བསོད་ནམས་སྟོབས་རྒྱལ།
དེ་ཡང་སྤྱི་ཟླ་༩་བའི་ཚེས་༢༧་ཉིན་བཞུགས་སྒར་རྡ་རམ་ས་ལར་ཚོགས་བཞིན་པའི་བོད་མི་དམངས་སྤྱི་འཐུས་སྐབས་༡༦ པའི་ཚོགས་འདུའི་ཐོག་མ་འོངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་འོས་མི་གང་ཞིག་ལ་འོས་ཤོག་བརྒྱ་ཆ་༦༠ ལྷག་ཐོབ་པ་ཡིན་ཚེ་དངོས་གཞི་འོས་བསྡུ་བྱ་མི་དགོས་པར་སྲིད་སྐྱོང་ཀྱི་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱ་རྒྱུའི་འོས་བསྡུའི་སྒྲིག་གཞི་གཏན་འབེབས་གནང་ཡོད་པ་རེད་ཅེས། སྒྲིག་གཞི་འདིའི་ལམ་ནས་༢༠༢༡ སྲིད་སྐྱོང་འོས་བསྡུའི་ཐོག་བསམ་བསྡུར་ཞུ་བྱ་ཞིག་འདུག་པ་ནི་བཀའ་ཟུར་འབྲོང་ཆུང་ལགས་ཀྱི་སྐོར་ཡིན། གཞན་འོས་མི་རྣམས་ནི་སྔོན་འགྲོའི་འོས་མི་ཡིན་པའི་གསལ་བསྒྲགས་ཞུས་ཡོད། བཀའ་ཟུར་འབྲོང་ཆུང་ལགས་དེ་ལྟའི་གསལ་ཆ་དོད་པོའི་སྔོན་འགྲོའི་འོས་མི་ཡིན་པ་ཁོང་ནས་བཀའ་གནང་མེད་པ་མ་ཟད་ཁོང་ནས་མི་དམངས་ཀྱིས་སྔོན་འགྲོའི་འོས་གནང་ནས་ཁོ་བ་དངོས་གཞིར་ཚུད་པ་ཡིན་ན་རྒྱབ་གཤིབ་རྒྱབ་ཀྱི་མིན་པའམ་དངོས་གཞིའི་འོས་མིར་ལངས་རྒྱུའི་བཀའ་གནང་ཡོད།
དེ་ན་གལ་སྲིད་ཁོང་ལ་བརྒྱ་ཆ་༦༠ ལྷག་ཅེས་པར་ཕྲན་བུའི་བཟོ་བཅོས་ཀྱི་བརྒྱ་ཆ་ ༦༠་དང་དེ་ཡན་ནམ་ལྷག་ཐོབ་ན་དངོས་གཞིའི་འོས་བསྡུ་ཞུ་དགོས་མེད་དམ། མེད་གསུངས་ན་སྐྱོན་ཆ་འགའ་ཤས་འདུག་པ་ནས་རེ་གཉིས་སྐོར་དུས་བབ་ནང་གཟིགས་རྒྱུ་འདུག དངོས་གཞི་བསྡུ་དགོས་ཡོད་ན་དེ་ཡང་མགོ་རྙོག་ཆེན་པོ་ཞིག་མཐོང་གི་འདུག ངས་ནི་གནད་དོན་འདི་རྙོག་ཁྲ་ཅན་ཞིག་ཏུ་མཐོང་། ང་ནོར་མེད་ན་འོས་བསྡུ་ལྷན་ཁང་ནས་གཟིགས་དགོས་རྒྱུ་གལ་ཆེ་མིན་ནམ་སྙམ། དེ་མིན་དགོས་མེད་རང་གཞུང་ལ་མཚན་སྨད་ཀྱི་ལབ་གླེང་ཆད་རྒྱུ་མེད་པ་མཐོང་ངེས།
དེ་བཞིན་གོང་གི་སྒྲིག་གཞི་གཏན་འབེབས་གནང་ཡོད་ཅེས་པར་སྲིད་སྐྱོང་འོས་མི་གང་ཞིག་གསུངས་གསལ་ལ་ཞིབ་ན་འོས་མི་ཞིག་ཀྱང་དགོས་ངེས་ཅན་མིན་ནམ་སྙམ། དམིགས་ཡུལ་ལ་གས་སྐྱོན་མེད་ཀྱང་ནོར་ཡོད་ན་དགོངས་དག་ཞུ།
