#17 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
December 7th, 2015 at 3:32 am
གོང་གི་ཀརྡོའི་མཆན་བུ་དེ་དག་ལ་ཆང་བཟིའི་མཆན་བུ་ཟེར་བ་རེད། ཡོང་རོབ་ནང་དུ་ཕྱི་དྲོའི་དུས་ཚོད་ཆགས་ཚར་དུས་ཀརྡོ་བཟི་ཚར་བ་རེད། དེ་ནས་ཀརྡོའི་མཆན་བུ་རྣམས་ཆང་བཟི་སྐྱུག་སྐྱུག་རེད། ཁ་བརྡའི་ཐོག་གི་དྲ་གྲོགས་ཚོས་དོ་སྣང་བྱོས་དང་ཤེས་སླ་མོ་རེད། ཨེ་་་ཀརྡོ་ཆང་འཐུངས་ཚར་དུས་མཆན་མ་བཏབ་ན་ཡག་ས་རེད་ད།
#15 རྟ་བདུན་དབང་བོ ་ལགས་ཀྱིས་སྤེལ་དོན།:
December 7th, 2015 at 1:45 am
ཀརྡོ་ལགས། ཁྱོད་ཀྱིས་མཆན་འདེབས་སྟངས་ག་རེ་ཡིན་པའི་ཁུལ་རེད། མཆན་མང་ལ་གོ་དོན་དབེན་པའི་ཡིག་ཉོག་དེ་ཚོ། །
#76 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
December 10th, 2015 at 11:21 am
ལུག་རྟོག་ལགས། ཡབ་གཞིས་ཚང་རྒྱུ་ཆེ་ཡི་རེད་དམ་བཙན་བྱོལ་སྒྲིག་འཛུགས་རྒྱུ་ཆེ་ཡི་རེད། ནུབ་ཕྱོགས་པའི་དངུལ་ཁང་ཁག་གི་ནང་དུ་༧གོང་ས་ཏྭ་ལའི་བླ་མ་ལ་སྒོར་མོ་ཧང་ཅང་མང་པོ་ཡོད་རབས་འདུག་ག བཙན་བྱོལ་སྒྲིག་འཛུགས་ལས་ཡབ་གཞིས་ཚང་སྐུ་སྒེར་གྱི་ཕྱུག་བ་རེད་ཟེར་གྱི་འདུག་ག བདེན་པ་རེད་དམ། ་་་་་་་
ནོར་བཟང་ལགས་ཀྱི་ཕྱག་ལས་ཧ་ཅང་ཡག་པོ་གནང་སོང།
ད་དངོས་གཞི་འོས་བསྡུ་ཐད་ལ་འགྲོ་སོང་གཏོང་ན་འཕྲོ་བརླག་རེད། དེ་ལས་སྲིད་སྐྱོང་བློ་སེང་གིས་སྔོན་བཞིན་མཇུག་སྐྱོང་ཡ་བྱས་ན་ཏག་ཏག་རེད། ལས་རྒྱུ་མེད་སར་ལས་ཀ་འདྲ་དགོས་ན་འོས་བསྡུ་ལས་ཁང་ལ་བྱས་བཅུག་དང་ཡག་པོ་བྱས་ཀྱི་ཡོད་པ་མཐོང་གསལ་རེད།
འོས་བསྡུ་ལས་ཁང་འདིའི་འོག་ནས་འོས་མི་གཉོམ་ཆུང་ཚོའི་འདག་ས་རེད། བཙན་བྱོལ་དམངས་གཙོ་འདིའི་འོག་ནས་ཡུལ་མི་དཀྱུས་མ་ཚོས་འདག་ས་རེད། འཛམ་གླིང་མི་མང་གི་མིག་སྔོན་ནས་བཙན་བྱོལ
་སྒྲིག་འཛུག་ད་ཁག་པོ་ཆགས་ས་རེད། འདི་མཐོང་ན་པེ་ཅིན་སེམས་ཤུགས་འཕར་ས་རེད།
ཧ་ཧ་ཧ། འོས་མི་བུད་འགྲོ་མཁན་གསུམ་ཡིན་ན་ཅིག་ཟེར་ཀི འོས་མི་ཕམ་ཁ་ཉོས་བ་གསུམ་མམ་འོས་མིར་ཕམ་སོང་བ་གསུམ་ཞེས་དྲང་པོ་དྲང་བཞག་གིས་བཤད་དགོས་རེད།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བཤད་རྒྱུར། གཅིག་ཐང་ན་ང་སྲིད་སྐྱོང་ལ་ཐོབ་ཀི་རེད་བསམ་ཡོད་ཟེར། ཁོང་གིས་ཁོ་རང་སྲིད་སྐྱོང་ལ་ཐོབ་ཀྱི་མིན་པ་ཤེས་མི་འདུག ཁོང་གིས་རྒྱ་ཆེ་བོད་མི་དམངས་ཀྱི་བསམ་བློ་ཅུང་ཙམ་ཡང་རྟོགས་མི་འདུག བོད་མི་བརྒྱ་ཆ་གོ་དགུ་ནས་ཀླུ་མཁར་བྱམས་ལ་འོས་ཤོག་ཐོབ་མི་སྲིད་པ་ཤེས་ཡོད་པར་མ་ཟད། ཁོང་ལ་འོས་ཤོག་བླུག་མཁན་ཚོས་ཀྱང་མི་ཐོབ་པ་སྔར་ནས་ཤེས་གསལ་རེད། འོན་ཀྱང་ཁོང་གིས་དེ་ཤེས་མི་འདུག འདི་ནི་ཧ་ལས་དགོས་པ་གཅིག་རེད། གཞན་ཡང་ཁོང་གིས་བཤད་རྒྱུར་ད་རེས་འོས་བསྡུད་སྐབས་འགྲན་རྩོད་ཆེ་ཤོས་ཏེ་ཀླུ་མཁར་བྱམས་དང་རྒྱལ་བ་རིན་པོ་ཆེའི་འགྲན་རྩོད་རེད་ཟེར་མཁན་ཡོད་རེད། དེ་འདྲ་ཟེར་མཁན་ཅང་ཨེ་ཡོད་ན། ཀླུ་མཁར་བྱམས་ཀྱིས་དབུ་མའི་ལམ་ལ་རྒྱབ་འགལ་བྱས་པ་ཙམ་ལས་དོན་ལ་༧གོང་ས་མཆོག་གི་འགྲན་ཟླར་ནམ་ཡང་འོས་མི་སྲིད་པ་ལགས། །
མཐའ་ན་ཡབ་གཞིས་སྐུ་འཁོར་ཚོས་ཀྱང་ཀླུ་ནི་རྒྱལ་བར་མཚན་སྨད་ཞུ་མཁན་རེད། ཁོ་ལ་འོས་བླུགས་པ་ཡིན་ན་བཀའ་དྲིན་བསམ་ཤེས་མེད་པའི་སྨྱོན་པ་རེད་ཟེར་ནས་གསུངས་བཞིན་འདུག དེ་བས་ཀླུ་བྱམས་ཀྱིས་འོས་འགྲན་དེ་མང་ཚོགས་ནང་རྒྱལ་བ་རིན་པོ་ཆེ་དང་ངེད་གཉིས་བར་གྱི་འགྲན་རྩོད་འདྲ་ཞིག་བཟོས་སོང་ཟེར་བར་རྒྱུ་མཚན་མི་འདུག་གམ། རྟ་བདུན་གྱིས་དེར་གཟིགས་ཚུལ་གསུངས་དང་།
མགོ་ལས་རྨ་ཆེ་བ་དང་པོ་དེ། བྱུང་ཚར་སོང་། ཡང་ད་དུང་དེ་ལས་ཆེ་བ་ཅིག་དགོས་ཟེར་བགྱིད་འདུག ཀླུ་བྱམས་ཀྱིས།
ཀླུ་བྱམས་མཆོག་གིས།
ངས་གཡག་རྐུས་ནས། བསད་པ་མ་གཏོགས། མི་བསད་ནས་དངུལ་རྐུས་མེད་ཟེར། དེ་ཡིན་ཙང་སྤེན་ཚེ་ལས། ང་ལ་ནོར་འཁྲུལ་ཆུང་བ་ཡོད་པས་་་་་་་ ཟེར།
སྔོན་མ་ཀླུ་བྱམས་ཀྱིས།
སྲིད་སྐྱོང་ང་ལ་མི་ཐོབ་ཤེས་ཀྱང་ཟེར་བ་ལ། ད་ལྟ་ང་ལ་མི་མང་གིས་སྲིད་སྐྱོང་གི་འོས་བླུག་བགྱིད་རེད་བསམས་བྱུང་ཟེར། མི་དེ་མགོ་བདེ་བོ་ཅིག་ཡིན་པ་དེ་རིང་རང་གིས་གོ་ཐོས་བྱུང་། ད་བློ་བདེ་བོ་བྱུང་།།
ཅིག་གིས།
ངས་དབུས་ལས་ཀ་མ་བྱས་ཙང་ཤོར་བ་རེད་ཟེར།
ཡང་ངས། ཞུས་པའི་ seen ཐོག་ཕྱག་ལས་གནང་རོགས། རེ་སྐུལ་ཡོད་ཟེར། བཀྲ་ཤིས་དབང་འདུས་ལགས་ཀྱིས།
ལུག་རྫི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས།
༣༨ མ་གཏོགས་གོ་བ་ཐང་མ་དང་པོ་རེད། ཟེར། ལ་དྭགས་པས་ཅིག་ཅིག་མང་མང་་་་་་ ཟེར།
སྲིད་སྐྱོང་དངོས་གཞིའི་འོས་མི། དྲུག་ལས་མི་མང་བ་དང་། གཉིས་ལས་མི་ཉུང་བ་དེ་དང་། དྲང་པོ་བྱུང་མ་སོང་ཟེར། ལུག་རྫིས།
ཡང་། ཕྱི་རྒྱལ་བོད་རིགས་ལོ་བཅོ་ལྔ་འོག་མ་དེ་དག་དང་བོད་སྐད་བརྒྱབ་ས་མེད་པ་དང་། བོད་ཁྱིམ་སློབ་གྲྭར་མ་ཎི་སློབ་དགོས་ཡ་ཐུག་ཡོད་པས། དེ་ནས་ཁོང་སུ་ལ་ཐོབ་ཀྱང་། བསམ་བློ་བཏངས་ཕྱག་ལས་གནང་རོགས་གནོངས།
དངོས་གཞི་འོས་ཤོར་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས།
ཀརྡོ་ལགས། ཁྱོད་ཀྱིས་མཆན་འདེབས་སྟངས་ག་རེ་ཡིན་པའི་ཁུལ་རེད། མཆན་མང་ལ་གོ་དོན་དབེན་པའི་ཡིག་ཉོག་དེ་ཚོ། །
རྟ་དབང་་་་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡིས་ཀླུ་བྱམས་ལ་འོས་མི་འཐོབ་པར་ཤེས་ན་ཡབ་གཞིས་ཚང་གི་སྐུ་ངོ་སྐུ་དྲག་དག་འཛམ་གླིང་ཤར་ནུབ་བྱས་ནས་ཀླུ་བྱམས་ཀྱི་འོས་བཀག་མཁན་འགྲོ་དགོས་དོན་ཅི་རེད་དམ། རྒྱལ་གཅེས་པ་ཀླུ་བྱམས་ཀྱི་གཏམ་བཤད་བྱས་སའི་ཁོར་ཡུག་བཀག་འགོག་བྱས་དགོས་དོན་ཅི་རེད་དམ། འོས་བསྡུ་ལས་ཁུངས་ཀྱིས་ཀླུ་བྱམས་བཀག་ཆེད་དུ་ཁྲིམས་སྒྲིག་གསར་བཟོ་བྱས་དོན་དགོས་ཅི་རེད་དམ། ཀླུ་བྱམས་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཀྱི་རེད་བསམས་ནས་བཀག་འགོག་བྱས་དགོས་ཐུག་པ་མ་རེད་དམ། སྐད་ཆ་བྱབ་ཆུང་དེ་འདྲ་བཤད་མ་འོང་རོགས་བྱོས་ཨ།
གོང་གི་ཀརྡོའི་མཆན་བུ་དེ་དག་ལ་ཆང་བཟིའི་མཆན་བུ་ཟེར་བ་རེད། ཡོང་རོབ་ནང་དུ་ཕྱི་དྲོའི་དུས་ཚོད་ཆགས་ཚར་དུས་ཀརྡོ་བཟི་ཚར་བ་རེད། དེ་ནས་ཀརྡོའི་མཆན་བུ་རྣམས་ཆང་བཟི་སྐྱུག་སྐྱུག་རེད། ཁ་བརྡའི་ཐོག་གི་དྲ་གྲོགས་ཚོས་དོ་སྣང་བྱོས་དང་ཤེས་སླ་མོ་རེད། ཨེ་་་ཀརྡོ་ཆང་འཐུངས་ཚར་དུས་མཆན་མ་བཏབ་ན་ཡག་ས་རེད་ད།
བློ་ཕམ་ངོ་མ་བྱུང་། ཀླུ་བྱམས་ལ་དགོངས་དག་ཞུ། བོད་དམངས་རྣམ་པ་ད་དུང་སྒེར་སྤྱོད་དང་རྨོངས་རྒྱུགས་ལས་བདེན་དྲང་གི་མི་ལ་མཐོང་ཆེན་རྩི་ཤེས་མི་འདུག རྐུན་མ་ཁྲམ་པ་དེ་འདྲའི་མི་རྩོད་གཞི་ཅན་སྤེན་ཚེ་མི་ཁྲི་ཕྲག་གིས་འོས་འདེམས་པ་དངོས་ནས་བཤད་ན་བོད་མི་སྤྱིའི་ཕམ་ཁ་ཆེན་པོ་ཞིག་ད་ཐེངས་ཉོས་སོང་བ་རེད། ཨ་ཁ་ཁ།
ད་རིང་བོད་རང་བཙན་པ་ཀླུ་བྱམས་ལ་འོས་གྲངས་མང་པོ་མ་ཐོབ་པ་འདིས་ཅི་ཞིག་མཚོན་ཞེ་ན་སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་སྒྲིལ་མེད་པ་དང་། བཙན་བྱོལ་མི་དམངས་ལ་གང་ཟག་གིས་དབང་སྒྱུར་བྱེད་བཞིན་ཡོད་པ། དད་པ་དམ་ཚིག་དང་བཀའ་དྲིན་བསམ་གཞིག་གྱི་དར་ཆ་ཕྱར་ནས་བོད་མི་ལ་དབང་སྒྱུར་བྱེད་བཞིན་ཡོད་པར་ཁ་གསལ་བྱུང་བ་རེད།
མ་གཏོགས་བོད་མི་བརྒྱ་ཆ་དགུ་བཅུ་ཐམ་པ་བོད་རང་བཙན་དགོས་མཁན་ཤ་སྟག་རེད། རང་བཙན་དགོས་པ་གཞིར་བཞག་གི་ཐོག་ནས་འོས་འཕེན་པའི་རང་དབང་མེད་པར་གསལ་པོ་རེད།
མི་ཁོ་ལ། ཧ་ཧ། ཧོ་ཧོ།
