རྫ་ཆུ་སྔོན་མོ།
ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན། དྷ་རམ་ས་ལའི་དབུས་འོས་བསྡུ་ལས་ཁུངས་ནས། འཆར་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་འོས་བསྡུའི་ལས་རིམ་གསར་འགོད་གསལ་བསྒྲགས་བྱས་པ་ནས་བཟུང་། བོད་མི་ཡུལ་གྱར་པའི་ཁྲོད་དུ་ཚུལ་དང་མཐུན་མིན་གྱི་རྣམ་པ་དུ་མའི་ཐོག་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་ཁྱབ་བསྒྲགས་ཀྱི་ཡོ་ལང་ཆེན་པོ་ཞིག་བྱུང་དང་འབྱུང་གིན་པ་ནི་ཀུན་ལ་ཤེས་རྟོགས་ཡོད་པའི་གནས་ཚུལ་རགས་པ་ཞིག་རེད། སྤྱིར་བཏང་། དམངས་གཙོ་ཞེས་པའི་ཐ་སྙད་བྱར་རུང་བའི་གཞུང་དང་སྒྲིག་འཛུགས་གང་ཞིག་ཡིན་ཀྱང་། ཡུལ་དེའི་མི་མང་གི་དབུ་ཁྲིད་བསྐོ་བཞག་གི་དུས་ན་འོས་བསྡུའི་ལམ་ནས་འགྲོ་དགོས་པས། འོས་གཞིའི་ཆ་རྐྱེན་ཚང་བའི་མི་སུ་ཡིན་རུང་། རང་ཉིད་ལ་ཐུན་མོང་གི་བྱ་བའི་འགན་འཁུར་རྒྱུའི་འདུན་པ་དང་བློ་སྤོབས་ཡོད་ན། ཐོག་མར་རང་ཉིད་ཀྱི་ལངས་ཕྱོགས་དང་། འཇོན་ཐང་། མཉམ་མྱོང་། འཆར་གཞི། སློབ་སྦྱོང་གི་བརྒྱུད་རིམ་སོགས་མི་མང་ལ་ངོ་སྤྲོད་དང་། ད་དུང་འོས་གཞི་ཕན་ཚུན་ལ་མ་འགྲིག་པ་དང་མ་འཐུས་པའི་སྐྱོན་ཐེར་འདོན། བགྲོ་གླེང་སོགས་འགྲན་བསྡུར་གྱི་རྣམ་གྲངས་མང་པོ་ཞིག་བརྒྱུད་དགོས་པ་ནི་དམངས་གཙོའི་ལམ་སྲོལ་དར་བའི་ལུང་པ་ཚོའི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་བརྩི་རུང་མོད།
འོན་ཀྱང་། བོད་མི་ཡུལ་གྱར་པའི་སྒྲིག་འཛུགས་འདི་དམངས་གཙོའི་ལུང་པ་གཞན་དག་དང་མི་འདྲ་བར། མིའི་ལུང་པར་གཞན་དབང་སྟབས་བསྟུན་གྱི་འོག་གཞུང་གི་ལྷན་ཁང་ཁག་ཚགས་ཚུད་པོ་མེད་པ་དང་། མང་ཚོགས་ལ་བསམ་བློའི་གོ་རྟོགས་དམན་པ། ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་སོཊ་ཀྱི་རྐྱེན་པས། སྲིད་སྤྱིའི་འོས་བསྡུ་སོགས་གཞུང་གི་ལས་དོན་མང་པོ་ཞིག་གི་ཐད། ཆིག་སྒྲིལ་དང་བཟང་སྤྱོད་ཀྱིས་ཕོངས་པའི་རྣམ་པ་ཞིག འགོ་བཀའ་ཤག་ནས་མང་ཚོགས་དཀྱུས་མའི་བར་མཐོང་རྒྱུ་ཡོད་ལ། འདི་ནི༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་བགྲེས་ཡོལ་དུ་ཕེབས་ཤུལ་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་པའི་ཆག་སྒོ་ཞིག་རེད།
ད་ཐེངས་སྲིད་སྤྱི་གཉིས་ཀྱི་འཕོ་འགྱུར་འདིའི་ཁྲོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཨ་ཚོགས་ཀླུ་མཁར་བྱམས་གཉིས་སྲིད་སྐྱོང་འོས་མིར་བཞེངས་སྟངས་འདི་འོས་བསྡུའི་སྒྲིག་གཞི་དང་འགལ་ཞིང་། བོད་མིའི་བཟང་སྤྱོད་དང་མི་མཐུན་པས། ཁོང་གཉིས་དང་རྒྱབ་སྐྱོར་བ་ཚོའི་གནང་ཚུལ་ལ་གཞིག་ནས་བསམ་ཚུལ་ཐུང་ཙམ་བྲི་ན།
