འཇམ་གཅེས།
རྒྱལ་ཀུན་མཁྱེན་པའི་རང་གཟུགས་གུར་གུམ་མདོག །
དུག་གསུམ་རང་གཟུགས་གཅོད་ཕྱིར་རལ་གྲི་འཛིན། །
རང་སྣང་དག་པར་འཁྲུལ་བའི་སྐྱེ་བོ་ཡི། །
ལོག་པའི་ལྟ་ངན་བྱམས་དང་སྙིང་རྗེས་བསྒྲོལ། །
སྙིགས་དུས་རང་མཚང་བརྡོལ་བའི་དུས་ངན་ནང་། །
དུག་གསུམ་གདོན་གྱིས་ཟིན་པའི་སྐྱེ་བོ་ཡང་། །
ཉིན་རེ་བཞིན་དུ་ཆར་རྗེས་ཤྭ་མོ་ལྟར། །
འབུར་བ་མཐོང་དུས་ཁྱེད་ཉིད་སླར་ཡང་དྲན། །
རྟོགས་སད་པ་ཅེས་ཆོ་ལོ་འདོགས་ཡུལ་དང་། །
རྗེས་འབྲང་རང་ཚུགས་བྲལ་བའི་བྱབ་ཆུང་ཚོ། །
བདེན་པའི་རང་ཞལ་མཇལ་བའི་མཐུ་དམན་པས། །
གཡམ་རྒྱུག་ཁོ་ནའི་ངང་ཚུལ་ཀྱེ་མ་ཧུད། །
བློ་མིག་རྒྱ་ཁབ་བུ་ག་ལྟར་བུའི་ནང་། །
གནས་ལུགས་ཡངས་པའི་ཐང་ཆེན་མ་ཤོང་པར། །
ལོག་རྟོགས་གང་ཡིན་སྙིང་སྟོབས་རློམ་པའི་བུ། །
དེང་དུས་མི་བུ་རེ་འགའ་ཡིད་རེ་མུག །
རྙིང་སྲོལ་དུག་ཏུ་འཛིན་མཁན་ཁྲེལ་མེད་དང་། །
གསར་བྱུང་མིག་ལྟར་གཅེས་འཛིན་ཨ་སར་ཅན། །
ཡོད་ཚད་ཁ་ཡི་རྒྱན་ཆར་སྤྲས་མཁན་ཚོར། །
ཕན་ཕྱིར་མིན་ཀྱང་སྨྱུག་རྩེའི་གར་རྩེད་ཡིན། །
གཞན་གྱི་འགྲམ་ཆུ་ཤོར་སའི་རིག་གཞུང་འདི། །
སྙན་པའི་གྲགས་པ་ཕྱོགས་ཀུན་རྒྱས་དུས་སུ། །
ནོར་ཉམས་མ་ཆོད་སྤྲང་པོས་ཚོད་བརྩིས་དེར། །
དཔྱོད་ལྡན་མཁན་པོ་ཁྲེལ་རྒོད་སློང་བྱེད་དངོས། །
ཚན་རྩལ་རིག་གཞུང་ལྟ་གྲུབ་འདྲ་མིན་ལ། །
མཁས་པའི་སྙན་གྲཊ་འབར་བའི་གཟུར་གནས་ཚོས། །
སྤྱི་གཙུག་བཀུར་ནས་ལེགས་ཆར་ལེན་པ་འདིའི། །
རིན་ཐང་གང་ཡིན་མ་ཤེས་ཁྱེད་ཅག་བླུན། །
བརྒྱད་ཁྲི་བཞི་སྟོང་དེ་ཡི་དགོངས་འགྲེལ་དག།
ཚིག་སྐམ་ཙམ་དང་ཕྱོགས་རིས་འདོར་བྱས་ཏེ། །
རྣམ་མང་རིག་པས་བརྡར་ཤ་གཅོད་ནུས་ཚེ། །
རྨོངས་མུན་གནས་ལས་གྲོལ་བ་ཐེ་ཚོམ་ཅི། །
དངོས་ཟིན་ཚིག་གི་རྗེས་འབྲང་ཙམ་ཉིད་ལས། །
རྣམ་པར་འབྱེད་པའི་ཤེས་རབ་མིག་ཟུང་ཞར། །
ཧམ་བཤད་རྫིན་ཚིག་ཕུང་པོ་སྤུངས་ཙམ་ལས། །
ཚུལ་གསུམ་རྟགས་ཀྱི་བདེན་དཔང་རི་བོང་རྭ། །
རྟོགས་སད་ཅེས་པ་ཁ་ནང་ལྦུ་བ་ལས། །
སྔོན་བྱོན་འཕགས་བོད་པཎྜི་རིམ་བྱོན་ལ། །
མ་སད་པ་ཞིག་སད་པ་ཡོད་གྱུར་ན། །
ལོག་རྟོགས་སྙིང་ལ་ཞུགས་པ་ཅིའི་ཕྱིར་མིན། །
ཕྱི་ཡི་ཀུན་སྤྱོད་ཙམ་ལ་ཚད་འཛིན་སྟེ། །
སྐྱོན་ཡོན་བརྟགས་པར་དགའ་བའི་བྱིས་པ་ཚོ། །
བླུན་པོ་ཤེས་རབ་འཆལ་བའི་རྒྱུ་ཙམ་ལས། །
རྣམ་དཔྱོད་ལྡན་པའི་ངང་ཚུལ་ག་ལ་ཡིན། །
སྟོན་མཆོག་གཽ་ཏ་མ་དེས་གསུང་རབ་ལས། །
ང་དང་ང་འདྲ་མ་གཏོགས་གང་ཟག་གིས། །
གང་ཟག་ཚོད་འཛིན་མི་རིགས་གདམས་དོན་དེར། །
གུས་ཤིང་བཀུར་བར་ནུས་ན་ལེགས་བཤད་ཡིན། །
དེ་མིན་ཅོལ་ཆུང་བྱིས་པའི་རྨོངས་བཤད་དང་། །
གཡམ་རྒྱུག་ལས་སུ་གོམས་པ་ཆེ་སྐྱོན་དེས། །
རྣམ་འབྱེད་བློ་གྲོས་སྒོ་ཆེན་ད་བར་བཀག །
སླར་ཡང་དང་ལེན་དགོས་མིན་དཔྱད་ན་ལེགས། །
གཞན་སྐྱོན་གླེང་མོལ་མཁས་ལ་པཎྜི་ཏ། །
རང་སྐྱོན་ངོས་འཛིན་མི་ཤེས་བླུན་པོའི་བུ། །
བརྡ་དག་སྙན་སུམ་ཡ་མ་ཟུང་རེ་ཙམ། །
ཤེས་དུས་འཇིག་རྟེན་བྱེད་པོར་རློམ་འདིར་མཚར། །
མི་དགེ་བཅུ་དང་མཚམས་མེད་ལས་ངན་སོགས། །
མ་རབ་ཐ་ཤལ་ཅན་གྱི་བྱ་ངན་དག །
ཆོས་བྱེད་སེར་མོ་ཁོ་ནར་མ་ཡིན་པར། །
ཀུན་གྱིས་ལག་བསྟར་དགོས་པ་མ་ཤེས་སམ། །
ཤེས་ན་མཛུབ་མོ་རང་ལ་མ་བཙུགས་པར། །
གཞན་སྐྱོན་ཁོ་ན་བརྗོད་པའི་བྱ་སྤྱོད་ནི། །
རང་རྒྱུད་གདོན་གྱིས་ཟིན་པའི་ནད་རྟགས་ལས། །
ཡ་མཚན་འོས་པའི་ལེགས་བཤད་སུ་ཡིས་འདོད། །
གཞན་ལ་རྒོལ་འདོད་བསམ་བློ་ཡོད་གྱུར་ན། །
དང་པོར་རང་དང་གཞན་གྱི་གནས་ལུགས་ཀུན། །
ཁོང་དུ་ཆུད་པར་སྔོན་དུ་སོང་བྱས་ནས། །
དེ་ནས་དཔྱད་གླེང་བྱོས་དང་གུས་ཤིང་བཀུར། །
གང་ཞིག་སྐྱོན་དང་ལྡན་པའི་རྒྱུ་མཚན་གྱིས། །
ཁྱོད་ཀྱིས་དེ་ལ་མི་འདོད་བལྟ་གྱུར་ན། །
རང་གཤིས་མི་གཙང་ཕུང་པོའི་དོང་ནག་དེར། །
དཀྲུག་འདོད་མེད་པ་གང་གིས་ནོངས་ལགས་སམ། །