གཞོན་ནུ་ཚོགས་པའི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། རྡོག་རྩ་ཟེར་བ་དེ་གནད་ལ་ཐུག་དུས་འདི་འདྲ་དགོས་བ་རེད་ཐལ། བཙན་བྱོལ་བོད་མིས། རང་མོས་དང་དམངས་མོས་ཀྱི་ལམ་སྣེ་སུ་ལ་བཅོལ་དགོས་ཡོད་མེད་དེ་ཤེས་འདུག། ད་ཡིན་ན་དགའ་སོང་། ང་ཚོའི་མང་གཙོ་ཡི་གོ་རྟོག་ཚད་ཞེ་དྲག་ཡག་པོ་ཆགས་འདུག།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསུངས་པ་བདེན་པ་རེད། ད་རེས་ཀྱི་འོས་བསྡུ་དེ་ཀླུ་མཁར་བྱམས་ལགས་གོང་སའི་ཁ་གཏད་ཡིན་པ་འདྲ་པོ་བཟོས་པ་རེད། དེ་ལྟ་ནའང་། ད་དུང་འོས་གྲངས་གང་འཚམས་རེག་ཟིན་པར་མ་ཟད། བོད་མི་ཡོད་སའི་རྒྱལ་ཁབ་རེ་རེ་ནའང་རྒྱབ་བསྐྱོར་པ་སླེབས་འདུག་པས། དེ་ནི་སྟོབས་ཤུགས་ཆེན་པོ་ཞིག་རེད་ལ། ཕལ་ཆེ་བ་ཤེས་ཡོན་པ་ཡིན་པས། མ་འོངས་པར་བཙན་བྱོལ་ནང་གི་གང་ཟག་གི་དབང་བསྒྱུར་མགོ་རྟིང་སློག་པའི་རྨང་གདན་རེད་འདོད།
#17 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
December 7th, 2015 at 3:32 am
གོང་གི་ཀརྡོའི་མཆན་བུ་དེ་དག་ལ་ཆང་བཟིའི་མཆན་བུ་ཟེར་བ་རེད། ཡོང་རོབ་ནང་དུ་ཕྱི་དྲོའི་དུས་ཚོད་ཆགས་ཚར་དུས་ཀརྡོ་བཟི་ཚར་བ་རེད། དེ་ནས་ཀརྡོའི་མཆན་བུ་རྣམས་ཆང་བཟི་སྐྱུག་སྐྱུག་རེད། ཁ་བརྡའི་ཐོག་གི་དྲ་གྲོགས་ཚོས་དོ་སྣང་བྱོས་དང་ཤེས་སླ་མོ་རེད། ཨེ་་་ཀརྡོ་ཆང་འཐུངས་ཚར་དུས་མཆན་མ་བཏབ་ན་ཡག་ས་རེད་ད།
#15 རྟ་བདུན་དབང་བོ ་ལགས་ཀྱིས་སྤེལ་དོན།:
December 7th, 2015 at 1:45 am
ཀརྡོ་ལགས། ཁྱོད་ཀྱིས་མཆན་འདེབས་སྟངས་ག་རེ་ཡིན་པའི་ཁུལ་རེད། མཆན་མང་ལ་གོ་དོན་དབེན་པའི་ཡིག་ཉོག་དེ་ཚོ། །
བཙན་བྱོལ་ནས་བོད་ལ་རེ་བ་དང་ཡིད་ཆེས་ཡོད་པའི་ལས་ཀ་ཞིག་མི་ལས་པ་ཤེས་ཚར་སོང་། རང་བཙན་རང་གིས་བཀག་ནས་འདུག་བསམ་ཡིན་པ་རེད།
་་་་་་་་་ བོད་མི་བརྒྱ་ཆ་གོ་དགུ་ནས་ཀླུ་མཁར་བྱམས་ལ་འོས་ཤོག་ཐོབ་མི་སྲིད་པ་ཤེས་ཡོད་པར་མ་ཟད། ཁོང་ལ་འོས་ཤོག་བླུག་མཁན་ཚོས་ཀྱང་མི་ཐོབ་པ་སྔར་ནས་ཤེས་གསལ་རེད། ་་་་་་་་་་
#7 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
December 7th, 2015 at 12:16 am
མགོ་ལས་རྨ་ཆེ་བ་དང་པོ་དེ། བྱུང་ཚར་སོང་།
ཀླུ་བྱམས་ལ་འོས་ཤོག་མང་པོ་མ་ཐོབ་པ་དེས་ཅི་ཞིག་མཚོན་པ་རེད་ཟེར་ན། བོད་མི་མང་ཤི་མེད་པ་དང་ཀླད་པ་རུལ་མེད་པ་བཟང་ངན་དབྱེ་འབྱེད་ཤེས་ཀྱི་ཡོད་པ་མཚོན་པ་རེད། མི་ཚེ་བོད་དོན་ཆེད་དུ་བཏང་བའི་གོང་ས་མཆོག་ལྟ་བུ་ལ་རྒྱལ་བཙོང་བ་རེད་ཟེར་མཁན་ཞིག་ལ་འོས་བླུག་ན་མི་དེ་སྨྱོན་པ་མིན་ན་རྒྱུག་ཁྱི་ཡིན་པའི་རྟགས་མཚན་རེད། ཀླུ་བྱམས་ལ་འོས་བླུག་མཁན་སྟོང་ཕྲག་གཉིས་ལྷག་ཙམ་ཡོད་སྟངས་ལ་ལྟས་ན་བཙན་བྱོལ་ནང་ལ་རྒྱ་ཁྱི་དང་དོལ་ཚོགས་གང་འཚམས་ཡོད་པའི་རྟགས་རེད།
ད་ལྟ་གོང་ས་མཆོག་གིས་སྲིད་དབང་ཡོངས་རྫོགས་མི་མང་གིས་གདམ་པའི་དབུ་ཁྲིད་ལ་གནང་ནས་བཙན་བྱོལ་སྒྲིག་འཛུགས་འདི་དམངས་གཙོ་ཡང་དག་པའི་གཞུང་ཞིག་ཆགས་ཡོད། འོན་ཀྱང་ཀླུ་བྱམས་ལྟ་བུའི་མཁྲེགས་འཛིན་པ་ཞིག་སྲིད་སྟེག་སྟེང་ལ་སླེབས་ན་མི་མང་གི་མངོན་འདོད་རྩིས་མེད་གཏོང་མཁན་གྱི་སྒེར་གཅོད་པའི་སྲིད་གཞུང་ཞིག་བཙུགས་རྒྱུ་ཡིན་པ་ཀླུ་བྱམས་ཀྱི་འདས་པའི་བྱ་ལས་ནས་གསལ་པོ་མཐོང་ཐུབ། དམངས་གཙོ་ལ་རྩི་བཀུར་བྱེད་མཁན་ཞིག་ཡིན་ན་མི་མང་གི་མངོན་འདོད་ལ་རྩི་བཀུར་བྱེད་དགོས་པ་རེད། འོན་ཀྱང་ཀླུ་བྱམས་དང་དེའི་རྒྱབ་སྐྱོར་བ་ཚོས་མི་མང་གི་མངོན་འདོད་ལ་རྩིས་མེད་རྡོག་རོལ་གྱིས་བོད་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་བརྗོད། མི་མི་མང་གི་ཚབ་མཚོན་བཙན་བྱོལ་སྒྲིག་འཛུགས་དང་ལས་ཀྱི་སྣེ་མོ་བ་ཚོར་སྐྱོན་འཛུག་དང་སྒྲིག་ཁྲིམས་ལ་རྩིས་མེད་ཀྱིས་རྒྱ་གཞུང་ལས་ལྷག་པའི་ངོ་རྒོལ་བྱེད་ནས་བོད་མི་མང་གི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད།
ཀླུ་བྱམས་་་མི་ཁག་ཅིག་གི་རྩེད་ཆས་རེད། ཁོ་སྲིད་སྐྱོང་ཐོབ་རེ་དང་སྲིད་སྐྱོང་འོོས་པ་ཞིག་ཡིན་པ་མི་སེམས་མནལ་དུ་གནས་པ་སུ་གཅིག་ལ་དྲན་མི་སྲིད། གླེང་རིན་ཅི་ཡང་མི་འདུག གལ་ཏེ་འོས་དངོས་གཞིར་བཞག་ནའང་འོས་རྦད་དེ་ཉུང་རུ་མ་གཏོགས་མང་རུ་ནམ་ཡང་འགྲོ་མི་སྲིད། ཁ་ཚོད་བཅད་ཐུབ་ནི་རེད།
བདེ་མོ།
རེད་་་ཁྱོད་ཚོ་ལ་དགོས་རྒྱུ་དེ་རེད་བ། གོང་ས་མཆོག་གི་ཡང་སྲིད་རྒྱ་ནག་གིས་ངོས་འཛིན་བྱེད་པ་དང་། དབུ་མའི་ལམ་ནས་བོད་དོན་སེལ་མི་ཐུབ་རྒྱུ་དེ་ཁྱོད་ཚོའི་ཉལ་བའི་རྨི་ལམ་དང་དང་ལང་བའི་སྨོན་འདུན་ཡིན་པ་མི་ཤེས་མཁན་སུ་ཡོད།
བཙན་བྱོལ་ཚང་གི་མི་ཆེན་དང་དཔོན་ཆེ་ཚོས་བོད་མིའི་ནང་ཁུལ་འགལ་ཟླ་བཟོ་རྒྱུར་རྒྱ་དམར་ཚང་ལས་ལྷག་ཙམ་ཡོང་གི་ཡོད་པར་ད་ལམ་འོས་བསྡུའི་ལས་རིམ་དེས་གསལ་པོ་བྱུང་སོང་། གྲོས་མོལ་དང་འདྲ་མཉམ་མང་གཙོ་ཡང་དག་ཡོད་སྐོར་བཅོ་བརྒྱད་བཤད་ཀྱང་དོན་དུ་དབུ་ལམ་ཚང་ལ་རང་བཙན་གྱི་བགྲོ་གླེང་ཙམ་ཡང་བྱེད་ས་མེད་པའི་སྤྱི་ཚོགས་ཞིག་རེད། གོང་ས་མཆོག་དང་འགོ་གཙོ་རྣམ་པར་ཟུར་ཟ་དང་དགེ་སྐྱོན་བཤད་ཆོག་གི་མེད་ན་སྨྲ་བརྗོད་རང་དབང་ཟེར་བ་དེ་མེད་སོང་བ་རེད། ཁོང་ཚོར་སྐྱོན་བརྗོད་བྱེད་པ་ཙམ་གྱིས་ཁོང་རྣམ་པ་སྐྱོན་ཅན་དུ་འགྱུར་རྒྱུ་མ་རེད། སྨྲ་བརྗོད་རང་དབང་དང་འདྲ་མཉམ་གྱི་སྤྱི་ཚོགས་ཞིག་ཡིན་ཕྱིར་མཐོར་དམན་དྲག་ཞན་སུ་ལ་ཡང་སྐྱོན་བརྗོད་ཟུར་ཟ་ཆོག་དགོས་ཀྱི་རེད།
ཀླུ་མཁར་བྱམས་ཀྱིས་ཕག་གདོང་སྤེན་ཚེས་མི་བསད་པ་དང་། གཞན་གྱི་ཆུང་མ་འཕྲོག་པ་སོགས་རེད་ཟེར་སོང་། དེ་སྔོན་སྤེན་ཚེས་གྲོས་ཚོགས་ཀྱི་ཕྱི་ལོགས་སུ་ཁོས་མི་བསད་པའི་སྐོར་སྐད་ཆ་བཤད་ན་ཁྲིམས་ཀྱི་འགྲོ་ལུགས་ལྟར་བྱ་རྒྱུ་ཡོད་མདོག་མདོག་བཤད་སོང་། ད་ཐེངས་ཀླུ་མཁར་བྱམས་ཀྱིས་སྤེན་ཚེས་མི་བསད་པའི་སྐོར་གསར་འགོད་པར་བཤད་འདུག་པས་བལྟས་མོའི་འཁྲབ་སྟོན་གྱི་དཀྱོགས་མཚམས་ལ་བལྟ། ཧཧཧ
སྲིད་དབང་ཡོངས་རྫོགས་མི་དམངས་ཀྱི་གདམ་པའི་མགོ་ཁྲིད་ཚོ་ལ་གནང་ཟིན་པ་ཡིན་ཟེར་བའི་སྐད་ཆ་དེ་རྫུན་མ་ཡིན་ས་རེད། རྒྱ་བོད་བར་གྱི་ཆབ་སྲིད་ཀྱི་གནད་དོན་གྲོལ་མོལ་གནང་མཁན་ཏྭ་ལའི་བླ་མ་དང་ཁོང་གི་སྐུ་ཚབ་ཡིན་ཟེར་བཞིན་འདུག་མ་གཏོགས་མི་དམངས་ཀྱི་གདམ་པའི་མགོ་ཁྲིད་དང་མི་དམངས་ཀྱི་གདམ་པའི་མགོ་ཁྲིད་ཀྱི་སྐུ་ཚབ་ལ་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་རྒྱའི་མཉམ་དུ་གྲོས་མོལ་བྱེད་པའི་དབང་ཆ་ཡོད་ཟོལ་མི་འདུག་ག
ཀླུ་བྱམས་འོས་མི་ལས་བུད་སོང་དགའ་བ་ལགས། ད་དབུ་མའི་ལྟ་གྲུབ་ཀྱི་ལས་སྣེ་ལས། ག་དུས་བུད་བགྱི་རེད། དེ་ཡང་སྒྲུག་ནས་བསྡད་ཡོད་དོ། ཅོ། ཅོ་རི་ལགས།
འདིར་ནམ་རྒྱུན་ཁ་ཆག་སྣ་རལ་བཤད་བསྡད་མཁན་རྒྱ་མིའི་ཆེད་ལས་ཁ་ཤས་ཤིག་ཡོད་པ་ལས་དོན་དངོས་པོའི་སྒང་ནས་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་འགན་འཁུར་ནས་སྐད་ཆ་བཤད་མཁན་ཧ་ཅང་ཉུང་། ངས་ནི་འདི་འགྲིག་ཤག་བསམ་བསྡད་ཡོད། མ་འོངས་པར་རང་གི་སྐད་ཆར་རང་འགན་འཁུར་བཞིན་ཡོད་པའི་སྨྱུག་འཛིན་པ་ཚོ་འདིར་ཡོང་ནས་རྒྱ་མིའི་ཆེད་ལས་པ་དེ་ཚོའི་ཟླ་གླ་འཕར་གྲོགས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད།
བོད་རང་བཙན་དང་གནས་སྐབས་ཀྱི་ཁེ་བཟང་ཞིག་གཉིས་བརྗེ་པོ་རྒྱག་མཁན་དག་ཚང་མ་ལོ་རྒྱུས་ཐོག་རྒྱལ་བཙོང་པ་ཆགས་ཡ་ལས་གཞན་གང་ཡང་མེད། ད་ངས་ལྟས་ན་རྒྱ་ནག་གི་སྟོབས་ཤུགས་ལ་བརྟེན་ནས་དགེ་བསྟན་དེ་སྤེལ་མི་ཐུབ། ལོ་རྒྱུས་ཐོག་རྒྱལ་བཙོང་པའི་མིང་ཆད་དེ་ཁུར། སྐྱེ་བ་རྗེས་མ་དེ་རྒྱ་བླ་ཞིག་ཧ་ཧ་ཧ།
ཀརྡོ་འདི་དྲ་འབུའི་གྲལ་ནས་ཡག་ཤོས་ཤིག་རེད། ཀརྡོ་ལ་ཁྱད་ཆོས་ཁ་ཤས་ཤིག་ཡོད། ཁོང་གིས་ཆོས་ལུགས་གང་ལའང་སྐུར་བ་མི་འདེབས། གང་ཟག་སུ་ལ་འཕྱ་སྨོད་མི་བྱེད། ཕར་ལ་རྒོལ་ཀྱང་རྒོལ་ལན་མི་རློག ཁོང་ནི་རང་རྒྱུད་དུལ་བའི་ཉམས་ལེན་པ་ཞིག་ཡིན་ཤས་ཆེ། །