ཡང་བརྒྱ་ཆ་ ༦༠ ལྷག་ཐོབ་པ་ཡིན་ན་ཞུ་སྐབས་བརྒྱ་ཆ་ ༦༠ ལས་མང་བ་དགོས་རྒྱུ་མི་གོའམ། བརྒྱ་ ༦༠ ལྷག་ཞུ་ན་བརྒྱ་ཆ་༦༠ ཚུད་མེད་པ་མི་གོའམ། བརྒྱ་ཆ་ ༦༠ ལྷག་གི་དཔེ་བརྒྱ་ཆ་ ༦༠་༠༡ སོགས་མང་དག་ཡོད། བརྒྱ་ཆ་ ༦༠ ཚུད་དགོས་ན་བརྒྱ་ཆ་ ༦༠ དང་དེ་ཡན་ནམ་ལྷག་ཅེས་གསལ་དགོས་མེད་དམ་། དེ་མིན་རང་ལུགས་ལྟར་བརྒྱ་ཆ་ ༦༠ ལས་མ་ཉུང་བ་གསུངས་ནའང་ངེས་ཆེ་བ་བསམ་སོང་།
ངོ་ནས་རེད་གདའ། མི་དགོས་ས་ནས་རྙོག་དྲ་རེད། ད་ལྟའི་སྲིད་སྐྱོང་འོས་མིར་བཞེངས་མཁན་མང་པོ་ཡོད་པས་༦༠% ལ་སེམས་འཁྲེལ་མེད་ལྟ་བུ་ཡིན་ཀྱང་། ཆུ་མ་ཡོང་གོང་ལ་རག་ཟེར་བ་ལྟར་རྒྱ་ཆའི་དྲུག་ཅུ་ཐམ་པ་ཏག་ཏག་བྱུང་ན། ༢༠༢༡གི་སྲིད་སྐྱོང་ཐོབ་པར་ངེས་འཛིན་གྱིས་གསལ་བསྒྲག་ན་འཐུས་མིན། གྲོས་ཚོགས་རྒྱུན་ལས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་གོ་བསྡུར་གྱིས་སྔ་ས་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད་འདུག
དངོས་གནས་རེད།
བསོད་ནམས་སྟོབསས་རྒྱལ་ལགས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད།
ང་ཚོའི་སྤྱི་འཐུས་ཀྱིས་བཟོས་པའི་སྒྲིག་གཞིའི་ནང་ཁ་གསལ་མེད་པ་དངོས་སུ་ལག་ལེན་བསྟར་སྐབས་
དཀའ་ངལ་འཕྲད་ནས་ཅི་བྱ་དགོས་མིན་བསྡད་དགོས་པ་ཡོང་གི་ཡོད།
དཔེར་ན། ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཁང་ནས་སྒྲིག་གཞི་དང་བརྒལ་སོང་ཞེས་སྤྱི་འཐུས་རྒྱུན་
ལས་ ༡༡ ལ་ཁྲིམས་བརྒལ་ཉེས་ཆད་དུ་ ༢༠༢༠ ཕྱི་ཟླ་ ༣ བར་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་བཀག་པ་ཡིན་
སྐོར་སྤྱི་ལྷན་ལ་འཕྲིན་བཏང་པར། སྤྱི་འཐུས་ལྷན་ཁང་ནས་ངོས་ལེན་རྩ་བ་ནས་མེད་ཅེས་འཕྲིན་ལན་
ཕུལ་བ་འདི་སྐོར་ཅི་བྱ་གཏོལ་མེད་དུ་ལས་པ་འདི་སུས་ནོར་འཁྲུལ་ཡིན་ནམ།
སྤྱི་ལྷན་ནས་ནོར་འཛོལ་བྱུང་དུས་འགན་སུས་འཁྱེར་དགོས་པ་ཡིན་ནམ།
གཉིས་ཕྱོགས་ནས་ཁ་ཁུ་སིམ་པོར་བསྡད་པ་དེ་རྩ་གཏན་ནས་འགྲིགས་ཀྱི་མེད།
མང་ཚོགས་ལ་ངེས་པར་དུ་གསལ་བཤད་གནང་དགོས་པ་ཡིན།
བརྒྱ་ཆ་ ༦༠་ལོན་ན་ཁ་གཏད་པའི་སྲིད་སྐྱོང་ལ་གཏན་ཁེལ་བ་ཡིན་ཟེར་ན་ཏག་ཏག་འགྲིག་འདུག་།
ཏག་ཏག་རེད། ད་ལོ་འོས་མི་ལེགས་ཤོས། སྤེན་པ་ཚེ་རིང་མཆོག་ལ། འོས་ཤོག་བརྒྱ་ཆ་དྲུག་ཅུ་༦༠ཐམ་པ་བརྒྱ་ཆ་བརྒྱ་ཐམ་པ་ཐོབ་རྒྱུ་ངེས་པ་རེད། དགའ་བ་ལ་དང་དགའ་བ་ལ། སྐྱིད་པ་ལ་དང་སྐྱིད་པ་ལགས།།