དེ་ཡང་། སྔ་ལོར་བཀའ་ཤག་གིས་བོད་མིའི་བདེན་དོན་གྱི་ཆེད་དུ་ཁ་གཡར་ནས། སྤྱི་ནོར་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་གནང་སྩོལ་ཡོང་བར་ཞུས་དོན་ལྟར། ཕྱི་ལོ་ ༡༦ ཟླ་ ༡ ཚེས་ ༡༥ ནས་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད། འདི་ནི་བློ་བཟང་སེང་གེས་སྲིད་སྐྱོང་གོ་གནས་བསྐྱར་དུ་ཐོབ་པའི་ཕྱིར་གོ་སྒྲིག་ཅིག་ཡིན་པའི་གླེང་གཞི་མི་མང་ནས་གྲོས་ཚོགས་བར་ཁྱབ། བར་ལམ་ཞིག་ནས་ཁོ་རང་གིས་ཀྱང་སུད་ཚོང་པ་དང་། སློབ་ཕྲུག ལས་བྱེད་སོགས་ལ་དུས་དབང་ཁྱེད་ཚོ་ཁོ་ནའི་ཆེད་དུ་གོ་སྒྲིག་བྱས་ཚུལ་གྱི་གཏམ་བཤད་སྤེལ་ཏེ། མི་མང་བསླུ་བྲིད་ཀྱི་ཟློས་གར་ཞིག་འཁྲབ་འགོ་བརྩམས་ཡོད་པ་མ་ཟད། དུས་དབང་སྐབས་འོས་བསྡུའི་ཁྱབ་བསྒྲགས་བྱ་རྒྱའི་འཆར་གཞི་མང་པོ་ཞིག་ཀྱང་བསྒྲིགས་ཡོད་སྐད།
དེ་ལྟ་ནའང་། ཉེ་ཆར་ཕྱི་ཟླ་༨ ཚེས་ ༣༡ ཉིན། སྲིད་སྐྱོང་གིས་གློ་བུར་ཐོག་རྒྱག་ལ། ལས་ཤོག་དང་ལས་རྟགས་ཅི་ཡང་མེད་པའི་ཤོག་བྱང་ཞིག་གི་སྟེང་འཆར་ལོའི་དུས་དབང་ལོ་གཅིག་ཕྱིར་འགྱངས་བྱ་རྒྱུའི་གསལ་བསྒྲགས་བྱས་པ་རེད། དེ་ཡང་༸སྐུ་མདུན་ལ་སྐུ་ངལ་གསོ་བའི་ཆེད་མཛད་འཆར་ཉུང་འཕྲི་ཡོང་བའི་གསོལ་འདེབས་ཞུས་པ་ཞིག་ཡིན་རབས་བསྒྲགས། སྐུ་ངལ་གསོ་བ་ཙམ་ཡིན་ན། འདུམ་བདེ་པོ་དང་རྙོག་གྲ་མེད་པ། ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་སུ་བསྟུད་མར་བདུན་ཕྲག་གསུམ་གྱི་མཛད་འཆར་ནས་ཉུང་འཕྲིའི་ཐབས་ཤེས་མི་གནང་བར། ངེས་པར་དུས་དབང་ཕྱིར་འགྱངས་བྱེད་དགོས་དོན་ཅི་རེད། མི་མང་པོ་ཞིག་གིས་རྡོར་གདན་དུ་ཁང་པ་གླས་པ་དང་། གནམ་གྲུ་དང་མེ་འཁོར་སོགས་ཀྱི་འཛིན་བྱང་ཉོས་ཟིན་པས། དད་ལྡན་སྦྱིན་བདག་དང་། ཆོས་ཞུ་བ་རྣམ་པར་དོ་ཕོག་འགྲོ་བ་བཀའ་ཤག་གིས་མ་དགོངས་པ་ཡིན་ནམ།
ཁྱད་མཚར་ཞིག་ལ། དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་བྱས་པའི་ཉིན་ཤས་རྗེས་ལ་༸སྐུ་སྒེར་གྱི་དྲ་རྒྱའི་ཐོག་ལྷོ་ཕྱོགས་སུ་བདུན་ཕྲག་གསུམ་གྱི་མཛད་འཆར་ལ་ཉིན་ལྔ་འཕར་སྣོན་གྱི་གསལ་བསྒྲགས་གནང་། དེར་བརྟེན། དུས་དབང་ཕྱིར་འགྱངས་དེ། སྐུ་ངལ་གསོ་བའི་གསོལ་འདེབས་ཤིག་ལས་བྱུང་བ་མིན་པར་སྲིད་སྐྱོང་གི་གནང་སྟངས་འགའ་ཞིག་མཚམས་དང་ཚིགས་ལས་ཅུང་ཟད་བརྒལ་ཏེ་༸སྐུ་སྒེར་རང་ནས་ཕྱིར་འགྱངས་བྱེད་དགོས་པའི་བཀའ་ཕེབས་པ་ཞིག་ཡིན་པ་གཏན་འཁེལ་ནས་ཞུ་ཚོད་ཐུག་པ་ཞིག་རེད།
