སྤྱན་ཆེན་པོ།
—–ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་སྐུ་འདས་ནས་མི་ལོ་དྲུག་འཁོར་བར་རྗེས་དྲན་ཞུ།
ཉི་མའི་འོད་ཐིག་དེ་ནོར་འཛིན་གྱི་པང་དུ་ལྷུང་བ་མ་ཡིན་པར
རི་ཚོགས་ཀྱི་རྩེ་ནས་ཉི་ཟེར་དེ་ཡལ་སོང་བ་ཡིན་པས
གློ་བུར་འཁྱུག་པའི་དྲན་པ་སྐྱ་བོ
ཚ་གྲང་འཐབ་པའི་རི་སྒང་གི་དར་ལྕོག་ཟད་པོ་དེ་ཡིན
མུན་པ་ལ་མུན་པ་བརྩེགས་པའི་མཁར་ཤུལ་དེའི་གསེབ་ནས
ཁྲ་ལམ་ལམ་གྱི་སྐར་མ་འགའ་སྟོབས་ཀྱིས་འཚེར་ན་ཡང
གཤོག་པ་ཐོགས་པའི་རྣམ་ཤེས་ཀྱི་ལག་པ་མང་བོ
བྱང་ཐང་ནས་བོར་བའི་རྐང་རྗེས་འཚོལ་མཁན་གྱི་ཚོ་ཁག་དེ་ཡིན
དྲན་དྲགས་པས་བྱིན་རླབས་ཀྱི་ཚན་ཁ་སྨོན་ལམ་གྱིས་མཇལ་བསམས་ནས
འཛུམ་ཚུང་དང་རྣམ་གཡེང་གི་རླུང་ཁ་བརྒྱུད་དུས
ངོ་གདོང་ནས་སྐྱེས་པའི་སྐྲ་ལོ་ལ་ཆུ་ཐིགས་དབེན་པས
བློ་གྲོས་ཀྱིས་འཚེར་ཞིང་ལྷག་བསམ་གྱིས་ཕྱུག་པའི
ཁྱོད་ཀྱི་རྐང་རྗེས་ལ་ཡང་ཡང་ལྟ་དགོས་བྱུང
སེམས་དཔའ་ཆེན་མོ་ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་དྲུག་(༢༠༠༨-༥-༢༡___༢༠༡༤-༥-༢༡)ཏག་ཏག་འཁོར་བའི་ཉིན་འདིར་དམ་པ་གང་གི་སློབ་བུའི་གྲལ་མཐར་གྱུར་མྱོང་བ་སྤྱན་ཆེན་པོས་་ཁོང་གི་རྣམ་ཐར་དུང་གི་སྒྲ་དབྱངས་ལ་མཇལ་ཞོར་གདུང་བ་དང་བཅས་ཡིད་ལ་གང་དྲན་༢༠༡༤-༥-༢༡ ཉིན་ཤར་མར་བྲིས་པའོ།།
མཚན་ཉིད་ཐབས་ཆག་ཅིག་གི་རྒན་ལ་རྗེ་འདོགས་སྲོལ་ཡོད་པ་རེད་པས། སྤྱིར་སོ་སོའི་བླ་མར་བསྟོད་པ་སྙན་ངག་གིས་བརྒྱན་ནས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་ཞེས་འབྲི་སྲོལ་མཆིས་མོད། དོན་དུ་མི་ཞིག་ས་གསུམ་ན་འགྲན་ཟླ་བྲལ་བ་ཞིག་ཡོང་མི་སྲིད་པ་རེད། འོན་ཀྱང་རྗེ་ཞེ་འདོགས་ན་ལུང་དང་རྟོགས་པ་གཉིས་ལྡན་གྱི་བླ་མ་རྒྱུད་ལུང་མན་ངག་གསུམ་གྱི་བདག་ཉིད་ཅན་ཞིག་ལ་རྗེ་ཞེས་འབོད་སྲོལ་མཆིས་པ་ལས། དེ་མིན་དཔེ་ཆའི་རྒན་ཞིག་ལ་རྗེ་ཞེས་མིང་དེ་ཤིན་ཏུ་མི་འོས་པ་རེད། འདི་ནི་ངའི་བསམ་ཚུལ་ཙམ་ཡིན།།
