བསྟན་འཇམ །
ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཀྱི་གསེབ་ནས་འཇར་པན་མང་ཚོགས་ངུ་འབོད་དང་སྐྱོ་གདུང་གི་གཤིན་སར་སྦྱར་སོང་། རང་བྱུང་ཁོར་ཡུག་གིས་གཙེས་པའི་གོ་ལའི་ཕ་ཁྱིམ་འཐོར་ལ་ཉེ་བའི་དུས་མཚམས་སུ། ཡོད་ཚད་འུར་ཟིང་གིས་སྐྱོམས་ཀྱང་སྐྲག་སྣང་གིས་འགུལ་དུས ། འུ་ཅག་ཀློ་བུར་དུ་དལ་ཅག་གེ་གྱུར ། ཞིབ་འདང་བརྒྱབས་ན་འཇིགས་སྣང་དང་སྐྲག་རྒྱུ་ཡོང་གི་ལོས་ཡོད་བསམ་གི་ར ། འདི་ཚོ་ཅི་བྱུང་སོང་ནི་རེད ། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ལས་གནས་ནས་རྩ་དགོངས་ཞུས་ཚར་ཡང་། སྤྱི་ཚོགས་ཀྱི་ངོས་ནས་བསམ་ཚུལ་ཙམ་ཡང་འབུར་གྱི་མི་འདུག གནས་ཚུལ་འདི་ཁྲོམ་རར་བཤམས་པའི་ཚོང་རྫས་བཞིན་རྒྱུན་ལྡན་ཞིག་ཡིན་ན་ཐང་། ཁ་ཕོད་རྟུལ་པའི་བཀའ་བློན་འོས་མི་རྣམས་ཀྱང་བར་སྐབས་སུ་བྱི་ལོང་་དོང་ནང་དུ་འཛུལ་བ་ལྟར་རླུང་འཕྲིན་ནས་ཐོས་རྒྱུ་མི་འདུག བརྙན་འཕྲིན་ནས་འཆར་རྒྱུ་དཀོན་གི ཚགས་ཤོག་སྟེང་ནས་ཀྱང་ཡ་མཐའ་ཟད་སོང་། ཡིན་ནའང་བཀྲས་མཐོང་གི་ཟིལ་ཤུགས་དེས་བློ་བཟང་སངྒེ་དར་བ་ནས་རྒུད་པ་ཆས་འགོ་བཙུག ། བཀྲས་མཐོང་ལ་རང་གི་ཚོད་ཀྱི་གྲུབ་འབྲས་རེ་སྟོན་རྒྱུ་ཡོད་པས་ཁར ། མི་ཚང་མ་གསལ་བཤད་ཐེངས་རེར་ཡིད་འགུལ་ཐེབས་དུ་བཅུགས་ཡོད ། ཡིན་ནའང་། བརྒྱ་བཤད་སྟོང་གི་རྩ་བ། སྟོང་བཤིགས་འོ་མའི་མར་ལོ་ཞེས་པའི་དཔེ་ལྟར ། བཅུ་དགུའི་ནང་ནས་བསྲེལ་སྟེ་གསུམ་པོའི་འདབ་དུ་ཉན་ན ། བློ་བཟང་སངྒེ་འོས་ཆོས་ཚང་མ་འཛོམས་འདུག འོས་པ་ལ་རན་ཚོད་ཆེ་དྲག་པས་ཆེ་བ་ལ་སེན་དགྲད་དང་། ངན་པ་ལངས་ཤོར་ལ་རོ་ལངས་ཀྱི་གོ་སྐབས་བསྟན་པ་འུ་ཅག་གི་རང་གཤིས་ཡིན་ཁར ། ཡར་སྣེ་མར་སྣེ་བཙལ་བཙལ་བའི་བློ་བཟང་སངྒེ་ལ་སྐྱོན་སྣ་ཚོགས་ཤིག་བཙུགས་པ་རེད ། ཚུལ་འཆོས་ལས་ལྡོག་སྟེ་ཧ་ཅིང་ཡིད་མཐུན་གྱིས་འགྲེལ་བ་ལ་འགྲེལ་བཤད་དང་། འགྲེལ་བཤད་ལ་བསྐྱར་བཤད་ཀྱིས་ས་གཞིར་སྨུག་པ་དྭངས། མཁའ་ནས་སྤྲིན་པ་ཡལ་དུས ། སེར་བོ་གསེར་གྱི་མི་གཞི་ལྷང་ངེ་བུད་སོང ། བསམ་སྦྱོར་དབྱེར་མེད་དུ་མངའ་བའི་བློ་བཟང་སངྒེ ། འོས་འཕེན་ཐེངས་གཉིས་ཕྱིན་པའི་བཀའ་ཁྲི་ཟམ་གདོང་དང་མི་འདྲ་པར་བཙལ་བྱོལ་སྲིད་འཛིན་དངོས་མ་གྱུར་རྒྱུ་ཐེ་ཚོམ་མེད་མོད ། ཁོང་ལ་རྒྱབ་དཔུང་མེད་པའི་རི་སྐྱེས་འབྲོང་ཆུང་དར་མ་དང་འཐབ་རོགས་མེད་པའི་དཔའ་བོ་ཁེར་འགྲོ་བཞིན ། ༧་གོང་མཆོག་གི་རྩ་དགོངས་དེས་ཁོང་ངལ་དུབ་ཀྱི་གནས་སུ་བསྐྱད་ཡོད ། རེ་བ་ལ་ཡིད་རྟོན་བཅངས་ཏེ་སྔར་ལྷག་པའི་རླུང་ནག་འཚུབ་མ་རྒོད་པའི་འཐབ་འཛིང་དུ་ཞུགས་དགོས་པ་སུས་ཀྱང་བསྙོན་དུ་མེད་པ་རེད །
བསྟན་འཇམ་ལགས།གོ་མ་སོང་།ཅི་ཞིག་ཤོད་ཀྱིན་ཡོད།ཡང་བསྐྱར་རྩོམ་འདི་བསྐྱར་འབྲི་ཞིག་བྱས་ན་མི་བཟང་ངམ།ངས་དངོས་གནས་གོ་མ་སོང་།
སྐུ་མཁྱེན་ཁ་སྐད་དེ་བཀོལ་སྤྱོད་མ་གནང་བར་བོད་གངས་ཅན་གྱི་སྤྱི་སྐད་དེ་བཀོལ་སྤྱོད་གནང་རོགས།
ཡིག་ནོར་གྱི་གད་སྙིགས་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་པའི་ཁྲོད་ན་ཕན་ཐོགས་པའི་གནད་དོན་ཞིག་རྙེད་རེ་སྐན།
ཡུལ་སྐད་གྱོང་པོ་དེ་ཚོ་རྒྱང་སྐྱུར་བྱས་ནས་བོད་སྤྱི་སྐད་ལ་རེམས་ཤོག
གུས་མོ་ཟླ་བ་ཆོས་འཛོམས་ལགས་འགྲེལ་བཤད་ཅིག་དགོས་ན་ཉིད་ཀྱིས་འགྲེལ་བ་ཞིག་རྩོམ་རོགས །
ཕལ་སྐད་བརྡ་ལ་མ་བྱང་པར །
རྩོམ་འབྲི་ཟེར་ན་ལབ་ཅིག་རེད །