ཡང་བདུན་ཕྲག་འགའི་སྔོན་ཙམ་དུ། སྲིད་སྐྱོང་གིས་གཞུང་འབྲེལ་གྱི་མིང་ཐོག་ནས་རྒྱ་གར་ལྷོ་ཕྱོགས་སུ་འདས་པའི་ལས་དོན་བྱས་འབྲས་དང་། མ་འོངས་བྱེད་འཆར་ཁག་ངོ་སྤྲོད་ཀྱི་འགྲུལ་བཞུད་འདི་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་ཅན་གྱི་ནང་གསེས་བརྒྱད་པར། « སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་སུ་ཡིན་རུང་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ལས་དོན་དེ་དང་འབྲེལ་བའི་གནད་དོན་ཁོ་ན་མ་གཏོགས། དེ་མིན་དངོས་སུ་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་འདས་པའི་ལས་དོན་བྱས་འབྲས་དང། མ་འོངས་བྱེད་འཆར་སོགས་ཀྱི་གཏམ་བཤད་རིགས་གཏན་ནས་མི་ཆོག » ཞེས་པ་དང་ཡོངས་སུ་འགལ་ཡོད་དེ། འདི་ལ་གཞུང་དང་མི་མང་སུས་ཀྱང་དོ་སྣང་མེད་པ་ལྟ་བུའི་ཚོར་སྣང་བྱུང་བས། ནང་གསེས་བརྒྱད་པ་དེའི་མཇུག་ཏུ། «དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ་ཡིན་» ཞེས་པ་ནི་ཤོག་གུའི་སྟེང་གི་རི་མོ་ཙམ་ཞིག་ཏུ་འགྱུར་ངེས་རེད།
ཁོང་ཉིད་འགྲུལ་བཞུད་ཀྱི་སྐབས་དེར། མོན་གྷོ་རང་བདེན་ཚོགས་ཆུང་གི་ཚོཊ་གཙོ་དང་མི་འགས་ལྐོག་གྲོས་བྱས་ཏེ། ད་ལན་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཟེངས་བསྟོད་ཅིག་ངེས་པར་འབུལ་དགོས་ཞེས་བཙན་ཚུགས་ཀྱིས་ཞུས་པར། ས་འགོས་གཟེངས་བསྟོད་འབུལ་ན་གྲུབ་འབྲས་ག་འདྲ་ཞིག་གི་མཚན་ཐོག་ལ་འབུལ་ཞུས་ཏེ་གནས་སྐབས་གཡོལ་རྩིས་བྱས་ཀྱང་མ་གསན་པར། ལྷོ་སྤྱི་ལས་ཁུངས་ལྟག་ཤེད་དུ་འཁྱེར་ནས་ཁྱི་སྤྱང་ལག་སྦྲེལ་གྱིས་གཟེངས་བསྟོད་འབུལ་རྒྱུའི་ཐག་གཅོད་གནང་བཅུགས་ཤིང་། མཛད་སྒོ་དེར་མི་སུ་མ་ཕེབས་ན་ཧིན་སྒོར་༢༠༠ཆད་པ་གཅད་རྒྱུ་བྱས་འདུག རང་བདེན་ཚོགས་ཆུང་གི་ཚོཊ་གཙོ་ནི་གོ་བོ་ཕན་བདེ་ཞུ་བ་དེ་རེད། ཁོ་པར་དེ་སྔོན་ཁང་ཚན་གྱི་སྤྱི་དངུལ་ལྐོག་ཟ་བྱས་པའི་རྙོག་གྲ་ཆེན་པོ་ཞིག་ཀྱང་བྱུང་ཡོད།
ཡང་སྐབས་དེར། ལྷོ་སྤྱི་ཀརྨ་དགྲ་འདུལ་དང་ལས་རོགས་ཆོས་འཕེལ་གཉིས་ཀྱིས། བྷེལ་ཀོབ་ས་འགོར་ཡང་རིང་མིན་སྲིད་སྐྱོང་ཡུལ་དེར་ཕེབས་འབྱོར་བྱུང་འཕྲལ་མོན་གྷོའི་གཟེངས་བསྟོད་འདྲ་བ་ཞིག་འབུལ་དགོས་པའི་བཙན་བཀའ་བཏང་སྟེ། བྷེལ་ཀོབ་གཞིས་ལས་དང་ས་གྲོས་ཛ་དྲག་གི་ཚོགས་འདུ་བསྐོངས་ནས་གྲོས་བསྡུར་བྱས་ཀྱང་། མཐར་ལྷོ་སྤྱི་ལས་ཁུངས་ཀྱི་བཀའ་ཟློག་མ་ནུས་པར་མ་བྱས་རང་བྱས་གྱུར་པ་རེད།
