འོད་ཟེ་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
ས་ཡོམ་གྱི་གནས་ཚུལ་ཐོན་པའི་སྐབས་སུ། ཁྲི་པ་རིན་པོ་ཆེ་ཏག་ཏག་ཧྲིང་ཀྲིང་གྲོང་ཁྱེར་ལ་ཡོད་པ་རེད། ཐོག་དང་པོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་དུ་ས་འགུལ་གྱི་གནོད་འཚེ་ཐེབས་པ་གསན་རྗེས། འཕྲལ་མ་ཉིད་ལ་སེར་ཤུལ་དགོན་ཆེན་དུ་ཁ་པར་བཏང་སྟེ་ལམ་སེང་མྱུར་སྐྱོད་བྱ་དགོས་པའི་བཀོད་ཁྱབ་གནང་། དེའི་ཚེ་རང་ལོ ༢༠ ཡན་གྱི་དགེ་འདུན་པ ༩༠༠ ལྷག་དོ་སྐྱེལ་རླངས་འཁོར ༥༠ ལ་བསྡད་ནས། ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་ལྟེ་གནས་སྐྱེ་རྒུ་མདོར་མདུན་སྐྱོད་བྱས།
“ཉིན་དེ་རང་གི་ཆུ་ཚོད ༡༢ ཡོལ་ཙམ་ཞིག་ནས། དགེ་འདུན་པ ༩༠༠ ཙམ་གནོད་ཐེབས་ས་གནས་སུ་འབྱོར། བཀྲ་ཤིས་ཁ་རྟ་རྒྱུག་ཐང་ཉེ་མཁྲིས་ཀྱི་ས་རོ་རྡོ་རོའི་ཁྲོད་ནས་དགེ་འདུན་པ་ཚོས་མི ༧༠༠ ལྷག་ས་འོག་ནས་བསློགས། གཉིད་ལམ་ནང་གོད་ཆག་ཕོག་པའི་མི་འདི་ཚོ་དགེ་འདུན་པ་ཚོས་ཀམ་པ་ལིང་དང་རས་ཆ་སོགས་ཀྱིས་འཐུམ་གྱིན་རེ་རེ་བྱས་ནས་བཀྲི་ཤིས་རྟ་རྒྱུག་ཐང་དུ་བསྐྱལ་སོང་། མི་མགོ་དྲུག་བརྒྱ་ལྷག་རྨས་ཕོག་ཡོད་ན་ཡང་། འཆི་སྐྱོན་ལས་ཐར་ཡོད་པ་རེད།
ཁྲི་པ་རིན་པོ་ཆེ་ཉིན་དེ་རང་ངུ་གནམ་གྲུར་བཞུགས་ནས་ཤིས་ཉིང་དུ་ཕེབས་འབྱོར་བྱུང་བ་དང་། ངལ་གསོ་བྱ་ལོང་མ་བྱུང་བར་དེ་མུར་རླངས་འཁོར་ལ་བཞུགས་ནས་ཡུལ་ཤུལ་ཕྱོགས་སུ་བསྙེགས། ཚེས ༡༦ དགོང་མོ་ཁྲི་པ་རིན་པོ་ཆེ་བཀྲ་ཤིས་ཁ་རྟ་རྒྱུག་ཐང་དུ་འབྱོར། ཁོང་གིས་འདས་པོ ༤༠༠ ལྷག་གི་ཕུང་པོ་རླུང་བུ་གཡུག་བཞིན་པའི་ས་འཁྱག་ཏུ་བཞག་ཡོད་པ་གཟིགས་རྗེས། ཁྲི་པ་རིན་པོ་ཆེ་བྲེལ་མྱུར་ངང་འདས་པོར་བསྔོ་སྨོན་བྱ་བཞིན་པའི་དགེ་འདུན་པ་ཚོའི་གྲལ་དུ་ཞུགས།
ཕྱི་ཉིན་ཁྲི་པ་རིན་པོ་ཆེའི་མདུན་དུ་འདས་པོ་སྟོང་ཚོ་ལྷག་གི་ཕུང་པོ་བསྐྱལ་ཡོང་། ཉིན་དེར་ལྷ་མོ་མཚོས་ཁང་ཤུལ་གྱི་གྱང་རོའི་གསེབ་ནས་མོ་རང་གི་ཁྱོ་ག་ཡོད་སར་བཙལ་འཚོལ་བྱས་པས། ད་གཟོད་མོས་རང་གི་སྐྱེས་པ་གྲོངས་ཚར་བ་མཐོང་བས། ཨིན། ཨིན། ཨིན། རིན་པོ་ཆེ་ཞེས་ཁྲི་པ་རིན་པོ་ཆེའི་ཞབས་ཟུང་དམ་པོར་འཁྱུད། ངུ་ངག་གིས་དབུགས་ཀྱང་འགགས་ཀྱིན། ངས། ང་རང་གི་ཁྱོ་ག་བཀྲོངས་པ་རེད་ཟེར་ནས་ངུ་འབོད་བྱས། ཁྲི་པ་རིན་པོ་ཆེས་ང་ཚོའི་དགེ་འདུན་པ་ཚོ་ཏོག་ཙམ་སྔོན་ལ་སླེབས་ཡོད་ཚེ། གཅིག་བྱས་ན་ཁོང་གི་ཁྱོ་ག་སྐྱོབ་ཐུབ་སྲིད་གསུངས།