ཆོས་དང་ཆབ་སྲིད་དབྱེ་མཚམས་མ་ཤེས་པར། །
སོ་སོར་དགོས་ཞེས་འུར་སྒྲ་ཆེ་འདུག་མོད། །
དོན་དངོས་དེ་གཉིས་ཁྱབ་ཚད་ངོས་འཛིན་དང་། །
ངོ་བོ་དགོས་མཁོ་བྱེད་ལས་ཤེས་ན་ལེགས། །
རང་དོན་འདྲེས་ཚད་ཆབ་སྲིད་འདོད་གྱུར་ན། །
དོན་གཉིས་མཐར་ཕྱིན་ཉམས་ལེན་ངོས་འཛིན་གྱིས། །
གཞན་དོན་འདྲེས་ཚད་དམ་ཆོས་འདོད་གྱུར་ན། །
དམག་དཔོན་རྒྱ་ཆུས་དོན་དུ་ཤི་བར་གཟིགས། །
བླ་ཆེན་འགའ་རེས་ཆབ་སྲིད་མི་འདོད་ཟེར། །
བསྟན་སྲིད་སྤྱི་དོན་མི་འདོད་བདེན་བདེན་འདྲ། །
བླ་བྲང་འཁོར་སློབ་མིང་དང་གྲགས་པའི་ཆེད། །
ལས་ལ་བྲེལ་འདི་ཅིའི་ཕྱིར་ཆབ་སྲིད་མིན། །
བླ་ཆེན་འགའ་རེས་རང་དོན་བློས་བཏང་ནས། །
མི་ཚེ་གང་པོར་ངལ་བར་འཛེམས་མེད་ཐོག །
གཞན་དོན་འབའ་ཞིག་བསྒྲུབ་ལ་བརྩོན་པ་དེ། །
ཅིའི་ཕྱིར་ཆོས་དང་འགའ་བའི་ལས་ཡིན་ནམ། །
སྙིང་གི་དཀྱིལ་དུ་རྒོལ་བྱེད་དུག་མདའ་འདི། །
རང་གིས་གང་བྱས་དཀར་པོའི་ལྷ་ཆོས་དང་། །
གཞན་གྱིས་གང་བྱས་བདུད་ཀྱིས་ཆོ་འཕྲུལ་ལ། །
ངོས་འཛིན་དགའ་བའི་མི་བུ་དག་ལ་ཡིན། །
ནད་རྙིང་ཁོག་ཏུ་སྦས་ཤིང་ལུས་ངག་ལས། །
རང་མདོག་དམར་རྗེན་མངོན་མཁན་སྐྱེ་བོ་ཚོས། །
བློ་སྙིང་དུམ་བུར་བཤག་ཉེན་ཆེ་ནའང་། །
རྣག་ཐོག་གཙག་འཁེལ་ང་ཡིས་གཤིས་སུ་གྲུབ། །
ལར་ནས་ཟླུམ་གཟུགས་གོ་ལའི་སྐྱེ་བོ་ཀུན། །
རང་ཉིད་བདེན་ཁ་སྦྱིན་རྒྱུར་དགའ་བ་དང་། །
ལྷག་པར་རྟོགས་སད་རློམ་མཁན་སྐྱེ་བོ་ཚོ། །
རང་སྣང་དྲི་གཙང་ཁང་བཟང་འཛིན་པར་དགའ། །
དེའི་ཕྱིར་ཚིག་གི་མདའ་སྣེ་གཏད་ས་ཡང་། །
སུ་ཡིན་མ་ནོར་རིགས་བཟང་སྙིང་གྲོགས་ཚོ། །
གཟུར་གནས་བློ་དང་ལྡན་པའི་སྐྱེས་བུ་ནི། །
ནམ་ཡང་དགའ་བ་འབུམ་གྱི་བསུ་ངེས་ཡིན། །
སྙན་མོ་ངག་གི་ལམ་ནས་ཁ་ཡག་དང་། །
བཞིན་རས་འཛུམ་གྱིས་བསུ་ཞོར་སྤྲེལ་ལད་ནི། །
འདན་མའི་ལྷ་རྒོད་བདག་གི་གཤིས་མིན་པས། །
ཁ་སྣ་གང་དུ་འཁེལ་རུང་འགྱོད་པ་མེད། །
དགའ་ནས་ཐལ་མོ་བརྡབ་རུང་དགའ་རྒྱུ་མེད། །
སྡུག་ནས་མིག་ཆུ་འདོན་རུང་སྡུག་རྒྱུ་མེད། །
འདི་ཡང་བཅོས་མིན་རང་གཤིས་ཡིན་པས་ན། །
ཚེ་གཅིག་སྲོག་ལས་གཅེས་པར་འཛིན་ངེས་ཡིན། །
རྣམ་དཔྱོད་གཞུ་མོ་གཟུར་གནས་དཔུང་པས་བཀུག །
རིག་པའི་མདའ་མོས་ལོག་རྟོགས་བྲག་རི་གཤིག །
ཕྲག་དོག་ཅན་ཚོས་མིག་སྔར་མི་མཛའ་མོད། །
བློ་ལྡན་དགྱེས་པའི་མཆོད་སྤྲིན་ཅིའི་ཕྱིར་མིན། །
སྙིང་ལ་གཟན་པའི་ཚིག་གི་མདའ་མོ་འདི། །
གཞན་ལ་འཕེན་པར་སྤྲོལ་བ་མེད་ན་ཡང་། །
མི་གཞི་གོས་དང་བྲལ་བའི་ཁྲེལ་མེད་དག །
གང་སར་གཅེར་རྒྱུག་མཐོང་དུས་ཤོར་སོང་ངོ་། །
ཉོན་རྨོངས་དུག་གསུམ་རལ་གྲིས་གཅོད་ཐུབ་ན།
ཐུབ་རྣམས་སྡིག་ཆུ་ཡིས་ཅིའི་མི་བཀྲུ།
ལོག་པའི་ལྟ་ངན་སྙིང་རྗེས་བསྒྲལ་ཐུབ་ན།
ཚུལ་གསུམ་རིག་པ་གང་གི་ཆེད་དུ་རེད།་་་་་ཧཧཧ སློབ་སྦྱོང་བྱོས། ལྷ་ཆོས་མི་ཆོས་གང་ཡང་མི་ཤེས་པར་འུར་མ་རྒྱོབ།
ཁ་རྒྱུན་ལ། རང་གདོང་མི་མཐོང་སེངྒེའི་གཤགས། ཟེར་བ་དེ་ག་རང་རེད་ད། ནམ་རྒྱུན་ནས་འུར་བརྒྱབ་མཁན་གྱི་གཏེ་པོ་ཡིན་པ་རྦད་དེ་བརྗེད་སོང་བ་ཡིན་པ་འདྲ། མ་གཞི་ནས་མི་གཞན་ལ་རྐུ་མ་བརྒྱགས་རྫུན་མ་བཤོད། བརྒྱོ་མ་བརྒྱགས་ཟེར་མཁན་མི་དེ་དོན་དངོས་ཁོ་རང་ཆོམ་རྐུན་དང་རྫུན་རྐྱལ་ཆལ་པོ་དེ་རང་རེད། ཧ་ཧ།
ཧི་ཧི་ཧི་་་མཐོང་དགོས་མཁན་དྲྭ་འབུ་གཉིས་ཀྱི་མཐོང་བ་ཙམ་དུ་མ་ཟད་བཀླགས་ཡང་ཟིན་པ་འདྲ། སྙིང་ཡང་ན་བ་འདྲ། སྡུག་སྐད་ཡང་ཤོར་བ་འདྲ། ཁྱི་ཕྲུག་ཁྱེད་ཚོ་ལྟ་བུ་ནི་སྔོན་མ་ནས་མིའི་གྲས་ནས་ཕུད། ཁྱིའི་གྲས་སུ་འཇོག་བཞག་ཡོད། རྩོམ་ཡིག་འདི་ན་སྤེལ་དགོས་པ་ཡང་འགྲུབ་ཚར་སོང་།
རྩོམ་ཡིག་འདི་ན་སྤེལ་བའི་དགོས་དོན་ཡང་འགྲུབ་ཚར་སོང་ཞེས་ཆོས་་་་་
རང་འདོད་གཞུ་མོ་ཤུགས་ཀྱིས་བཀུགས་བྱས་ཏེ།།
ཕས་རྒོལ་འཇོམས་འདོད་ཚིག་གི་མདའ་མོ་འདིས།།