ཁོ་པ་གཉིས་ནི། སྲིད་སྐྱོང་གི་མཛུབ་མོ་གར་བསྟན་ཤར་གནང་མཁན་ཞིག་ཡིན་པ་མ་ཟད། ལྷག་ཏུ་ཆོས་འཕེལ་ཞུ་བའི་མི་དེ་ནི། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དངུལ་ལྐོག་ཟ་བྱས་པའི་ནག་ཉེས་ཕོག་སྟེ་གནས་དབྱུང་བཏང་བ་ཞིག་ཡིན་པ་ཤེས་བཞིན་དུ། སྲིད་སྐྱོང་གིས་བདག་པོ་བསྐྱོན་ཏེ་ལྷོ་སྤྱིར་བསྐོ་རྒྱུའི་གྲོས་འགོ་བཏོན། དེ་ལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་དགའ་ལྡན་ཕོ་བྲང་ནས་གནས་དབྱུང་བཏང་བའི་མི་ཞིག་ལྷོ་སྤྱིར་བསྐོས་ན་མི་འགྲིག་པའི་དགག་པ་ཚ་ནན་བསྐྱོན་པར་བརྟེན། ཅུང་གནང་སྟབས་མ་བདེ་བར་ལྷོ་སྤྱིར་ཀརྨ་དགྲ་འདུལ་དང་ཁོ་ལས་རོགས་སུ་བཞག་པ་རེད།
ཨ་ཚོཊ་ཀླུ་མཁར་བྱམས་ནི། བཤད་རྒྱུན་ལ། ཁ་རོ་ལ་འཁོར་ནས་ཆོ་ངེ་མི་འདོན་པར། གྱང་ལ་འཁོར་ནས་འདོན་ཟེར་བའི་དཔེ་ལྟར། སྤུན་ཟླ་རྡོག་རྩ་གཅིག་སྒྲིལ་གྱིས་ཕྱིའི་དགྲ་ལ་རྩོད་རྒྱུ་བསྐྱུར་ནས། རང་རེ་བཙན་བྱོལ་གཞུང་གིས་དམངས་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ལ་ཞེ་ཁྲེལ་ཞིང་། སྤྱི་ནོར་༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨད་ཤུགས་ཆེར་ཞུས་ཏེ། རྒྱལ་བའི་བཀའ་དྲིན་ལ་བསམ་ཤེས་མི་གནང་བའི་མི་ཞིག་ཡིན།
ཁ་རྩང་དེ་རིང་། ཁོང་ཉིད་འབྱུང་འགྱུར་སྲིད་སྐྱོང་གི་འོས་མིར་ལངས་ཏེ། དྲ་རྒྱའི་བརྒྱུད་ལམ་དང་། བོད་མིའི་གཞིས་སྒར་འགའ་ཞིག་ལ་ཡིག་ཉོག་དང་མི་སེམས་འཁྲུག་པའི་འཆལ་གཏམ་མང་པོ་སྤེལ་བཞིན་ཡོད། འདི་ནི་བོད་མིའི་མཐུན་སྒྲིལ་གཏོར་བརླག་ཏུ་འགྲོ་གཞི་ལས། མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་འཕེལ་རྒྱས་སོགས་ལ་འབྲེལ་བ་རྩ་བ་མེད་ལ། ད་རེས་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྨི་ལམ་ཡང་གཏོང་གི་མེད། འདི་ནི་གཙོ་བོ་རང་ཉིད་ལ་སྤྱི་ཚོགས་སྟེང་མཐོང་ཆ་འཇོག་རེག་ཐབས་ཀྱི་གཡོ་འཕྲུལ་ཞིག་དང་། ཞོར་དུ་༸གོང་ས་མཆོག་དང་གཞུང་ལ་ཟུར་ཟ་མཐོང་ཆུང་གི་རྣམ་འགྱུར་ཙམ་ཞིག་རེད།
སྐུ་ཉིད་ལ་རྒྱབ་སྐྱོར་པ་ཚོའི་ངོས་ནས་ཞུས་ནའང་། ཁ་ཅིག་ནི། གཞུང་དང་ལམ་དབུ་མ་ལ་འགའ་མོས་མི་གནང་བ་དང་། རང་བཙན་གྱི་ལྟ་བ་ཁ་ལ་འཁྱེར་ནས་མི་མང་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་སྐོར་ཞིག་རེད། འགའ་ཞིག་ནི། ཁྱེད་ལ་བསམ་པ་རྣམ་དག་དང་། ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་མཁན་ཏེ། ཁྱེད་རང་གི་གཉེན་ཉེ་དང་གྲོགས་པོ་ཉུང་ཤས་ཤིག་རེད། འདི་གཉིས་ནས་ཁྱེད་ལ་འོས་ཤོག་གི་རྒྱབ་སྐྱོར་གང་འཚམས་ཡོང་སྲིད། འོན་ཀྱང་ཁྱེད་ལ་རྒྱབ་སྐྱོར་པ་ཚོའི་གྲས་སུ། རང་ཉིད་ཀྱི་འོས་ཤོག་བློ་སེང་ལ་འཕེན་རྒྱུའི་ཐག་གཅོད་གནང་ཟིན་ཡང་། བརྒྱུད་ལམ་ཁག་ཏུ་སྐུ་ཉིད་སྦིར་བསྒྲགས་བྱེད་མཁན་མི་ཉུང་བ་ཞིག་ཡོད། དེ་ཚོས་ནི་སྤེན་པ་ཚེ་རིང་ལ་འོས་གཅོག་ཐབས་སུ་རློམ་ཏེ་བྱས་པ་ཙམ་ལས། ཁྱེད་ལ་འོས་ཤོག་ལྡུག་གཏན་ནས་མི་སྲིད་པ་ངེས་དགོས་སོ། །
ཡུར་གྱར་སྒྲིག་འཛུགས་མ་རེད། བཙན་བྱོལ་སྒྲིག་འཛུགས་རེད། རྒྱལ་བཙོང་བ་ཁྱོད་ལྟ་བུ་ཚོས་གུན་ཁྲན་ཏང་གི་གང་འབོད་པ་དེར་འབོད་ཀྱི་ཡོད་རེད། གཅིག་རེད།
གཉིས་པ། ཀླུ་བྱམས་ནི་བོད་མི་རིགས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་པའི་ཆེད་དུ་བར་གནས་ཀྱི་སྲིད་ཇུས་འཛིན་མཁན་ཞིག་ཡིན། མ་གཏོགས་དཀྲུགས་རྒན་ཁྱོད་ལྟ་བུ་ཞིག་མིན། ཀླུ་བྱམས་ལ་འོས་བསྡུའི་རྒྱལ་ཁ་འཐོབ་སྲིད་པ་ཡིན། བོད་མི་དམངས་རྨོངས་གཉིད་ལས་སད་འོང་གི་ཡོད།
སྐྱེ་བོ་སྒེར་པ་ཞིག་ལ་གཞི་མེད་སྐྱོན་བརྗོད་བྱེད་འདོད་ན་རང་གཟུགས་སྟོན་མི་ནུས་པ་ཅི་རེད་དམ། ཁ་བརྡ་ཚང་གིས་མི་འདིའི་རང་གཟུགས་ཕྱི་ལ་བཏོན་རོགས་བྱས་ན་དགའ་པོ་ཡོང་བ། སྐྱེ་བོ་སྒེར་པ་ལ་འཐབ་འཛུང་བྱེད་བཞིན་ཡོད་དུས་འཐབ་འཛིང་བྱེད་པོ་འདིའི་རང་གཟུགས་ཕྱི་བཏོན་རོགས་བྱས་ན་ལུགས་མཐུན་རེད་བ།
མགོ་མ་ཚུད་པའི་མི་རྣམས་ཧོན་ལོག་ཟེར་བ་ལྟར། རྫ་ཆུ་སྔོན་མོ་འདི་ཡང་དེའི་ནང་ནས་གཅིག་རེད་འདུག། བཀའ་ཤག་གི་ལས་དུས་རྫོགས་མཚམས་སུ་ཡུལ་མི་ལ་ལས་བསྡོམས་སྙན་སྒྲོན་ཞུ་སྲོལ་ཡོད་པ་རེད། དེ་ནི་སྔར་ནས་ཡོད་པ་ཞིག་ལས་གསར་པ་གང་ཡང་མ་རེད། དེ་ནི་སྐུ་ཉིད་གནས་ཚུལ་ཆ་ཚང་མ་རྟོགས་པའི་སྐྱོན་རེད། མ་ཟད་ས་གནས་ས་ཐོག་ལ་ཕེབས་སྐབས་ཀྱང་འོས་སྡུར་དང་མ་འོངས་འོས་མིར་བཞེངས་ཕྱོགས་སྐོར་དྲི་བ་གཏང་མ་ཡོང་། གང་ཡིན་ཟེར་ན་གནད་དོན་དེའི་རིགས་ལ་ལན་འདེབས་གནང་གིན་མིན་ཞེས་གསལ་པོ་གསུངས་ཡོད་པ་ཞིག་རེད། ད་དུང་ཞུ་ཡ་གཅིག་ལ་གོ་བོ་བློ་བཟང་ཕན་བདེ་ལགས་ཁམས་ཚན་གྱི་སྤྱི་དངུལ་ལྐོག་ཟ་བྱས་པ་ཞིག་མིན་པ་ཁམས་ཚན་རང་གི་ལས་ཤོག་ཐོག་ལ་གསལ་བཤད་གསལ་པོ་བཀོད་ཡོད་པ་ཞིག་དྲྭ་ལམ་གང་སར་མཐོང་རྒྱུ་འདུག་པས་དེ་ནི་གཞི་མེད་སྐྱོན་འཛུག་ལས་གཞི་འཛིན་ས་གང་ཡང་མི་འདུག། ད་དེ་ཙམ་ཡིན། དུས་ཚོད་མེད།