ཁྲི་པ་རིན་པོ་ཆེས་མོ་རང་ལ་ཕྱག་དབང་གནང་ནས་བྱིན་རླབས་བསྩལ་བ་དང་། བློ་བག་ཕེབས་པོས་གསུངས་དོན།འཇིག་རྟེན་འདི་ན་སྐྱེས་ཕྱིན། སུ་ཞིག་འཆི་འཕོ་མི་ལྟུང་བ་ཡོད། བོད་མི་ཞིག་ཡིན་པའི་ཆ་ནས། འཆི་བ་ཟེར་བ་སྒོ་ཐེམ་སྟེང་དུ་ཡོད་པའི་གནས་ལུགས་འདི་ཤེས་དགོས་ངེས་ཤིག་རེད། སྒོ་ཐེམ་འདི་བརྒལ་ནས་ཀྱང་ད་དུང་དེ་ལས་རིང་བའི་བཤུལ་ལམ་རིང་མོ་བགྲོད་དགོས། ང་ཚོ་བོད་མི་ཚོར་ཁ་རྒྱུན་འདི་འདྲ་ཞིག་ཡོད་པ་ཁྱོད་ཀྱིས་བརྗེད་མི་རུང་། མི་ཚང་མ་འཆི་བ་ཡོད་ཀྱང་། དངོས་གནས་ཤི་མཁན་ཡོད་པ་མ་རེད་ཟེར་བ་མིན་ནམ།
དེ་ལྟའང། དགེ་འདུན་པ་འདི་ཚོ་ཞལ་འདེབས་མེད་ལ། དགོང་འཚོགས་ཀྱང་མེད། ཁོང་ཚོ་ཁུ་སིམ་སིམ་གྱིས་ཡོང་ནས་སྐད་ངག་དམའ་མོས་འདོན་པ་གྱེར། ཡང་ཁོང་ཚོ་འཇམ་ཐིང་ཐིང་གིས་བྲལ་འགྲོ་ལ་མིག་ཆུ་ཡང་མེད། ཁོང་ཚོས་ཁོང་ཅག་ནི་མི་སེམས་ཀྱི་ཀ་བ་ཡིན་པའང་རྩོད་ཀྱིན་མེད། འདི་འདྲར་སོང་བས། ཁོང་ཅག་ནི་ང་ཚོའི་དད་གུས་བླ་མེད་ཀྱི་དམིགས་ས་ཉག་ཅིག་ཡིན།
ཨོ། འོད་ཟེར་མ་དེ་དྲང་བདེན་མཐོང་རྒྱ་ཅན་ཞིག་སྙམ་ཡོད་མོད། དེ་རིང་སྐད་ཆ་འདིས་ཕྱོགས་རིས་ཅན་ཞིག་ཏུ་བསྟན་འདུག་གྰ
མཇེ་རྡོ་ཁྱེད་ཀྱིས་ག་དུས་ཡིན་ཡང༌། མཐུན་ལམ་ལ་གནོད་པའི་རྙོག་གཞི་ཅན་ཤ་སྟག་ལས་སྤེལ་ཤེས་ཀྱི་མི་འདུག་གམ
ས་ཁུག་ལུང་ཀྱོག་ནང་གི་གྲུབ་ཆེན་པ་དཔལ་དགྱེས་པ་རྡོ་རྗེ་ལགས་།
ད་དངོས་གནས་གསལ་བོ་ཧ་གོ་སོང་།འདི་ལས་ལྷག་པའི་དཔང་རྟགས་ཤིག་རྩ་བ་ཉིད་ནས་དགོས་ངེས་མི་འདུག་།
ཐོག་དང་པོ་འོད་ཟེར་གྱིས་ཆོས་སྒར་ནས་།གྲྭ་བའི་ཞབས་འདེགས་མང་པོ་ཡོང་་ཚུལ་དང་།དེ་ལྟར་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱེད་དུས་།ཁྱོད་ཀྱིས་ཁོ་མོ་ལ་ཕྱོགས་རིས་ཅན་ཞེས་འབོད་ཀིན་མི་འདུག་།ད་ལྟ་སེར་ཤུལ་གྱི་སྐོར་གླེང་ཡོང་དུས་སྐད་ཆ་འདི་འདྲ་ཤིག་བཤད་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ།འདིའི་ཁྱོད་ཁོག་གི་མི་གཙང་བ་།ངན་སེམས་ཕྱོགས་རིས་ཅན་གྱི་དུག་རླབས་དེ་མཚོན་བཞིན་ཡོད་པ་རེད།དངོས་གནས་ངོ་ཚ་ཟེར་བ་ཤིག་རྩ་བ་ཉིད་ནས་མི་འདུག།
ཐོག་དང་པོ་འཛམ་གླིང་ལ་།གསེར་སྒར་ནས་དང་བླངས་བ་དང་།རྒྱུ་དངོས་འབྱོར་སོང་ཞེས་བཤད་མཁན་དང་།ཁ་བརྡ་དྲ་རྒྱ་ཐོག་ལ་བཤད་མཁན་ང་ཡིན་།
