དཔྱོད་ལྡན་རྩོམ་པ་པོ་ཡོངས་ལ་ཞུ་རྒྱུ། སུམ་བཅུའི་དུས་དྲན་ཐེངས་༥༤་དང་སྟབས་བསྟུན་<<འོད་ཐིག>>ཚགས་ཤོག་འདོན་ཐེངས་བཅུ་གཉིས་པ་སྤེལ་འཆར་ཡོད་ན། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ནང་བྲིས་པའི་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་གང་མང་འདི་ག་རྩོམ་སྒྲིག་ཁང་ལ་གནང་བསྐུར་ཡོང་བའི་རེ་བསྐུལ་དང་། ཕྱི་ཟླ་ ༠༣ པའི་ཚེས་ ༡ ལ་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་ན་དེ་དོན་ཐུགས་འཇགས་གནང་རོགས།
ཕྱི་ལོ་ ༢༠༡༣/ ༠༢/༢༡ ལ། འོད་ཐིག་རྩོམ་སྒྲིག་པས།
རྩོམ་སྐུར་ཁ་བྱང་།
སྦྲགས་ཨང་།
Norbulingka Institute college publishing
P,O Sidhpur-176057 Dharamsala ,Distt, Kangra (H.P) INDIA
གློག་འཕྲིན། norlingcollege@yahoo.com
ཁ་པར། ༩༨༥༧༡༧༣༤༣༨ / ༩༨༨༢༢༣༥༡༧༩/༨༦༧༩༢༥༡༩༧༧
ང་རང་ཉིད་ཀྱིས་ཚགས་པར་འདི་ལ་ཧ་ཅང་གི་དགའ་བོ་དང་རེ་བ་ཆེན་པོ་བཅོལ་གྱིན་ཡོད་མོད། འོན་ཏང་སྐབས་ཤིག་གཏན་ནས་མཐོང་ཡུལ་མེད་པར་ཆགས་སོང་། ད་ཤི་ཟིན་པ་མིན་ནམ་སྙམ་ནས་གྲོགས་པོ་འགའ་དང་གླེང་སློང་སྣ་ཚོགས་ཤིག་བྱས། དེ་རིང་གཞི་ནས་འདོན་འཆར་གྱི་བརྡ་འདི་མཐོང་བས་སྤྲོ་བ་རབ་ཏུ་བརྟས། རྩོམ་ཡིག་ཟེར་ན་འདྲ་རང་གིས་བྲིས་བཞག་པ་གཅིག་བསྐུར་འདོད་ཡོད། ཞོར་དུ་རྩོམ་སྒྲིག་པ་དག་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད།
ལི་ཐང་དབྱིག་གཉེན་ལགས་ནི་བོད་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པ་མ་ཟད་ བོད་མི་རིགས་དང་རིག་གཞུང་ཁོ་ནར་ཞབས་ཞུ་བྱེད་མཁན་གྱི་གྲྭ་བཙུན་སྦྲང་བོ་ཞིག་ཡིན་ཚོད་ཡོད། གང་ལྟར་ངས་ཁོང་གི་ལོ་རྒྱུས་ཡག་པོ་མི་ཤེས་མོད་། ཉེ་ལམ་བདག་༧གོང་ས་མཆོག་གི་བཀའ་ཆོས་ལ་ལྷོ་ཕྱོགས་སུ་གུང་གསེང་དང་སྟབས་བསྟུན་སོང་བ་ཡིན་མོད། ཁོང་གི་འགྲོ་གྲོན་བཏང་བའི་དུས་དེབ་དང་རིག་གཞུང་གི་སྐོར་གྱི་ཆེད་རྩོམ་སོགས་མང་བོ་ཞིག་མཐོང་སོང་། བདག་ལ་མཚོན་ན་སློབ་ཚན་གཞན་དག་ཀག་རེ་ཟུང་གིས་ཀློག་ཁོམ་མ་བྱུང་མོད། ཁོང་ལྟ་བུ་སེམས་ཤུགས་ཅན་རེ་ཟུང་གི་ལས་ཀར་རྒྱབ་སྐྱོར་གྱི་ཚུལ་དུ་དེབ་གྲངས་ཁ་ཤས་བླུས་ནས་གྲོགས་པོ་རེ་ཟུང་ལ་ལེགས་སྐྱེས་སུ་ཕུལ་ཡིན།
ལི་ཐང་དབྱིག་གཉེན་ལགས་དེ་འདྲ་ཞིག་ཡིན་ན་རྗེས་སུ་ཡི་རངས་ཡོད།
འོན་ཀྱང་ཁྱེད་རང་ གྲྭ་བཙུན་སྤྲང་པོ་ཞིག་ཡིན་ཚོད་ཡོད་ ག་རེ་བྱས་ནས་གསུང་བ་ཡིན་ནམ།
༼སྦྲང་བོ༽ སྤྲང་པོ།
རྩོམ་ཡོན་ཡོད་དམ། རྩོམ་ཡོན་མེད་ན་རྩོམ་པོ་ཚང་མ་དབྱིག་གཉེན་ལྟར་སྤྲང་བོ་ལ་ཆགས་ས་རེད་ཐལ། རྩོམ་པོ་དང་རྩོམ་བསྒྲིགས་པ་གཉིས་ཀྱིས་མ་འོངས་འཚོ་རྟེན་གྱི་དགོས་དམིགས་ཡོད་པའི་ལས་གཞི་ཞིག་ལ་བརྩོན་པ་ནི་ཕྱོགས་གཉིས་སྐུ་ཚེ་བརྟན་པའི་བཟང་ལྟས་ཡིན་ནོ།
ལས་ཞོར་ལ་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་གནང་བ་ཡི་རངས་ཡོད།
ངོ་མ་སོ་སོ་རང་སྐད་དང་རིག་གཞུང་ཆེད་འུ་ཚོ་སྐྱ་བོ་ལས་ཁྱེད་ཚོ་སེར་མོ་བ་རྣམས་ལ་རྒྱ་དང་འདུ་ཤེས་ཟམ་པ་འདུག། ཐུགས་རྗེ་ཆེ་ རང་ཉིད་ཡང་ སོ་སོའི་སྐད་དང་རིག་གཞུང་ལས་དགའ་མོས་ཡོད་པའི་། ཤེས་མེད་སྤྲང་འཁྱམ་ཞིག་ཡིན་ཀྱང། རང་ནུས་གང་ཡོད་ཀྱི་འོད་ཐིག་རྩོམ་སྒྲིག་པ་ལ་རྩོམ་ཐུང་ཞིག་སྐུར་འདོད་ཆེ།