གཞན་འདོད་བྲག་རི་གཏོར་མིན་མི་ཤེས་ཀྱང་།།
རིགས་པའི་རྒྱུན་ཐག་ཞེན་ལྟས་བཅིངས་པར་མཐོང་།།
དགའ་ནས་ཐལ་མོ་བརྡབ་རུང་དགའ་རྒྱུ་དང་།།
སྡུག་ནས་མིག་ཆུ་འདོན་རུང་མི་སྡུག་པའི།།
བཅོས་མིན་རང་གཤིས་བཟང་འདི་འདྲ་བ།།
སྲས་བཅས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་འདྲ།།
སྙན་པོ་ངག་གིས་གཞན་སེམས་འགུག་པ་དང་།།
འཛུམས་དཀར་བཞིན་གྱིས་དགའ་བ་སྐྱེད་པ་ལ།།
ནམ་ཡང་མི་དགའི་གཟུར་གནས་རང་གཤིས་འདི།།
བསྡུ་དངོས་བཞི་པོའི་ཉམས་ལེན་མཐར་ཐུག་འདྲ།།
ནད་རྙིང་ཁོག་ཏུ་སྦས་ཤིང་ལུས་ངག་ལས། །
རང་མདོག་དམར་རྗེན་མངོན་མཁན་སྐྱེ་བོ་ཞེས།།
རང་གིས་རང་ལ་ཅོ་འདྲིའི་སྟིངས་ཚིག་འདི།།
འཕྲུལ་དགའི་ལོངས་སྤྱོད་དཔལ་གྱིས་རྗེས་སུ་འགྲོ།།
རང་དོན་མཐར་ཕྱིན་རང་གི་ཆེད་ཉིད་དུ།།
ཡིན་པར་ཁས་ཆེའི་ཚིག་འདི་བཏོན་པ་ན།།
རྒྱལ་ཀུན་ཆོས་སྐུ་དོན་གཉེར་གཞན་དོན་དུ།།
ཡིན་པར་བཤད་པའི་གཞུང་ཀུན་དབྱིངས་སུ་ཡིབ།།
དཔྱོད་ལྡན་རིགས་པའི་གཏེར་འཛིན་ཁྱེད་འདྲ་ལ།།
རྒོལ་འདོད་སེམས་དང་དམའ་འབེབས་ཆེད་མིན་ཀྱང་།།
ནང་ཆོས་ལེགས་པའི་ཕྱོགས་སུ་ཁས་ཆེ་ན།།
རང་གི་སྒོ་གསུམ་དེ་དང་བསྡུན་ན་ལེགས།།
དུག་གསུམ་མུན་པའི་ཀློང་དུ་ཉལ་བྱས་ཏེ།།
ཤེས་རབ་འདོད་ཀྱི་སྣང་བ་དང་བྲལ་བས།།
འགལ་དང་སྐབས་མིན་ལ་སོགས་ཉེས་པའི་ཚོགས།།
གཟུར་གནས་སྐྱེ་བོའི་ཚོགས་ཀྱིས་བཟོད་པར་མཛོད།།
བསྟུན་ན་ལེགས།།
ཚིག་རྐང་མི་མཉམ་པ་དང་ཚིག་བརྗོད་མི་བདེ་བ་སོགས་ཀྱིས་རྩོད་རྩལ་དགོས་ན་འཇམ་པོ་བཅོས་ནས་རྩུབ་པོ་ཁྱེད་ལས་ལྷག་གཅིག་མི་འདུག།
འཇམ་གཅེས་མིང་ཅན་འདི། ཀརྨ་པ་དང་ཞྭ་དམར་གཉིས་ཀྱི་བར་དུ་རྩོམ་འཆལ་སྤ྄ེལ་མཁན་མང་ཤོས་དེ་རེད། འོན་ཀྱང་དེང་སང་ཁོ་རང་འཁོར་བ་ལ་ངེས་འབྱུང་སྐྱེས་པ་འདྲ་བཟོ་འདུག ད་ནི་གཞན་ལ་སློབ་གསོ་སྤྲད་མཁན་ཆགས་འདུག
གྲོགས་པོ་ཚེ་རིང་ལགས། ཁྱེད་ཀྱིས་ང་ལ་དོ་སྣང་བྱུང་བར་དགའ་བསུ་ཞུ། ངའི་ངོས་ནས་བཤད་ན་དེ་སྔར་སྔར་རྩོམ་ཡིག་གང་སྤེལ་བ་དེ་དག་གཞི་མེད་སྐྱོན་བརྗོད་དང་། དཀྲུགས་ཤིང་སློང་གཞི། དེ་བཞིན་འགན་འཁུར་མེད་པའི་ཡིག་འབྲི་ན་གཅིག་བྲིས་མྱོང་མེད་ལ་དེ་བཞིན་ཁྱེད་ཀྱིས་ཀརྨ་ཞྭ་ནག་བར་དུ་རྩོམ་ཡིག་སྤེལ་ཟེར་ཡོང་དུས་ཧ་ལམ་མ་སོང་ན་ངས་བྱས་ཉེས་ཚབས་ཆེན་པོ་ཞིག་བཟོས་ཡོད་པའི་རྣམ་འགྱུར་འདྲ་བསྟོན་ཐབས་བྱས་འདུག་རུང་། ངས་ཞྭ་དམར་རིན་པོ་ཆེའི་སྐོར་ཉེ་ཆར་སྤེལ་བའི་རྩོམ་དེ་དག་གི་བརྗོད་གཞི་ལ་ནམ་ཡང་འགྱུར་མི་སྲིད། ཀརྨ་ཞྭ་ནག་གཉིས་ཀྱི་བར་དུ་རྩོམ་ཡིག་ན་གཅིག་སྤེལ་མ་མྱོང་པས་གཅིག་བྱས་ན་ཁྱེད་རང་སྒོ་ལྔ་གང་རུང་ལ་སྐྱོན་འདྲ་ཤོར་མེད་དམ།
རྩོམ་ཡིག་འདི་དག་གྲོགས་འཇམ་གཅེས་ལགས་ཀྱིས་ཁ་བརྡ་དྲྭ་རྒྱར་སྤེལ་བ་ཤ་སྟག་རེད། དེ་མིན་ན་གྲོགས་པོ་རང་རག་གིས་བཟི་སྟེ་སྤེལ་བ་དང་། དེ་མིན་གཞན་གྱི་བྲིས་པ་ཡིན་བཟོ་འདུག གྲོགས་པོ་རང་བདེན་པ་བཤད་མཁན་གྱི་མི་ཞིག་ཡིན་པའི་ཡིད་ཆེས་ཡོད། ངས་རྫུན་སྒྲིག་བྱེད་དགོས་དོན་གང་ཡང་མེད། ད་དུང་བོད་ཀྱི་དུས་བབ་ཏུ་ཁྱེད་ཀྱིས་བྲིས་པའི་ཞྭ་དམར་ནག་གི་སྐོར་ཟིན་བྲིས་འདུག་འདིར་བཀོད་མེད། འདིར་དྲངས་པ་རྣམས་ནི་ཁྱེད་ཀྱིས་ཕྱིན་ཆད་ཧམ་བཤད་མི་གནང་བར་ཅུང་ཙམ་ཕན་ན་སྙམ་སྟེ
# 31 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།: August 7th, 2014 at 2:50 PM
ཞྭ་དམར་རིན་པོ་མ་གཤེགས་པའི་སྔོན་ནས་ལྡི་ལི་དང་། ཀ་ལོན་སྦུག དེ་བཞིན་བལ་ཡུལ་སོགས་ནམ་རྒྱུན་བཞུགས་གནས་གཟིམས་ཤག་སོ་སོ་ནས་བཅའ་དངོས་ཡོངས་རྫོགས་གཙང་མ་བྱས་གནང་འདུག