ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ཐོག་གང་ཟག་སྒེར་གྱི་བསམ་ཚུལ་གླེང་འདོད་བྱུང་། མང་གཙོ་དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་འོག་མི་མང་འཚོ་ཐུབ་མིན་དེ་འོས་བསྡུའི་ལས་རིམ་ལ་རག་ལས་པ་དང་། ཡར་ཐོན་མང་གཙོའི་རྒྱལ་ཁབ་ནང་སྲིད་འཛིན་དང་སྲིད་བློན་གྲོས་ཚོགས་འཐུས་མི་སོགས་འོས་བསྡུ་བྱ་སྐབས། འོས་བསྡུ་ཐེངས་གཅིག་གིས་ལས་དོན་འགྲུབ་བཞིན་པ་ནི་ལས་དོན་ཚགས་ཚུད་དང་། དྲང་བདེན་འདྲ་མཉམ། གཞུང་མགྲོན་ཆུང་བ་དང་མི་མང་ལ་བརྡབ་གསིག་མེད་པ་ཕྱོགས་གཏོགས་དང་། འགོ་འདྲེན་ཚོར་གོ་སྐབས་ཉུང་བ་བཅས་ཆབ་སྲིད་ཀྱི་གནད་དོན་མང་པོའི་ཐོག་ཁེ་ཕན་ཡོད་པའི་འོས་བསྡུའི་ལམ་ལུགས་ལ། ང་ཚོའི་རྒྱང་མིག་དང་ཟུར་ཉན་བྱ་ར་བྱས་ནས་སྙིགས་དོར་བཅུད་ལེན་རྒྱུད་ནས་ང་ཚོའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་མ་འོང་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་། དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་རིགས་འཚོ་ཐུབ་པའི་འགན་དེ་ད་ལྟའི་ང་ཚོའི་མི་རབས་འདིའི་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་ངོ་སྤྲད་པའི་ལས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ། སྔོན་འགྲོ་དངོས་གཞི་ཟེར་བའི་ཐ་སྙད་འདི་ནང་དོན་རིག་པའི་ལྟ་གྲུབ་ལ་འགན་འཁུར་བའི་ཐ་སྙད་ཙམ་ལས། སྲིད་དོན་ཚན་རིག་དང་བར་ཐག་འགྱངས་པས། འདིས་འོས་བསྡུའི་ལས་རིམ་ལ་ཕན་ལས་གནོད་ཆེ་བ་ནི་སྔོན་འགྲོ་དངོས་གཞི་གཉིས་ལ་ཚོགས་སྐྱིད་ཁག་དང་མི་སྒེར་སོགས་ནས་ས་འོག་དར་ཐག་བརྒྱུད་ལུང་ཚན་ཤོག་བསྒྲིལ་དང་། ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་སྔ་ས་ནས་མི་མང་གི་མང་གཙོའི་ཐོབ་ཐང་བདམ་བྱ་འདེམ་བྱེད་ལ་དོ་ཕོག་གཏོང་བའི་གོ་སྐབས་ལེན་སྲིད་པ་དང་།
སྔོན་འགྲོ་དང་དངོས་གཞི་འོས་བསྡུ་གཅིག་ལ་འོས་ཐེངས་གཉིས་འཕེན་དགོས་པ་དེ་དག་གཞུང་གྲོན་འཕར་མ་དང་། མི་མང་ལ་བརྡབ་གསིག་མང་བ་སོགས་ལེགས་ཆ་ལས་ཞན་ཆ་མང་བ་བཅས། ཡར་ཐོན་མང་གཙོ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མཐུན་པའི་ཆེད་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ལ་ད་མུས་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་མི་དགོས་པ་བྱས་ནས་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་གནང་ནས་སྲིད་སྐྱོང་ལ་འོས་དམིགས་མི་གསུམ་དང་། ཆོས་ལུགས་སྤྱི་འཐུས་ལ་འོས་དམིགས་མི་དྲུག་རེ་དང་། ཆོལ་ཁའི་སྤྱི་འཐུས་ལ་འོས་དམིགས་མི་སུམ་བཅུ་རེ་བཅས་ཕྱི་རྒྱལ་ཁག་ལ་འང་སྤྱི་འཐུས་རེར་འོས་དམིགས་མི་གསུམ་རེ་བཅས། འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ནས་མིང་འདོན་གནང་བ་དེ་དག་འོས་གཞི་ལ་བཞག་ནས་མི་མང་ནས་འོས་འཕེན་དགོས་པ་དང་།