ཁ་བརྡ་འདི་ཡང་ཕྱོགས་སུ་ལྷུངས་འདུག། ངའི་མཆན་རྡོག་གཅིག་དེ་ནག་བསུབ་བཏང་ཚར་འདུག།
#༼36 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
December 7th, 2015 at 1:14 pm
ཀླུ་བྱམས་འོས་མི་ལས་བུད་སོང་དགའ་བ་ལགས། ད་དབུ་མའི་ལྟ་གྲུབ་ཀྱི་ལས་སྣེ་ལས། ག་དུས་བུད་བགྱི་རེད། དེ་ཡང་སྒྲུག་ནས་བསྡད་ཡོད་དོ། ༽
ཀརྡོས་གང་ཟག་སུ་ཞིག་ལ་འཕྱ་སྨོད་བྱས་མི་འདུག་གམ་་ལགས་རྟ་བདུན་ལགས།། ཀླུ་འབྱམས་གང་ཟག་མིན་ནམ།
ཀརྡོ་ལགས། ཁྱོད་ནི་ཅི་ཡང་མི་ཤེས་པའི་དྲ་འབུ་ཤེས་ཚད་ཧ་ཅང་དམན་པ་ཞིག་རེད་འདུག ཆབ་སྲིད་ཀྱི་ལྟ་བས་འཁྱེར་སྟངས་མ་འདྲ་ན་ཅི་ཕྱིར་སངས་རྒྱས་བསྟན་པའི་དགྲ་བོ་ཡིན། འཇིག་རྟེན་ཁ་དཔེར། མི་སུམ་བཅུར་བསམ་པ་དྲུག་བཅུ། མཛོ་སུམ་བཅུར་རྭ་ཁ་དྲུག་བཅུ་ཟེར་བ་དེ་གོ་ཨེ་མྱོང་། མ་གཞི་རང་བཙན་དང་དབུ་ལམ་གཉིས་ཀ་སངས་རྒྱས་བསྟན་པའི་ཆ་ཤས་ཙམ་ཡང་མིན། བོད་མི་ཕལ་མོ་ཆེ་འདོད་རྒྱུ་ནི་རང་བཙན་འདོད་ཀྱི་ཡོད། འོན་ཀྱང་ཅི་ཕྱིར་ཐོབ་རྒྱུ་ཐབས་ཤེས་ཏེ་མ་རྙེད་པ་ལས་རང་བཙན་མ་དགོས་པ་ག་ལ་ཡིན། ཧ་གོ་སོང་ངམ། །
མི་སུམ་བཅུར་བསམ་པ་སུམ་བཅུ་བཅོས་རོགས། །
ཀླུ་མཁར་བྱམས་ཀྱས། ང་ལ་ཆོས་དད་མེད་ཅེས་སྤོབས་པ་ཆེན་པོས། ༸གོང་མཆོག་ལ་བཤད་ཐུབ་མཁན་དང་། རང་བཙན་ལེན་མདོག་གིས་རྒྱལ་བ་རིན་པོ་ཆེ་རྒྱལ་ཚོང་པ་རེད་ཅེས་སྟོད་སྟངས་འདིས། ང་ལ་མ་དགའ་བ་མ་ཆགས་པ་རེད། རང་གིས་བཟོས་པའི་ཆང་དེ་རང་གིས་མ་འཐུང་ན་སུས་འཐུང་བགྱི་རེད། ལགས། དྲ་གྲོགས་ཚོ།
#42 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
December 8th, 2015 at 1:17 pm
ཀརྡོ་ལགས། ཁྱོད་ནི་ཅི་ཡང་མི་ཤེས་པའི་དྲ་འབུ་ཤེས་ཚད་ཧ་ཅང་དམན་པ་ཞིག་རེད་འདུག ་་་་ཟེར།
གང་ལྟར་སྐད་ཆར་གནས་ལུགས་ཡོད་པ་ཞིག་བཤད་མཁན་ཀླུ་མཁར་བྱམས་ལས་མི་འདུག་་་་འོན་ཀྱང་ཁོར་ཡུག་དེ་ནས་ཆགས་སྡང་གིས་ཁོང་གི་མགོ་གནོན་ཅི་ཐུབ་བྱེད་པ་ཡིད་ཕངས་པ་ཞིག་རེད་་་་ད་སུ་ལ་ཐོབ་ན་ཁྱད་པར་མེད་་་་ཕལ་ཆེར་བློ་སེང་གིས་སྔར་བཞིན་མ་འཇོན་འཇོན་མདོག་བྱས་ནས་ལོ་ལྔ་བསྐྱལ་གི་རེད་་་དེ་དུས་འགྱོད་པ་དང་སྐད་འབོད་བྱས་ཀྱང་སྡུག་གྱོང་རེད་་་་
འཇམ་ནོར་དང་ལྷག་བསམ། ཀླུ་མཁར་བྱམས་གསུམ་པོ་གང་རུང་ཅིག་གིས་བོད་མིའི་སྲིད་སྐྱོང་བྱས་ན། དེ་དུས་ང་བོད་མིའི་ཁོངས་ནས་དགོངས་པ་ཞུ་ཡ་དུས་ཚོད་སླེབས་ཚར་བ་རེ་གདའ། ཧ་གོ་སོང་ངེ། ལགས།
སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཞུ་བའི་མཁས་ཤིང་གྲུབ་པ་བརྙེས་པ་དེ་བཙོན་དུ་བཟུང་ཟེར་བ་དེ་དཀྲོག་གཏམ་རང་ཡིན་ཚུལ་འདུག སྤྱི་ཚོགས་དཀྲུག་ཤིང་རྒྱག་མཁན་མ་རབ་ཁ ཤས་ཤིག་གིས་དཀྲོག་གཏམ་སྤེལ་བ་མ་གཏོགས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་རྒྱ་གར་ཉེན་རྟོག་པའི་ལྟ་སྲུང་འོག་ཏུ་ཉིན་ཤས་རིང་བཞག་པ་མ་གཏོགས་བཙོན་ཁང་ནང་དུ་གཏན་ནས་བཅུག་མེད། དེ་ཡང་ཁོང་ས་མཚམས་ཁག་གི་སྤྱི་ཚོགས་ལ་འབྲེལ་བ་ཆེན་པོ་ཡོད་པས་རྒྱ་གར་གསང་བའི་ལས་ཁུངས་ལ་དོག་འགྲོག་བྱུང་བ་ཞིག་མ་གཏོགས་བོད་གཞུང་དང་འབྲེལ་བ་ཡོད་པའི་དཔང་རྟགས་སྣ་གཅིག་ཀྱང་མེད་ཐོག སྐྱབས་རྗེ་རང་དང་འབྲེལ་བ་དམ་ཟབ་ཡོད་མཁན་སུ་གཅིག་ལ་ཡང་དེ་འདྲའི་རྣམ་རྟོག་ཙམ་ཡང་མི་འདུག སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་བོད་གཞུང་ཤེས་རིག་ལས་ཁུངས་སུ་ཕྱག་ལས་གནང་བ་དང་། གཞི་རིམ་སློབ་དེབ་གསར་བཟོ་སོགས་བོད་གཞུང་རང་གི་ལས་བྱེད་ཅིག་ཡིན་པ་མ་གཏོགས་བོད་གཞུང་དང་འགལ་བ་གཏན་ནས་བྱུང་མྱོང་མེད། མདོར་ན་། འདི་དང་འདི་འདྲ་བ་རང་ཉིད་གང་དུ་གཏོགས་པའི་སྤྱི་ཚོགས་ནང་དུ་དཀྲུག་གཞི་ཐེབས་གཞིའི་དཀྲོག་གཏམ་དང་། ལོ་རྒྱུས་རྫུན་བཟོ། དྲང་བདེན་རྡོག་རོལ་གྱི་གཏམ་མ་སྤེལ་རོགས། གལ་སྲིད་ཁྱེད་ལ་དཔང་རྟགས་ཡོད་ན་སྟོན་ཤོག དེ་མིན་གཡོ་སྒྱུ་ཅན་གྱིས་སྤེལ་བའི་དཀྲོག་གཏམ་ཐོས་ཚད་ལ་རང་ཉིད་ཡིད་ཆེས་ཤིང་གཞན་ལ་སྒྲོག་པ་ནི་ཆེས་ཐ་ཤལ་བ་ཡིན་པ་མཁྱེན་པ་མཛོད་ཅེས་རེ་སྐུལ་ཞུ་བ་ལགས་སོ།།
་་་་་་་་་་་ ༢༠༡༥་འོས་བསྡུ་ལས་ཁང་གི་སྒྲིག་གཞི་ནང་དངོས་གཞིའི་འོས་མི་༢་ལས་མི་ཉུང་བ་ཞེས་ཉུང་མཐའི་ཚད་མེད་རུང་། བཙན་བཀའ་གཏང་ནས་བོད་རང་བཙན་གྱི་མིང་ཐོག་ནས་སྲིད་སྐྱོང་འོས་མི་ལོངས་མཁན་ཨ་ཚོགས་ཀླུ་མཁར་བྱམས་ལ་དངོས་གཞི་འོས་མི་ནང་ཕྱིར་ཕུད་གཏོང་བ་རེད། ་་་་་་་ཟེར།
ཨ་ཤུ་རུ་ད་གང་དྲགས་ཕྱིར་མིག་ཅིག་ལ་ལྟས་ན་སྙིང་རླུང་སྟོད་ལ་འཚངས། མདུན་ལམ་ཅིག་ལ་ལྟས་ན་དབུ་མ་སྟོང་པ་ཉིད་དུ་གྱུར།། ད་ལྟར་ལྟས་ན་རང་བཙན་དགྲ་རུ་ལངས།། ད་དུས་ངན་སྙིགས་མ་ཟེར་བ་དེ་འདྲ་ཡིན་གྱི་རེད།།
ད་དུང་དོན་ཚན་རེ་བཟུང་ལྷག་ཤག་་་ཀློ་དམག་སྒར་གཏོར་སྟངས། ཐད་ཝན་ཕོག་གི་རྙོག་དྲག གཞོན་ནུ་ལྷན་ཚོགས་དུམ་བུ་ཁྲ་བྲལ་བཟོས་ནས་དབུ་མའི་གཞོན་ནུ་ལྷན་ཚོགས་ཟེར་བའི་ཕྲུ་གུ་གསར་པ་ཞིག་སྐྱེས་ཡོད་པ་་་་སོགས་ལྷག་ཤག
ད་ཡང་རླུང་ཐོག་ཟེར་བའི་ནང་དཀྲུག་མཁན་པོ་ཞིག་སླེབས་འདུག འདི་ཚོས་དཀྲུག་སྟངས་ལ་ལྟས་ན་ཁེ་སང་ཆེན་པོ་ཞིག་ཡོད་པ་ཐག་ཆོད་འདུག འོན་ཀྱང་དེང་སང་བོད་མི་ཚོས་དྲ་འབུའི་སྐད་ཆ་ལ་ཆ་འཇོག་ཅི་ཡང་བྱེད་ཀྱི་མེད་པ་ཉེ་ཆར་གྱི་འོས་སྡུ་ནས་གསལ་པོ་ཆགས་སོང་། དཔེར་ན་སྲིད་སྐྱོང་ལས་ཐོག་ལ་དྲ་རྒྱའི་ནང་གཏམ་ངན་སྣ་དགུ་བསྒྲོགས་ནས་འོས་གྲངས་ཆག་ཐབས་བྱས་སོང་ཡང་དེ་ལས་མང་བའི་འོས་ཤོག་ཐོབ་སོང་། དེས་ན་རང་ཁེ་དོན་གཉེར་བ་ཁ་ཤས་ཀྱིས་དྲ་ཐོག་འུར་ཇི་ཙམ་རྒྱག་ཀྱང་སྤྱི་ཚོགས་ཆུང་ཆུང་འདི་དཀྲུག་མི་ཐུབ་པ་གསལ་པོ་རེད།
xxxxxxད་ལྟའི་ཆར་ང་ཚོ་ལ་དགོས་པ་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་འོག་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་ཡིན་པ་ལས། སྐབས་འཚོལ་བ་ཚོའི་ཁ་རྗེས་ལྕེ་རྗེས་སྙེག་ནས་ནང་ཁུལ་འཐབ་རྩོད་བྱེད་རྒྱུ་དེ་མིན་པ་ཚང་མས་ཤེས་དགོས།
ཨོ་འདི་ཐང་ཆད་ཡ་མི་འདུག ཧ་ཧ།།
ད་འདས་སོང་ལ་བསླབ་བྱ་བླངས་ཏེས་མ་འོངས་ཀྱི་མདུན་ལམ་སོ་སོས་འཚོལ་ན་མ་གཏོག་མི་ངན་གྱི་ལག་ཏུ་དབང་ཆ་བཞག་ན་འདི་འདྲ་རེད།
ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་དགག་བཞག་ཟེར་བ་དེ་ཚོ་ཚད་འཛིན་འོས་པ་ཅང་ཨེ་ཡིན། ཨ་འབྲུག་སྦྱིན་བདག་སོགས་ཀྱིས་བོད་བསྟན་སྲིད་ལ་བྱེད་རྗེས་ཆེན་པོ་བཞག་ཡོད་ཀྱང་། ལི་ཐང་ཨ་ཐར་སོགས་ཀྱིས་རྐང་རྗེས་ལག་བསུབས་ཀྱིས་བྱ་ངན་མང་པོ་རྩམ་ཡོད། ལར་ནས་ཆུ་སྒང་གི་དེབ་དེ་ཚོ་ཚད་མ་ཡིན་ཤག་རྩིས་ནས་ལུང་དྲངས་ཡོང་དུས་མི་དེ་ཡང་ཅི་འདྲ་ཞིག་ཡིན་པ་ཧ་ལམ་དཔག་ཐུབ་པ་ཞིག་རེད།
་་་་་་་་་ ཨ་འབྲུག་སྦྱིན་བདག་སོགས་ཀྱིས་བོད་བསྟན་སྲིད་ལ་བྱེད་རྗེས་ཆེན་པོ་བཞག་ཡོད་ཀྱང་། ལི་ཐང་ཨ་ཐར་སོགས་ཀྱིས་རྐང་རྗེས་ལག་བསུབས་ཀྱིས་བྱ་ངན་མང་པོ་རྩམ་ཡོད། ་་་་་་་་་་་
ཆུ་སྒང་གི་མཛད་གཙོ་ཨ་ཐར་ནོར་བུ་སོགས་ཀྱིས་ཐེ་ཝན་བོད་སོག་ལས་ཁང་དང་ལྷན་དུ་གྲོས་མཐུན་དོན་ཚན་གསུམ་ཅན་བཞགས་པར་ཉེས་ཆེན་གྱི་བྱ་སྤྱོད་ཞིག་ཡིན་ཚུལ་དང་དེས་ན་ཆུ་སྒང་གི་མི་སྣ་བྱས་རྗེས་ཅན་ཚང་མ་མེད་པར་བཟོ་རྒྱུའི་ཇུས་བཀོད་བཏང་བ་རེད། སྐབས་དེར་ཨ་ཐར་ཅན་ནས་གསལ་པོ་གསུངས་ཟིན་པ་རེད། གོང་ས་མཆོག་དང་བོད་གཞུང་གི་དབུ་ཐར་སར་ངེད་མདོ་སྟོད་མི་དམངས་ལུས་ཐར་དགོས་ཀྱི་རེད། གསུངས་པ་རེད། འོན་ཀྱང་བཙན་བྱོལ་མི་དམངས་ཚོས་དེའི་གོ་དོན་མ་ཤེས་པའམ་ཤེས་ཀྱང་དད་པའི་ལོག་སྤྱོད་དང་སྐབས་འཚོལ་བའི་གང་ཞིག་གིས་ཨ་ཐར་སོགས་ཆུ་སྒང་ལ་བཙན་གནོན་བཟོས་པ་རེད། དོན་དངོས་སུ་ཆུ་སྒང་དང་ཐེ་ཝན་བོད་སོག་ལས་ཁང་བར་བཞག་པའི་གྲོས་ཆོད་དོན་ཚན་གསུམ་ཅན་དེ་དབུ་ལམ་གྱིས་འཕུལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཡིག་ཆ་ལས་བརྒྱ་འགྱུར་གྱིས་ཚོད་མཐོར་བ་རེད། དབུ་ལམ་པ་ཞིག་ཡིན་ན་གྲོས་མཐུན་དེར་དགའ་བསུ་ཞུ་རྒྱུ་ལས་ཉེས་པའི་ཆ་ཤས་ཙམ་ཡང་ཡོད་ནི་མ་རེད། མི་བདེན་བསམ་ན་གྲོས་མཐུན་དོན་ཚན་རེ་རེའི་བཞིན་དུ་ངེད་ཚོས་གླེང་མོལ་བྱེད་ཆོག་གི་རེད། ནམ་ཞིག་ཁམས་པའི་ཕོ་རྒོད་ཨ་ཐར་ནོར་བུ་སོགས་ཀྱི་བྱས་རྗེས་མཐོང་ཡོང་གི་རེད།
