ཡོང་ཁུངས། བོད་ཀྱི་དུས་བབ།
ད་ལོའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ཁྲོད། བོད་མིའི་ཡ་རབས་བཟང་སྤྱོད་ཉམས་ཆག་ཆེན་པོ་བྱུང་སྟེ་ཆོལ་ཁ་ཆོས་ལུགས་ཕྱོགས་འཐེན་གྱི་རྣམ་པ་ཤུགས་ཆེན་བྱུང་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་དག་ལ་གླེང་ཕྱོགས་སྣ་ཚོགས་བྱུང་ཞིང་། མང་ཚོགས་ཀྱི་ཆེ་མཐོང་དང་བརྩི་བཀུར་ཉམས་པ་སོགས་ཀྱི་གནས་སྟངས་བྱུང་ཡོད།
དེ་བཞིན། འོས་བསྡུའི་ལས་རིམ་ཁྲོད་ཀྱི་གནས་ཚུལ་ཁག་ཅིག་ལ་བརྟེན་ཏེ་༧གོང་ས་མཆོག་ལ་ཐུགས་ཕམ་བྱུང་བ་བཅས་ལ་བརྟེན་ཏེ། ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཚོགས་ཆུང་འཛུགས་དགོས་པའི་གྲོས་ཆོད་བྱུང་དོན་ལྟར། ཟླ་སྔོན་མའི་ཚེས་ ༡༤ ཉིན་བཀའ་སྤྱི་གཉིས་དང་འོས་བསྡུའི་འགན་འཛིན་བཅས་ལས་གྲུབ་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ཞིག་བཙུགས་ཡོད།
འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གིས་དོན་ཚན་གཉིས་ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “དང་པོ། བར་ལམ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་དཀའ་ངལ་འཕྲད་པ་ལ་གཞིགས་ཏེ། འོས་བསྡུའི་སྒྲིག་གཞི་ལ་དུས་བསྟུན་ལེགས་བཅོས་གནང་སྒོ་ཇི་ཡོད་དང་། གཉིས་པ། མ་འོངས་པར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྤྱི་སྒེར་སུ་ཐད་ནས་འོས་གཞི་འདོན་ཕྱོགས་ཇི་དགོས།” ཞེས་པའི་དོན་ཚན་གཉིས་ཀྱི་ཐོག་མང་ཚོགས་ཀྱིས་དགོངས་འཆར་གསུང་དགོས་སྐོར་འཁོད་འདུག
མང་ཚོགས་ཀྱི་དགོངས་འཆར་དེ་དག་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བར་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་འབྱོར་དགོས་པ་བཅས་འཁོད་འདུག་སྟབས། འདི་གའི་གསར་ཁང་གིས་ཐེངས་འདིར་ཆེད་དུ་བཙུགས་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གཙོ་བྱས་ཏེ། དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མི་སྣ་ཚོར་བཅར་འདྲི་ཞུས་པ་བརྒྱུད་དེ་དགོངས་འཆར་བསྡུས་ཡོད།
ལོང་བས་ལོང་བ་ལམ་ཁྲིད་མི་ཐུབ་པའི་དཔེ་ལྟར་དང་པོ་ཉིད་ནས་ཚོགས་ཆུང་གི་ཚོགས་མི་བསྐོ་ཕྱོགས་ནོར་ཡོད་།་ཀརྨ་ཡེ་ཤེས་ལགས་ སྲིད་སྐྱོང་བློ་སངས་ལ་བཀྲིན་ཆེས་བསམ་ཤེས་བྱ་དགོས་པས་དྲང་པོ་ཡོང་ཐབས་རེ་བ་བྱ་ས་ག་ཡོད།
དྲ་ཐག་སྐྱོ་བས་གོ་ཐུབ་མ་སོང་ཡང་འོས་བསྡུའི་སྒྲིག་
གཞི་དང་བཅའ་ཁྲིམས་གཉིས་ཀར་བསྐྱར་བཅོས་འགྲོ་དགོས་པ་མང་པོ་འདུག་ན་རང་གི་བསམ་འཆར་
ཁག་རིང་མིན་ཚོགས་དྲུང་ལས་ཁུང་ལ་འབུལ་ཆོག་པ་ཞུ་།
ཀརྨ་ཡེ་ཤེས་ཟེར་བས་ད་བར་ལོ་མང་རིང། དབུས་གཙང་མི་དམངས་འོས་ཤོག་གིས་འཚོ། སྤྱི་ལྷན་ནང་ཆབ་སྲིད་ཀྱི་ཨམ་མཆོད་མུ་གཏོ་བ་ཁམས་པའི་རྒྱུགས་ཁྱི་ཞིག་རང་བྱས་ནས་བསྡད། དེའང་། ཨམ་མཆོད་མུ་གཏོ་བ་ཁོ་པ་རང་གིས་བཞེངས་པའི་ཆབ་སྲིད་ཆོ་གའི་གཏོར་མ་ནི། ཚོན་གཟུགས་གཉིས་ཀ་མདོ་སྔགས་ཀྱི་ཆོ་གའི་ལུགས་གང་དུའང་མ་ངེས་པ། བོད་རྩམ་གྱིས་བཟོས་པ་མིནཔ། བྱེ་མའི་གཏོར་མ་གཅིག་རང་བྱ་ནས་བསྡད་པ་རེད། ད་ཆ་སྲིད་སྐྱོང་གི་ཁོག་སྟོང་རིང་ལུགས་པའི་རྒྱུགས་ཁྱི་རང་བྱས་ནས་སྡོད་རྒྱུ་ལས་མེད་པས་དྲང་པོ་ཞིག་གང་ནས་བྱེད་ཡོང་། ཚང་མས་གཟབ་དགོས། མི་རབས་གསར་པའི་སྐུ་དྲག་ཡིན་སྐད་པ་མི་དེ་ཚོ་ལ་ཡིད་ཆེས་ཡེ་ནས་མེད་དོ།།
ཀརྨ་ཡེ་ཤེས་ཀྱི་རང་བཙན་ལྟ་བ།
བཀའ་བློན་ཆགས་སོང། རང་བཙན་ག་ལེ་བཞུགས། ཚེ་དབང་རིག་འཛིན་ག་ལེ་བཞུགས། བསྟན་འཛིན་བཙུན་འགྲུས་ཉིད་ཀྱང་ད་ངོ་མི་ཤེས། ཚེ་བརྟན་ནོར་བུ་མགོ་བདེ་ཡིན་ཞེས་བརྗོད་མཁན་འདི། ད་ཆ་རང་ཉིད་བཀའ་བློན་ཆགས་པ་ན། རང་བཙན་སུས་དགོས་པ་བརྗོད་ཀྱིས་ཟེར།
སྤྱི་ཚོགས་གསར་པའི་སྐུ་དྲག་གསར་པ་དེ་དག་ལ། ལྟོ་བཟོ་གང་འདུག་དྲང་པོ་གསུངས་དང་ལ།