གོང་གསལ་སྲིད་སྤྱིའི་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ནང་བཀའ་ཤག་གི་སྐུ་ཚབ་དང་སྤྱི་འཐུས་ཀྱི་སྐུ་ཚབ་ཆོས་ལུགས་དང་ཆོལ་ཁའི་སྐུ་ཚབ་ལས་གྲུབ་པའི་མི་སྣ་བསྐོ་བཞག་དགོས་པ་དང་། མི་འགྲོ་དེ་དག་ཁུངས་སོ་སོ་ནས་མང་གཙོའི་ལམ་ལུགས་དང་མཐུན་པའི་འོས་བསྡུའི་ལམ་ནས་ཡོང་དགོས་པ་བཅས། ད་མུས་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་ཟེར་བའི་ནང་དོན་རིག་པའི་ཐ་སྙད་ནས་སྲིད་དོན་ཚན་རིག་གི་མང་གཙོ་སྤྱིའི་ལྟ་གྲུབ་དང་མཐུན་པའི་འོས་བསྡུའི་ལས་རིམ་ནང་ང་ཚོ་ཁ་ཕྱོགས་དགོས་པ་དེ། འདས་པའི་ལོ་རྒྱུས་ལ་འགན་འཁུར་ནས་མ་འོངས་མདུན་ལམ་ལ་གཞི་བརྟན་དང་གསལ་ཁ་གཏོད་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་།
་་་་་་སྲིད་སྤྱིའི་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ནང་བཀའ་ཤག་གི་སྐུ་ཚབ་དང་སྤྱི་འཐུས་ཀྱི་སྐུ་ཚབ་ཆོས་ལུགས་དང་ཆོལ་ཁའི་སྐུ་ཚབ་ལས་གྲུབ་པའི་མི་སྣ་བསྐོ་བཞག་དགོས་་་་་་་
་
སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་16 པའི་འོས་བསྡུ་ཚད་ལྡན་ཞིག་དང་སྤང་བླངས་ཚུལ་བཞིན་ཡོང་བར་རེ་སྐུལ་བཀའ་སློབ་གནང་བ་འདི་ལ་གསན་གཟིགས་གནང་རོགས།
https://www.facebook.com/119306658803462/videos/120039915396803/?hc_ref=ARS-xkEIc2pcD6xRljV7j-NC1y6fEgHb9QWko2bACSkILhhrw0SOxSH-u6MOZ5Nax9Y
མི་འདི་ཁྱད་མཚར་ལ། མང་གཙོ་ལག་ལེན་བསྟར་ཤེས་མཁན་ཞིག་ལ་མཚོན་ན་འོས་བསྡུ་ཐེངས་གཉིས་དགོས་པ་དེ་ལེགས་པ་ཡོད། མ་གཞི་ནས་མི་མང་གིས་ངེས་པར་དུ་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ནས་མིང་འདོན་གནང་བའི་འོས་མི་དེ་དག་ལ་མ་གཏོགས་འོས་བླུག་ཆོག་གི་མེད་ན་དེ་ནི་རྒྱ་ནག་གཞུང་གི་དམངས་གཙོ་དང་གཅིག་པ་རེད།
ད་གཞུང་པ་ཁྱོད་བསམ་བློ་ག་རེ་གཏོང་གི་ཡོད། ཐོག་རྒྱག་ལ་འོས་བསྡུའི་སྐོར་བཤད་ཡོང་གི་འདུག
སྨྲ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱིས་བསྟན་།
ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
རང་རང་བསམ་ཚུལ་གླེང་སའི་རྒྱུད་ལམ་མང་།
ལྷག་བསམ་རྨ་མེད་དྲང་གཏམ་གཅེར་བུ་འདི་།
ལྷག་བསམ་འགན་འཁུར་བཅའ་ཁྲིམས་ཆ་རྐྱེན་འོག་།
ལྷག་བསམ་དངས་བས་བསམ་ཚུལ་བརྗོད་པ་འདི་།
ལྷག་བསམ་ཅན་གྱི་དགོང་པར་མ་འགག་ཤོག་།
ལྷག་བསམ་དངས་བས་བསམ་ཚུལ་བརྗོད་པ་འདི་།
འདི།
ལྷག་བསམ་དྭངས་བས་བསམ་ཚུལ་བརྗོད་པ་འདི་།