ཆུ་སྒང་རྩ་མེད་བཟོ་རྩིས་བྱས་པ་ཟེར་བ་དེ་ཚོ་མི་བདེན་རྫུན་སྒྲིག་བྱས་པ་རེད། གལ་སྲིད་བདེན་པ་ཡིན་ན་རྩ་མེད་བཟོ་རྩིས་བྱེད་མཁན་སུ་རེད། དེས་ཇི་ལྟར་བྱས་པ་རེད་དེ་ཚོ་གསལ་པོ་བཤད་རྒྱུ་ཡོད་དགོས་པ་རེད། དེ་མིན་མུན་ནག་མདའ་འཕེན་ལྟ་བུའི་སྐད་ཆ་དེ་ཚོས་སུ་ཡང་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད། ཆུ་སྒང་དུམ་བུ་གཉིས་སུ་གྱུར་པ་དེ་ཡང་ཆུ་སྒང་རང་ཉིད་ཀྱི་བྱེད་སྟངས་མ་འགྲིག་པ་རེད། ཨ་ཐར་ནོར་བུ་སོགས་ཆུ་སྒང་གི་ལས་བྱེད་གཙོ་གྲས་ཁག་གཅིག་གིས་བོད་མིའི་དབུ་ཁྲིད་གོང་ས་མཆོག་དང་བོད་གཞུང་ལ་དགོངས་སྐོར་གྲོས་སྡུར་གང་ཡང་མ་བྱས་པར་ཐེ་ཝན་བོད་སོགས་ལས་ཁུང་དང་འབྲེལ་བ་བཙུགས་ནས་གྲོས་ཆོད་བཞག་པ་མ་ཟད། ད་དུང་མགོ་ཐར་དཔུང་འཛུལ་གྱིས་གོང་ས་མཆོག་ལ་གྲོས་ཆོད་དེ་ཁས་ལེན་གནང་དགོས་པར་ཞུས་ནས་ཐུགས་ཕམས་བཟོས་ཡོད་པ་རེད། ད་དུང་ཨ་ཐར་ནོར་བུའི་དོལ་རྒྱལ་ཚོགས་པར་ཞུགས་ནས་གོང་ས་མཆོག་ལ་ཟུར་ཟ་དང་བོད་གཞུང་ལ་གཞི་མེད་སྐྱོན་འཛུག་ཀྱི་སྐད་ཆ་མང་པོ་བཤད་ཡོད་པ་རེད་ལ།
ཆུ་སྒང་དམག་སྤྱི་འབའ་པ་རྒན་ཡེ་ཤེས་ཀྱིས་ཨ་རི་གཞུང་གིས་དམག་མི་ཚོར་སྤྲད་པའི་རོག་དངུལ་ཁྱེར་ཞིང་དམག་གི་ཁག་གཅིག་ཁྲིད་ནས་བལ་ཡུལ་གཞུང་ལ་མགོ་བཏག་ཞུས་པས། བལ་གཞུང་གིས་ཁོ་ཚོ་ལ་དམིགས་གསལ་གྱིས་བལ་པོའི་མི་སེར་ལག་ཁྱེར་སྤྲད་ནས་གསོ་སྐྱོང་བྱས་པའི་ཁམས་པ་ཀེམ་ཞེས་པ་དུས་ད་ལྟ་ཡང་ཡོད་ཡོད་པ་རེད།
ད་དུང་ཁམས་པའི་བླ་དཔོན་གཉིས་རེ་མཉམ་འབྲེལ་གྱིས་ཚོ་ཁག་བཅུ་གསུམ་ཟེར་བ་བཙུགས་ནས། དེའི་ཆེད་དུ་ཕྱི་རྒྱལ་ལ་རོག་དངུལ་སློང་ཆེད་གོང་ས་མཆོག་ལ་རྒྱབ་གཉེར་ཞུས་ནས་བཙན་བྱོལ་ལ་འབྱོར་བའི་བོད་མི་སྤྱི་ལ་ཕན་པའི་བྱ་བ་ཞིག་སྒྲུབ་ཀྱི་ཡིན་ཞེས་ཁས་ལེན་ཞུས་པ་རེད། འོན་ཀྱང་རོག་དངུལ་རག་ཚར་རྗེས་ཁམས་པ་རྐྱང་པ་ཡིན་པའི་གཞིས་ཆག་བཅུ་གསུམ་བཙུགས་ནས་ཆོལ་ཁ་གཞན་གཉིས་ཀྱི་མི་མང་དག་སྣང་མེད་དུ་བཞག་ནས་གོང་ས་མཆོག་དབུ་སྐོར་ཞུས་ཡོད་པ་རེད།
དེ་དང་དེ་ལྟ་བུའི་བྱ་ངན་མང་དག་ཞིག་བརྩམ་པའི་དབང་གིས་གོང་ས་མཆོག་ནས་ཐུགས་ཕམས་ཀྱི་བཀའ་སློབ་མང་དག་ཅིག་གནང་དགོས་བྱུང་ཡོད་ཅིང་། ཁམས་པའི་མི་སྣ་བསམ་ཡོད་མང་པོ་ཡང་ཆུ་སྒང་གྱི་མགོ་ཁྲིད་ཚོའི་བྱ་ངན་ལ་ཞེན་པ་གཏིང་ནས་ལོག་སྟེ་ཆུ་སྒང་ནས་ལོགས་སུ་ཐོན་སྟེ་ཆུ་སྒང་གསར་པ་ཟེར་བ་དེ་བཙུགས་དགོས་ཐུག་ཡོད་པ་རེད།
ལོང་རྟོགས་ ཅིག་ཤེས་མདོག་མ་སྟོན། གཅིག འབའ་བ་རྒན་ཡེ་ཤེས་ཀྱིས་བལ་གཞུང་ལ་མགོ་འབུལ་མ་བྱས་པ་ཡིན་ན། དེའི་མཇུག་འབྲས་ག་འདྲ་ཡིན་མིན་དང་།
གཉིས ཆུ་སྒང་སྐབས་དེར་ཨ་ཐར་ཤོག་ཁག་རྩ་མེད་བཟོ་མཁན་ནི་ཟམ་གདོང་ཤོག་ཁག་རེད། དེར་ཁྱེད་ལ་བདེན་དཔང་དགོས་ན་འཇུ་ཆེན་གྱི་དེབ་ཀློག་རོགས།
གསུམ ད་དུང་ཕྱོགས་ཁ་བཅུ་གསུམ་ཟེར་བ་དེ་ཁམས་པ་གཅིག་པུའི་ཚོགས་པ་ཞིག་མ་རེད། དེའི་ཁོངས་སུ་ཆོལ་ཁ་གསུམ་པོ་གཡེར་མེད་རེད།
བཞི། གོང་ས་མཆོག་གི་ཐུགས་ཕམ་པ་ནི་བདེན་པ་ཡོངས་རྫོག་གི་མཐར་ཐུག་མ་རེད་་
ལོང་རྟོག་མ་རེད། ལོག་རྟོག་རེད། བདེན་པའི་སྐད་ཆ་བཤད་ཤེས་མཁན་ཞིག་མ་རེད། དད་པ་ལོག་སྤྱོད་པའམ་སྐབས་འཚོལ་བས་བོད་མིའི་ཆིལ་སྒྲིལ་གཏོར་མཁན་དང་བཙན་བྱོལ་གྱི་དངོས་བྱུང་ལོ་རྒྱུས་རྣམས་རྫུན་བཟོ་བྱེད་མཁན་ཞིག་ཀྱང་རེད། གོང་ས་མཆོག་དང་ཟམ་གདོང་བླ་མ་བེད་སྤྱོད་ནས་ཁམས་རིགས་ལ་རྒོལ་མཁན་ཁོག་ནག་ཞིག་རེད།
ཉི་བུ། འབའ་པ་རྒན་ཡེ་ཤེས་ཀྱིས་བལ་གཞུང་ལ་མགོ་སྒུར་དོན་པད་ཤག་ཟས་པའི་རྐྱེན་གྱིས་རེད། པད་ཤག་ཟས་ན་སུ་ཡིན་ཡང་འཇུག་འབྲས་ཡག་པོ་མི་ཡོང་བ་ཤེས་གསལ་རེད། ཨ་ཐར་ཤོགས་ཁག་རྩ་མེད་བཟོས་པ་ཟེར་བ་དེ་ཡང་བདེན་པ་མ་རེད། ད་ལྟ་ལྡི་ལི་ལ་ཡོད་པའི་ཆུ་སྒང་རྙིང་པ་ཟེར་བ་དེ་ཨ་ཐར་ཤོགས་ཁ་རེད། འཇུ་ཆེན་ནི་ཟམས་གདོང་གི་ཁ་གཏད་ཡིན་པས་འཇུ་ཆེན་གྱི་དེབ་ནང་ལ་ཟམས་གདོང་ཕྱོགས་གཏོགས་ལ་སྐྱོན་འཛུག་ཡོད་ཡོད་པ་རེད། འོན་ཀྱང་དེ་བདེན་མིན་སུས་ཀྱང་བཤད་ཁག་པོ་རེད། ལར་ནས་འཇུ་ཆེན་སོགས་བོད་ཀྱི་མི་རྒན་དེ་ཚོས་བོད་སྤྱི་པའི་མཐུན་སྒྲིལ་ལ་ཕན་པའི་སྐད་ཆ་རེ་བཞག་རྒྱུ་མེད་པར་ནང་ཁུལ་གཏོར་བཤིག་བཏང་བའི་གཏམ་ངན་རེ་བཞག་ནས་ཤི་སོང་བ་ནི་ཐབས་སྐྱོ་པོ་རེད། ཤོགས་ཁག་བཅུ་གསུམ་ཁམས་པ་རྐྱང་པ་ཡིན་མིན་བྷིར་གཞིས་ཆགས་ལ་ལྟོས་དང་ཤེས་ཡོང་། དེ་ནི་མཆོག་གླིང་དང་བྱ་རྒོད་དཔོན་གཉིས་མཉམ་འབྲེལ་གྱིས་བཙུགས་པའི་ཤོགས་ཁག་བཅུ་གསུམ་གྱི་ནང་ཚན་གཅིག་རེད། དེ་བཞིན་ཀ་ཐོག་གཞིས་ཆགས་དང་དོན་འགྲུབ་གླིང་གཞིས་ཆགས་སོགས་ལ་ལྟོས་དང་གསལ་པོ་ཤེས་ཡོང་། གོང་ས་མཆོག་ལྟ་བུ་འཛམ་བུ་གླིང་གི་ཆེ་དགུའི་བཀུར་ཞིང་། སྐུ་ཚེ་གང་པོ་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་བཏང་མཁན་ཞིག་ཐུགས་ཕམས་བཅུག་མཁན་དེ་དག་ནི་མི་ངན་ཁྱི་ལྟ་བུ་ཞིག་ཡིན་པ་བརྒྱ་ཆ་བརྒྱ་རེད།
ཕོ་སུ་མ་དགའ་ཡང་ངས་དངོས་ཡོད་གནས་ཚུལ་བཤད་རྒྱུ་ཡིན། ང་ཡང་ཁམས་པའི་མི་ཞིག་ཡིན། འོན་ཀྱང་ཁམས་པའི་མི་ཁག་གཅིག་གི་བྱེད་སྟངས་ལས་སྟངས་ལ་ཞེན་པ་ལོགས་སོང་། ཁོ་ཚོས་དགྲ་གཉེན་གཉིས་ཀྱི་དབྱེ་བ་ཤེས་ཀྱི་མི་འདུག་ལ། ཆོལ་ཁའི་ཞེན་ཁོག་དོན་དུ་བོད་སྤྱི་པའི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་གི་འདུག མི་འདི་ལྟ་བུ་དག་ནི་ཆེ་ས་མི་མཐོང་བར་ཆུང་ས་ལ་མགོ་འཐོམ་སྡད་མཁན་གྱི་ཁྲོན་པའི་སྦལ་པ་ལྟ་དག་རེད། གང་ལྟར་འུར་ག་ཚོད་རྒྱག་རུང་མ་རྒྱག་རུང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་ལི་ཐང་ཨ་ཐར་གཉིས་ནས་སུ་ལ་བདེན་ཁ་སྟེེར་གྱི་ཡིན་ཟེར་ན་མགོ་ནང་ལ་ཀླད་པ་ཡོད་པའི་མི་སུ་ཡིན་ཡང་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ཀྱི་རེད། ལི་ཐང་ཨ་ཐར་གྱི་གཏམ་ངན་དང་ཆུ་སྒང་རྒད་པོ་འགའ་རེའི་དེབ་ངན་ལ་ཡིད་ཆེས་མཁན་ཁྱོད་ཚོའི་ཀླད་པ་ཁྱེད་ཀ་ཆུ་ཡིས་བཟུང་ཚར་བ་རེད། ཤེས་ཨེ་སོང་།
ལུག་རྟོགས་་་ཁྱོད་ཁམས་པ་ཡིན་ཨེ། ཡིན་སྟངས་ཤིག་ཤོད་དང་། རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་གདམ་གྱི་ཡིན་ནམ་༧གོང་ས་ཏྭ་ལའི་བླ་མར་གདམ་ཡིན་གྱི་ཟེར་ཡོད་དམ། ཁྱོད་ལྟ་བུའི་དཀྲུགས་རྒན་ཚོས་མདོ་ཁམས་མི་དམངས་ཀྱི་ཆིག་སྒྲིལ་གཏོར་སོང་། ཉིན་སྔོན་ལ་ཁྱོད་ཀྱིས་མདོ་སྟོད་སྤྱི་འཐུས་མེད་པ་བཟོ་དགོས་ཀྱི་འདུག་ཟེར་ནས་བཤད་སོང་བ། དགྲ་གཉེན་ངོ་མི་ཤེས་མཁན་དཀྲུགས་རྒན་ཁྱོད་རང་ལྟ་བུ་ཚོ་རེད།
ཁམས་པ་བཀོལ་སྤྱོད་བྱེད་མཁན་ཡབ་གཞིས་ཚང་རེད་ལ་ཁམས་པ་གཏོོར་མཁན་ཡང་ཡབ་གཞིས་ཚང་རེད། ལྷོ་དམག་སྒར་གཏོར་མཁན་ཡབ་གཞིས་ཚང་རེད་ལ་ལྷོ་དམག་གི་དངུལ་ཟ་མཁན་ཡང་ཡབ་གཞིས་ཚང་རེད། ཨ་ཐར་ནོར་བུ་བེད་སྤྱོད་བཏང་ནས་ཨ་རིའི་གསང་ལས་ཀྱི་དངུལ་ཕོག་ཟ་མཁན་ཡབ་གཞིས་ཚང་རེད་ལ་ཨ་ཐར་ནོར་བུར་ནུས་མེད་ནུས་འཛུབས་བྱས་ནས་བོད་མིའི་སྤྱི་ཚོགས་ནས་མཐར་སྤྲོད་བཏང་མཁན་ཡང་ཡབ་གཞིས་ཚང་རེད།