ད་དུང་ཁོང་གིས་ད་ང་ལ་འདི་ཚོ་དགོས་མཁོ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་སྐབས་དེར་ཡོད་པའི་ཞབས་ཞུ་བ་ཁ་ཤས་ཀྱི་གང་ཡིན་ནམ་སྙམ་པའི་དོགས་པ་ཟས་བ་ཙམ་ལས་དགོངས་པ་རྫོགས་རྒྱུའི་སྔོན་བརྡ་ཡི་པར་མཁྱེན་མེད་པ་འདྲ། དེ་ནས་ཟླ་ཤས་ཀྱི་རྗེས་སུ་འཇར་མི་ནེའི་རྒྱ་ཁབ་ཏུ་ཆོས་ཚོགས་ཁག་ལ་གསུང་ཆོས་མང་པོ་ཞིག་གནང་གྲུབ་རྗེས་ཉིན་ཞིག་ཁོང་གིས་ནམ་རྒྱུན་བྱུང་མ་མྱོང་བ་ཞིག་ལ། ཁོང་གི་གཅེན་པོ་སྲས་འཇིགས་མེད་རིན་པོ་ཆེ་ལ་དེ་རིང་ཉིན་གུང་ཞལ་ལགས་དེ་ཟ་ཁང་ནང་དུ་མཆོད་དགོས་ཡོད། ཁྱེད་རང་ཡང་མཉམ་དུ་འགྲོ་དགོས་གསུང་བ་བཞིན་ཁོང་རྣམ་གཉིས་ཟ་ཁང་གྲགས་ཅན་ཞིག་གི་ནང་ཕེབས་པ་ཙམ་དུ་མ་ཟད་སྐབས་དེར་ནམ་རྒྱུན་དང་གཏན་ནས་མི་འདྲ་བ་ཞལ་ལག་ཧ་ཅང་མང་པོ་བླངས་ནས་ཐེངས་གཉིས་མཆོད་གྲུབ་པ་དང་། ངའི་ཟ་ཁང་ནང་གི་ཁ་ལག་མཐའ་མ་ཡིན་གསུངས་ཡོད་འདུག་ཡོད་འདུག དེའི་ཕྱིན་ཉིན་དེར། དེ་རིང་ཉིན་གུང་ཤ་མེད་ཁ་ལག་ཡིན། དེ་རིང་དགོང་བཅད་ཡིན་ཞེས་གསུང་ཡོད་འདུག དེའི་ཕྱི་ཉིན་ཞོགས་པར་ཁོང་རྣམ་གཉིས་ཀྱི་ཞོགས་ཇ་ཡོངས་སུ་གྲུབ་རྗེས་གཟིམས་ཤག་གི་སྒོ་ཕྱིའི་ཁྱམས་སུ་ནམ་རྒྱུན་ལྟར་ཞལ་འདོན་གནང་བཞིན་བཞུགས་བཞིན་སྐབས་སུ་འཇམ་ཐིང་ངེར་གཤེགས་ཡོད་འདུག ཉིན་བཅུ་ཙམ་གྱི་སྔོན་དུ་སྲས་འཇིགས་མེད་ལགས་སུ་ཁྱེད་རང་སྤྱི་ཟླ་བདུན་པའི་ནང་དུ་རྒྱ་གར་ལ་འགྲོ་དགོས་ཡོད་དམ་ཞེས་དྲི་བ་གནང་བའི་ལན་དུ། སྤྱི་ཟླ་བཅུ་པའི་ནང་མ་གཏོགས་རྒྱ་གར་ལ་འགྲོ་དགོས་མེད། དེའི་བར་དུ་ཡུ་རོབ་ཆོས་ཚོགས་ཁ་ཤས་སུ་ཆོས་བཤད་རྒྱུའི་འཆར་གཞི་བཟོས་ཟིན་པ་ཡིན་ཞུས་འདུག ཁོང་གི་གཏན་གཏན་འགྲོ་དགོས་ཁེལ་གྱི་རེད་གསུངས་ཡོད་འདུག དེ་ནས་ཏག་ཏག་སྲས་འཇིགས་མེད་རིན་པོ་ཆེ་ཁོང་ནི་སྐུ་གདུང་གདན་ཞུའི་ཆེད་དུ་སྤྱི་ཟླ་བདུན་པའི་ནང་དུ་རྒྱ་གར་ལ་ཕེབས་དགོས་བྱུང་དུས་གཞི་ནས་ཁོང་གིས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་ཡིན་པར་ངོས་ཟིན་ཡོད་འདུག ད་དུང་དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཡོད་ངེས་སུ་འདུག་ནའང་ཁ་གསལ་པོ་མ་ངེས། གོང་ཞུས་གནས་ཚུལ་དེ་དག་ནི་འཇིགས་མེད་རིན་པོ་ཆེ་རང་གིས་ང་དང་འབྲེལ་ཡོད་ཁ་ཤས་ལ་གསུངས་སོང་།
# 32 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།:
July 24th, 2014 at 7:27 AM
འབུམ་ཤུལ་ལགས་ཀྱིས་ཧ་ཅང་ཡག་པོ་བྲིས་འདུག་པས་ཡི་རངས་ཞུ།
དེ་མིན་དྲ་མཆན་པ་རེ་ཟུང་གིས་འགན་འཁུར་གང་ཡང་མི་དགོས་པར་ནམ་རྒྱུན་ལྟར་དཀྲུགས་ཤིང་སློང་བྱེད་དང་། ཧམ་བཤད་དང་རྫུན་བཤད། དྲང་བདེན་གྱི་རྒྱ་ལས་བརྒལ་བའི་མཆན་ཉོག་དེ་ཚོ་ནི་རིན་ཐང་གང་ཡང་མེད་པས་སྤྱི་ཚོགས་ཀྱི་གེད་སྙིགས་རང་ལས་མ་འདས་སོ།།
# 25 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།:
July 7th, 2014 at 10:02 AM
ཁྱེད་ཚོས་ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་བསམ་ཚུལ་བཤད་འདོད་ན་དང་པོ་བློ་གཟུར་བོ་གནས་པའི་སྒོ་ནས་འདས་ཟིན་པའི་ཡར་སྔོན་སྟེ་ལོ་ངོ་བཅོ་ལྔ་ཉི་ཤུའི་ནང་དུ་བྱུང་བའི་གནས་ཚུལ་ངོ་མ་དག་ཕྱི་དྲན་རེ་བྱས་ནས་བཤད་ན་མུན་ནག་ནང་དུ་སྦར་མོའི་དཔེ་ནང་བཞིན་མ་ཡིན་པར་བསམ་བློའི་གནས་ཚད་ཏོག་ཙམ་ཡར་རྒྱས་འགྲོ་ངེས་རེད་ལ། དོན་ངོ་མའི་ཞྭ་དམར་རིན་པོ་ཆེ་དེ་ཡང་ངོས་ཟིན་ངེས་རེད།
དེ་ཡང་དང་པོ་ཞྭ་དམར་རིན་པོ་ཆེས་སོ་སོའི་ཆོས་རྒྱུད་ཀྱི་དབུ་འཁྲིད་དམ་ཡང་ན་གཙོ་འཛིན་སྟེ་རྒྱལ་བ་ཀརྨ་པའི་ཡོང་སྲིད་ངོས་འཛིན་གནང་བར་དེ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་བདག་དབང་དང་ཐོབ་ཐང་བླ་ན་མེད་པ་ཞིག་ཡིན་མོད་དེ་ཡང་མི་སྣ་རེ་ཟུང་གིས་ཆབ་སྲིད་དང་བསྲེས་གང་ཐུབ་བྱས་པ་དང་། མཐར་གཞུང་དང་ཚོགས་སྡེ་མང་པོ་ཞིག་གིས་དངོས་ཤུགས་ཅི་རིག་པའི་སྒོ་ནས་གནོན་ཤུགས་དང་ངོ་རྒོལ། ཐ་ན་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གསེར་འཁྲིར་མངའ་གསོའི་སྟ་གོན་སྐབས་སུ་ལྡི་ལིར་དགོན་པ་དང་དད་ལྡན་མི་སྣ་བརྡོ་ཡིས་བརྡུང་ཡོད་པ་དེ་གཅིག་རེད། ད་དུང་རུམ་བཏེག་དགོན་པའི་ནང་དུ་ཟིང་ཆ་སོགས་སྐྱུག་བྲོ་པོའི་བྱ་སྤྱོད་དེ་དག་གིས་ནི་ཤོག་བུར་དཀར་པོའི་ནང་དུ་བསུབ་ཏུ་མེད་པའི་ལོ་རྒྱུས་ནག་པོ་ཞིག་བཀོད་ཟིན་པ་རེད།
