སྣོན་འབེབས་བྱས་ཏེ། སློབ་གྲྭ་ཆེན་མོར་ཚུད་ཐུབ་རྒྱུའི་མཐུན་རྐྱེན་སྦྱོར་གྱི་ཡོད། གནས་ཚུལ་འདི་འདྲ་ལ་བརྟེན་ནས་ཡིན་ནམ་སློབ་གྲྭ་ཆེན་མོ་རུ་རྒྱ་རིགས་དགེ་རྒན་དང་རྒྱ་རིགས་སློབ་གྲོགས་ཚོས་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཞེས་ལྟ་སྟངས་དམིགས་བསལ་ཞིག་འཛིན་གྱི་ཡོད། དེ་ལ་ཡག་སྡུག་གི་སྐད་ཆ་བཤད་རྒྱུ་ཁག་པོ་རེད། རྒྱུ་མཚན་ནི་མཚམས་མཚམས་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་སྟངས་སོགས་གང་ཅིའི་ཐད་ནས་དེ་འདྲའི་དམིགས་བསལ་ཞིག་དགོས་ཀྱི་ཡོད་པ་འདྲ་ཞིག་འདུག ཡིན་ནའང་མཚམས་མཚམས་ལ་དམིགས་བསལ་གྱི་སྲིད་ཇུས་འདི་འདྲ་ལ་བརྟེན་ནས། གྲངས་ཉུང་མི་རིགས་ཀྱི་སློབ་མ་ཁ་ཤས་ལེ་ལོ་དང་སྒྱུད་ལུག་གི་དབང་དུ་འགྲོ་བ་དང་། ཁ་ཤས་མཐོང་ཆུང་དང་ཁྱད་གསོད་ཀྱི་གཞི་རུ་འགྲོ་བ་སོགས་དགེ་སྐྱོན་གྱི་འབྲས་བུ་མང་དག་ཅིག་བྱུང་ཡོད།
ད་ནི་བཙན་བྱོལ་དུ། བུད་མེད་ཚོར་དེ་འདྲའི་དམིགས་བསལ་གྱི་ཐོབ་ཐང་དང་གནས་སྟངས་ཞིག་གི་འོག་ཡོད་པའི་རྣམ་པ་ཞིག་མངོན་ཡོང་གི་འདུག
དཔེར་ན། སྤྱི་འཐུས་ལྷན་ཁང་གིས་ད་ལོ་སྤྱི་ཟླ་བརྒྱད་པར་གསལ་བསྒྲགས་སྤེལ་བ་ཞིག་ཏུ། “ཆོལ་ཁ་རེ་རེར་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། བུད་མེད་བཅུ་ཆ་ཚང་བླུགས་ཀྱང་འགྲིག་གི་ཡོད།”ཅེས་བཤད་དེ། ཆོལ་ཁ་རེར་སྤྱི་འཐུས་བུད་མེད་བཅུ་ཡོད་ཆོག་པ་དང་སྤྱི་འཐུས་ཕོ་སྐྱེས་བཅུ་ཡོད་མི་ཆོག་པའི་གཏན་འབེབས་ཞིག་བྱས་འདུག ཞིབ་ཕྲའི་གནས་ཚུལ་གཤམ་གསམ་གྱི་གསལ་བསྒྲགས་ལས་ཤེས་པར་གྱིས།
གལ་ཆེ་གསར་འགོད་གསལ་བསྒྲགས།
By thogmed on August 2, 2010
༢༠༡༠ ཟླ་ ༨ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་པའི་ཐོག་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་འཕར་རྣམ་གཉིས་རྒྱ་གར་བྱང་བརྒྱུད་དང་བྱང་ཤར་ས་ཁུལ་བོད་མིའི་གཞིས་ཆགས་ཁག་དང་ཁ་འཐོར་གནས་པའི་མི་མང་རྣམས་ལ་འོས་བསྡུའི་ལས་རིམ་ཐོག་གོ་བསྐོན་གསལ་འགྲེལ་དུ་འགྲོ་སྐབས་ཆ་རྐྱེན་ཚང་བའི་འོས་འཕེན་པ་སོ་སོས་སྤྱི་འཐུས་འོས་དམིགས་བཅུའམ་དེ་ལས་ཉུང་བ་ག་ཚོད་འོས་འདེམས་བྱས་ཀྱང་དེའི་ནང་བུད་མེད་གཉིས་ངེས་པར་དགོས་པ་ལམ་སྟོན་འགྲེལ་བཤད་བྱས་ཡོད་ཀྱང་། ༢༠༡༠ ཕྱི་ཟླ་ ༣ པ་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༩ པའི་སྐབས་སྤྱི་འཐུས་འོས་འདེམས་བྱ་ཕྱོགས་གྲངས་ཚད་གཏན་འབེབས་གནང་བ། ཕྱི་ཟླ་༧ ཚེས་ ༢༦ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་ནས་འགྲེལ་བཤད་གནང་དོན་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་འཁོད་པ་ཟུར་བཏོན་ཞུས་པ། གཤམ་གསལ་བརྗོད་གཞིའི་དགོངས་དོན་འོས་འཕེན་པ་རྣམས་ནས་སྤྱི་འཐུས་སྐབས ༡༥ པ་རྣམས་འོས་འདེམས་ཞུ་སྐབས་ས་གནས་འོས་འཕེན་པའི་མི་མང་རྣམས་ནས་ལག་ལེན་ངེས་པར་བསྟར་དགོས་པའི་གལ་ཆེ་ཆེད་བསྒྲགས་སུ།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས། བསྐྱར་བཅོས་ཚིག་བརྗོད་དེ་འོས་འཕེན་པ་སོ་སོ་ནས་འདེམས་སྒྲུག་བྱ་རྒྱུའི་འོས་དམིགས་གྲངས་ཚད། ཆོལ་ཁ་དང་ཆོས་བརྒྱུད་སོ་སོའི་འཐོབ་རྒྱུའི་སྤྱི་འཐུས་ཀྱི་རྩ་འབོར་ཆོལ་ཁ་རེ་རེར་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། བུད་མེད་བཅུ་ཆ་ཚང་བླུགས་ཀྱང་འགྲིག་གི་ཡོད། ཅི་སྟེ་སྤྱི་འཐུས་བརྒྱད་དང་བརྒྱད་ལས་ཉུང་བར་འོས་བླུགས་ཚེ་བུད་མེད་གཉིས་དགོས་པའི་ངེས་པ་མེད་བཅས་འཁོད་ཡོད།སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས།
ཕྱི་ལོ་༢༠༡༠ ལོའི་ཟླ་ ༨ ཚེས་ ༢ ཉིན།
འབྲེལ་མེད་རེད་མ་གསུང་རོགས། ངས་སྤྱི་མཐུས་བརྗོད་གཞི་ལས་དྲངས་ཏེ་ཟེར་རྒྱུ་ཞིག་གླེང་འདོད་ཡོད།
ང་ཚོས་ཆོས་རྒྱུད་སྤྱི་མཐུས་ལང་འདོད་མེད་པ་ཞིག་དང་། ཆོས་རྒྱུད་སྤྱི་མཐུས་མི་དགོས་ཟེར་ནས་དགག་བྱ་གནང་མཁན་ཞིག་ཆོས་ལུགས་ཀྱི་སྤྱི་མཐུས་ལ་བསྐོ་བཞག་བྱེད་ན་མཁྲིས་ནད་ཅན་ལ་མར་ཁུར་སྟེར་བ་དང་ཁྱད་ཅི་ཡོད།
ངས་དེ་རིང་གསལ་བསྒྲགས་ཤིག་གི་ནང་དུ་ས་སྐྱའི་ཆོས་སྒར་དང་། ངོར་མ་དགོན། རྫོང་དཀར་ཆོས་ལྡན། ས་སྐྱའི་མཐོ་སློབ་བཅས་དགོན་སྡེ་ཁག་བཞི་ནས།
པད་མ་འབྱུང་གནས་དང།
པད་མ་ནོར་བུ་གཉིས་ལ་དམ་ཕྲུག་ཆེ་ཐག་ཆད་རེ་རྒྱག་ཏེ་དཔལ་ལྡན་ས་སྐྱའི་སྤྱི་མཐུས་ལ་བསྐོ་བཞག་བྱ་རྒྱུའི་གཏད་ཁེལ་གནང་འདུག
དགོན་པ་སོ་སོའི་དམ་ཕྲུག་དེས་དགོན་པ་དེའི་ཁྱབ་ཁོངས་སུ་ཡོད་པའི་གྲྭ་མང་གི་བསམ་བློའི་ཚབ་མཚོན་ཐུབ་ན་དགོན་སྡེ་ཆེ་ཁག་བཞི་ནས་མཐུས་མི་བདམས་ཟིན་པས་གཞན་གྱིས་རྒྱར་སྐྱོར་བྱེད་མི་ལ་མ་ལྟོས་པ་མང་མོས་ཐོག་ནས་བསྐོས་བཞག་བྱེད་པའང་མཚོན་ཐུབ་པས་འོས་ཤོག་བླུག་པའི་ངལ་བ་ཅི་ཞིག་དགོས།
གལ་ཏེ་ས་སྐྱའི་དགོན་སྡེ་ཁག་བཞིའི་ཡོད་པའི་གྲྭ་མང་རྣམས་མོས་མཐུན་མེད་བཞིན་དུ་དམ་ཕྲུག་དེ་བེད་སྤྱད་བྱས་པ་ཡིན་ན། ལས་སྣེ་རང་གི་དམ་ཕྲུག་བེད་སྤྱད་ལོག་པ་བྱས་པ་དང་།
དགོས་སོ་སོའི་ཞེན་ཁོག་གི་བསམ་བློ་གསལ་པོ་མངོན་པ་ལས་དོན་སྙིང་ཅི་ཞིག་ཡོད།
མ་ཟད་མང་གཙོ་ཡང་དག་པའི་ལམ་ལུགས་དང་ཡང་འགལ་ཞིང་དེ་སྔོན་འདི་འདྲ་སུ་གང་གིས་བྱས་མྱོང་མེད་པ་ཞིག་རེད། པད་མ་འབྱུང་ནས་ནི་ཆོས་ལུགས་ཀྱི་སྤྱི་མཐུས་མི་དགོས་ཟེར་མཁན་གྱི་གཏེར་བོ་ཡིན་པ་ཚང་མས་མཁྱེན་གསལ་རེད།
འདི་ངས་དགོན་སྡེ་ཁག་བཞི་ལ་སྐྱོན་བརྗོད་བྱེད་ཀྱི་མ་ཡིན་ཞིང་། འོན་ཀྱང་ཕྱོགས་རིས་ནད་ཀྱིས་ཟིན་པའི་ལས་སྣེ་འགའ་རེས་ཅི་ཡང་མི་ཤེས་པའི་རྒྱུག་ཁྱི་ཁ་ཤས་དབང་བསྒྱུར་བྱས་ཏེ་དགོན་པ་སྤྱིའི་མིང་ཁྱེར་བ་ལ་ང་མི་དགའ་འི།