རླུང་ཐོག་རྫུན་རྒན། ཆོས་ལུགས་གཅིག་གྱུར་བཟོ་དགོས་ཟེར་མཁན་རྒྱལ་བ་རིན་པོ་ཆེ་སྐུ་མཆེད་གཉིས་ཡིན་པའི་ཁུང་སྐྱེལ་ག་རེ་ཡོད། འདི་ལྟ་བུ་བཤད་མཁན་ནི་དོལ་རྒྱལ་བ་དང་རྒྱ་ཁྱི་ཁ་ཤས་ལས་བོད་མི་བསམ་ཡོད་སུས་ཀྱང་ཁས་ལེན་མེད། ཚོ་ཁགས་བཅུ་གསུམ་ཟེར་བ་དེ་ཁམ་པའི་བླ་དཔོན་གཉིས་རེས་གཞིས་ཆག་རེ་རྒྱབ་ནས་ཡོད་པའི་མིང་རེད། ཀརྨ་པ་དེའི་དུ་ཁྲིད་རེད་ཟེར་བ་དང་ཀརྨ་པ་ལ་བོད་གཞུང་གིས་དུག་དྲང་ནས་བཀྲོང་པ་རེད་ཟེར་བ་སོགས་ཀྱང་ཁུང་ལུང་མེད་པའི་མི་བདེན་རྫུན་སྒྲིག་ཀྱི་སྐད་ཆ་ཁོ་ན་རེད། གུང་ཐང་ཚུལ་ཁྲིམས་མེ་མདས་བསད་ཡོད་པ་བདེན་པ་ཡིན་ཡང་དེ་བྱེད་མཁན་བོད་གཞུང་ཡིན་པའི་ཁུང་སྐྱེལ་ཅི་ཡང་མེད། དེ་བཞིན་ཨ་འབྲུག་སྦྱིན་བདག་དུག་ཁབ་རྒྱབ་ནས་བསད་པ་དང་། རྒྱ་ལོ་དོན་འགྲུབ་དང་རྗེ་བཙུན་པདྨས་རྒྱུ་དངུལ་ཟས་པ་སོགས་སྐད་ཆ་དེ་དག་ཐམས་ཅད་ཁུང་སྐྱེལ་མེད་པའི་སྲང་ལམ་བར་གྱི་གཏམ་འཁྱལ་ཁོ་ན་རེད། གཅིག་བྱས་ན་དོལ་ཚོགས་དང་རྒྱ་ཁྱི་ཚོས་ཆེད་མངག་བཟོས་པའི་དཀྲོག་གཏམ་ཡིན་སྲིད་པ་རེད། སྐད་ཆ་དེ་འདྲ་ལ་ཡིད་ཆེས་བྱེད་མཁན་སྨྱོན་པ་མ་གཏོགས་སུ་ཡང་མེད། དོལ་རྒྱལ་སྟེན་གསོལ་བྱས་པ་ལ་རྟེན་ནས་དགེ་ལུགས་པ་དང་རྙིང་མ་གཉིས་དུག་ལྟར་གཅིག་གིས་གཅིག་ལ་འཛེམ་ཟོན་བྱེད་དགོས་པ་ཆགས་ཡོད་ལ། དོལ་རྒྱལ་རྗེས་འབྲང་བ་ལ་ལས་གུ་རུའི་སྐུ་བཤིག་པ་དང་བཀའ་ཐང་མེ་ལ་སྲེགས་པ་སོགས་བྱས་ཡོད། དེས་ན་གོང་ས་མཆོག་གིས་བོད་ཀྱི་ཆོས་རྒྱུད་ཁག་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་ཆད་དོལ་རྒྱལ་དམ་བསྒྲགས་གནང་བ་དེ་བོད་སྤྱི་དོན་མ་རེད་དགེ་ལུགས་པའི་ནང་འཁྲུག་རེད་ཟེར་མཁན་དག་ནི་རྩ་མ་ཚང་བའི་མི་དག་རེད། གོང་ས་མཆོག་གིས་གནང་སྟངས་འདི་གཅིག་པུས་ཀྱང་ཁོང་གིས་བོད་ཀྱི་ཆོས་རྒྱུད་གཅིག་གྱུར་གྱིས་ཚང་མ་དགེ་ལུགས་ལ་བསྒྱུར་རྒྱུའི་དགོངས་པ་མེད་པ་གསལ་པོ་རྟོག་ཐུབ་པ་ཞིག་རེད། དོལ་རྒྱལ་ནི་དམ་སྲི་གདུག་པ་ཅན་ཞིག་ཡིན་པས་དེ་གསོལ་བ་དེ་ཆོས་བྱས་པ་ཞིག་གཏན་ནས་མིན། ཆོས་མ་ཡིན་པ་ཞིག་བཀག་ན་དེ་ཆོས་དད་རང་དབང་འཕྲོག་པ་རེད་ཟེར་ན་ལྐུགས་པའི་སྐད་ཆ་རེད། གོང་ས་མཆོག་ནམ་ཡིན་ཡང་བརླང་འཁོར་དངུལ་མདོག་ཅན་ཞིག་ནང་ལ་ཕེབས་པ་ལས་ནག་པོ་ནང་ལ་ཕེབས་པ་མཐོང་མྱོང་མེད། མདོ་སྟོད་ཚང་མ་སུས་མཉམ་རྡུང་བྱས་སོང་ཁྱོད་རང་ཕལ་ཆེེ་འཁྲུལ་སོང་བ་མིན་ནམ། ང་ཡང་མདོ་སྟོད་ཡིན་ལ་ང་དང་ང་ལྟ་བུའི་མདོ་སྟོད་མི་མང་ཕལ་མོ་ཆེས་གོང་ས་མཆོག་རང་ཉིད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བོད་མིའི་སྒྲིག་འཛུགས་རང་ཉིད་ཀྱི་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་དགྲ་བོ་ཡིན་པ་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད། དགྲ་ཡིན་པའི་ངོས་འཛིན་བྱེད་མཁན་ཁ་ཤས་ཤིག་ཡོད་པ་ནི་དོལ་རྒྱལ་བའི་ཁོང་གཏོགས་ཀྱི་མདོ་སྟོད་མི་ངན་རེ་ཟུང་རེད། ཆུ་སྒང་གསར་པ་ཟེར་བ་དེ་ཡང་ངས་གོང་དུ་བཤད་པ་ལྟར་མདོ་སྟོད་ཀྱི་མི་བསམ་ཡོད་ཁ་ཤས་ཀྱིས་བཙུགས་པ་རེད་ལ་དེའི་དབུ་ཁྲིད་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་རེད། འཇུ་ཆེན་གྱིས་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་དོན་ཡང་འདི་ལ་ཐུག་ཡོད་པ་རེད་ལ། འཇུ་ཆེན་གྱི་ཨབ་ཕྲུག་བསྟན་པ་ཡར་འཕེལ་གྱིས་སྤྱི་འཐུས་ཚོགས་གཙོ་མི་བསད་ལག་དམར་བ་རེད་ཅེས་གྲོས་ཚོགས་ནང་ལ་ཟིང་ཆ་སློང་དོ་་ཡང་འདི་ལ་ཐུག་ཡོད་པ་རེད།
ཅོ་རི་རྒད་པོ་ཧམ་བཤད་མ་བྱེད། ངས་མདོ་སྟོད་སྤྱི་འཐུས་མེད་པ་བཟོ་དགོས་ཀྱི་འདུག་ཅེས་གང་དུ་བཤད་སོང་སྟོན་ལ་ཤོགས། མདོ་ཁམས་མི་མང་གི་ཆིག་སྒྲིལ་གཏོར་མཁན་ཁྱོད་ལྟ་བུའི་ནང་རྒོལ་བ་དང་དོལ་རྒྱལ་བ་ཚོ་རེད། ཁྱོད་ཚོས་དུས་རྟག་ཏུ་སོ་སོའི་དབུ་ཁྲིད་དང་གཞུང་ལ་ཁ་རྡུང་ཏོང་སྡད་ན་ཆིག་སྒྲིལ་ཡོང་ཐབས་ག་ལ་ཡོད། ལི་ཐང་ཨ་ཐར་ལ་གོང་ས་མཆོག་དང་གདམ་ཁ་བཀོར་རྒྱུའི་རིན་ཐང་ཞིག་མེད་པ་ཚང་མས་ཤེ་ཀྱི་རེད། དེ་གཉིས་གདམ་ཁ་ཞིག་སྐོར་བའི་དབང་དུ་བཏང་ན་སྨྱོན་པ་ཁ་ཤས་ཀྱིས་ལི་ཐང་ཨ་ཐར་གདམ་སྲིད་པ་རེད། ཧཧཧ
ལུག་རྟོག་ལགས། ཡབ་གཞིས་ཚང་རྒྱུ་ཆེ་ཡི་རེད་དམ་བཙན་བྱོལ་སྒྲིག་འཛུགས་རྒྱུ་ཆེ་ཡི་རེད། ནུབ་ཕྱོགས་པའི་དངུལ་ཁང་ཁག་གི་ནང་དུ་༧གོང་ས་ཏྭ་ལའི་བླ་མ་ལ་སྒོར་མོ་ཧང་ཅང་མང་པོ་ཡོད་རབས་འདུག་ག བཙན་བྱོལ་སྒྲིག་འཛུགས་ལས་ཡབ་གཞིས་ཚང་སྐུ་སྒེར་གྱི་ཕྱུག་བ་རེད་ཟེར་གྱི་འདུག་ག བདེན་པ་རེད་དམ།
ཅོ་རི། ཡབ་གཞིས་ཚང་ལ་རྒྱུ་ཅི་ཡོད་མི་ཤེས་ཀྱང་རྒྱལ་བ་རིན་པོ་ཆེ་རྒྱུ་ཡོད་པ་བཤད་མ་དགོས་པ་རེད། ཁོང་ལྟ་བུའི་རྒྱུ་སྒྲུབ་མ་དགོས་པར་ཆར་པ་བཞིན་འབབ་ཀྱི་ཡོད་པ་རེད། དཔེར་ན་དུས་འཁོར་དབང་ཆེན་ལྟ་བུའི་སྐབས་སུ་སྐུ་སྒེར་གྱི་ལས་ཁུང་མདུན་དུ་མི་རིགས་འདྲ་མིན་གྱིས་པད་ཤག་ཕུལ་ས་མ་རག་པར་ཉིན་རྟགས་པར་རྫོགས་རྒྱུ་མེད་པའི་བང་སྒྲིག་ནས་ཡོད་པ་མ་མཐོང་ངམ། འོན་ཀྱང་ཁོང་གིས་རྒྱུ་དངོས་ཡོང་རྫོགས་བོད་མིའི་སྒྲིག་འཛུགས་དང་ཉམ་ཐག་རིགས་དེ་བཞིན་སློབ་གྲྭ་ཁག་སོགས་ལ་གནང་སྦྱིན་མཛད་ཀྱི་ཡོད་པ་ལས་ཡབ་གཞིས་ཚང་ལ་སྤྲད་ཀྱི་མེད། མི་མང་གིས་ཀྱང་དེ་ཤེས་ནས་ཕུལ་གྱི་ཡོད་པ་རེད། ད་་ཧ་གོ་ཨེ་སོང་།
#76 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
December 10th, 2015 at 11:21 am
ལུག་རྟོག་ལགས། ཡབ་གཞིས་ཚང་རྒྱུ་ཆེ་ཡི་རེད་དམ་བཙན་བྱོལ་སྒྲིག་འཛུགས་རྒྱུ་ཆེ་ཡི་རེད། ནུབ་ཕྱོགས་པའི་དངུལ་ཁང་ཁག་གི་ནང་དུ་༧གོང་ས་ཏྭ་ལའི་བླ་མ་ལ་སྒོར་མོ་ཧང་ཅང་མང་པོ་ཡོད་རབས་འདུག་ག བཙན་བྱོལ་སྒྲིག་འཛུགས་ལས་ཡབ་གཞིས་ཚང་སྐུ་སྒེར་གྱི་ཕྱུག་བ་རེད་ཟེར་གྱི་འདུག་ག བདེན་པ་རེད་དམ། ་་་་་་་
ཅོ་རི་རྨོངས་པའི་རྨོངས་རྟགས་དེ། དེ་རིང་གཞི་ནས་བཏོན་བྱུང་། ཧཧཧཧ། ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།།
ཟམ་གདོང་ཁམས་ནག་དང་ལོང་རྟོག་ཁོག་ནག་ཅན་པོ་སོགས་ཀྱིས་ཁམས་པའི་ནང་དམྱེ་བཟོས་བཟོ་ཉིད་ཀྱིས་ད་ཟད་གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ་མངས་ནས་མང་དུ་འགྲོ་བཞིན་ཡོད་པས་ཁྱེད་རྣམ་པར་དགོས་རྒྱུའི་བླ་མའི་ཞབས་ཞུ་སྒྲུབ་ཚུལ་དེ་ཡིན་ན་ཆོག། དཔལ་རྒོད་ཨ་ཐར་ནོར་བུ་སོགས་ཁམས་པའི་འགོ་དཔོན་རྣམས་བོད་མིའི་གྲལ་ནས་རྒྱང་ཕུད་གཏོང་རྒྱུར་སྐྱོན་འཚོལ་ག་ཚོད་བྱས་ཀྱང་སྐྱོན་གྱི་དྲི་མ་ཙམ་ཡང་མ་རྙེད་པས་མཐར་མར་བོད་སོག་ལས་ཁང་དང་ལྷན་དུ་གྲོས་མཐུན་དོན་ཚན་གསུམ་ཅན་ལ་ངན་ཁག་གཡོག་ནས་བཙན་བྱོལ་ཚང་གིས་ཁམས་པའི་མི་དམངས་ལ་རིག་གནས་གསར་རྗེ་ཆེན་མོའི་ལས་འགུལ་ཇི་བཞིན་དུ་སྤེལ་བ་རེད། འོན་ཀྱང་ཁམས་ནག་ཟམ་གདོང་གཙོས་པའི་ཕྱི་ཁ་ནང་ལག་གི་ཁམས་རུལ་འགའ་མ་གཏོག་ཁམས་པའི་མི་དམངས་ལ་གཡོལ་འགུལ་གང་ཡང་མ་ཐུབ་ནས་མཐའ་མར་ནམ་མཁའ་གཡའ་དག་དང་ས་གཞི་རྡུ་དག་ཡིན་སྐོར་གསུངས་དགོས་ཐུབ་པ་རེད། གྲོས་མཐུན་དོན་ཚན་གསུམ་ཅན་ནི་དབུ་ལམ་ཚང་ལ་སྐྱོན་ཅན་ཞིག་ཏུ་དུས་ནམ་ཡང་འགྱུར་མི་སྲིད་པས་རྒྱ་དམར་ལ་ཕུལ་བའི་ས་གནས་རང་སྐྱོང་གི་ཡིག་ཆ་ལས་གསལ་ནི་རེད།