ཨ་རོ་་་ས་གསུམ་ན་འགྲན་ཟླ་བྲལ་བ་ཞེས་སྙན་ངག་གིས་བརྒྱན་ཆོག་ན་རྗེ་ཞེས་སྙན་ངག་གིས་བརྒྱན་མི་ཆོག་རྒྱུ་མཚན་གང་ཡིན།
མ་ལས་མ་སྐྱེས་གཅིག་ཀྱང་མེད། །
ཨ་ཕ་མེད་པའི་ཕྲུ་གུ་མང་། །
དཔེར་ན་ཏིང་ཤོ་པ་ཝོ་བཞིན། །
ཉ་ལུ་ཁོ་ལ་ཨ་ཕ་མེད། །ཧཧཧཧ།། །།
འབྲི་ས་ནོར་འདུག་དགོངས་དག
ས་སྲས་ལགས། ངས་ཆོག་དང་མི་ཆོག་གི་སྐད་ཆ་བཤད་ཀྱིན་མེད། མཚན་ཉིད་ཀྱི་རྒན་ཞིག་ལ་རྗེ་ཞེས་འབོད་སྲོལ་མེད་ཞུ་བཞིན་ལགས།།
མིག་ཟུང་གི་བར་ན་སྦྲུལ་ཆེན་པོ་ཡོད་པ་རྣམས་ལ་ནམ་ཡང་སུན་པས་དེ་དག་ལ་ཁ་ཡ་བྱེད་རན་ཡང་མི་འདུག
རྒྱ་མོ་རུམ་ནས་རྒྱ་བུ་འཁྲུངས་ཡོད་པའི་བླ་མ་ལ་སྐྱབས་རྗེ་ཟེར་བ་ལས་ངེས་དོན་འདུལ་བ་འཛིན་པ་གསུམ་ལྡན་ངུར་སྨུག་འཆང་བའི་ལྷ་རིམ་ཨང་དང་བོའི་དང་བོ་ཐོབ་མཁན་ཁོང་ལྟ་བུ་ལ་རྗེ་ཟེར་ན་མི་འོས་པ་གང་ཡང་མེད་པ་མ་ཟད་འོས་ཤིང་མཚམས་སོ།།
རྗེ་ཞེས་པའི་དོན་ཁོང་ལ་ཚང་ལ་བཙུན་ཞེས་པའི་དོན་ཡང་ཁོང་ལ་ལྡན།
གཞན་དུ་ན་་་་་་་་་་་་་་་་་་་་་་་་་
ངས་གོ་ཐོས་ལྟར་ན་བློ་བཟང་དགེ་འདུན་གྱིས་ལྷ་རིམ་ཨང་དང་བོ་ཐོབ་མེད། མ་ཐོབ་ན་ཐོབ་པ་རེད་ཟེར་ན་རྫུན་རེད། འོན་ཀྱང་ངས་ཐོས་པ་ནོར་སྲིད། ཁོང་དཔེ་ཆ་ཡག་པོ་རེད་ཟེར་བའང་ཐོས། ཧ་ལས་པ་ཧང་སངས་པ་ཞིག་ཡོད་སྐད་མ་ཐོས། །
རང་བྱུང་རིག་པའི་རྡོ་རྗེ་ལགས།
ངས་བལྟས་ན། མཁན་པོ་དང་དགེ་བཤེས་དེ་ཚོར་བསྟོད་པ་གཏོང་དགོས་ཀྱི་འདུག་ལ། ཁོང་ཚོ་ཡར་ལ་བསྐྱལ་ན། རང་རང་སོ་སོའི་ཆོས་ལུགས་ཀྱི་རིན་ཐང་ཉར་ཐུབ། རྒྱུ་མཚན་ཁོང་རྣམ་པས་ལོ་མང་དཀའ་བ་སྤྱད་ནས་ལུང་རིགས་ཀྱི་ཡོན་ཏན་རྣམས་སློབ་གཉེར་བྱས་པས། དེས་བདག་ཅག་གི་བསྟན་པ་འདི་སྤེལ་བར་ཕན་ཐོགས་ཆེ།