དུས་དེ་ནས་བཟུང་སྟེ་ཞྭ་དམར་རིན་པོ་ཆེ་ནི་བོད་པའི་སྤྱི་ཚོགས་ནང་དུ་དོལ་རྒྱལ་ཚོགས་པ་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད་པ་སྟེ། དཔེར་ན་ལྷོ་ཕྱོགས་སུ་༸གོང་ས་མཆོག་གིས་གསུངས་ཆོས་གནང་སྐབས་ཤིག་ལ་དོལ་ཚོགས་དང་ཞྭ་དམར་ཚོགས་པའི་མི་སྣ་ཡོང་མི་ཆོག་ཅེས་པའི་སྦྱར་ཡིག་ཡང་གང་སར་སྦྱར་ཡོད་པ་དང་། ད་དུང་ཞྭ་དམར་ནི་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ངོ་རྒོལ་བྱེད་མཁན་དང་། ཁ་གཏད་གཅོག་མཁན་ཡིན་ཚུལ་གྱི་གཞི་མེད་སྐྱོན་བརྗོད་ཀྱང་བསམ་ཡུལ་ལས་འདས་པ་བྱས་ཡོད། སྐབས་དེར་བདག་ལ་མཚོན་ན་བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་སྤྱི་དང་། ལྷག་པར་དུའང་ཆོས་རྒྱུད་ཀྱི་ཆ་ནས་ཁོར་ཡུག་མི་འདྲ་བ་ཞིག་གི་ནང་དུ་སློབ་གཉེར་དགོས་སྟབས་ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་དེ་ཚོ་ནི་རྣ་ཐོས་ཙམ་ལས་གནད་དོན་ངོ་མ་དག་ནི་མིག་མཐོང་ལག་ཟིན་གང་ཡང་བྱུང་མྱོང་མེད་ལ་དག་སྣང་ཡང་དེ་ཙམ་བྱས་མྱོང་མེད།
དེ་ནས་རིན་བཞིན་དྲྭ་རྒྱའི་རྒྱུད་ལམ་དང་། སྤྱི་ཚོགས་ཀྱི་གནས་བབ་གུ་ཡངས་དང་། ཕན་ཚུན་འགྲོག་འབྲེལ་སྟབས་བདེ་རུ་འགྲོ་བཞིན་པའི་སྐབས་དང་སྟུན་ནས་ཕྱོགས་ཡངས་ལ་དག་སྣང་གང་ཡང་ཙམ་བྱེད་འགོ་རྩོམ། ལྷག་པར་དུ་ཡང་རྙོག་གླེང་ཆེ་བའི་ཞྭ་དམར་རིན་ཆེ་དེ་ཡང་དོན་དངོས་གང་འདྲ་ཞིག་ཡིན་མིན་ཧ་ཅང་ཤེས་འདོད་ནས་དཔྱད་པའི་སྒོ་མོར་ཞུགས་འགོ་རྩོམ་ནས་རིན་པོ་མ་སོང་བ་ཞྭ་དམར་རིན་པོ་ཆེ་དང་༸གོང་ས་མཆོག་མཇལ་ཕྲད་གནང་སྐོར་གནས་ཚུལ་ཞིག་འབྲེལ་ཡོད་གྲོགས་པོ་ཞིག་གི་ངག་ལམ་ནས་ཐོས། དེ་ཡང་བདེན་མིན་ཇི་ལྟར་ཡིན་སྙམ་པའི་སྐབས་དེར་སླར་ཡང་༸གོང་ས་མཆོག་ཀ་ལིན་པོང་དུ་ཕེབས་སྐབས་ཤིག་ཁེལ་ནས་སྐབས་དེ་ལའང་ཕེབས་བསུ་གོ་སྒྲིགས་ཞུ་མཁན་གཙོ་བོ་ནི་ཞྭ་དམར་རིན་པོ་ཆེ་དང་ས་གནས་དེར་ཡོད་པའི་ཁོང་གི་དགོན་པ་རེད་འདུག་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་ལས་ཐོས་པས་སྔར་ལྷག་ལས་པའི་ཡ་མཚན་གི་ངང་ནས་ཁོང་ཉིད་བླ་མ་གང་འདྲ་ཡིན་མིན་ཤེས་འདོད་ཧ་ཅང་སྐྱེས། རྒྱུ་རྐྱེན་དེ་དག་གིས་རྐྱེན་བྱས་ནས་སྐབས་དང་དུས་ནམ་བྱུང་ལ་རིན་པོ་ཆེའི་སྐོར་ཡང་ཡང་དག་སྣང་བགྱིས་པའི་འབྲས་བུ་དག་ནི་འདི་ལྟ་སྟེ།
ཁོང་ནི་མིང་དོན་གཉིས་ཀྱི་ནང་ནས་དོན་དག་གཙོ་བོར་འཛིན་མཁན་ཞིག་དང་། སུ་ལའང་ངོ་བསྲུང་མི་དགོས་པར་རང་ཉིད་ཀྱི་བྱ་བ་གང་ཞིག་གཉེར་རུང་རང་ཉིད་ཀྱི་ཐག་གཅོད་གཙང་མ་གནང་མཁན་ཞིག་དང་། ཆེན་པོ་སུ་ལ་ཕོག་ཐུག་ཤོར་ཀྱང་དྲང་བདེན་དང་ལྷག་བསམ་གྱི་རྒྱ་ལས་མི་གཡོལ་བ་ནི་ཁོང་རང་ཉིད་ཀྱིས་གཤིས་ཀ་བཅོས་སུ་མེད་པ་ཞིག་དང་ །དེ་ལས་ཀྱང་དགའ་སྡུག་གི་ཚོར་བ་ཧ་ཅང་མངོན་ཆུང་བ་དང་། ཆབ་སྲིད་ཀྱི་གཡོ་ཁྲམ་སོགས་ཀྱི་དྲི་མ་ཙམ་ཡང་མ་གོས་པ་ཡིན་ཅེས་སྐད་སེང་མཐོན་པོའི་སྒོ་ནས་སྒྲོག་ཐུབ་ལ། ༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་དགྲ་ཁ་གཏད་འཛིན་མཁན་ཞིག་མ་ཡིན་པ་ཡང་གསལ་པོ་ཤེས་སོང་།
དཔེར་ན་སྤྱི་ལོ་༢༠༠༨་ཡས་མན་ཞིག་ལ་གཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་དང་མཇལ་ཕྲད་སྐབས་སུ་གནད་དོན་གལ་གནད་ཅན་ཡོད་ཚད་སྙན་སེང་ཞུས་པ་ནི་བཤད་ག་ལ་དགོས། ཡིན་ནའང་སྐབས་དེར་ཁོང་རྣམ་གཉིས་བར་གྱི་བཀའ་མོལ་དེ་དག་ནི་ནང་མོལ་གྱི་བཀའ་མོལ་རང་ཡིན་སྟབས་སྤྱི་ཚོགས་སུ་དྲིལ་བསྒྲགས་སོགས་གང་ཡང་གནང་མེད། འོན་ཅང་གནད་དོན་གང་ཡིན་ཕྱིན་ནང་གསལ་བྱུང་ཡོད་པ་ནི་མཇལ་ཁ་གྲུབ་མཚམས་སུ་༸གོང་ས་མཆོག་རང་ཉིད་ཀྱིས་གཟིམས་ཆུང་སྒོའི་བར་དུ་ཕེབས་སྐྱེལ་གནང་འདུག་པ་དང་། ད་དུང་རིན་པོ་ཆེ་ཉིད་དུས་ཚོད་ནམ་བྱུང་ལ་ཡང་ཡང་ཕེགས་ཤོགས་ཅེས་གཞན་དང་མི་འདྲ་བའི་ཐུགས་དགྱེས་ཚོར་ཆེན་པོ་གནང་འདུ་པས་དེ་རང་གིས་ཐོག་ནས་གསལ་པོ་ཤེས་ནུས་པ་ཞིག་རེད།