བསྟན་འཛིན། ཁམས་པ་ནང་དམེ་བཟོ་མཁན་ཨ་ཐར་ནོར་བུ་སོགས་དོལ་རྒྱལ་གྱི་རྗེས་སུ་འཇུག་མཁན་ཁམས་པའི་མི་ངན་ཚོ་རེད། ཁོ་ཚོས་གོང་ས་མཆོག་ལས་དོལ་རྒྱལ་གདམ་པ་རེད་ལ་བོད་སྤྱི་པ་ལས་ཆོལ་ཁ་གདམ་པ་རེད། བྱེད་སྟངས་འདི་ལ་ཡིད་མ་རང་བར་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཁམས་པའི་མི་སྣ་བསམ་ཡོད་ཚོ་ཟུར་དུ་ཐོན་དགོས་བྱུང་བ་རེད། གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་མི་ཤེས་ལ་གལ་ཏེ་འགྲོ་ཡི་ཡོད་ན་ཁམས་པའི་མི་མང་ཁྲོད་དོལ་རྒྱལ་བ་དང་རྒྱ་ཁྱི་མང་རུ་འགྲོ་ཡི་ཡོད་པའི་རྟགས་ཡིན་པས། འདི་ནི་བོད་སྤྱི་དང་ལྷག་པར་ཁམས་པ་མི་མང་གི་ཞབས་འདྲེན་རེད་ལ། མི་དེ་ཚོས་དཔའ་བོ་ཨ་འབྲུག་སྦྱིན་བདག་སོགས་བོད་བསྟན་སྲིད་ཀྱི་ཆེད་དུ་སྲོག་ཕུལ་མཁན་ཚོའི་རྣམ་ཤེས་སྟེང་ས་སྤུང་གི་ཡོད་པ་རེད། ཨ་ཐར་གྱིས་བོད་སོགས་ལས་ཁུང་དང་གྲོས་དོན་བཞག་པ་དེ་ད་ལྟའི་དབུ་མའི་ལམ་གྱི་དགོངས་དོན་ལས་བརྒལ་བ་ཞིག་མིན་པའི་དབང་དུ་བཏང་ཡང་སྐབས་དང་དུས་ལ་ལྟ་དགོས་པ་རེད། དེའི་སྐབས་སུ་བོད་གཞུང་གིས་བོད་རང་བཙན་གྱི་ལང་ཕྱོགས་འཛིན་པའི་སྐབས་ཡིན་པས་སྐབས་དེ་འདྲ་ཞིག་ལ་སོ་སོའི་གཞུང་དང་དབུ་ཁྲིད་ལ་དགོངས་སྐོར་ཙམ་ཡང་མ་ཞུས་པར་རང་འཚམ་གྱིས་ཐག་གཅོད་དེ་འདྲ་བྱས་པ་ནི་ལས་ཀ་ཚབ་ཆེན་རེད། བོད་པ་ཚང་ལ་གཞུང་དང་དབུ་ཁྲིད་ཡོད་བཞིན་དུ་ཨ་ཐར་ནོར་བུ་མི་སྒེར་པ་ཞིག་གིས་བོད་དོན་ཐག་གཅོད་བྱེད་རྒྱུའི་དབང་ཚད་དང་ཐོབ་ཐང་ཅི་ཡང་ཡོད་མ་རེད། ད་ཤེས་ཨེ་སོང་། ཆུ་སྒང་གིས་གོང་ས་མཆོག་ལ་བརྟན་བཞུགས་ཐེང་མང་ཕུལ་ནས་དེ་སྔོན་ཁོང་གི་དགོངས་པ་དཀྲུག་པ་ལ་དགོངས་དག་ཐུགས་བདེན་ཅེས་ཞུས་ཡོད་པ་རེད། དེས་ན་གོང་མཆོག་གིས་ཀྱང་ཐུགས་དགོངས་ཆེར་བཞེས་ཀྱིས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་ཞེས་གསུངས་པ་རེད། འོན་ཀྱང་ད་དུང་ཡང་ཆུ་སྒང་གི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་དྲ།འབུ་ཁྱོད་ཚོས་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨོད་དང་སྐུར་འདེབས་བྱེད་བཞིན་པ་འདི་ནི་ཆུ་སྒང་རང་ཉིད་ཀྱི་ལང་ཕྱོགས་དང་ཡང་འགལ་སྡད་ཡོད་པ་རེད།
ལོང་རྟོག་ལགས། ལོག་རྟོག་མ་བཤད་རོགས། མ་ཤེས་ན་ཤེས་ཁུལ་དགོས་དོན་ཡོད་ནི་མ་རེད། ཧཧཧཧཧ། ཆུ་སྒང་དང་བོད་སོག་བར་གྱི་གྲོས་མཐུན་བཞག་སྐབས་སུ་བོད་གཞུང་གིས་བོད་རང་བཙན་གྱི་ལང་ཕྱོགས་འཛིན་པའི་སྐབས་ཡིན་ཨེ། ཧཧཧཧཧཧཧཧ། གོང་ས་མཆོག་གིས་རྒྱུན་དུ་གསུངས་རྒྱུར་༡༩༧༤ ལོ་ནས་བོད་གཞུང་གི་དབུ་མའི་ལམ་གྱི་ལང་ཕྱོགས་འཛིན་པ་ཡིན་ཟེར་ནས་བརྒྱ་ཚར་སྟོང་ཚར་སྒྲོགས་ཟིན་པ་རེད། མི་ཁྱེད་ཚོའི་རིགས་ལ་ཁྲེལ་དང་ངོ་ཚ་ཤེས་པའི་སྐད་ཆ་ཞིག་ནམ་ཡང་བཤད་རྒྱུ་མེད། འདིའི་རིགས་རྐྱང་རྐྱང་བཤད་རྒྱུ་དང་ལས་རྒྱུ་མང་སོང་བས་མཚན་སྨོད་དང་ཟུར་ཟ་སོགས་ཀྱི་རྒྱུ་རྐྱེན་ཚོགས་སོང་བ་རེད། ཁྱེད་ཚོས་དྲང་བདེན་མིན་པའི་དོལ་རྒྱལ་དོལ་རྒྱལ་ཞེས་སྟོང་ལབ་ག་ཚོད་རྒྱབ་ཀྱང་ད་ཁོ་ཚོས་དོལ་རྒོལ་བར་ཐར་པ་གཏོང་ས་མ་རེད། དེང་སྐབས་རྒྱ་དམར་ཚང་དང་དོལ་རྒྱལ་ཚང་མཉམ་འབྲེལ་བྱེད་ནས་དབུ་ལམ་ཚང་སྲོག་མེད་བཟོ་བཞིན་པར་ཁྱེད་ཚོས་ག་རེ་བྱེད་རྒྱུ་འདུག་ལྟ་དགོས་ཨ། ད་དུང་རང་བཙན་ཚང་གིས་ག་རེ་བྱེད་ཡོང་སུས་ཤེས། འོ་རེད། ཞྭ་དམར་ཚང་། ཁམས་པ་ཚང་། བོན་པོ་ཚང་། བཀའ་གདམ་གསར་མ་ཚང་། ད་དུང་་་་་་་་་ཧཧཧཧཧཧཧ།
བོན་པོ་ཚང་་བསྡད་ས་ལ་བཞག་ན་ཡག་ཡོང་། བོན་པོ་ཚང་ད་བར་དྲང་བདེན་གྱི་ལམ་བུར་སྐྱོད་ནས་མི་ལོ་སྟོང་ཕྲག་མང་པོར་མི་རིགས་རང་གི་བླ་སྲོག་བཟུང་ནས་བསྡད་ཡོད་པ་རེད། བོད་དང་བོད་མི་དམངས་ལ་དཀའ་ངལ་དུས་ནམ་ཡང་སྤྲོད་འདོད་མེད། འདས་དུས་སུ་ཡང་དཀའ་ངལ་སྤྲད་པའི་ལོ་རྒྱུས་མཐོང་རྒྱུ་མེད། དུས་ནམ་ཡང་བོད་ཡུལ་བདེ་ཞིང་སྐྱིད་པའི་རེ་སྨོན་འཆང་བཞིན་ཡོད། བོན་ལུགས་ནི་རང་ཡུལ་གྱི་མི་རིགས་དང་འབྲེལ་བའི་གདོད་མའི་ཆོས་ལུགས་གཅིག་པུ་དེ་ཡིན་པས། ཁྱེད་ཚོ་འདྲ་པོ་གར་སོང་གར་བསྡད་ལ་འགན་ལེན་དེ་ཙམ་མེད་པར་སྣང་བར་གང་ཤར་འཁྲབ་སྡོད་མཁན་ཞིག་ཨ་ཡིན་ན། །
ཨ་མ་རྗེ་བཙུན་པདྨ་མཆོག་གི་བུ་ཕྲུག་རྣམས་དྷ་སྟེང་བོད་ཁྱིམ་ནང་ལ་སློབ་སྦྱོང་བྱས་པ་ཤ་སྟགས་རེད་དོ།།
རླུང་ཐོག གནས་ལུགས་མེད་པའི་སྐད་ཆ་དག་ཡང་བཤད་བསྐྱར་བཤད་ཇི་ཙམ་བྱས་ཀྱང་དུས་ཚོད་འཕྲོ་བརླག་རེད། འདི་ན་མཚན་ཉིད་པ་ཚོས་མིང་སྙན་པོ་ཞིག་བཏགས་ཡོད་པ་ནི་གསེར་གྱི་ཨ་ལོང་ཟེར། དེའི་དོན་ནི་རྒྱུ་མཚན་བཤད་རྒྱུ་མ་རྙེད་པར་བཤད་ཟིན་པའི་སྐད་ཆ་བསྐྱར་ཟློས་བྱེད་པ་ལ་ཟེར་བ་རེད། ངས་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་ཁུང་ལུང་དང་རྒྱུ་མཚན་ཁྱེར་ཤོགས་ཟེར་བ་ལས་ཡང་བསྐྱར་བཤད་ཤོགས་ཟེར་གྱི་མེད། ཆོས་ལུགས་གཅིག་གྱུར་ཟེར་བའི་སྐད་ཆ་ཞིག་བྱུང་ཡོད་ཀྱང་དེའི་བྱེད་སྟེ་རྒྱལ་བ་རིན་པོ་ཆེ་སྐུ་མཆེད་གཉིས་ཡིན་པའི་ཁུང་ལུངས་མི་འདུག་ཟེར་གྱི་ཡོད། དེ་ཡིན་ན་ཡིན་པའི་མི་དཔང་དང་དངོས་དཔང་ཅི་ཞིག་ཡོད། གཉིས་ནས་ཀརྨ་པ་དང་ཨ་འབྲུག་སྦྱིན་བདག་སོགས་རྒྱ་ལོས་བསད་པའི་ཁུང་ལུང་ཅི་ཞིག་ཡོད། ཡོངས་གྲགས་རེད་ཟེར་བ་ཙམ་གྱིས་ཁུང་ལུང་ཡོད་པ་གང་ཡང་ཆགས་ཀྱི་མ་རེད། ལར་ནས་ཁྱོད་དང་ཁྱོད་ལྟ་བུའི་དྲ་འབུ་ཚོའི་ཁྲོད་དུ་ཡོངས་གྲགས་ཡིན་ན་ལས་བོད་པའི་སྤྱི་ཚོགས་ནང་ལ་ནི་ཡོངས་གྲགས་རེད་མི་འདུག དོལ་རྒྱལ་དགེ་ལུགས་པའི་འདྲེ་ཡིན་ཡང་དེ་བཀག་འགོག་གནང་བ་དེ་བོད་སྤྱི་དོན་རེད། དེ་བཀག་འགོག་གནང་བ་དེས་བོད་ཀྱི་ཆོས་རྒྱུད་བར་གྱི་དམ་སེལ་དང་དོག་པ་མང་པོ་ཞིག་སེལ་ཐུབ་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་དོལ་རྒྱལ་མེད་པ་བཟོས་པ་དེས་རྙིང་མ་བཀའ་རྒྱུད་ཀྱི་བླ་ཆེན་ཁ་ཤས་སྐུ་ཚེ་རིང་དུ་འགྲོ་བ་ལ་ཡང་ཕན་ཡོད་སྲིད་པ་རེད། ཤེས་རིག་ལས་ཁུང་གངས་སྐྱིད་ལ་སྤོས་སོང་ན་དེའི་ཤུལ་དེ་རྗེ་བཙུན་པད་མས་བདག་བཟུང་བྱེད་མི་ཆོག་པ་ཅི་ཡོད། ལར་ནས་བོད་ཁྱིམ་སློབ་གྲྭ་རྗེ་བཙུན་པདྨས་བཙུགས་པ་ཡིན་དུས་དེའི་གཤམ་གྱི་ས་ཆ་དེ་ཉོས་ཡོད་སྲིད་པ་རེད། སྒང་ཐོག་ཏུ་ཡོད་པའི་བོད་གཞུང་གི་གསེར་དངུལ་རྣམས་རྒྱ་ལོ་དང་ཚ་རོང་གིས་དབོར་སོང་བ་སུའི་མཐོང་བ་རེད། ཁྱོས་གོང་ས་མཆོག་བརླང་འཁོང་ནག་པོ་ཞིག་གི་ནང་ལ་དང་སང་ཕེབས་ཀྱི་ཡོད་པ་དང་དེ་ཡང་བོད་སོགས་ལས་ཁུང་གིས་སྤྲད་པ་བཤད་མ་སོང་ངམ། གོང་ས་མཆོག་གང་དུ་ཕེབས་ཡང་དེང་སང་དྲ་ཐོག་ནས་ལྟ་ཆོག་ཆོག་ཡིན་པས་ནམ་ཡིན་ཡང་བརླང་འཁོར་དངུལ་མདོག་ཅན་ཆུང་ཆུང་ཞིག་གི་ནང་ལ་ཕེབས་ཀྱི་ཡོད་པ་ལས་ནག་པོ་ཞིག་གི་ནང་ལ་ཕེབས་ཀྱི་མི་འདུག འདིས་སྟེང་ནས་ཁྱེད་རང་ཡང་ཧམ་བཤད་བྱེད་མཁན་ཞིག་ཡིན་པའི་རྟགས་སྟན་པ་རེད། ཁྱོད་ང་རང་གཉིས་ལྟ་བུའི་འཛམ་གླིང་གི་ཁྲིམས་ཅང་ཤེས་ཚོད་མ་རེད། འཛམ་གླིང་གི་ཁྲིམས་ཤེས་མཁན་ཞིག་ཡིན་ན་ཁུང་ལུང་མེད་པའི་སྐད་ཆ་འདི་འདྲ་བཤད་ཀྱི་མ་རེད། ཆོས་ལུགས་ཟེར་བ་དེ་ལྟ་གྲུབ་ཅན་ཞིག་ལ་ཟེར་བ་ལས་ལྷ་གསོལ་ཀླུ་གསོལ་བྱས་ཚད་ལ་ཆོས་ལུགས་མི་ཟེར། དོལ་རྒྱལ་གསོལ་བ་ནི་ལྷ་གསོལ་ཀླུ་གསོལ་གྱི་ཁོང་སུ་གཏོགས་པ་ལས་ཆོས་ལུགས་ཀྱི་ཁོང་སུ་མི་གཏོགས། ཨ་ཐར་ནོར་བུས་འགོ་སྟོད་ལ་བྱེད་རྗེས་ཅུང་ཟད་བཞག་ཡོད་ཀྱང་ཕྱིས་སུ་དོལ་རྒྱལ་ཆེད་དུ་རྐང་རྗེས་ལག་པས་བསུབས་ཡོད་པ་རེད། ཨ་འབྲུག་སྦྱིན་བདག་ལ་ཁམས་པ་མི་མང་གིས་ཀྱང་རྗེས་དྲན་ཟེར་བ་ཞིག་ཚོགས་ཀྱི་མི་འདུག་པས་གཞན་པས་ག་ལ་ཚོགས། ལར་ནས་ཆུ་བཞི་སྒང་དྲུག་གིས་ཀྱང་ཨ་འབྲུག་སྦྱིན་བདག་ལ་བཀའ་དྲིན་རྗེས་དྲན་ཟེར་བ་ཞིག་ཚོགས་མྱོང་ཡོད་དམ།
བསྟན་འཛིན། ཁྱོད་ཀྱང་མ་ཤེས་ཤེས་མདོག་བྱེད་རྒྱུར་དགའ་བའི་མི་ཞིག་རེད། ཨ་ཐར་ནོར་བུ་སོགས་ཀྱིས་བོད་སོག་ལས་ཁུང་དང་གྲོས་ཆོད་བཞག་པའི་ལོ་དུས་ཁྱོད་ལ་བཤད་རྒྱུ་ཨེ་ཡོད། ༡༩༧༤ ལོ་ནས་དབུ་ལམ་ལ་འགྲོ་བའི་གྲ་སྒྲིག་ཡོད་པར་གསུངས་པ་ལས་དབུ་ལམ་དངོས་སུ་གཏན་འབེབས་བྱས་པའི་དུས་ཚོད་ནི་༡༩༧༩ ལ་ཡིན་པ་ཡོད། ཨེ་རེད་མ་རེད་ཡིག་ཆ་ཁག་ལ་ལྟོས་དང་ཤེས་ཀྱི་རེད། ང་ཚོའི་གྲལ་དེ་ཁྲེལ་དང་ངོ་ཚ་མི་ཤེས་མཁན་ཡིན་ན་ཁྱོད་ཚོའི་གྲལ་དེ་ག་རེ་ཡིན་དགོས་སམ། དོལ་རྒྱལ་བ་དང་རྒྱ་ནག་གཞུང་མཉམ་འབྲེལ་གྱིས་བོད་པ་ཚང་ཏག་ཏག་བཟོ་ས་རེད་དགའ་ནས་དགོད་སྟངས་ལ་ལྟས་ན་ཁྲེལ་དང་ངོ་ཚ་མེད་པའི་མི་ངོ་མ་དེ་ཁྱོད་ཚོ་རེད་མི་འདུག་གམ། ཁྱོས་རང་ཉིད་སུ་ཡིན་པ་ཤེས་ཀྱི་ཨེ་ཡོད། རྒྱ་ནག་གཞུང་གིས་བོད་མི་ས་ཡ་ཙམ་དམར་གསོད་བཏང་བའི་ནང་ལ་ཕར་ཆེར་ཁྱོད་རང་གི་ཕ་མ་སྤུན་མཆེད་གང་རུང་ཡོད་རྒྱུ་རེད་ད།