དེ་མིན་སྤྲུལ་སྐུ་ཅི་ཅི་དང་རིན་པོ་ཆེ་མད་མད་ཟེར་ནས་ལུང་པ་ལུང་རྟོགས་ཀྱི་ཡོན་ཏན་མེད་པའི་སྐྱེ་བ་དང་ཕ་མའི་རྒྱབ་རྟགས། སྦྱིན་བདག་དང་ཆབ་སྲིད་པའི་རྒྱབ་གཉེར་ཅན་གྱི་སྐྱ་མིན་སེར་མིན་གྱིས་འཁེངས་དུས། ཁྱེད་ང་གཉིས་ཀྱི་བསྟན་པ་འདི་འགག་ས་མདོག་པོ་ཞིག་ལ་བསླེབས་པའི་ཚོར་བ་བསླེབས།
རྙིང་མར་མཚོན་ན། མཁན་པོ་གཞན་དགའ། མཁན་པོ་འཇིགས་ཕུན་ལྟ་བུ་མངའ་འགྱུར་གྱི་སྲོག་ཤིང་ལྟ་བུ་དང་། གསར་མར་མཚོན་ན་ཉེ་གྲབས་ཀྱི་མཁན་པོ་ཀུན་དགའ་དབང་ཕྱུག་དང་། མཁན་རིན་པོ་ཆེ་སྒ་ཁྲང་དགོན་རིན་པོ་ཆེ། དགེ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ། བཀའ་བརྒྱུད་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ། ཇོ་ནང་མཁན་པོ་དངོས་གྲུབ་དཔལ་དང་། དེ་བཞིན་ད་ལྟའི་དགའ་ལྡན་ཤར་རྩེ་མཁན་པོ་སོགས་ནི་བོད་རྒྱུད་ནང་བསྟན་གྱི་དཔེ་མཚོན་རབ་གཅིག་རེད།
སྔོན་མ་ནུབ་ཕྱོགས་པའི་ཆོས་ཚོགས་ནང་ལ་སྤྲུལ་སྐུ་སྐྱ་མིན་སེར་མིན་མང་པོ་ཁྲིད་ནས་ཆོས་བཤད་སྐབས་ཉན་པར་ཕྱིན། ཉིན་བདུན་གྱི་ཆོས་བཤད་ལེ་ཚན་ནང་ལ་ཉིན་བཞི་བཤེས་གཉེན་བསྟེན་ཚུལ་དང་། ཉིན་གཅིག་འཁོར་བའི་སྡུག་བསྔལ། ཉིན་གཅིག་གསང་སྔགས་ཀྱི་དབང་། ཉིན་གཅིག་ཚེ་དབང་དང་མཇལ་ཁ་བཏང་ནས། སློབ་མ་ཚོར་སྐད་ཆ་དྲི་སྐབས། ནང་ཆོས་ཀྱི་སྙིང་པོ་དེ་བཤེས་གཉེན་བསྟེན་ཚུལ་རེད་ཟེར།
ཁྱེད་དོ་སྣང་གྱིས་དང་། རྒྱ་བླ་མང་ཆེ་བ་ལུང་རིགས་ཡོན་ཏན་ཞན་པའི་སྤྲུལ་སྐུའི་མིང་རྫིགས་པོ་ཤ་སྟག་རེད།