སྐུ་ངོ་སྤེན་པ་ཚེ་རིང་གིས་གླས་པའི་སྨྱུག་དམག་རྒྱག་མཁན་འདི་མི་གཅིག་མིང་མང་ཅན་ཤར་ཕྱོགས་ཁུག་རྟ་རེད་ཟེར། དེ་བདེན་པ་ཡིན་ན་ཁ་སང་དེ་རིང་ཤར་ཁུག་ལྷོ་ཕྱོགས་སུ་མངགས་པ་ནི་འགྲོ་སོང་འཕྲོ་བརླག་མ་རེད་པས། འདི་འདྲ་གཞི་ཚུགས་ས་རྐང་གཅིག་མེད་པའི་ཡིད་ལ་གང་དྲན་ཞིག་སྤེལ་བཞིན་འདུག
དོན་ངོ་མ། དམིགས་ཡུལ་ཡར་རྒྱས་ཤིག་ལ་རེ་བ་བརྒྱབ་ནས་དཀྱིལ་ཡངས་ངང་རྩོད་པ་བགྱི་འདོད་མཁན་ཞིག་ཡིན་ན། ལྟག་ཆོད་ཅན་གྱི་སྐད་ཆ་སྟེ། རང་གིས་མིའི་མི་གཞི་ལ་དམའ་བརྒྱགས་ཚད་ཕབ་སྟེ་ད་དུང་མི་ལ་མིའི་མི་གཞི་ལ་དམའ་མ་འབེབ་ཅེས་སྙོན་དོར་གྱི་སྐད་ཆ་བཤད་འོས་པ་ཞིག་ག་ལ་ཡིན། མ་ཡིན་ཕྱིར། གོང་གི་རྩོམ་དེར་ཐག་བཅད་ཐག་རྡུམ་གྱི་དོན་ཚན་རེ་འགའ་ཡོད་པའི་ཁར། བསམ་ཚུལ་ཡང་རྣོ་ཤོས་གང་ཙམ་གདའ་བ་དེ་ཚོ་ཁར་བླངས་ནས་བསམ་བློ་རྗེ་རེས་ཐུབ་ན། ཏག་ཏག་ངས་གོང་དུ་བཤད་པའི་རྩ་བའི་གནད་དོན་དང་མཐུན་པའི་བགྲོ་གླེང་ཞིག་འོང་བར་འདོད།
ཨ་རོགས་རྫ་ཆུ། ཁྱོད་ཀྱིས་སྐད་གྲགས་ཡོད་པའི་ར་བཟི་དེའིསྐྱུག་པ་ཐུང་ཙང་མཐོང་སྣང་སྐྱུར་མོ་མཐོང་བ་རེད་ ཀླུ་བྱམས་ལ་གཞོན་སྐྱེས་ཤེས་ཡོན་ཅན་མང་པོའི་མཐོང་སྣང་ལ་དངར་མོ་མཐོང་བཞིན་འདུག།
སྐུ་ཞབས་ཀླུ་བྱམས་ལགས་ཀྱིས་གོང་ས་མཆོག་ལ་ཟུར་ཟ་དང་། དབུས་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་སྐྱོན་བརྗོད་བྱེད་ཀྱིན་པ་ནི་སྤྱི་བཏང་གི་གནས་ཚུལ་ཞིག་ལས་གཞན་ཅང་མ་ཡིན་ཕྱིར། སུས་ཀྱང་ཁོས་གང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་ཀྱིན་འདུག་ལབ་པ་དེ། མི་གཞི་ལ་དམའ་འབེབ་མིན་པ་མི་ཤེས་རྒྱུ་ཞིག་ཡིན་དོན་མེད། དངོས་གནས་ཆིག་སྒྲིལ་ཟེར་བའི་རིན་པོ་ཆེ་འདི་བརླག་མི་ཉན་པར་བསམ་བློ་གཏོང་ཐུབ་ཀྱི་ཡོད་ན། འགོ་རྐུབ་སྟེགས་ཅན་ཚོ་ནས་བཟུང་ཆབ་སྲིད་རང་ག་བ་ཞིག་དང་མ་འདྲེས་པར། བསམ་བློ་རྣལ་དུ་བཏང་ནས་སྐད་ཆ་བཤད་བྱ་བ་བྱེད་དགོས་པ་ཞིག་ཅི་མིན་ཨང་། བོད་མི་ཚོས་རང་བདག་ཡག་པོ་རྒྱོབ། བོད་རྒྱལ་ལོ།
ཁུག་རྟས་ཀླུ་བྱམས་ལ་འོས་འཐོབ་ཀིན་མ་རེད་ཟེར་བསྡད་དགོས་དོན་ཅི་རེད་ཞེ་ན། ཀླུ་བྱམས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱི་རེད་བསམས་ནས་སྐྲག་གི་ཡོད་པའི་རྟགས་རེད། ཀླུ་བྱམས་ལ་གཏམ་བཤད་བྱས་མི་བཅུག་པ་འདི་ཡང་ཀླུ་བྱམས་ཀྱི་ཤེས་འཇོན་ལ་སྐྲག་གི་ཡོད་པའི་རྟགས་རེད་ད། ཧཧ
དེང་སང་བརྡ་འཕྲིན་རིག་པའི་དེང་རབས་འདི་ལ་མི་ཞིག་ནག་བསུབ་གཏོང་དགོས་ན་ཁག་པོ་རེད། སྤེན་ཚེ་འཁོར་བཅས་ཀྱིས་བཀག་འགོག་ཅི་ཙམ་བྱེད་ཀྱང་ཕན་འབྲས་ཡོང་གི་མ་རེད། ལྡོག་ཕྱོགས་ནས་ནུས་པ་འཐོན་སྲིད་པ་རེད་ད་་་་་་ཧཧ