མདོར་ན།ད་ཐེངས་ཀྱི་ས་འགུལ་འདིའི་ནང་དུ་མི་ཚང་མས་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་སྨོན་ལམ་རྒྱག་གིན་འདུག་།འདི་འདྲ་བའི་བསམ་པ་གུ་དོགས་པོ་།ཁོག་ན་རྩ་མ་གཏོགས་མེད་པ་ཞིག་གིས་ད་དུང་ཡིན་མདོག་གིས་སྐད་ཆ་མང་པོ་བཤད་གིན་འདུག་།
ཁྱེད་ལ་ངོ་ཚ་ཟེར་བ་ཞིག་མི་འདུག་གམ།
ད་ཁྱེད་ཚོས་ཅི་ཟེར་བ་ཡིན། གྲྭ་བས་རོགས་སྐྱོར་བྱས་པ་ཡིན་ནའང་འདྲ། བླ་མས་རོགས་སྐྱོར་བྱས་པ་ཡིན་ནའང་འདྲ། མི་སྐྱས་རོགས་སྐྱོར་བྱས་པ་ཡིན་ནའང་རུང་། གང་ལྟར་ཡང་བོད་པ་རྣམས་ཁ་སེམས་བསམ་པ་མཐུན་པ་ཡིན་པ་གོ་དགོས་པ་རེད། དེ་མ་གཏོགས་ཕྱོགས་ལྷུང་གི་སྐད་ཆ་འདི་ཚོ་བཤད་ཀི་མ་འདུག གྲོགས་པོ་ཚོ།
སེར་ཤུལ་ཁྲི་པ་ཟེར་བ་འདི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་དམ་པ་ཞིག་ཡིན། རྒྱ་གར་དང་བལ་བོ་སོགས་ན་བརླ་རྒྱག་རྐུབ་རྒྱག་བྱེད་བཞིན་ཆོས་ལུགས་ཀྱི་རྙོག་དྲ་ཁོ་ན་སློང་བཞིན་ཡོད་པའི་བླ་གཟུགས་དགེ་གཟུགས་དམ་སྲི་འབྱུང་པོའི་ངོ་རིས་ཕྱི་རུ་ཐོན་བསྡད་པའི་ཁྱི་ཚེ་རིང་པོ་དེ་ཚོ་དང་འདྲ་ནི་མ་རེད། བོད་ནང་ལ་ད་སྐབས་འདི་འདྲའི་མི་ཅིག་ཅིག་དཀོན་པོ་ཡིན། ད་དུང་སེར་ཤུལ་དགོན་པའི་གྲྭ་བ་ཚོ་མགྱོགས་པོ་དེ་འདྲ་ཞིག་ལ་སླེབས་ཐུབ་པ་དེ་བྱས་རྗེས་རླབས་ཆེན་རེད། དགྱེས་རྡོར་ལགས་ཀྱིས་ཀྱང་འདི་ལ་མ་རངས་པ་བྱེད་མི་རུང་།
འོན་ཀྱང་དགྱེས་རྡོར་སང་གི་རྨི་ལམ་དེ་ལ་དོ་སྣང་ཆེན་པོ་ཞེ་དྲག་བྱུང་། ད་དུང་ལྷ་ལྡན་ཕྱོགས་ལ་གཟབ་དགོས་པ་འདྲ། རྨི་ལམ་དེ་ཀརྨ་པས་རྨིས་པ་རེད་ཟེར་ན་མི་ཚོས་དོ་སྣང་བྱེད་ཀྱི་རེད། འོན་ཀྱང་མིང་གི་རྗེས་སུ་འབྲང་བའི་ད་ལྟའི་སྤྱི་ཚོགས་འདི་ལ་མི་ཆུང་ཆུང་ཚོས་གོ་བརྡ་འཕྲོད་དཀའ་ནི་རེད། འོན་ཀྱང་ཁྱོད་ཆུང་ཆུང་རེད་ཟེར་བ་མིན། ང་ཚོ་ལ་བལྟས་ན་ཁྱོད་གནམ་རེད། ཁྱོད་ཀྱི་རྨི་ལམ་དེ་ཟླ་གཅིག་ཙམ་ཞིག་གི་ཡར་སྔོན་ནས་དྲ་ཐོག་ཏུ་བཏང་ཡོད་པ་མཐོང་སོང་བསམ་སོང་། དེ་འདྲ་རེད་དམ། དེ་དངོས་གནས་ཡ་མཚན་ཞིག་རེད། ངས་ད་དུང་བར་ཆད་གཞན་པ་ཡོང་ཨེ་སྲིད་བསམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད། ཁྱེད་ཚོ་ཉམས་ལེན་པའི་རིགས་འདི་སྐབས་སྐབས་སུ་ངོ་མ་དམིགས་བསལ་ཡིན་ནི་རེད།
