བསྟན་པའི་དངོས་གྲུབ།
སྐྱབས་བསླུ་མེད་བླ་མ་སྤྱན་རས་གཟིགས།།
སྐུའི་མཛད་འཕྲིན་འཛམ་གླིང་ཡོངས་ལ་ཁྱབ།།
གསུང་བདེན་པ་ངོ་མཚར་་རྨད་དུ་བྱུང་།།
ཐུགས་བྱམས་བརྩེས་འགྲོ་བ་ཡོངས་ལ་གཟིགས།།
བྱམས་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན།།
སྐུའི་ན་ཚོད་དགུངལོ་བགྲེས་ན་ཡང་།།
དུས་རྟག་ཏུ་འགྲོ་བའི་དོན་མཛད་པའི།།
རྗེ་བླ་མའི་བཀའ་དྲིན་བསམ་མི་ཁྱབ།།
བོད་ཁ་བ་རི་བའི་རྩམ་གཟན་ཚོ།།
ཁྱོད་ང་ཡི་ཕྱོགས་ཞེན་མི་འཛིན་པར།།
རྗེ་བླ་མའི་གདམས་ངག་བསམ་ཤེས་ངང་།།
དོན་གོ་ཆོད་ལས་ལ་བརྩོན་པར་གྱིས།།
སྤྱིར་འཛམ་གླིངབདེ་སྐྱིད་ལྡན་པ་དང་།།
བོད་གཞིས་བྱེས་ལྷན་འཛོམས་མྱུར་ཐོབ་པར།།
རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག།
འབངས་མི་སེར་བསམ་དོན་འགྲུབ་པར་ཤོག།
སྤྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༥ ཉིན་རང་ཁྱིམ་ནས།