རླུང་ཐོག་དང་བསྟན་འཛིན་གཉིས་ཀྱི་སྐད་ཆ་ལ་གནས་ལུགས་འདུག་ཀྱང་ལུག་རྟོག་བོང་བུའི་རྣ་བ་ལ་གསེར་གྱི་ཨ་ལོང་བཏགས་པ་ལྟར་ཕན་ཐོགས་ཡོད་ནི་མ་རེད།
བོན་པོ་ལགས་མི་ཁྲེལ་གཞུང་ཅན་ཞིག་རེད་ལ་ཁོང་གིས་གསུངས་པ་བདེན་པ་རེད། བོན་པོ་ཚང་སྡད་ས་ལ་བཞག་ན་ཡག་གི་རེད། བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་ལགས་གདོང་ལ་ལང་ནས་གཅིག་བཤད་པ་རེད་ཟེར་བ་སོགས་ཀྱི་སྐད་ཆ་འདི་དག་ལ་ཁུང་ལུང་གང་ཡང་མེད། ཁོང་ནི་རྒྱ་ནག་དམར་གཞུང་གི་གདོང་ལ་ལང་པ་ལས་བོད་གཞུང་གི་གདོང་ལ་ལང་མཁན་ཞིག་མ་རེད།
ལི་ཐང་ཨ་ཐར་ནས་རང་སྲོག་འབེན་ལ་བཞག་ཏེ་བོད་དོན་དང་རྒྱལ་བ་རིན་པོ་ཆེའི་ཆེད་དུ་ཉིན་གཅིག་གི་དཀའ་ངལ་ལ་ཡང། ཁ་རྒྱག་པ་བཤད་མཁན་དེ་ཚོའི་མི་ཚེ་ཧྲིལ་པོའི་དཀའ་ངལ་དང་འགྲན་ཟླ་མེད་ཀྱང། ད་དུང་ལི་ཐང་ཨ་ཐར་གཅིག་རེད་གཉིས་རེད་ཅེས་སྒྲོ་བཀུར་འདེབས་ལུགས་དེ་མཐོང་དུས་རྟོག་ངན་སེམས་ལ་ཤར་ཀྱང་ཁ་ནས་བཤད་ཕོད་པ་དེ་ཡ་མཚན། ལས་རྒྱུ་འབྲས་ལ་རུང་གི་ཨ་ཡོད་ན་སྙམ།
ལུང་རྟོགས་མིང་ཅན་ལགས། ཨ་ཐར་སོགས་ཆུ་སྒང་དང་ཐེ་ཝན་བོད་སོག་ལས་ཁུངས་བར་སྔོན་འགྲོའི་གྲོས་ཆོད་དོན་ཚན་གསུམ་ཅན་བཞག་སྐབས་སུ་བོད་གཞུང་གི་ལང་ཕྱོགས་རང་བཙན་ཡིན་སྐོར་གསུངས་པར་ལྟོས་ན་ལོ་ངོ་བཅུ་ཕྲག་གཅིག་གཉིས་འདས་པའི་དངོས་བྱུང་གི་ལོ་རྒྱུས་ཙམ་ཡང་མི་ཤེས་པས་ཅ་ཅོག་གླེང་རྒྱུར་དགའ་བའི་མི་ཞིག་ཡིན་ས་རེད། འདིའི་རིགས་ཀྱིས་སྤྱི་ཚོགས་ཆུང་ཆུང་ནང་རྙོག་དྲ་ཆེན་པོ་ཡོང་གི་ཡོད་པར་ཤེ་དགོས།
ཨ་འབྲུག་མགོན་པོས་དོལ་རྒྱལ་ལ་ལུང་བསྟན་ཞུས་ནས་ཆུ་སྒང་ཟེར་བ་དེ་བཙུགས་པ་རེད། རྗེས་སུ་ལམ་འགྲོ་མི་ཡོང་དོན་ཡང་དེས་རྐྱེན་བྱས་ཡོད་སྲིད་པ་རེད། དེ་ཆུ་སྒང་ལོ་རྒྱུས་ནང་ལ་བྲིས་འདུག་བསམ་སོང་།
ལྷ་འདྲེར་སྟོད་སྨོད་ཀྱིས་རྟོག་བཏགས་སམ་རྣམ་རྟོག་གི་སྐྲུན་པའི་བོད་ཀྱི་ཆོས་ལུགས་འདིར་ཞིབ་ཏུ་དཔྱོད་ན་འཇིག་རྟེན་བཀོད་པ་པོའི་ཆོས་ལུགས་དང་གཉིས་སུ་མེད་པའི་རྣམ་པ་ཞིག་རེད། ཆབ་སྲིད་རྐྱང་པའི་ཐོག་ནས་བཤད་ན་དེ་ནི་རྨོང་དད་སེམས་གཙོ་ཙམ་གྱི་ལྷ་འདྲེའི་སྒྲུང་ལས་མ་འདས་པས་ང་ནི་དོལ་རྒྱལ་སོགས་བོད་ཀྱི་ལྷ་འདྲེའི་རྣམ་བཞག་ཁག་ལ་མི་སྤྲོའོ།
དམིག་བསལ།
རླུང་ཐོག་པ་ལ་དྲི་བ་གཅིག་ཡོད། དེ་དུས་བོད་ཀྱི་རྒྱ་དར་དགེ་ལུགས་རྒྱལ་དར་རུ་བསྒྱུར་ནས་མཐའ་སེར་བོ་བྱེད་པ་དང་ཁྲི་བྱང་གིས་འཆར་འགོད་ཀྱི་དམག་འཛུགས་པ་ཡིན་ན་དོལ་འདྲེའི་གྲོས་བཀོད་ཡིན་པ་གསལ་བོ་མིན་ནམ།
ས་བརྒྱ། མི་འབོར། དར་ཆ། རྒྱལ་གླུ། དངུལ་སྲང་། སྦྲག་ཐམ་གྱིས་རང་བཙན་ཡིན་པ་གསལ་སྟོན་བྱས་པ་རེད།
དྲ་འབུ་རླུང་ཐོག གསེར་གྱི་ཨ་ལོང་རྒྱ་ལོས་ཟས་སོང་བའི་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་པར་ཟས་སོང་བ་རེད་ཟས་སོང་བ་རེད་ཅེས་ཚར་བརྒྱ་བཤད་ཀྱང་སྟོང་པ་རེད། གཞི་མེད་སྐྱོན་བརྗོད་དེ་དག་འགྲིག་གི་མི་འདུག་ཟེར་བ་ལས་སྐྱོན་ཡོད་པ་དག་བརྗོད་མི་ཆོག་ཟེར་མཁན་སུ་ཡང་མེད། ཁ་བརྡ་དྲ་རྒྱའི་ནང་ལ་སུ་ཡིན་གང་ཡིན་མི་ཤེས་པའི་དྲ་འབུ་ཚོས་ཁྱི་སྨྱོན་ཟུག་པ་བཞིན་དུས་རྟགས་ཏུ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་བཞིན་པ་འདི་བྱེད་མི་ཆོག་ཟེར་མཁན་མེད་ནས་ཡིན་པ་ལས། རྒྱ་གཞུང་ལྟ་བུའི་བཙན་ཤུགས་ཅན་ཞིག་ཡིན་ན་དྲ་འབུ་ཁྱོད་ཚོ་ལ་སྐྱོན་བརྗོད་བྱེད་པའི་སྙིང་སྟོབས་མེད་པ་ས་རིས་ཐང་གསལ་རེད། ཤོག་གུ་དཀར་པོའི་སྟེང་ལ་ཡི་གེ་ནག་པོ་བྲིས་ཡོད་པ་ཙམ་གྱིས་བདེན་པ་ཡིན་པའི་ངེས་པ་ཅི་ཡང་མེད། ལོ་རྒྱུས་མང་པོ་ཞིག་ནི་རྫུན་བཟོ་ཁོ་ན་རེད་ལ་དེ་དག་ལ་རིན་ཐང་ཅི་ཡང་མེད་པ་རེད། མ་འོང་པའི་ཞིབ་འཇུག་པ་ཞིག་གིས་ཞིབ་འཇུག་ཞིག་བྱེད་པ་ཡིན་ན་རྫུན་གཏམ་འབྲི་མཁན་དེ་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་རྒྱུ་ཡིན་པ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་རེད། དེ་ཚོ་ལ་དགག་ལན་མ་བྲིས་པ་ཡང་ཁུང་ལུང་མེད་པའི་དེབ་དེ་རིགས་ལ་དགག་ལན་འབྲི་བའི་རིན་ཐང་གང་ཡང་མ་མཐོང་བས་ཡིན་པ་ལས་དགག་ལན་མ་ཕོག་པ་མ་རེད། ཁུང་སྣེ་གཅིག་མེད་པའི་ཡིག་འཁྱམ་ཁོ་ན་བྲིས་ནས་བོད་པ་ནང་དཀྲུག་རྒྱག་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་ནག་ཁུང་ནང་ནས་མདའ་འཕེན་མཁན་དྲ་འབུ་དག་ལས་གཞན་སུ་ཡོད། དབུ་མ་ཕྱོགས་གཏོགས་པས་རྒྱལ་ཁབ་བཙོང་བའི་བཙོང་ལུགས་གཅིག་ཤོད་དང་། རྒྱལ་བཙོང་བ་ངོ་མ་ནི་རང་བཙན་ཁ་ལ་ཁྱེར་ནས་རང་བཙན་འཕྲོག་མཁན་རྒྱ་ནག་ལ་ཚིག་གཅིག་བཤད་མི་ནུས་པར་བོད་མི་རིགས་ཀྱི་མགོན་སྐྱབས་གོང་ས་མཆོག་དང་། བོད་མི་མང་གི་སྐུ་ཚབ་བོད་མིའི་སྒྲིག་འཛུགས་ལ་ཁ་རྐྱང་རྐྱང་གཏོང་ནས་གཅིག་སྒྲིལ་གྱི་ནུས་པ་འཐོར་ཞིག་གཏོང་མཁན་གྱི་མི་ངན་ཁྱོད་ཚོ་རེད། དོལ་རྒྱལ་གྱིས་རྙིང་མའི་ཆོས་ལ་དད་པ་བྱེད་མཁན་ཚོའི་སྲོག་བཅད་འགྲོ་བ་ཕ་ཝོང་ཁ་པ་སློབ་རྒྱུད་དང་བཅས་པས་བཤད་ཡོད་པ་རེད་ལ། རྙིང་མས་སྐྱབས་དང་མགོན་གྱི་གཙོ་བོར་རྩི་བའི་གུ་རུ་རིན་པོ་ཆེ་ལ་འདྲེ་དང་བདུད་ལྟ་བུར་ལྟ་ཡི་ཡོད་པ་རེད། ད་དུང་རྙིང་མ་བ་ཚོས་དོལ་རྒྱལ་གྱི་མིང་ཙམ་སྨོས་པར་ཡང་རྣམ་རྟོག་རྩི་ཡི་ཡོད་པས་ད་དུང་རྙིང་མ་དང་དོལ་རྒྱལ་འགལ་བ་མེད་ཨེ། དོལ་རྒྱལ་ལྷ་བཟོ་མཁན་དོལ་རྒྱལ་རྗེས་འབྲང་པ་ཚོ་ཡིན་ཡང་། དོལ་རྒྱལ་འདྲེ་བཟོ་མཁན་གཙོ་བོ་རྙིང་མ་བཀའ་རྒྱུད་ཚོ་རེད། དེས་རྐྱེན་པས་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་འགོག་གནང་བ་དེ་རྙིང་མ་ལ་ངོ་སྲུང་ཆད་རེད་ཅེས་དོལ་རྒྱལ་བ་ཚོས་བསྒྲགས་ཀྱི་ཡོད་པ་མ་ཐོས་སམ། ཀརྨ་པ་ཨ་རི་ལ་ཕེབས་ཀྱི་འདུག་ལ་ཡོ་རོབ་ལ་ཡང་ཕེབས་ཀྱི་འདུག ད་དུང་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་སྐབས་གོང་ས་མཆོག་མེད་ན་ཁོང་གི་སྐུ་ཚབ་ལྟ་བུ་ཀརྨ་པ་ཕེབས་ཀྱི་འདུག ང་ཚོ་ལ་ཡང་མིག་གཉིས་དང་ཨ་མཆོག་གཉིས་ཡོད་པ་མ་བརྗེད་པ་གྱིས་ཨ། ངོ་ཚ་མེད་མཁན་ཁྱོད་དང་ཁྱོད་ལྟ་བུའི་ཁམས་པའི་མི་ཁག་གཅིག་རེད། ཁྱོད་ཚོས་ཆུ་བཞི་སྒང་དྲུག་གི་རྒྱབ་ལང་བྱེད་ཀྱི་ཡོད་ཅེས་འུར་སྒྲོགས་ཆེན་པོ་བྱེད་མཁན་ཚོས་ཨ་འབྲུག་དཔའ་བོ་ལ་རྗེས་དྲན་མ་ཚོགས་པར་གཞན་ལ་ཚོགས་ཀྱི་མི་འདུག་ཟེར་བ་ནི་ངོ་ཚ་མེད་པའི་སྐད་ཆ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ལི་ཐང་ཨ་ཐར་དང་ཁྱོད་ལྟ་བུ་དག་གིས་ཆུ་སྒང་མིང་ཐོག་ནས་བློ་ཕྱི་སྟན་གྲོད་པ་ནང་སྟན་གྱིས་རང་ཉིད་ཀྱི་གཞུང་དང་དབུ་ཁྲིད་ལ་རྒོལ་རྒྱུ་མང་སོང་བའི་རྐྱེན་གྱིས་རྗེས་དྲན་ཚོགས་རྒྱུའི་འདོད་པ་འགག་སོང་བ་རེད། དྲིན་ལན་ལོག་འཇལ་བྱེད་མཁན་ངོ་མ་ཁྱོད་ཚོ་རེད་ད་བར་དུ་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་མས་བུ་གཅེས་གསོ་གསོ་བྱ་མས་བྱིའུ་རུམ་རུམ་བྱས་པའི་ལན་ལ་ཇ་ལན་ཆུ་འཇལ་གྱིས་མ་ཉེས་སྐྱོན་འཛུག་ཁོ་ན་བྱས་དང་བྱེད་བཞིན་པ་འདི་ལས་ལྷག་པའི་དྲིན་ལན་ལོག་འཇལ་ཞིག་ག་ལ་ཡོད།