སྙིགས་མའི་དུས་འདིར་འབྱུང་བོ་སེར་གཟུགས་སུ་སྤྲུལ་བ་མང་པོ་ཡོད་པ་རེད་།སྤྱི་མཐུན་གྱི་ལས་དང་།གཞན་ཕན་སྙིང་རྗེ་ཅན་དག་ལ་མི་བཟོད་པའི་ཚིག་མཚོན་དང་།མི་དགའ་བའི་རྣམ་འགྱུར་བའི་སྟོན་ཅི་ཐུབ་ཀྱིས་ཤུགས་དང་དངོས་ཀྱིས་བསྟན་པ་རིན་པོ་ཆེ་ལ་གནོད་ཅི་ཐུབ་བྱ་བཞིན་པ་དང་།ཤུགས་ནས་བདུད་ཚོགས་ལ་ཕན་པའི་སྐད་ཆ་ཞིག་ནམ་ཡང་སེམས་སུ་དོར་ཐུབ་ཀྱིན་མེད་པ་འདིས་།དོན་གྱིས་ལྷས་བྱིན་འཇིག་རྟེན་སེར་གཟུགས་སུ་ཡོང་བ་ལས་ཅི་ཡང་མ་ཡིན་།
དེ་མིན་བསྟན་པའི་རྣམ་ཐར་ཏུ་འངགཞན་ཕན་གྱི་བྱང་ཆུབ་སེམས་ཀྱི་ཆེད་དུ་།ལ་ལས་རང་གི་རྒྱལ་སྲིད་དང་།འཁོར་དང་ལོངས་སྤྱོད་ཚུན་ཆད་དོར་།ཐ་རང་གིས་སྲོག་ཀྱང་ཡལ་བར་དོར་བ་མང་པོ་ཡོད་པ་ན་།གྲྭ་བ་གཉིས་ཀྱིས་གཞན་ཕན་གྱི་ཆེད་དུ་དར་ཅིག་བཟུང་བ་ལ་།འདི་འདྲ་བའི་རྨི་ལམ་ཞིག་གཏོང་དགོས་དོན་ཅི་ཡིན་ནམ།
ཨོ། རྒྱ་ཞིབ་བཀའ་དྲིན་ཅན་པོ། ང་གང་ནས་སོང་ན་མཆོག་ཉིད་འཁོན་འཛིན་བཟང་པོའི་རང་གཤིས་རྗེན་ལ་ཕུད་ནས་བཤད་པ་ཚོ་ལ་བལྟས་ན་ང་ཡི་ཆོས་གྲོགས་སུ་ངོས་འཛིན་བྱས་ཡོད། སྙིང་རྗེ་ཡ། ཡིན་ན་ཡང་བསྒྲགས་རྒྱུགས་ཙམ་མ་ཡིན་པར་ཕྱོགས་སོ་སོ་ནས་ཕེབས་པའི་རྒུད་སྐྱོབ་ཚོགས་པའི་དགེ་འདུན་པ་ཀུན་་ལ་ཡི་རངས་དང་བསྔགས་བརྗོད་ཡོད། སེར་ཁྲི་ལ་མཚོན་ན་ཡུལ་ཤུལ་ཁུལ་ནས་ཡར་སྔོན་ཚེ་རོགས་ཁ་གཏོར་ནས་སྒ་བའི་བུ་མོ་ཁྲིད་དེ་ཟི་ལིང་དུ་བྲོས་པ་སོགས་བཤད་ན་ངོ་ཚ་བ། གོ་ན་ཡི་མུག་པ། ཁྱོད་ཀྱི་མཐོང་བ་ཚོ་དང་ཨ་ན་མ་ན་དག་ཡོད་ཀྱང་གནས་སྐབས་ཤི་བོ་ཁྲི་ཕྲག་གི་ངོ་སོ་ལ་བལྟས་ནས་དེ་ཙམ་ཡིན། ཨོཾ་བཛྲ་ས་ཏྭ་ཧྰུྃ། ཚུལ་ཁྲིམས་མཐར་ཕྱིན་མཆོག་གིས་གསུངས་པ་ནང་བཞིན་ངའི་རྨི་ལམ་འཁྲུལ་པ་དེ་ང་རང་གི་ངོ་དེབ་ཏུ་སྔར་ནས་བཀོད་ཟིན་ཡོད། དེ་ཡིན་པ་འདྲ། གང་ལྟར་གཟབ་དགོས་འདུག
དཔལ་དགྱེས་པ་རྡོ་རྗེ།
བླ་མ་དེས་བུ་མོ་ག་འདྲ་ཞིག་ཁྲིད་པ་དང་།ཆོས་སྒར་གྱི་མཁན་པོ་ཁག་ཅིག་གིས་བོད་དང་རྒྱ་ནག་གི་བཙུན་མ་ཁ་ཤས་ལ་གསང་དབང་བསྐུར་བཞིན་ཡོད་པའི་གཏམ་མང་པོ་གོ་རྒྱུ་འདུག་མོད་།དེ་ང་ཚོ་ལ་འབྲེལ་བ་ཅི་ཡང་མི་འདུག་།སེར་ཤུལ་དགོན་པའི་ཁྲི་བ་དང་།ཆོས་སྒར་གྱི་མཁན་པོ་ཁ་ཅིག་གིས་རྡོ་རྗེ་ཁུང་བུ་གང་གི་ནང་དུ་གཏོང་གིན་ཡོད་པ་དེ་།ད་ཐེངས་ཀྱི་ས་འགུལ་འབྲེལ་བ་གཏན་ནས་མི་འདུག་།མདོར་ན་སེར་ཤུལ་དང་།ཆོས་སྒར་སོགས་ནས་ཕེབས་པའི་དགེ་འདུན་པ་དག་ལ་སྐྱབས་སུ་མཆི་ཟེར་བ་ཙམ་ལས་གཞན་ཅི་ཡང་མེད་།
