ཁྲོ་གཏུམ།
འོད་ངོགས་སུ་རྒྱུ་བའི་ངོ་གདོང
སྐྱ་བོ་སྐྱ་བོ་དེའི་ཁ་དོག་ངོས་སུ
ཐ་མག་རྐང་གཅིག
བསམ་གཞིགས་རྡོག་གཅིག
མིག་ཟུང་གི་ཁ་ཕྱོགས་ས་ནི་གསང་བ་རུ་གྱུར
རང་ཉིད་ཀྱི་གྲིབ་མ་གཅིག་པུས་སྲུང་བའི་ས་དེ་ན
འདང་རྒྱག་ཅི་ཞིག་གིས
གྱང་ངོས་སུ་རྒྱབ་ཁེན་དགོས་སོང
མདུན་གྱི་མུན་ནག་དུ་ཧར་གྱིས་ལྟ་དགོས་སོང
དེ་བཞིན་དུ
ཁྱོད་རང་གནས་དེ་ནས་ཆུ་ཚོད་ཇི་ཙམ་ལ་བསྡད་ཡོད
༢༠༡༦ཟླ༡༠ཚེས་༢༦ཉིན།
༅༅། དུས་ད་ལྟ་ལུ་སེམས་བདེ་དུས་སུ། གླུ་ཡག་འདྲ་ཡོད་ན་དེ་རིང་ལེན།
ཟས་ཞིམ་འདྲ་ཡོད་ན་དེ་་རིང་སྒྲིག། ལོ་རྒས་ནས་དུང་སོ་འཐོར་དུས་སུ།
བླངས་འདོན་ཀྱང་སེམས་ཀྱི་འཕྲུལ་སྣང་རེད།