མ་མཐར་ཡང་མཁན་པོ་དང་དགེ་བཤེས་དེ་ཚོས་བདེན་བཞིའི་སྐོར་ལ་ངོ་སྤྲོད་ལེགས་པོ་བྱེད་ཐུབ་པས་ང་ཁོང་ཚོར་རྗེ་ཟེར་ན་ཤིན་དུ་ཐད།
དེར་བརྟེན། ང་ཚོས་ལས་འགུལ་སྤེལ་ནས། མཁན་པོ་དགེ་བཤེས་དེ་ཚོ་གོང་སར་གདན་འདྲེན་ཞུ་དགོས། མཁན་པོ་འཇིགས་ཕུན་གྱིས་ཀྱང་དེ་ལྟར་མཛད་ཡོད་ལ། རྒྱལ་བ་རིན་པོ་ཆེས་ཀྱང་དེ་ལྟར་མཛད།
མཚད་ཉིད་དགེ་རྒན་ཡིན་ན་ནང་པའི་གཞུང་ལུགས་ཀྱི་དགེ་རྒན་ཡིན་པས་ཁྱོས་དེ་ཆུང་ཆུང་ཞིག་རེད་འདོད་དམ། ཆོས་ལུགས་ཀྱི་ཤེས་ཡོན་པའི་མིང་ལ་རྗེ་ཟེར་བས་ལྷ་རམས་ཨང་དང་པོའི་དང་པོ་ཞིག་ནང་པའི་གཞུང་ལུགས་ཀྱི་ཤེས་ཡོན་པར་མི་འཇོག་ཟེར་ན་དེ་ཡང་ཁྱོའི་བློ་མིག་དོག་སོང་བ་མིན་ནམ། ད་དུང་ཚིག་མཛོད་ན་ཡང་རྗེའི་དོན་ནི་ སངས་རྒྱས་ཆོས་ལུགས་པས་ཆོས་ལུགས་ཀྱི་ཤེས་ཡོན་ཅན་ལ་ཞེ་ས་བྱེད་པའི་མིང་ཞེས་ལབ་འདུག
རང་བྱུང་རིག་པའི་རྡོ་རྗེ་ལགས། ཁྱོས་ནང་ཆོས་ལ་མཚད་ཉིད་ཐབས་ཆག་ཟེར་བའི་སྨད་ཚིག་དེ་དང་ཁོང་ལྷ་རིམས་ཨང་དང་པོ་མ་རེད་ཟེར་བའི་རྫུན་ཚིག་དེ་གཉིས་ཀྱིས་ཁྱོད་རང་ཉིད་ཅི་ལྟ་བུ་ཞིག་ཡིན་པ་གསལ་བོར་བསྟན་འདུག་པས་ད་ནི་ཁྱོད་ལ་བཤད་པའི་འདུན་པ་མི་འདུག
ད་མང་བོ་མི་བཤད། འདས་ཚར་བའི་གཤིན་པོ་ཞིག་གི་བླ་རྒུད་འདོད་དེ་བས་མེད། ལྷ་རམས་ཨང་དང་བོ་ཡིན་མིན་ཁོང་གི་དགོན་པ་གཅིག་པ་ཡིན་པའི་མི་གཅིག་གི་ངག་ནས་ཐོས། ཨང་དང་བོ་མི་ཐོབ་པའི་རྒྱུ་མཚན་ནི་རིག་གནས་ཀྱིས་ཞན་པས་རེད་ཟེར། གལ་ཏེ་གཏམ་འདི་ཁུངས་བཙན་པོ་མེད་ནི་དགོངས་དག་ཞུས་པ་ཡིན། དེ་མིན་ཁོང་ཡང་དག་ཡིན་མིན་ཅི་རིགས་བཤད་ཀྱིན་འདུག ཁོང་གི་མཚན་སྙན་འབར་བའི་ཆེད་དུ་དོལ་རྒྱལ་བསྟེན་པ་རེད་ཟེར་མཁན་ཡོད་པར་མ་ཟད། དཔལ་ལྡན་ལྷ་མོ་ཨེ་ཀ་ཙ་ཏི་ཐུགས་ཁྲོས་ནས་ལྔ་ལམ་དུ་བཏང་བ་རེད་ཟེར་མཁན་ཡང་འདུག གང་ལྟར་ཀྱང་གཏམ་འདི་ཚང་མ་ཁོང་གི་ཕ་ཡུལ་གཅིག་པ་དག་གི་ངག་ལས་ཐོས་པ་ཡིན།།