དེ་དྲང་པོ་ལབ་འདུག ད་དུང་དོགས་པ་ཟ་ཡ་ལ། འབྲོང་ཆུང་ཁོང་ལ་སྔོན་འགྲོའི་འོས་བརྒྱ་ཆ་ ༦༠་དང་དེ་ཡན་ནམ་ལྷག་ཐོབ་ན་དངོས་གཞིའི་འོས་བསྡུ་ཞུ་དགོས་མེད་དམ། མེད་གསུངས་ན། ཁོང་སྔོན་འགྲོ་འོས་མི་མ་ཡིན་པས། འོས་མི་མ་ཡིན་པ་ཞིག་བརྒྱ་ཆ་༦༠ ཐོབ་ན། གང་ཞིག་དགོས་སམ། དེ་ཡང་སྐྱར་དངོས་གཞི་བསྡུ་དགོས་ཡོད་ན་དེ་ཡང་མགོ་རྙོག་ཆེན་པོ་ཞིག་མཐོང་གི་འདུག ཁོང་སྔོན་འགྲོའི་འོས་མི་ཡིན་ཟེར་ན། ཁོང་གི་དོན་གཅོད་ལས་བྱེད་ཡིན་བཞིན་གསར་ལམ་དུ་འོས་བསྡུ་གསལ་བསྒྲགས་གནང་བ་དང་། དོན་གཅོད་ནང་གི་མདུན་ཅོག་དང་ཁང་པ་བེད་སྤྱད་ཡོད་པས། འོས་བསྡུ་སྒྲིག་གཞི་ནང་ལ།
“གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་བེད་སྤྱོད་བྱས་པ་ཡིན་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ པའི་ནང་གསེས་ ༨ པར། འོས་མི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ་”ཞེས་བཀོད་འདུག་པ་དེ་ལག་བསྟར་གནང་དགོས་ཆགས་ཀྱི་རེད་དམ།
ངས་ཀྱང་གནད་དོན་འདི་རྙོག་ཁྲ་ཅན་ཞིག་ཏུ་མཐོང་སོང་།
འོས་ཤོག་བརྒྱ་ཆ་ ༦༠ ཐོབ་ན་ཁ་གཏད་མེད་པའི་སྲིད་སྐྱོང་ལ་ངོས་འཛིན་གནང་སྟེ་དངོས་གཞི་འོས་བསྡུ་བྱ་མི་དགོས་པ་ཅེས་བཀོད་ན་འགྲིག་མི་འདུག་གམ་། བརྒྱ་ཆ་ ༦༠ ལྷག་ཟེར་བའི་ལྷག་དེ་མགོ་སྙོགས་ཅན་གྱི་ཐ་སྙད་ལ་སོང་ཁྲིམས་ལུགས་ནང་ཁ་གསལ་མེད་པའི་མགོ་སྙོགས་ཅན་གྱི་ཐ་སྙད་ནམ་ཡང་བེད་སྤྱོད་གཏོང་མི་ཉན་ནོ་།
འབྲོང་ཆུང་དང་རྒྱབ་སྐྱོར་བ་རྣམས་ཀྱི་སྒྲིག་འགལ་བྱ་སྤྱོད་དག་༢༠༢༡འོས་བསྡུའི་གླེང་གཞིའི་ཆེ་ཤོས་དེ་ཆགས་ཡོད།
སྔོན་འགྲོ་ལ་མི་མང་གིས་སྲིད་སྐྱོང་འོས་མི་སུ་རུང་ཞིག་ལ་འོས་ཤོག་བླུག་ཆོག་པ་རེད། འོས་མི་ཡིན་མིན་གསལ་བསྒྲགས་གནང་དགོས་ཡོད་མ་རེད། རང་གིས་རང་ལ་བླུག་ན་ཡང་འོས་མིའི་གྲས་སུ་ཚུད་པ་རེད་དོ། ཧ་ཧ་ཧ་་་་་
བརྒྱ་ཆ་དྲུག་ཅུ་ལྷག་ཡིན་ན་དྲུག་ཅུ་ཐམ་པ་ལས་མང་དགོས། ༦༠་དང་ཚེག་གཅིག་གིས་མང་ཡང་ཆོག་པ་རེད།
གལ་ཏེ་རང་བཙན་བརྩོན་ལེན་པ་ཚོས་གསང་སྟབས་ཀྱིས་འཇམས་དབྱངས་ནོར་བུ་ལ་འོས་བླུགས་ནས་བརྒྱ་ཆ༦༡ ཐོབ་ན་ཁོ་སྲིད་སྐྱོང་རེད། འོས་མིར་ལངས་པའི་ལངས་ཁྱབས་བསྒྲགས་བྱས་མ་སོང་ཟེར་ས་ཡོད་བ་མ་རེད། འབྲོང་ཡང་ངེ་བཞིན་རེད།