ཤེས་རིག་ལས་ཁང་མར་སྤོས་སོང་བ་རེད་ཟེར་མཁན་ཁྱོད་རང་རེད། ཤེས་རིག་ལས་ཁུང་སྤོ་ཚར་དུས་དེའི་ས་ཆ་དེ་སུས་ཉོས་ན་ཡང་མི་ཆོག་རྒྱུ་ཅི་ཡོད། དགེ་ལུགས་པའི་ཆོས་ལུགས་སྤེལ་བའི་ཆེད་དུ་བོད་རྒྱལ་ཁབ་བཙོང་སྟངས་ཤིག་ཤོད་དང་། ཨ་འབྲུག་སྦྱིན་བདག་སོགས་ཀྱིས་གོང་ས་མཆོག་རྒྱ་གར་ལ་ཕེབས་སྐབས་བྱེད་རྗེས་བཞག་ཡོད་ཀྱང་སྲོག་སྐྱབས་དྲིན་ཅན་སོགས་ཟེར་བ་ནི་ཧམ་བཤད་ཙམ་ལས་གནས་ལུགས་ལྔན་པའི་སྐད་ཆ་བཤད་སྟངས་མ་རེད། དེའི་སྐབས་སུ་སྟོད་ཕྱོགས་ལ་རྒྱ་དམག་མང་པོ་སླེབས་མེད་ཅིང་བོད་གཞུང་ལ་ཡང་དམག་མི་ཡོད་པས་ཆུ་སྒང་མེད་ན་ཐར་མི་སྲིད་པ་ལྟ་བུ་བཤད་པ་ནི་ཧམ་པའི་སྐད་ཆ་རེད། འདི་འདྲ་རྐྱང་རྐྱང་བཤད་དྲག་ནས་ཆུ་སྒང་དུམ་བུ་གཉིས་ལ་གྱུར་སོང་བ་རེད། མགོ་ལོག་ལ་མཚོན་ན་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་ནག་དམར་པོའི་གཞུང་ལ་དྲག་ཏུ་རྒོལ་མྱོང་བའི་མི་རིགས་ཤིག་རེད་ལ། པཎ་ཆེན་རིན་པོ་ཆེས་མགོ་ལོག་དཔའ་བོའི་མི་རིགས་ཤེས་བསྟོད་སྔགས་གནང་མྱོང་བའི་མི་རིགས་ཤིག་རེད། འོན་ཀྱང་ཕ་རྒྱ་སྟགས་ཁྲ་བོ་ལ་བུ་ཁྱི་རྒན་རྒྱ་བོ་ཁྱོད་འདྲ་ཞིག་སྐྱེས་པ་ནི་མགོ་ལོག་མི་རིགས་ཀྱི་ཞབས་འདྲེན་རེད་ཡ། ངས་ཀྱང་སུ་ལ་སྐྱོན་ཡོད་ན་དེ་ལ་འཛུབ་མོ་བཙུགས་ཀྱི་ཡོད། ང་ཁམས་པ་ཡིན་ཡང་ཁམས་པའི་ཞེན་ཁོག་བྱས་ནས་སྐད་ཆ་བཤད་མྱོང་མེད། སུས་མ་འགྲིག་ན་དེ་ལ་ཁ་གཏད་བཅོག་གི་ཡོད། མ་འོང་པར་ཡང་དེ་བཞིན་ཡིན།
ཚ་ཕྲུག་རྒྱལ་ལགས། དངོས་བྱུང་ལོ་རྒྱུས་ཤེས་ན་དྲ་གྲོགས་ཚོའི་སྤྱན་སྔ་ལ་བཤམ་ནས་ཤོགས་དང་ལྟ་ཆོག དེ་མིན་རྒྱུ་མཚན་མེད་པའི་འུར་རྒྱག་མ་ཡོང་།
ལོང་རྟོག་ཁྱེད་རང་ཉིད་དྲ་འབུ་ཡིན་བཞིན་དུ་གཞན་ལ་དྲ་འབུ་ཞེས་སྨོད་ཚུལ་འདི་ཁྱེད་དྲང་ཚུབ་མེད་པའི་རང་རྟགས་རེད། མ་གཞི་ནས་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་མང་གཙོ་དང་རང་དབང་འདྲ་མཉམ་བཅས་མིང་ཙམ་ལས་དད་པ་ལོག་སྤྱོད་པ་དང་སྐབས་འཚོལ་བའི་ཤུགས་རྐྱེན་གྱིས་བོད་མི་རྣམས་དྲ་འབུ་ཚུལ་གྱིས་ཡིན་ལུགས་བཤད་པ་ལས་རང་དབང་གི་སྤྱི་ཚོགས་འཁོ་ཡུག་ཞིག་ཡོད་ནི་མ་རེད། དཔེར་ན། ཨ་ཐར་ནོར་བུ་སོགས་ཁམས་པའི་དཔལ་རྒོད་ཚོར་བྱས་སྟངས་ལས་སྟངས་ནས་གསལ་པོ་ཤེས་རྒྱུ་རེད། ཁོང་ཚོས་བདེན་པའི་གཏམ་བཤད། དྲང་པོའི་ལས་བྱས་ནས་མི་ཚེ་སྐྱེས་པ་རེད། འོན་ཀྱང་ཡབ་གཞིས་ཚང་དང་རྒྱུགས་ཁྱི་ཟམ་གདོང་ཅན་ཁམས་ནག་དང་སྐབས་འཚོལ་བ་ཚོས་བོད་མིའི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་རྒྱུའི་ཇུས་ངན་དང་བཙན་བཀའ་བཏང་བ་སོགས་ཀྱིས་བཙན་བྱོལ་ནང་དུ་ཕྱོགས་གང་སར་ཁོང་ཚོའི་འགྲོ་ལམ་བཀཀ་སོང་བའི་དངོས་བྱུང་གི་ལོ་རྒྱུས་ངེད་ཚོའི་མི་ཐོག་རང་ལ་བྱུང་བ་དེས་ཧ་གོ་རྒྱུ་རེད། གལ་སྲིད་ཁྱེད་རང་དྲ་འབུ་མིན་ན། ཁྱེད་ཀྱི་འདྲ་པར་དང་ཁྱེད་ལ་འབྲེལ་བ་བྱེད་ས་ཁ་བྱང་། ཁ་དཔར་ཨང་གྲངས་བཅས་འདི་ན་བཀོད་དང་ངེད་ཚོ་གདོང་དང་གདོང་ཐུག་ནས་ཡིན་ལུགས་བཤད་ཆོག་གི་རེད།
རླུང་ཐོག རྒྱ་ལོ་ཚ་རོང་གཉིས་ཀྱིས་གསེར་དངུལ་ཟས་སོང་བ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཤོག་སླེ་གང་ན་འདུག་གསལ་པོ་ཤོད་ཤོག གོང་ས་མཆོག་གི་ཕྱག་དེབ་དེ་ནི་ས་ཆ་གང་ནས་ཀྱང་རག་ཐུབ་པས་ངས་གསལ་པོ་ལྟ་སེམས་ཐག་ཡིན། དེ་ནས་ཁྱོད་དྲང་བདེན་བཤད་མཁན་ཞིག་ཡིན་མིན་དེ་དུས་གསལ་པོ་ཆགས་ཀྱི་རེད། ཨ་ཐར་ནོར་བུའི་དོན་ཚན་གསུམ་སྒྲིག་འགལ་ཡིན་མིན་ངས་གོང་དུ་གསལ་པོ།བཤད་ཡོད་པས་དེ་ལ་ལན་ཡང་དག་ཅིག་མེད་ན་ཡང་བཤད་བསྐྱར་བཤད་བྱེད་འདོད་མེད། མདོ་སྟོད་དུམ་བུ་གཉིས་སུ་གཏོང་མཁན་ནི་མདོ་སྟོད་རང་ཉིད་ཡིན་པས་སུ་ལ་ཡང་ངན་ཁག་གཡོག་ས་མེད། དེ་ཡང་ཨ་ཐར་སོགས་ཀྱི་བྱེད་བབ་ལ་རྟེན་ནས་བྱུང་བ་ངས་གོང་དུ་བཤད་ཡོད། དབུ་ལམ་པའི་གནད་ཡོད་མི་སྣ་ཚོར་སྤྱི་རྒྱུ་སྒེར་བདག་སོགས་ཀྱི་མ་ཉེས་ཁ་གཡོག་བྱེད་མཁན་ནི་རྒྱ་ཁྱི་དང་དོལ་རྒྱལ་བ་དེ་བཞིན་ཆོལ་ཁའི་ཞེན་ཁོག་ཆེད་སྤྱི་དོན་རས་སུ་བོར་མཁན་ཁྱོད་ཚོའི་གྲལ་རེད། ཁྱོད་ཚོའི་དམིགས་ཡུལ་ཅི་ཡིན་པ་ནི་བཤད་མི་དགོས་བཤམ་བཞག་ཡོད་པ་འདི་རེད། དབུ་ལམ་པས་རྒྱུན་འཁྱོང་གསུམ་ཟེར་བ་གང་དུ་བཤད་འདུག་བཤད་མཁན་མི་སུ་རེད། ཐ་སྙད་འདི་ཚོ་ལ་བྱང་ཆ་ཅན་དེ་ཚོ་ནི་གུང་ཕྲན་གྱི་གསོ་སྐྱོང་བྱས་པའི་རྒྱུག་ཁྱི་ཚོ་ཡིན་པ་ལས་དབུ་ལམ་པ་ཚོས་ཐ་སྙད་དེ་ཚོ་བགྲངས་ཤེས་ཀྱི་མེད། དབུ་ལམ་པ་ཚོས་བོད་དེ་རྒྱལ་རབ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་མ་ཡིན་པ་ནམ་ཡང་བཤད་མེད་དེས་ན་རྒྱལ་རབ་ལོ་རྒྱུས་ནག་བསུབས་བཏང་བ་ཟེར་བ་དེ་ཡང་གཞི་མེད་སྐུར་འདེབས་ཁོ་ན་རེད། དགེ་ལུགས་དར་སྤེལ་གཏོང་བསམ་ན་བོད་དམངས་གཙོའི་གཞུང་ལ་སྲིད་དབང་རྩིས་སྤྲད་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཕྱིར་སྡུ་གནང་མི་སྲིད་པ་རེད། དེས་ན་ངོ་ཚ་ཞེ་ཁྲེལ་མེད་པའི་སྐད་ཆ་དེ་ཚོ་ཉུང་ཙམ་གྱིས། ཤེས་རིག་ལས་ཁུང་གི་ཁང་པ་རྗེ་བཙུན་པདྨས་ཉོས་པ་ཡིན་དང་ཟས་པ་ཡིན་བཤད་ཁག་པོ་རེད། ཁྱོད་ལ་ཁུང་ལུང་རྒྱུ་མཚན་དང་མི་དཔང་དངོས་དཔང་གང་ཡང་སྟན་རྒྱུ་མེད་པར་གཅིག་བྱས་པ་རེད་གཉིས་བཏང་བ་རེད་ཟེར་བ་ཙམ་གྱིས་ཁུང་ལྡན་ནམ་ཡང་ཆགས་ཀྱི་མ་རེད། བོད་ཁྱིམ་སློབ་གྲྭ་ནི་སློབ་གྲྭ་ཡག་ཤོས་ལ་རྩིས་ནས་བཙན་བྱོལ་བོད་མི་ཕལ་མོ་ཆེས་རང་གི་བུ་ཕྲུག་དེའི་ནང་ལ་བཏང་གི་འདུག བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་དང་རིག་གཞུང་གཅིག་པའི་མི་རིགས་ཁག་གཅིག་བཅུག་གི་ཡོད་ཀྱང་དེ་ནི་བྱ་བ་བཟང་པོ་ཞིག་ཡིན་པ་ལས་མ་འོས་མ་འཚམས་པ་གང་ཡང་མ་རེད། ཀརྨ་པ་མང་ཉུང་ལ་མ་གཏོས་པར་ཨ་རི་དང་ཡོ་རོབ་ལ་ཕེབས་ཐུབ་པ་དེས་ཁོས་གོང་དུ་བཤད་པ་ལྟར་བཟང་བཙོན་མིན་པ་གསལ་པོ་ཆགས་སོང་བ་རེད། ཁོང་རུམ་སྟེགས་ལ་ཕེབས་མི་ཐུབ་པ་ནི་རྒྱ་གར་གཞུང་གིས་བཀག་འགོག་བྱས་པ་རེད་ལ་དེའེ་རྒྱབ་ལ་ཞྭ་དམར་ཤོགས་ཁག་ཡོད་པའི་སྐད་ཆ་འདུག དེ་བཞིན་ཀརྨ་པ་ལ་དམ་བསྒྲགས་ཅུང་ཟད་ཡོད་པ་འདི་ཡང་རྒྱ་གར་གཞུང་གི་བྱེད་བབ་རེད་ལ་དེ་ཡང་རྒྱབ་ལ་སུ་ཡོད་མེད་གསལ་པོ་རེད། ཕྱོགས་གཞན་ཞིག་ནས་ཀརྨ་པ་ལྟ་བུ་རྒྱ་ནག་གཞུང་གིས་ཆེ་མཐོང་ཆེན་པོ་སྤྲད་མྱོང་བ་ཞིག་བཙན་བྱོལ་ལ་ཕེབས་ཡོང་དུས་རྒྱ་གར་གཞུང་དོག་ཟ་བ་ཡང་ཁག་མེད་པ་ཞིག་རེད། གོང་ས་མཆོག་གིས་སྔོན་མ་དོལ་རྒྱལ་སྟེན་གནང་ཡོད་ཀྱང་དེ་ནོར་འཁྲུལ་ཤོར་ཡོད་པར་ངོས་ལེན་གནང་གི་འདུག་ལས་ནོར་འཁྲུལ་བྱུང་མེད་མདོག་གནང་གི་མི་འདུག ད་ཅི་ཞིག་མ་འགྲིག་པ་རེད་དམ། བོད་མི་རིིགས་ཁྱོད་ཚོ་ལྟ་བུའི་བློ་ཕྱི་སྟན་གྲོད་པ་ནང་སྟན་དེ་ཚོས་རྩ་བརླག་མ་གཏོང་ན་གོང་ས་མཆོག་སོགས་ཀྱིས་གཏོང་བའི་སེམས་ཁྲལ་དགོས་པ་མེད། བོད་རང་བཙན་གླེང་མཁན་ཚོས་སོ་སོས་མ་འཇོན་པའི་ངན་ཁག་དེ་དབུ་ལམ་པ་ཚོར་གཡོག་གི་འདུག རང་བཙན་རྩོད་ས་རྒྱ་ནག་ལ་མ་རྩོད་པར་བོད་གཞུང་དང་གོང་ས་མཆོག་ལ་རྩོད་ཀྱི་འདུག བོད་མི་རིགས་རྩ་བརླག་གཏོང་བའི་བྱ་སྤྱོད་ངོ་མ་ནི་འདི་རེད་ཧ་གོ་ཨེ་སོང་།
གངས་ཕྲུག དྲ་འབུས་དྲ་འབུ་ལ་དྲ་འབུ་ལབ་མི་ཆོག་རྒྱུ་ཅི་ཡོད། ངས་དྲ་འབུ་ལབ་པ་ལས་དྲ་འབུ་སྡུག་པོ་རེད་ཅེས་བཤད་མེད། བཙན་བྱོལ་སྤྱི་ཚོགས་ནང་ལ་དམངས་གཙོ་དང་རང་དབང་མི་འདུག་ན་འདིར་སྡད་དགོས་དོན་ཅི་ཡོད། རང་དབང་ཡོད་ས་ཨ་ཞང་ཚང་གི་སྤང་ཁ་ལ་ལོག་རྒྱུག་དང་དེ་ག་རེད། ཨ་ཐར་ནོར་བུ་སོགས་ཀྱི་བྱེད་སྟངས་ལས་སྟངས།གང་ཡིན་ངས་གོང་གསལ་པོ་བཤད་ཡོད། པར་དང་དངོས་མིང་སྡོད་གནས་སོགས་ཁྱོད་རང་གིས་འདིར་བཀོད་ཤོགས་ཤེས་འཇིགས་སྐུལ་བྱེད་སྟངས་ལ་ལྟས་ན་དོལ་རྒྱལ་བའི་གཡག་ཅུང་ཟད་མི་འདུག་གམ། མ་གཞི་ཁམས་པ་ཚོས་དཔུང་པ་ལས་གནས་ལུགས་བཤད་མི་ཤེས་པ་ཡོངས་གྲགས་རེད། སྔོན་མ་དབུས་གཙང་གི་མི་ལ་ལས་ཁམས་པ་ཚོ་ཁོང་ཁྲོ་སློངས་དགོས་པ་རེད། ཁོ་ཚོས་ཅོག་རྩེ་སྒང་ལ་ཁུ་ཚུར་སྣུན་ནས་ཁས་ལེན་གྱི་མིན་ཞེས་ལང་འགྲོ་ཡི་རེད། དེ་ནས་གནད་དོན་ཚང་མ་ང་ཚོས་གྲོས་སྡུར་དང་ཐག་གཅོད་བྱེད་ཆོག་གི་རེད་ཅེས་ལབ་མྱོང་བ་རེད། ཧཧཧ