ཐུགས་རྗེ་ཆེ
རང་གི་དགེ་རྒན་ལ་རྗེ་ཡི་མིང་ནས་འབོད་དང་མི་འབོད་འདི་མི་སྒེར་བ་ཞིག་གི་འདེམས་ཀ་ཡིན་པས་ང་ཚོས་དེ་འགྲིག་དང་མི་འགྲིག་གི་ཁ་ཚོན་གཅོད་མི་རུང་བ་ནི། ང་ཚོ་རང་ཉིད་ཀྱི་བསམ་བློས་གཞན་གྱི་བསམ་བློས་ཚབ་བྱེད་མི་རུང་བས་རེད། སུ་ཞིག་གིས་སུ་ཞིག་ལ་དད་པ་བྱེད་མིན་རང་དབང་ཡིན་པ་བདེན་ན། སུ་ཞིག་གིས་སུ་ཞིག་ལ་རྗེ་ཡི་མིང་ནས་འབོད་མིན་ཡང་རང་དབང་ཡིན་པ་གཅིག་མཚུངས་སུ་མཐོང་བས། ང་ཚོ་རང་གི་ཚོར་བས་གཞན་གྱི་དད་ཡུལ་ལ་དམའ་འབེབས་པ་དེ་ཆོས་ལུགས་འཆམ་མཐུན་གྱི་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བར་སེམས་པས་དགོངས་པ་ཞིག་བཞེས་རྒྱུ་མེད་དམ་སྙམ།
རིག་པའི་རྡོ་རྗེ་ཡཱ། མཚན་ཉིད་ཀྱི་གཞུང་ཆེན་བཀའ་པོད་ལྔ་ཁྲིད་མཁན་ཞིག་ལ་རྗེ་མི་ཟེར་ན། ཇོ་ནང་གི་དགོན་པ་དག་ན་ཁྲི་འདོན་བྱེད་ཀྱིན་པའི་རྒྱ་མོ་ཕྱུག་བདག་དེ་ཚོར་རྗེ་ཟེར་དགོས་པ་ཨེ་རེད། དེ་མིན་གསལ་བོ་བཤད་རྒྱུ་ཞིག་ལ་ཁོང་གིས་དོལ་རྒྱལ་བསྟེན་ཟེར་བའི་སྐད་ཆ་དེ་ཚོ་རྗེས་མ་ཁུངས་བསྐྱལ་བྱེད་དགོས། ཁོང་གི་དོལ་རྒྱལ་བསྟེན་ཟེར་བ་དེ་ཁོང་གཅིག་བུའི་དོན་དག་ཅིག་མིན་པ་མ་ཟད། ངེད་ཤུལ་ལུས་ད་ལྟ་གྲྭ་ས་ན་བཞུགས་བཞིན་པའི་སློབ་བུ་ཞལ་གྲངས་བརྒྱད་བརྒྱ་ལྷག་གི་གནད་དོན་ཅིག་དང་། ཡང་སྒོས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དོལ་རྒྱལ་བསྟེན་མིན་དང་འབྲེལ་བ་ཡོད་པས། ངེད་ཅག་གིས་དགར་གཏན་མི་འཇོག་པས་དེ་དོན་ངེས་པར་ཤེས་པ་མཛོད།
རབ་ཏུ་བཀུར་འོས་པའི་རྗེ་བླ་མ་༧ བློ་བཟང་དགེ་འདུན་མཆོག་དྲན་བཞིན་རྗེས་དྲན་ཡོད།