བོད་ལ་བཀའ་དྲིན་བླ་མེད་ཆེ་བའི་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་འཁོར་ཉེར་གསུམ་འཁོར་བའི་རྗེས་དྲན་དུ་བཏེགས།
ཞི་བའི་ཐུགས་ཀྱི་མར་ལོ་རིལ་བོ་འགྲོ་བ་བོད་ཀྱི་ལྗོངས་ལ་བསྔོས་བ་ཡི།།
བྱམས་བརྩེའི་ཡིད་ཀྱི་དུང་བ་རློན་པ་གངས་ཅན་བྷོ་ཊ་གསོན་ཐབས་དེ་ལ་གཞོལ།།
ཇི་ལྟར་མནར་ཞིང་ཇི་ལྟར་ཉམས་ཡང་ཁྱེད་ཀྱི་སྤོབས་པའི་རི་དཔུང་ཡར་ལ་བསྐྱོད།།
འཛམ་གླིང་སྐྱེ་འགྲོའི་མིག་གོང་དེ་ལ་ཁྱེད་ཀྱི་འཛུམ་ཆུང་ཉི་མ་ལམ་མེར་ཤར།།
ལྷན་དུ་སྐྱེས་ཤིང་ལྷུན་གྱིས་གྲུབ་པའི་རང་གཤིས་དུང་གི་མདའ་མོ་འོ་མའི་རྐང་།།
འཛུམ་མདངས་གློད་པས་ཞལ་རིས་དྭངས་མོ་སྐབས་རེར་མཐོང་དུས་སྙིང་ཤ་དྲོད་དུ་བགྱིས།།
གློ་དང་མཆིན་པའི་སྒོ་གླགས་དག་ཀྱང་གད་མོ་ཆེས་ཆེར་དགོད་ལ་ངུ་ཡང་སྤྲོ།།
ཀྱེ་མ་ཤ་གསེང་རུས་བའི་མིག་དུ་ཞེ་འདང་སླད་མེད་རྣམ་ཤེས་ཁྱེད་ལ་ཕྱོགས།།
འཛུམ་མདངས་གློད་པས་ཞལ་རིས་དྭངས་
གློ་དང་མཆིན་པའི་སྒོ་གླགས་དག་ཀྱ
ཀྱེ་མ་ཤ་གསེང་རུས་བའི་མིག་དུ་ཞེ
མིག་གི་ཀུན་གཞི་ཟར་མའི་མེ་ཏོག་སྒོར་སྒོར་ཁྱེད་ལ་གཏད་ཞིང་ཁྱེད་ལ་གླན།།
སེམས་ཀྱི་ཤེས་བའི་རྒྱུ་བ་གསོན་པོ་དུས་ནས་དུས་སུ་མགོ་བོ་ཁྱེད་ལ་བསྙེས།།
ཕྱག་གི་འཛུབ་བརྡ་དཀྲོལ་བའི་ཟོལ་ཡང་དེང་རབས་མཉམ་འགྲོག་རོལ་མོ་འགྱུར་རྟ་ཅན།།
ཐོས་འཛིན་གསང་བའི་བུ་ག་རེ་རེ་ངང་གིས་སྨིན་ཞིང་དལ་གྱིས་འབུས་བར་བརྩོན།།
བདག་ཡིད་མཚོ་མོ་སྐྱོམ་པས་ཐོབ་ཤོ
མཆི་མ་བརྡོལ་ཞིང་གདོད་ནས་བཏེགས་
འཛུམ་གྱི་རམ་དཀྲོལ་ཅི་ཡོད་དག་ཀྱ
དགའ་སྐྱོའི་རོ་བྲོ་ཅི་ཞིག་ཡོད་
གསོང་བོའི་ངག་དག་གསོང་བོར་སྨ་བའི་སྤོབས་པ་རི་རྒྱུད་ལྷུན་པོའི་སྲོག་རྟ་ཅན།།
གཡོ་དང་སྒྱུ་ལ་སྲོག་དབང་གཏད་པའི་སྒེར་འཛིན་ལྷོག་ལྷོག་གདུ་བའི་ནག་པོ་དགྲར།།
བདེ་མོ་ལམ་ཞིག་བརྩེ་བའི་ཐུགས་ལས་གསལ་བོ་ངག་གི་དབྱངས་ལ་ཤུགས་ཀྱིས་དྲངས།།
ཇི་ལྟར་འཛུམ་གྱིས་ཡང་ཡང་བསུས་བ་དེ་ལ་ལྡོག་པའི་རྐང་བ་ལན་གྲངས་བསྟར།།
དེ་དག་ལས་ཀྱང་ཕོ་བ་བརྒྱག་ཞིང་རྒྱབ་ཀྱི་སོག་པ་ལེབ་མོ་དྲོས་གྱུར་ན།།
རྒྱང་ནས་འཕྱ་ཞིང་འགྲམ་ནས་སྡང་བའི་མཐའ་འཁོར་ཡང་འཁོར་ཚུལ་གྱི་བོད་རྒན་དག །
ཆུང་ཆུང་རི་འདིའི་གཡས་དང་གཡོན་ན་ནང་རྐུན་ཕྱི་ཡི་ཇག་པ་མཇུག་མ་ཅན།།
ངོ་སྤགས་མཐུག་ཚད་སོར་ལ་གཞལ་བའི་མདོ་མེད་མི་དང་མི་མོ་མྱུག་མྱུག་འདུར།།
དེ་ལྟ་ན་ཡང་དོན་ལྔ་སྣོད་དྲུག་ཁ་བའི་བམ་ཁ་ལྟར་དུ་དཀར་གཟེངས་སེ།།
ཤེས་ནས་ཡིད་ཆེས་གཏིང་ནས་རྙེད་དེ་བདེན་པ་བདེན་པར་གོ་བའི་ཁྱེད་ཀྱི་ཁོལ།།
མྱེ་ཡི་ངོགས་དང་སྤུ་གྲིའི་ཁ་རླངས་ཆལ་ཆིལ་གཡོ་བའི་ཀློང་ནས་འབོད་སྒྲ་འཕུར།།
བདག་དང་བདག་འདྲའི་རྒྱབ་རི་སྨུག་པོ་ཡོད་ཚད་ཁྱེད་ལ་ཁེན་ཡོད་ཁ་བའི་སྲོག །
གསང་བ་གསུམ་གྱི་གཏེར་མཛོད་ཆེན་པོ་ཇི་ལྟར་ཉུལ་ཡང་ཕ་མཐའ་མངོན་པ་མེད།།
བྱིས་བློ་གསར་བའི་རི་དར་རྗིད་པོ་ཙག་དང་རླུང་བུ་ངར་མའི་གཅོག་ན་ཐང་།།
སྙན་འཇེབས་ངག་གི་སྒྲོལ་མ་གསུངས་འབྱོན་ཀློག་མཁན་ཁྲི་མ་འབུམ་ལ་སྐྱེས་སུ་འདེགས།།
སྒྱུ་རྩལ་ལམ་གྱི་ཚིག་རིས་བཙན་པོས་སྡར་མ་མང་པོར་ཁྲིད་དབང་བསྩོལ་བར་ཤོག །
༢༠༡༢/༡༢/༣ལ་བྲིས།
བཀའ་དྲིན་ཆེ། ཡག་པོ་འདུག
༧སྐུ་པར་ཡག་པོ་འདུག