ཕྱིས་སུ་བལ་ཡུལ་ནང་པའི་སྨོན་ལམ་ཆེན་པོའི་སྐབས་ཤིག་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁོང་གི་ས་གནས་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་ཀརྨ་པ་གཉིས་ཀྱི་སྐོར་དྲི་བ་ཕུལ་བར་ལན་འདེབས་གནང་བའི་སྙིང་དོན་གཙོ་བོ་ནི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་ནི་སི་ཏུ་རིན་པོ་ཆེ་དང་རྒྱ་ནག་གཞུང་འབྲེལ་ཐོག་ནས་ངོས་འཛིན་ཞུས་ཡོད་པ་དང་། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་༸གོང་ས་མཆོག་གིས་ངོས་ལེན་གནང་ཟིན་པ་ཡིན་དུས་ངས་ཀྱང་རྩོད་གླེང་གང་ཡང་མེད་པར་ངོས་ལེན་ཡོད། ཡིན་ནའང་ཀརྨ་སྐུ་གོང་མ་རིག་པའི་རྡོ་རྗེ་རིན་པོ་ཆེ་ལ་འབྲས་ལྗོངས་གཞུང་གིས་རུམ་བཏེག་ས་ཆ་ཕུལ་ནས་དེར་གདན་ས་ཡོད་པ་རེད། དེའི་འཁྲི་འཛིན་དང་བདག་དབང་ནི་ངས་ངོས་འཛིན་བྱས་པའི་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་རིན་པོ་ཆེ་ཆགས་ཀྱི་ཡོད་པ་རེད་ཅེས་དང་། ཡང་གསར་འགོད་པའི་དྲི་བར། ཉེ་ཆར་རིན་པོ་ཆེ་ཉིད་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་གོ་ཐོས་་བྱུང་སོང་བའི་དེའི་སྐོར་གསུང་རོགས་ཞུས་པར། ཁོང་གིས་དེ་སྔར་ད་བར་དུ་སྲིད་ཇུས་ངན་པའི་དབང་གིས་མཇལ་ཁ་མ་ཐོབ་པ་དང་། དེའི་རྐྱེན་པའི་གནད་དོན་མང་པོ་ཞིག་གསལ་པོ་མ་ཆགས་པར་ལུས་བསྡད་པ་རེད། ཉེ་ཆར་རིན་མཇལ་ཁར་ཞུ་རྒྱུ་བྱུང་བ་དེ་ཧ་ཅང་ཡག་པོ་བྱུང་སོང་། དེ་སྔར་གྱི་གནས་ཚུལ་དེ་ཚོ་རིམ་གཞིན་ཡག་རུ་འགྲོ་རྒྱུ་རེད་ལ་དེའི་སྐོར་སེམས་བདེ་པོ་གནང་ཆོག་པ་རེད་ཅེས་གསུངས་སོང་། ཡང་གསར་འགོད་པས་མཐར་དོན་གྱི་དྲི་བ་ནི་བོད་མི་མང་ལ་ལམ་སྟོན་གང་ཡོད་ཅེས་པ་དེ་རེད། དེ་ལ་ཡང་ཁོང་གིས་ང་ལ་ལམ་སྟོན་དམིགས་བསལ་ཅན་དེ་འདྲ་གང་ཡང་མེད། བོད་མིའི་ཡོངས་རྫོགས་ཀྱིས་༸གོང་ས་རྒྱ་བ་ཡིད་བཞིན་ནོར་བུའི་བཀའ་དགོངས་འོག་ཏུ་ཤར་སྐྱོད་གནང་ཐུབ་དགོས་པ་དེ་ནི་ཧ་ཅང་གི་གལ་གནད་རང་བཞིན་ཅན་ཞིག་རེད། ཁོང་གིས་མ་འཇོན་པ་ཞིག་དེ་སྔར་བོད་མི་སུ་གང་གིས་འཇོན་ཡོད་མ་རེད་ལ། མ་འོངས་པ་ལའང་སུ་གང་གིས་འཇོན་གི་མ་རེད། དེ་འདྲ་ཡིན་དུ་ངེས་པར་དུ་སེམས་ལ་བརྐྱངས་དགོས་པ་རེད་ཅེས་ཧ་ཅང་ཁ་གསལ་གོ་བདེའི་ལམ་ནས་བཀའ་ལན་དག་བསྩལ་སོང་།
མདོར་བསྡུས་ནས་བཤད་ན་ཁོང་ནི༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རྒྱབ་འགལ་བྱེད་མཁན་ཞིག་ཡིན་མིན་དེ་ཡང་གསལ་པོ་རེད་ལ། ལྷག་པར་དུའང་ཁོང་ལ་མ་ཉེས་ཁག་གཡོག་དང་གཞི་མེད་སྐྱོན་བརྗོད་གང་བྱས་རུང་རང་ཚུགས་ནམ་ཡང་ཤོར་མ་མྱོང་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཀྱང་ཡིན་པ་ཡང་ཤེས་དགོས། ཁོང་ཉིད་ཀྱིས་ཐེངས་མང་པོ་ཞིག་ལ་༸གོང་ས་མཆོག་མཇལ་བཅར་ཞུ་རྒྱུར་འབད་བརྩོན་བྱས་ཡོད་འདུག་ཀྱང་གཤམ་འོག་གི་འགག་སྒོ་ནས་མ་ཐར་བ་ཙམ་དུ་མ་ཟད་གནས་ཚུལ་དེ་དག་༸གོང་ས་མཆོག་གི་སྙན་ལམ་དུའང་ཐོས་ཡོད་མིན་ནི་དོག་གཞི་ཅན་དུ་གྱུར་ཡོད། གོང་གསལ་གསར་འགོད་པས་དྲི་བར་ལན་གནང་སྐབས་སུ་ད་བར་དུ་སྲིད་ཇུས་ངན་པའི་དབང་གི་མཇལ་ཁ་ཞུས་མ་ཐུབ་སྐོར་ཁ་གསལ་པོའི་སྒོ་ནས་གསུང་པ་དེ་ལས་ཤེས་ནུས།