འོ་ཁ་སང་ང་འདུག་སའི་ཉེ་འགྲམ་དུ་ཡོད་པའི་ཁ་ཆེ་ལྷ་ཁང་གི་ཆོས་དཔོན་ནས་ཀྱང་རྨི་ལམ་ཞིག་བཏང་ཏེ་།མགྱོགས་པའི་ཨ་རབ་རྒྱལ་ཁམས་དག་གིས་རྡོ་སྣུམ་ཚང་མ་ཚར་རྒྱུ་རེད་འདུག་ཅེས་དང་།ལྡོག་ཕྱིར་ཏུ་ཆོས་དཔོན་རྡོ་སྣུམ་ཚོང་བ་ཞིག་གིས་བུ་མོ་ལོ་བཅོ་ལྔ་ལོན་པ་ཤིག་དང་ཆང་ས་རྒྱག་དགོས་རེད་ཅེས་ལབ་བཞིན་པ་གོ་སོང་།
་ཁྱེད་ཚོ་རྨི་ལམ་གཏོང་མཁན་ཚང་མ་ཡ་མཚར་།དུས་དང་བསྟུན་ནས་རྨི་ལམ་རེ་གཏོང་གིན་འདུག་
གང་དགའ་གྱིས། ཕྱིས་སུ་མ་འགྱོད་དྰ།
འགྱོད་སེམས་ཅི་ལ་ཡོད་།གཞན་དོན་ཁུར་འཁྱེར་གྱི་བྱང་ཆུབ་སེམས་དཔའ་དག་ལ་མཆོད་པ་དང་།རྗེས་སུ་ཡིད་རང་བྱས་ན་འགྱོད་པའི་ལས་ཞིག་གང་ན་ཡོད་།
རྗེས་མ་ཤིག་ལ་སྐད་ཆ་གང་བཤད་ཐམས་ཅད་།ཡིག་རིགས་གཞན་གྱི་ཐོག་བཀོད་དེ་རྩོམ་ཞིག་འབྲི་རྩིས་ཡོད་།མི་ཚང་མས་འབྱུང་བོ་སེར་གཟུགས་ཅན་གྱི་རང་བཤིས་དངོས་དེ་ཤེས་ན་བཟང་།ཁ་ནས་ཆོས་དང་།རྫུ་འཕྲུལ་དང་།གསང་སྔགས་།དོན་གྱི་རྒྱུ་ནོར་ལོངས་སྤྱོད་དང།ཆུང་མ་།རང་གི་སྒྲིག་འཛུགས་མ་གཏོགས་མེད་པ་འདི་དག་གི་ངོ་གདོང་གསལ་བོ་སྟོན་དགོས་།
ལྷག་པར་ཆོས་བ་ཚོའི་་ནང་ནས་།སྐད་ཆ་འདི་འདྲ་བཤད་པར་གལ་ཆེ་།
Hi China Researcher,
Can you leave your email here, I need to contact you.
སྤུན་ཟླ་ཚོ། ང་ཚོ་བོད་ཡིན། ང་ཚོའི་སྐྱིད་སྡུག་མཉམ་མྱོང་ཡིན། ད་ལྟ་ང་ཚོའི་སྤུན་ཟླ་ཚོ་འབྱུང་བའི་གནོད་པའི་ཁྲོད་དུ་ཤི་རྨས་ཚབ་ཆེན་ཐེབས་ཡོད་པ་བརྗེད་མི་རུང་། འདི་ནི་ཁ་ཁོམ་ནས་བསྡོད་མཁན་དག་གི་ལབ་རྒྱག་སའི་དུས་ཚོད་དང་། ཤེས་ཡོན་ཅན་ཡིན་ཟེར་ནས་བསྡོད་མཁན་དག་གི་མཁས་གཏམ་བཤད་ནས་བསྡོད་སྐབས་ཤིག་མིན། ཁ་ལས་ལག་འགུལ་བའི་དུས་ཚོད་གཉན་འཕྲེང་ཅན་ཞིག་ཡིན་པ་ཐུགས་སུ་འཇགས་རེག་ཞུ། སྐྱེ་བ་ད་རེབས་ང་ཚོས་འདོད་ཀྱང་རུང་མ་འདོད་ཀྱང་། ཤི་རེག་བར་དུ་བོད་རེད། དེ་ལ་འགན་འཁུར་དགོས་ཀྱི་ཡོད་པ་རེད།
བུ་མོ་ང་ནི་དྲ་ཐོག་འདི་ལ་ཡོང་བ་ཐེངས་དང་བོ་ཡིན། ཁྱེད་སྤུན་ཟླ་ལྷན་རྒྱས་ཡོངས་ལ་བཀྲིས་བདེ་ལེགས་ཞུ།
གུས་མོ་ང་ནི་འདིར་ཡོང་དོན་ནི་རང་ཉིད་བོད་ཡིག་ཡར་རྒྱུས་ལ་བཏང་ཆེད་ཡིན། དེས་ན་སྤུན་ཟླ་ཚོས་གུས་མོར་བོད་ཡིག་ཡར་རྒྱས་ཡོང་བར་ལམ་སྟོན་རྒྱབ་སྐྱོར་གནང་རོགས་ཞུ།
ཁྱེད་ཚོས་ཟིན་ཐོ་འདི་མ་མཐོང་བ་འདྲ། དེས་ན་དུས་བབ་ལས་བཤུས་ཏེ་འདིར་བཀོད།
འོད་ཟེར་གྱིས་ཡུལ་ཤུལ་ཟིན་ཐོར་བཀོད་པ་རྣམས།
འདོན་སྤེལ། ༢༠༡༠/༠༤/༢༢