གནད་འགོག་རྐྱང་གླེང་འདུག་ང་ཚོ་ཞེན་ཁོག་གི་དབང་དུ་མི་འགྲོ་བར་བསམ་བློ་གཟབ་ནན་གཏོང་རན་རེད། དེང་སང་ཆབ་སྲིད་མི་སྣ་ཁག་ཅིག་གིས་ཁམས་པའི་ལ་རྒྱ་ཡིན་མདོག་གི་སྒེར་དོན་བསྒྲུབ་ཆེད་བྱ་སྤྱོད་མ་རུང་བ་སྣ་ཚོགས་སྟོན་བཞིན་འདུག་པས་ང་ཚོ་ཁམས་པ་མི་མང་ནས་རང་ཚུགས་བརྟན་པོའི་སྒོ་ནས་དེ་དག་ལ་གདོང་ལེན་བྱེད་རྒྱ་གལ་ཆེ་སྙམ། མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ཀྱི་གཡོ་འོག་དུ་ཚུད་ནས་ང་ཚོའི་ཡབ་མེས་བཀའ་དྲེན་ཅན་རྣམས་ཀྱི་བྱས་པ་ནག་གསུབ་ཏུ་གཏང་ནས་སྤྱི་ཚོགས་ཁྲོད་ཁམས་པ་མི་མང་གི་སྣང་བརྙན་ལ་ཆག་གྲིམ་གཏང་ན་གཏན་ནས་མི་འགྲིག
ཀླུ་མཁར་བྱམས་ཡིན་པ་ནི་རྒྱ་དམར་གྱི་འདོད་པ་སྒྲུབ་མཁན་ཞིག་ཡིན་པ་ཇེ་གསལ་རེད། རྒྱ་དམར་གཞུང་གིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་བཞིན་པ་དག་དང་ཀླུ་ཡིས་ཤོད་བཞིན་པ་དག་ལ་ཁྱད་པར་མི་འདུག དེར་བརྟེན་ཀླུ་བོད་ཕྱོགས་ལ་མ་ལངས་པར་རྒྱ་ཕྱོགས་ལ་ལངས་འདུག ཀླུ་༧གོང་ས་མཆོག་ལ་མི་དགའ་པར་ཤིན་ཅན་ཕེན་ལ་དགའ། བོད་མིའི་སྒྲིག་འཛུགས་ལ་མི་དགའ་པར་རྒྱ་གཞུང་གི་ལས་དོན་ལ་མཐུན་འགྱུར་བྱེད་པ། བོད་མི་ལ་མི་དགའ་པར་རྒྱ་མི་ལ་དགའ། བོད་མི་ཡོངས་ལ་མི་དགའ་པར་ཕྱེད་བྲག་རང་བཙན་ཟེར་མཁན་མི་བཅུ་སྐོར་ཞིག་དགའ་བ་སོགས་མང་པོ་རེད། ད་མི་འབྲི།
རྩོམ་ཡིག་འདིས་དཔལ་ལྡན་སྲིད་སྐྱོང་ལ་ནག་ཉེས་བཙུགས་འདུག་པས། ཉུང་མཐར་མིང་དངོས་མ་བཀོལ་ནས་འབྲི་དགོས་པར་མ་ཟད། སྒྲུབ་བྱེད་ཚད་ལྡན་དགོས་ཀྱི་ཡོད། དེ་ལས་ལྡོག་ན་སྒྲོ་འདོགས་དང་བསྐུར་འདེབས་ཡིན་པས། མཐའ་མཇུག་འགན་ཁུར་མཁན་སྐུ་ངོ་སྤེན་པ་ཚེ་རིང་ཆགས་ཡོད། འདི་ཚང་མས་དགོངས་པར་འཇགས་རོགས།
གནམ་ལོ་ཡག་རྒྱུན་རིང་པོ་ཞིག་ལ་གྲགས་མ་སོང་། ངས་བསམ་པར་ཁོང་གི་སྨྱོ་ནད་ཅུང་དྲགས་བསྐྱེད་བྱུང་བ་མིན་ནམ་སྙམ་ཡང་། དེ་རིང་བསྐྱར་དུ་ནད་ལོག་བརྒྱབ་འདུག་པས་རིག་འཚོ་མ་ཟིན་པའི་སྨན་ཁང་ཞིག་ཏུ་བསྐྱལ་ན་མི་ལེགས་སམ།
གཅིག ཅོ་རི་མས་”སྐྱེ་བོ་སྒེར་ལ་གཞི་མེད་སྐྱོན་བརྗོད་བྱེད་འདོད་ན། རང་གཟུགས་སྟོན་མི་ནུས་པ་ཅི་རེད་”ཅེས་གསུངས་འདུག དྲི་བ་འདི་འདྲ་ཞིག་གཏོང་རྒྱུ་ངོ་མི་ཚའམ། དང་པོར་རང་ཉིད་ལ་ཕྲིས། གཞི་ནས་མི་ལ་ཤོད་གོ་སོང་ངམ།
གཉིས། ཀརྨ་བློ་གསལ་གྱིས་བསམ་ཚུལ་དེར་”གཞི་འཛུགས་ས་རྐང་གཅིག་མི་འདུག་”གསུངས་བཞག འོ་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་ཅན་དེ་ཅི་ཞིག་རེད། འདི་ལ་ང་ཚོས་གཞི་མི་འཛིན་ན་སུས་འཛིན་གྱི་རེད། གང་ཞིག་ཁྲིད་ཡོང་རྒྱུ་ཡོད་དམ། བསམ་བློ་བཏང་ནས་བཀའ་མོལ་གནོངས་ཨ།