ད་ནི་མང་པོ་བཤད་རུང་མ་བཤད་རུང་ཁོང་ཉིད་ཞིང་དུ་གཤེགས་ཟིན་པ་ཡིན་པས་འབྲེལ་ཡོད་ཆོས་རྒྱུད་ཁག་དང་དད་ལྡན་སློབ་མ་སོ་སོའི་ངོས་ནས་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཕྱིར་དུ་རྣམ་དཀར་དགེ་སྒྲུབ་སྡིག་སྤོང་ཀྱི་ལས་སུ་བརྩོན་དགོས་པ་ལས། ཆོལ་ཁ་ཆོས་རྒྱུད་ཕན་ཚུན་རྩོད་གླེང་ལ་འབྲས་བུ་ཞིག་ཡོང་མི་སྲིད་པ་ནི་རིག་པའི་དཔོག་ནུས་པ་མ་ཡིན་ནམ། ངས་གོང་དུ་ཞུས་པ་དག་དང་། ལྷག་པར་དུའང་གསར་འགོད་པ་དང་དྲི་བ་དྲིས་ལེན་དེ་དག་དྲན་ཡུལ་དུ་གང་ཡོད་པ་དེ་དག་ཞུས་ཡོད་པ་ལས་རྟོག་བཟོ་དང་སྒྲོ་བསྐུར་གང་ཡང་བྱས་མེད་པར་རློམ་ཡོད། ཡིན་ནའང་ལོ་མང་སྔོན་གྱི་གནས་ཚུལ་དེ་དག་ཡིག་ཐོག་སོགས་གང་ཡང་མེད་པར་དྲན་ངོགས་སུ་གང་ཡོད་པ་དེ་དག་ཞུས་པའི་ཁུལ་ཡིན་མོད་ནོར་ཛོར་ཅི་རིགས་ཡོད་ངེས་་བ་ཙམ་དུ་མ་ཟད་གོ་རིམ་འཁྲུག་པ་སོགས་བྱུང་ཡོད་ངེས་པས་བླང་དོར་གྱི་ལམ་སྟོན་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།།
# 26 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།:
July 7th, 2014 at 10:24 AM
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་ལས་ཐོས་པས་སྔར་ལྷག་ལས་པའི་ཅེས་པ་འདི་་སྔར་ལས་ལྷག་པར་རྒྱུ་དང་། ད་དུང་ཡིག་ནོར་དམ་ཆད་ལྷག་མང་པོ་འདུག་པར་དགོངས་སེལ་ཞུ་རྒྱུ་ཡིན་་
ད་དུངགསལ་བཤད་དགོས་པ་གཞན་ཞིག་ལ་ཉེ་ཆར་དོལ་རྒྱལ་ཚོགས་པའི་འགོ་བྱེད་བདེ་ཆེན་སྤྲུལ་མིང་ཅན་དང་། ཞྭ་དམར་རིན་པོ་ཆེའི་སྐུ་པར་ལྷན་དུ་ཡོད་པ་ཞིག་ངོ་དེབ་དང་སྐད་འཕྲིན་དག་ལས་མཐོང་སོང་མོད། དེ་ནི་ཁུང་མེད་རྫིན་གཏམ་ཞིག་ལས་ཞྭ་དམར་རིན་པོ་ཆེ་ནི་དོལ་རྒྱལ་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་སྟེ་ཆོས་རྒྱུད་ཀྱི་ཆ་ནས་བཤད་ཐུབ་ལ། དེ་བཞིན་ལོ་ཤས་སྔོན་ཁོང་སར་ལྷོ་ཕྱོགས་གདན་ས་ལ་ཡོད་པའི་ཕ་ཡུལ་གཅིག་པ་ཁ་ཤས་ལ་ཁྱེད་ཚོ་ལྡི་ལིར་ཕེབས་སྐབས་ནེའུ་ལྡི་ལིར་དགོན་པའིནང་དུ་བཞུགས་ན་འགྲིག་གི་རེད། ཡིན་ཡང་དོལ་རྒྱལ་བསྟེན་མཁན་དེ་འདྲ་ཡིན་ན་ཡོང་ཐབས་རྩ་བ་ནས་ཡོད་པ་མ་རེད་ཅེས་དངོས་སུ་གསུངས་ཡོད་འདུག འདི་ནི་ཁུང་ལྡན་རང་ཡིན་པས་གསལ་བཤད་དགོས་གལ་མཐོང་།
# 32 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།:
June 12th, 2014 at 6:18 AM
ཀུན་གཟིགས་ཞྭ་དམར་པ་ངོ་མ་འདི་ལྟར་ཡིན།
གཡོ་སྒྱུའི་གཞན་མགོ་བསྐོར་བའི་ལོ་རྒྱུས་མེད། །
དགྲ་ལ་མགོ་འབུལ་བྱས་པའི་ལོ་རྒྱུས་མེད། །
ལོ་རྒྱུས་རྫུན་སྒྲིག་བྱས་པའི་ལོ་རྒྱུས་མེད། །
ཆོས་ལུགས་ཕྱོགས་རིས་བྱས་པའི་ལོ་རྒྱུས་མེད། །
དགོས་དུས་སྨྲ་ལྕེ་དིབ་པའི་ལོ་རྒྱུས་མེད། །
མི་དགོས་ངོས་དགའ་བཤད་རབ་ལོ་རྒྱུས་མེད། །
འདུལ་ཁྲིམས་ནོར་དང་བརྗེས་རབ་ལོ་རྒྱུས་མེད། །
ཁྲེལ་མེད་གཡོ་སྒྱུར་བྱས་ཚུལ་ལོ་རྒྱུས་མེད། །
ཆོས་འབག་གྱོན་ནས་ཆབ་སྲིད་འཁྲབ་མྱོང་མེད། །
ཆབ་སྲིད་འཁྲབ་ནས་ཆོས་ཚོང་རྒྱག་མྱོང་མེད། །
ཆོས་མིན་ཆོས་དང་བསྲེས་བའི་ནག་ཉེས་མེད། །
ཆོས་དང་ཆབ་སྲིད་མཉམ་བསྲེ་གོམས་གཤིས་མེད། །
སྒེར་ལ་དབང་བའི་བླ་བྲང་ཁྱེད་ལ་མེད། །
བླ་ཆེན་ཡིན་པས་ཁེང་རློམས་ཁྱེད་ལ་མེད། །
གཉེན་ཉེའི་ཕྱོགས་སུ་ཞེན་པ་ཁྱེད་ལ་མེད། །
དགྲ་བོ་རེད་ཅེས་འཁོན་འཛིན་ཁྱེད་ལ་མེད། །
མི་བུ་ཞིག་གི་ཚུགས་ཀ་ཤོར་མྱོང་མེད། །
སྣོད་ལྡན་སྐྱེས་བུར་ཆོས་སྐལ་བཅད་མྱོང་མེད། །
སྣོད་མིན་ཅན་ལ་གསང་སྒྲོགས་གནང་མྱོང་མེད། །
དགེ་སློང་ཞིག་གི་ཚུལ་འཆོས་འཁྲབ་མྱོང་མེད། །
འདི་དག་ཁྱེད་ལ་མེད་པའི་ལོ་རྒྱུས་ཡིན། །
མདོར་ན་གཞན་གྱིས་ལེགས་ཉེས་གང་བྱས་ཀྱང་། །
འགྱུར་མེད་རང་གཤིས་རྡོ་རྗེ་བྲག་རྫོང་ནི། །
དམ་པ་ཁྱེད་ཀྱི་རང་གཤིས་ངོ་མ་ཡིན། །
ཁྱེད་ལ་ཡོད་པ་དྲང་བདེན་སྤོབས་པ་དང་། །
རིན་ཆེན་འཕགས་ནོར་བདུན་དང་གཞན་དོན་ཕྱིར། །
ནམ་ཡང་དཀའ་བ་དྭང་དུ་ལེན་ནུས་པའི། །
ཞིམ་མེད་སྙིང་སྟོབས་བཙན་པོའི་གོ་ཆ་རེད། །
མགོན་ཁྱེད་རེ་ཞིག་གཟུགས་སྐུ་བསྡུས་ན་ཡང་། །