འོད་ཟེར་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། བོད་ཀྱི་བུད་མེད་ཅིག་གི་སྐྱོ་གླུའི་ནང་།“༼ང་ཚོས་འབྲོག་པའི་འཚོ་བ་བཞག་སྟེ། རྡོ་བ་དང་ཤིང་ལས་བསྐྲུན་པའི་ཁང་པར་གནས་སྡོད་བྱེད་པའི་སྐབས། ང་ཚོས་འདི་ལྟ་བུའི་མཐའ་འབྲས་ཤིག་ཡོང་གི་རེད་བསམ་བསམ་མེད། ཡུད་ཙམ་ཞིག་ལ་ང་ཚོའི་ཕ་ཡུལ་འདི་དུར་ས་ཞིག་ཏུ་ཆགས་སོང་། དུས་འདིར། ང་ཚོས་ཕ་མེས་ཡང་མེས་ནས་འཚོ་སྡོད་བྱ་སའི་སྦྲ་ནག་གྲུ་བཞི་དེ་ཇི་ལྟར་དྲན་མི་སྲིད།༽ ”
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ཚེས་ ༢༠ ཉིན་བླ་གྲྭ་དག་ཕྱིེར་བསྐྲད་སོང་། སྲིད་གཞུང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོབ་བྱེད་བཞིན་པའི་དགེ་འདུན་པ་རྣམས་རང་ས་ན་ཕྱིར་ལོག་བྱ་དགོས་པར་བཤད། ད་དུང་ནན་པོའི་སྒོ་ནས་བཤད་དོན། “ཁྱོད་ཚོས་ག་རེ་ཡིན་ན་བྱས་སོང་། ཧ་ཅང་གིས་ཐལ་དྲགས་པ་རེད། ད་མྱུར་མགྱོགས་ཀྱིས་སོ་སོའི་ས་གནས་སུ་ཕྱིར་ལོག་རྒྱུགས། དེ་མིན་ན། རྙོག་གྲ་ཡོང་གི་རེད་ཟེར། ལས་བྱེད་པ་ཞིག་གིས་དགེ་འདུན་པ་ཚོར་བརྗོད་དོན། ད་ལྟ་བདེ་སྲུང་གི་དམག་དཔུང་སྐྱེ་རྒུ་རུ་འཛོམས་ཚར་འདུག་ཟེར།
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ཚེས ༢༠ ཉིན་དགེ་འདུན་པ་ཕྱིར་བསྐྲད་སོང་། སྲིད་གཞུང་གིས་འཇིགས་སྣང་བསྐུལ་བ་ལ་བརྟེན་ནས། ད་ཆ། གནོད་ཕོག་ས་ཁུལ་ཆེས་ཐོག་མར་འབྱོར་མཁན་གྱི་དཀར་མཛེས་ས་ཁུལ་སེར་ཤུལ་རྫོང་སེར་ཤུལ་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་གནོད་ཐེབས་ས་ཆ་ནས་ཁ་མ་བྲལ་རང་བྲལ་ཆགས་ཡོད་པས། ཕྱིར་ལོག་བྱ་རྒྱུའི་མགོ་རྩོམ་བཞིན་འདུག
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། དགེ་འདུན་པའི་མུག་སྐྱོབ། དཀར་མཛེས་ས་ཁུལ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནས་དངུལ་དམར་སྒོར་ཁྲི ༣༨༠ ཁུར་ནས། ཚེས ༡༩ ཉིན་བོད་རྒྱ་ཧུའུ་རིགས་སོགས་ཀྱི་དབྱེ་བཀར་མེད་པར། མི་ཤི་ཁྱིམ་སྐྱོན་བྱུང་བའི་དུད་ཚང་དུ། འདས་པོ་རེེར་སྒོར་ ༢༠༠ དང་། ཁང་པ་ཞིག་རལ་སོང་བ་དག་ལ་སྒོར ༢༠༠ བཅས་ཆ་བགོས་བྱས་ནས་ཤུལ་ལུས་ཚོའི་ལག་པར་བསྟབས་འདུག་ལ། དགོན་པ་གཞན་དག་ཚོས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་རེད་འདུག