གསུམ། གནམ་ལོ་ཡག རྩོམ་ཡིག་དེར་”མཇུག་འབྲས་ངན་པ་ཅི་བྱུང་། སྐུ་ངོ་སྤེན་པ་ཚེ་རིང་གིས་འཁུར་དགོས”ཞེས་ཐ་ཚིག་བསྒྲགས་འདུག ཁ་དཔེར་”ཚིག་པ་མི་ལ་ཟོས་ན་ལོང་ལྕག་རྟ་”ཟེར་བ་ལས་ཅི་ཞིག་ཡོད།
ང་ཅོ་རིས་རང་གཟུགས་ཕྱི་གསལ་ནང་གསལ་ཡིན། ཁ་བརྡའི་ཐོག་གི་དྲ་གྲོགས་ཚོས་ཤེས་ཀྱི་རེད། དེ་མིན་ངོ་སྤྲོད་དགོས་ནའང་བྱེད་ཆོག་ཆོག་ཡིན། རང་གིས་རང་ལ་འདྲི་དགོས་པའི་རྒྱུ་མཚན་མེད།
རེད་ཡ། འོས་མི་གཞན་དང་མཉམ་སྡོད་མཉམ་ལངས་མི་བྱེད་རྒྱུ་དེ་འོས་བསྡུའི་སྒྲིག་གཞི་ལས་འགལ་ཡོད་མེད་གཅིག་གཟིགས་རོགས། མ་ཟད་ཏཱ་ལའི་བླ་མའི་མཐོ་སླ྄ོབ་དང་རྒྱུད་སྟོད་སོགས་ཀྱི་བྱ་སྤྱོད་དེ་འོས་བསྡུའི་སྒྲིག་གཞིར་གནོད་སྐྱོན་ཡོད་མིན་དང་བྱ་ངན་སྤྱོད་ངན་གྱི་རྒྱབ་ལ་སུ་ཡོད་མེད་ཡང་བརྩད་གཅོད་ཡག་པོ་བྱེད་རོགས། འོས་ཤོག་གི་ཐོབ་ཐང་བླངས་ཆོག་མིན་འོས་བསྡུ་ལྷན་ཁང་གིས་ཐག་གཅོད་ལ་སྒུག་དགོས། དེ་མིན་སྤེན་ཚེ་ལ་འོས་བླུགས་མདོག་མདོག་གིས་དཔལ་ལྡན་སྲིད་སྐྱོང་དང་ཀླུ་མཁར་ལ་ཉེས་བཙུགས་དེ་དག་ཐེར་བྱེད་དགོས་ཚེ་འོ་རྒྱལ་མི་བཟོ་བའི་ངེས་པ་གཏན་ནས་མེད།
རྫ་ཆུ་སྔོན་མོ་རྩོམ་ཡིག་དེ་སྤེན་རྒྱབ་སྐྱོར་ཆེད། སྲིད་སྐྱོང་དང་ཀླུ་མཁར་བྱམས་ལ་གཞི་མེད་སྐྱོན་བརྗོད་ངོ་མ་རེད་འདུག། སྤྱི་ཐུས་གྲོས་ཚོགས་དང་བཀའ་ཤག་སུ་ཡིན་ནའང། མཐའ་འཇུག་ལས་སྡོམ་མི་མང་ལ་གསལ་བཤད་ཞིག་དགོས་ཀྱི་ཡོད་པ་དེ། སྲིད་གཞུང་གི་འགྲོས་རེད་་་འོད་བསྡུ་དང་འགལ་གྱི་ཡོད་ན། དབུས་འོད་བསྡུ་ལས་ཁུངས་ཀྱི་མི་མཉམ་དུ་ཡོད་པས། དེས་མ་མཐོང་གང་བྱས་པ་རེད། དུས་དབང་ཕྱི་འགྱངས་དེ་སྲིད་སྐྱོང་གིས་སྐུ་མདུན་ལ་ཞུས་མེད་ཟེར། འདི་ཙམ་ལ་བརྟེན་ནས་ཁྱོད་ཕྱོགས་རིས་དང་བོད་མི་རིགས་ལ་རྒྱལ་ཞེན་ཅན་ཞིག་མིན་གསལ་པོ་རྟོགས་སོང། སྲིད་སྐྱོང་གིས་དེ་ལྟར་ཞུས་པ་གསལ་བསྒྲགས་ཡོངས་ཁྱབ་དུ་སྤེལ་ཡོད་པས། སྐུ་མདུན་དང་དགའ་ལྡན་ཕོ་བྲང་མངོན་སུམ་འཛེམ་མེད་ཀྱིས་རྫུན་ཕུགས་ལ་བཞག་མི་སྲིད་ལ། གལ་ཏེ་རྫུན་མ་ཡིན་ན་དགའ་ལྡན་ཕོ་བྲང་ནས་དེ་ལ་ལན་མེད་ཁུ་སིམ འདི་འདྲ་ཞིག་མི་བཞག་པ་ཟུར་བལྟས་ལེགས་མཐོང་རེད་་་་
སྐུ་ངོ་སྤེན་པ་ཚེ་རིང་ལ་ཆོལ་ཁའི་ཞེན་ཕྱོགས་ཆེ་རབས་མི་ཁ་གཅིག་གྲགས་དང་། སྐུ་སྲས་བློ་སེང་ལ་ཁ་ཤོབ་མ་གཏོགས་དོན་མེད་པའང་ཀུན་གྱི་ཤེས་གསལ་ལྟར་རེད། འོན་ཀྱང་། ཁོ་གཉིས་གང་རུང་ཞིག་ལས་ད་སྔའི་སྲིད་ཁྲའི་བདག་པོ་ཞིག་སླེབས་མེད་པའི་ཚོད་དུ་གདའ།