༢༠༡༧ ༩ ༡༩ ནས་འཚོགས་གཏན་འཁེལ་བའི་གྲོས་ཚོགས་གསུམ་པར་དོ་སྣང་སྤྲད་དགོས་ས་ཞིག་འོས་བསྡུ་དང་འབྲེལ་བའི་ཁྲིམས་འཆར་སྙན་ཐོ་དེ་རེད། དགོངས་འཆར་འབུལ་རྒྱུའི་དུས་ཚོད་ཡོལ་ཚར་བ་རེད་ལགས།
དེ་རིང་ཕྱི་ཟླ་དགུ་པའི་ཚེས་བརྒྱད་རེད་གྲོས་ཚོགས་ཚེས་བཅུ་དགུ་ལ་ཚོགས་ཀྱི་ཡོད་ན་དུས་ཚོད་ག་འདྲ་བྱས་མེད་པ་ཡིན་ནམ་?
སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་མང་གཙོ་བསྲ་བརྟན་དང་དྲང་བདེན་འདྲ་མཉམ་མང་གཙོ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མཐུན་ཆེ་བ་གཞུང་མགྲོན་ཆུང་བ་མི་མང་ལ་བརྡབས་གསིག་མེད་པ་སྤྱི་ཚོགས་ནང་གཏན་ལྷིང་ཐུབ་པ་སོགས་ཞན་ཆ་ལས་ལེགས་ཆ་མང་བ་བཅས་ཆབ་སྲིད་ཀྱི་གནད་འགག་དང་རྒྱུ་ཚན་དུ་མ་ལ་གཟིགས་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ད་ལམ་ཚོགས་སྟེང་དུ་སྲི་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་མ་རེད་དམ་།
རིང་མིན་ཚོགས་ལ་ཉེ་བའི་སྤྱི་འཐུས་གྲོས་ཚོགས་སྟེང་
སྲིད་སྤྱིའི་འོས་སྒྲིག་བསྐྱར་བཅོས་ཙམ་མིན་པ་བཅའ་ཁྲིམས་དོན་ཚན་བརྒྱད་པ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་ངེས་པར་དུ་གཏན་འབེབས་གནང་དགོས་པ་དེ་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་གར་གྱི་ཡུལ་མི་བཟོ་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བ་འདིའི་ནམ་ཞིག་བཙན་བྱོལ་སྒྲིག་འཛུགས་ལ་ཆབ་སྲིད་ཀྱི་བརྡོ་ཕོག་ཡོང་མི་སྲིད་པ་མིན་ན་འཛིན་སྐྱོང་སྡེ་ཚན་དང་ཁྲིམས་བཟོ་སྡེ་ནས་ཐུགས་གནང་དདགོས་པ་མཐོང་།
ཚོཊ་དུས་བཞི་པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་གླེང་འཆར་མི་འདུག
བོད་ཀྱི་དུས་བབ། ཆུ་ཚོད་ ༡ སྔོན་ལ། རིག་པ། (༢)
ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༨ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་རྒྱུ་ཡིན་འདུག
ལོ་རེར་གྲོས་ཚོགས་ཚོགས་དུས་གཉིས་རེ་འཚོགས་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༨ བར་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཞི་པ་དེ་འཚོགས་རྒྱུ་ཡིན་པ་དང་། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ། ཐེངས་འདིའི་ཚོགས་དུས་ཐོག་ལས་རིམ་གཙོ་བོ་ག་རེ་ཡོང་གི་ཡོད་པ་དང་། དམིགས་བསལ་ལས་རིམ་དེ་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ལས་ཉིན་དང་པོར་དམིགས་བསལ་ཞིག་ལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པ་དང་། སྤྱི་ཟུར་ཚེ་རིང་སྒྲོལ་མ་ལགས་འདས་གྲོངས་སུ་ཕྱིན་པ། དེ་བཞིན་བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་ཕྱིན་པ་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་། ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་གི་སྐོར་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་འཆར་ཅན་གྱི་ལས་རིམ་ཁག་ཡོང་གི་ཡོད་པ་དང་། ད་ལན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ལ་ཞིབ་བཤེར་བྱས་ཏེ། དེའི་ཐོག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བརྒྱད་པའི་སྙན་ཐོ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ཁྲ་དང་འབྲེལ་བའི་ལས་བསྡོམས་ལ་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་སྙན་ཐོ་བཅས་ཀྱི་ཐོག་ལ་བགྲོ་གླེང་གནང་སྟེ་མཇུག་སྐྱོང་དགོས་པའི་གྲོས་ཆོད་ཁག་ཅིག་ཡོང་གི་ཡོད་སྐོར་གསུངས་བྱུང་།
སྤྱི་ཚོགས་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བསམ་ཚུལ་འདོན་མཁན་དང་གླེང་སློང་བྱེད་མཁན་མང་པོ་ཡོང་གི་ཡོད་སྟབས། ད་ལན་གྱི་ཚོགས་དུས་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བགྲོ་གླེང་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། དེ་སྔོན་གྱི་གྲོས་ཚོགས་ནང་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གིས་སྒྲིག་གཞི་བསྐྱར་ཞིབ་གནང་བ་བརྒྱུད་བཀའ་ཤག་གིས་དེའི་ཐོག་ལ་ཐེངས་རྗེས་མའི་གྲོས་ཚོགས་སྐབས་བཟོ་བཅོས་ཀྱི་གྲོས་འཆར་གནང་གི་ཡིན་གསུངས་ཡོད་སྟབས། ད་ལན་གྱི་གྲོས་ཚོགས་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་ཞིབ་སྐོར་ལ་བགྲོ་གླེང་གནང་གི་མ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།
གཞན་ཡང་། བཀའ་ཤག་གི་ངོས་ནས་ཕྱི་འབྲེལ་བཀའ་བློན་འོས་འདེམས་ཀྱི་ལས་རིམ་བསྣམ་ཕེབས་ཀྱི་ཡོད་མེད་དྲིས་པར། རྩ་བའི་ང་ཚོས་ཚོགས་དྲུང་ལས་ཁུངས་བརྒྱུད་བཀའ་ཤག་ལ་གྲོས་ཚོགས་ནང་ལས་རིམ་ག་རེ་ཡོང་དགོས་མིན་དང་། ཁྲིམས་སྒྲིག་གཞི་ག་རེ་བསྐྱར་བཅོས་དགོས་མིན་གྱི་སྙན་ཐོ་ཞིག་ཕུལ་བ་བརྒྱུད། བཀའ་ཤག་གི་ངོས་ནས་ཁྲིམས་སྒྲིག་བསྐྱར་བཅོས་དགོས་པའི་བཀའ་ལན་ཕེབས་ཡོད་པ་རེད། དེ་མིན་ཕྱི་འབྲེལ་བཀའ་བློན་འོས་འདེམས་ཀྱི་ལས་རིམ་སྐོར་གང་ཡང་གསུངས་མི་འདུག ལས་རིམ་དེ་གྲོས་ཚོགས་མ་འཚོགས་པའི་ཉིན་གཅིག་གཉིས་ཀྱི་སྔོན་ལ་མ་གཏོགས་ཡོངས་གྲགས་གསལ་བསྒྲགས་གནང་གི་མ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།
མཇུག་ཏུ་གསར་འགོད་པས་ད་ལན་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་གཙོ་བོ་ག་རེ་ཕུལ་ཡོད་མེད་དྲིས་པར། ད་སྔར་བོད་སྐད་ཡིག་སྐོར་གྱི་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་གཅིག་མ་གཏོགས་གཞན་འབྱོར་མེད་སྐོར་གསུངས་བྱུང་།
གསར་འགོད་པ། པདྨ་རྒྱལ།