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། དགེ་འདུན་པའི་མུག་སྐྱོབ། ཉིན་འདི་འགའི་རིང་ལ། སེར་ཤུལ་དགོན་དང་། གསེར་རྟ་ལྔ་རིག་ནང་བསྟན་སྤོབ་གླིང་སོགས་ཀྱི་དགོན་ཁག་གཞན་ནས་མི་དམངས་སྡོད་ཁུལ་དུ་ཐབ་ཀ་བཅས་ནས་རྩམ་ཐུག་བསྐོལ་བ་དང་། གེགས་ཕོག་མི་དམངས་ཚོར་བཟའ་བཅའ་སྣ་ཚོགས་ཀྱང་ཆ་བགོས་བྱས་ནས་སྦྱིན་གཏོང་བྱས་འདུག
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཡོང་རྫོགས་ནང་དུ་དམག་གི་རོགས་སྐྱོབ་དང་།པར་རིས། གནས་ཚུལ་རྐྱང་ཡིན་པ་ལས། དགེ་འདུན་པ་ཚོས་མི་སྲོག་སྐྱོབ་པའི་གནས་ཚུལ་གཡོལ་གྱི་ཡོད་པ་འདི་ཅི་རེད། འདི་སྐོར་གནོད་ཐེབས་མི་དམངས་ནང་མ་རངས་པའི་བསམ་འཆར་གླེང་གིན་ཡོད་པ་རེད། དགེ་འདུན་པ་ཚོས་ད་དུང་བཤད་རྒྱུར། ལུང་དགུའི་ས་འགུལ་གྱི་གནས་ཚུལ་སྤེལ་གཏོང་བྱེད་པའི་སྐབས་སུ་ཕྱི་ཕྱོགས་ཀྱི་དང་བླངས་རོགས་སྐྱོབ་པའི་སྐོར་དྲིལ་བསྒྲགས་བྱས་པ་རེད། ཡིན་ནའང་། ཡུལ་ཤུལ་གྱི་ས་ཡོམ་སྐབས་དང་བླངས་གྲྭ་པ་ཚོར་སྣང་མེད་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཞིག་རེད། ཅིའི་ཕྱིར་དུ་ང་ཚོ་གླེང་གི་མེད་པ་རེད་ཟེར།
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ཕྱོགས་སོ་སོ་ནས་རོགས་སྐྱོབ་ཅ་དངོས་སྐྱེ་རྒུ་མདོར་འབྱོར་ཡོད་ན་ཡང་།གནོད་ཐེབས་མི་དམངས་ཀྱི་ལག་པར་སླེབས་རྒྱུར་ནུས་པ་ཐོན་མེད་ལ། ཧ་ཅང་གི་ཟང་ཟིང་ཆགས་ཡོད་པ་རེད། ཕྱོགས་གཅིག་ན། གུར་དང་བཟའ་བཅའ་རི་ལྟར་སྤུངས་ཡོད་པ་དང་། ཕྱོགས་གཞན་ཞིག་ན། གནོད་ཕོག་མི་དམངས་འཁྱག་ལྟོགས་གིས་མནར་བཞིན་ཡོད་འདུག
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། གནོད་ཐེབས་མི་དམངས་ཚོས ༸ སྐྱབས་མགོན་ཏཱ་ལའི་བླ་མ་རེ་སྒུག་བྱས་ནས་ཡོད་པ་རེད། ད་ཆ། གནོད་ཕོག་ས་ཁུལ་དུ ༸ གོང་ས་མཆོག་གནོད་ཐེབས་ས་གནས་ལ་ཕེབས་ནས། ས་འགུལ་གྱི་གནོད་པ་ཐེབས་པའི་མི་དམངས་ཚོར་སེམས་གསོ་དང་སྨོན་ལམ་འཚོག་རྒྱུ་རེད་ཅེས་པའི་སྐད་ཆ་འདི་གང་སར་འཁྱམ་བཞིན་ཡོད་པ་རེད། ཚེས་ ༡༩ ཉིན་ཡུལ་ཤུལ་ནམ་མཁའ་ནས་འཕུར་བའི་གནམ་གྲུ་དེའི་ནང་ནས་ ༸ གོང་ས་མཆོག་གིས་གནོད་འཚེ་ཕོག་པའི་མི་དམངས་ཚོར་ཐུགས་སྨོན་དང་། བྱིན་རླབས་གནང་གི་ཡོད་པར་ངོས་འཛིན་ཡང་བྱས་འདུག