བསླུར་མེད་རིན་ཆེན་གསུམ་པོའི་བྱིན་མཐུ་དང་། །
སྐལ་ལྡན་གདུལ་བྱ་གོ་འཕོང་འགོད་ཕྱིར་དུ། །
ཡང་སྤྲུལ་རྟ་བདུན་དབང་པོ་མྱུར་འཆར་ཤོག །
འཇམ་གཅེས་ལ་བསྟོད་པ།
འཇམ་དཔལ་དགྱེས་པའི་བྱིན་རླབས་ཐུགས་ལ་འཁྲུངས།།
རྒྱལ་གཅེས་བྱམས་བརྩེའི་མངའ་བདག་དགེ་བའི་བཤེས།
གཟུར་གནས་བློ་གྲོས་འོད་གསལ་འབུམ་བརྡལ་བའི།།
དྲ་གྲོགས་རྣམ་དཔྱོད་ཉི་མའི་དཀྱིལ་འཁོར་འདྲ།།
༧ཀུན་གཟིགས་ཞྭ་དམར་རྫུན་ཞྭའི་ལྕགས་སྒྲོག་དཀྲོལ།།
ཀུན་སྤྱོད་མཐུན་པའི་དྲང་བདེན་ལུང་རིགས་ཀྱིས།།
ཀུན་བཟང་དགྱེས་པའི་འཆད་རྩོམ་གནང་བ་ལ།།
ཀུན་མཁྱེན་རྒྱལ་བའི་རྗེས་འཇུག་ཁྱེད་མིན་སུ།།
དོལ་འདྲེར་རྒོལ་བས་དགེ་ལུགས་གཙང་མར་བསྟོད།།
ཞྭ་དམར་བདེན་ཕྱིར་སིར་ནག་རྫུན་རྐུབ་བརྡོལ།།
རྒྱལ་བར་དགའ་འདོགས་དབུ་མའི་རྐུབ་བལྡག་མཁན།།
གངས་རིའི་ལོ་རྒྱུས་བདེན་དཔུང་ཏང་ལ་འབུལ།།
མ༵་འོངས་དོལ་ཕྲུག་ཏང་གི་རྐུབ་ཞབས་སུ།།
མི༵་གཡོ་མི་འགུལ་རྒྱ་བོད་དབུ་མའི་ལམ།།
མེད༵་ཁ་མུག་མཆུ་སྟོང་གི་འདམ་ཁྲོད་དུ།།
མིན༵་ན་ཡིན་འདོགས་གངས་རིའི་བདེ་སྐྱིད་རོལ།།
གྲོགས་པོ་ཚེ་རིང་ལགས། གུས་པའི་མཆན་དེ་ཚོ་ངེ་རིང་འདིར་བསྐྱར་དུ་སྤེལ་བར་ཡག་བྱུང་། ད་དུང་དགོས་གལ་ཆེ་ན་ཡུལ་དུས་དང་། ཆེ་བཙན་དང་མཁས་བླུན་སུ་འདྲ་ཞིག་གི་མདུན་ནས་བདེན་དཔང་དགོས་ཀྱང་འགན་འཁུར་གྱི་སྤོབ་པ་ཡོད།
ད་དུང་མཆན་ཁ་ཤས་ཁྱེད་ཀྱིས་མ་མཐོང་བ་འདྲ་འདུག་ཞིབ་འཇུག་བྱོས།
༼ཀརྨ་ཞྭ་ནག་གཉིས་ཀྱི་བར་དུ་རྩོམ་ཡིག་ན་གཅིག་སྤེལ་མ་མྱོང་པས་གཅིག་བྱས་ན་ཁྱེད་རང་སྒོ་ལྔ་གང་རུང་ལ་སྐྱོན་འདྲ་ཤོར་མེད་དམ།༽ ཁྱེད་ཀྱིས་གོང་དུ་བཤད་པ་དང་། རྩོམ་ཡིག་འདི་ཙམ་མ་ཟད་ད་དུང་ཡོད་གསུང་པར་བལྟས་ན་སྒོ་ལྔ་གང་རུང་ལ་སྐྱོན་ཤོར་མཁན་དེ་ཁྱོད་རང་ཡིན་པ་ལས། ང་མིན་པར་གོ། ཁྱོད་ཀྱི་རྩོམ་ཡིག་ལ་ཞིབ་འཇུག་བྱེད་ན་ང་ལ་ཕན་པ་མེད་པ་མ་ཟད། དུས་ཚོད་མ་ཁྱོལ་པའི་ལས་ཀ་རང་རེད། ཡིན་ན་ཡང་ཁྱོད་ཀྱི་རྫུན་ལྐུབ་དབྲལ་མ་སོང་ངམ། ཧཧཧཧཧ་ ཕྱིན་ཆད་སྐྱག་རྫུན་ཉུང་ཙམ་གནང་ན་མི་ཡག་གམ།
ཚེ་རིང་མིང་ཅན་ལ་གསལ་བཤད་མཐའ་མ། ངས་ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་དེ་དག་ལ་སྙིང་མ་དགའ་ནས་བདེན་པ་ཤིག་ཙམ་ཞིག་དོན་དུ་ཧམ་བཤད་རི་བོ་ཙམ་བཤད་པ་འདི་དག་ནི་ཁྱོད་རང་མི་བུ་གང་འདྲ་ཞིག་ཡིན་མིན་རང་མདོག་གསལ་པོ་བསྟོན་པ་ཙམ་ལས་ཡང་དག་པའི་གནས་ལུགས་གང་ཡང་མ་མཐོང་།
གལ་སྲིད་ངས་སྤེལ་བའི་རྩོམ་ཡིག་དེ་དག་གིས་ཀརྨ་པ་གཉིས་ཀྱི་བར་དུ་དཀྲུགས་ཤིང་བྱས་པར་དགོས་དབང་གིས་ངོས་འཛིན་འདོད་ན་ཁྱོད་ཀྱིས་འདོད་མོས་བྱོས། དེ་ལ་གསལ་བཤད་གང་ཡང་མེད་ལ་བཟོད་གསོལ་ཡང་མེད།
གང་ལྟར་སུ་ཞིག་སྙིང་མ་དགའ་རུང་ཐང་། ང་རང་ཉིད་ཀྱི་ལངས་ཕྱོགས་ང་རང་ཉིད་ཀྱི་བདག་པོ་བརྒྱག་ངེས་རེད།
ཁྱོད་ཀྱིས་རྩོམ་ཡིག་སྤེལ་བ་ནི། ཁྱོད་རང་གི་རང་དབང་རེད། ངས་དགག་བྱ་གཏན་ནས་མེད། འོན་ཀྱང་ཁྱོད་རང་གིས་གོང་དུ་ང་ལ་ཀརྨ་པ་དང་། ཞྭ་དམར་གཉིས་ཀྱི་སྐོར་རྩོམ་ཡིག་ན་གཅིག་སྤེལ་མ་མྱོང་ཟེར་ཏེ། སྐྱག་རྫུན་ལུང་པ་གང་བཤད་དུས། ང་རང་ཁྱོད་ལ་ཧ་སང་བཅུག་བྱུང་། དེ་མིན་ཀརྨ་པ་དང་། ཞྭ་དམར་གཉིས་ཀྱི་དོན་དུ་མགོ་འཇུག་ལྡོག་ནས་བྲིས་ཀྱང་ང་རང་བསམ་ཚུལ་གང་ཡང་མེད་ལ། འབྲེལ་བ་ཡང་མེད།
དེ་རིང་བརྗོད་གཞི་དངོས་ནི། རྩོམ་ཡིག་ན་གཅིག་སྤེལ་མ་མྱོང་ཟེར་བའི་སྐྱག་རྫུན་བཤད་པ་དེ་ལས། དེ་མིན་གཞན་པར་ང་གཉིས་ལ་འབྲེལ་བ་གཏན་ནས་མེད།
ཀརྨ་ཞྭ་ནག་གཉིས་ཀྱི་བར་དུ་རྩོམ་ཡིག་ན་གཅིག་སྤེལ་མ་མྱོང་པས་གཅིག་བྱས་ན་ཁྱེད་རང་སྒོ་ལྔ་གང་རུང་ལ་སྐྱོན་འདྲ་ཤོར་མེད་དམ་ཟེར་ཡོད། ཞྭ་དམར་རིན་པོ་སྐོར་ལ་མང་པོ་སྤེལ་ཡོད། མིག་ཞར་ཀོ་མིན་ན་ཡག་པོ་བལྟོས་དང་་་་་་
ཁྱོད་རང་ལ་ཨུ་ཚུགས་འདུག ད་དུང་རྫུན་བཟོ་མང་ཙམ་གནང་།