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ཚེས་ ༡༧ ཉིན། དགེ་འདུན་པ་སྟོང་ཚོ་བརྒལ་བ་ཞིག་གིས་ཆོས་ལུགས་ཀྱི་བྱེད་སྒོ་དང་སྦྲགས་ཏེ། རྐྱེན་ལམ་དུ་ཤོར་བའི་མི ༢༠༠༠ ལྷག་གི་ཕུང་པོ་ཞུགས་འབུལ་བྱས་རྗེས། ཉིན་འདི་ཚོའི་རིང་སྔ་མའི་ཞུགས་འབུལ་བྱས་ཤུལ་ན། རྟག་པར་འདས་པོ་བརྒྱ་ཕྲག་གི་ཕུང་པོ་མེར་བསྲེགས་བྱ་བཞིན་ཡོད་འདུགཡང་། ཤུལ་ལུས་ནང་མི་འགའ་རེས་ཕུང་པོ་དགོན་ཁག་གཞན་དུ་དབོར་ནས་ཞུགས་འབུལ་ཞུ་བཞིན་ཡོད་པ་རེད། སྲོག་ཉེན་ལས་ཐར་བའི་མི་མང་ཆེ་བ་ནི། ཐོག་དང་པོར་ས་གནས་ལ་འབྱོར་མཁམ་གྱི་དགེ་འདུན་པས་བསྐྱབས་གནང་བ་རྣམས་ཡིན་འདུག
ཡུལ་ཤུལ་ནས་འབྱོར་བའི་གནས་ཚུལ། ས་འགུལ་འདིའི་ནང་འཆི་སྐྱོན་བྱུང་མཁན་ཕལ་མོ་ཆེ་བོད་མི་ཡིན་པ་ཕུད། ད་དུང་། ཡུལ་ཤུལ་དུ་ཡོང་འབབ་གསོག་མཁམ་གྱི་རྒྱ་མི་དང་། ཧུའུ་རིགས་སོགས་ཡོད་འདུག ཁོང་ཚོ་མང་ཆེ་བ་ནི་ཁང་པ་ཐབས་ཆག་གི་ནང་དུ་ཟ་ཁང་གཉེར་མཁན་དང་། ཚོང་ཁང་བཟུང་མཁན་སོགས་རེད་ལ་ས་འགུལ་ནང་ཤི་རྨས་ཧ་ཅང་ཚབས་ཆེན་ཕོག་ཡོད་པ་རེད། སྲིད་གཞུང་གིས་ཁོང་ཚོ་གནས་སྤོས་མི་དམངས་ཀྱི་ཁོངས་སུ་བཞག་ནས། ད་ལྟའི་ཆར་རྐྱེན་ལམ་ཤོར་བའི་གྲངས་ཀའི་ནང་ཐེ་མེད་པ་རེད་ཟེར།
གོང་དུ་དྲ་གྲོགས་འགའ་ཤས་ཀྱིས་རྩོམ་པ་པོ་འོད་ཟེར་ལ་ཡང་ཆོལ་ཁའི་ཕྱོགས་ལྷུང་ཡོད་པ་བཤད་མོད། དེ་ངས་ཁས་ལེན་གྱི་མེད། དེ་དངོས་ཡོད་རྩ་ནས་མ་རེད། མ་གཞིན་ནས་རྩོམ་ཡིག་འདི་རྒྱ་ནག་སྐམ་སའི་གསར་འགོད་པ་ཞིག་ནས་སྐབས་དེའི་མཐོང་ཐོས་ཡི་གེར་བཀོད་པ་དེ་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཁོང་གི་དྲ་དེབ་ཏུ་བརྒྱུད་འགོད་བྱས་པ་ཞིག་རེད་པས། འོད་ཟེར་ལགས་ཀྱིས་བརྩམས་གནང་བ་ཞིག་མ་རེད། བརྒྱ་ལ་ཡིན་པའི་དབང་དུ་བཏང་ནའང་། འདིས་ནང་ཁུལ་གྱི་ཕྱོགས་ཞེན་ཅན་ཡིན་པ་དུས་ནམ་ཡང་བསྒྲུུབ་ཐུབ་ཀྱི་མ་རེད། དྲ་གྲོགས་ཁ་ཤས་ཚོར་བ་ཧ་ཅང་རྣོ་དྲགས་པ་རེད། དེ་རྦད་དེ་ནོར་འཁྲུལ་རེད། ཁྱོད་ཀྱིས་སྤུན་ཟླའི་ནང་ཁུལ་གྱི་མཐུན་ལམ་ལ་ཕོག་ཐུག་གཏོང་མི་ཉན། སྐད་ཆ་ག་རེ་ཡིན་ནའང་འགན་འཁུར་བྱ་དགོས་ལ། ལེགས་པར་བརྟགས་ནས་བརྗོད་དགོས་པ་ལས། སུས་བྲིས་མིན་ཙམ་མ་ཤེས་གོང་ནས་དགག་སྒྲུབ་བྱས་འོངས་ན། ཧ་ཅང་ཐལ་དྲགས་པ་མ་རེད་བེ།
ཁྱེད་རྣམས་ཀྱིས་གནས་ཚུལ་མང་པོ་བཤད་པ་དག་ལ་རང་རང་སོ་སོའི་བསམ་བློའི་འཁོར་ཕྱོགས་དང་མཐུན་པའི་དྲང་བདེན་གྱི་གནས་ཚུལ་རེ་ངེས་པར་དགོས་པ་ལས། གང་བྱུང་གི་སྐད་ཆ་མང་ན་རྗེས་མར་ཟིན་བྲིས་ཀློག་མི་སྤྲོ་ཞིང་། ལྟ་ཡང་མི་འདོད་པ་ཞིག་ཡོང་རྒྱུ་རེད།