སྐྱིད་བྱམས་བསྟན་འཛིན་དགའ་བ།
མི་མང་པོ་ཞིག་གིས་ཁ་སང་བོད་པ་ཞིག་རྒྱ་གར་པ་གསུམ་གྱིས་བསད་པ་གོ་དུས་ཧང་སངས་སངས་བྱེད་པ་ལས། དེའི་རྒྱབ་ལྗོངས་ཀྱི་རྒྱུ་རྐྱེན་དང་འབྱུང་འགྱུར་གྱི་ཉེན་ཁའི་སྐོར་ལ་གླེང་མཁན་ཧ་ལམ་མེད་ལ། དེ་ནི་གློ་བུར་བའི་དོན་རྐྱེན་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་པ་དེ་ནི་མི་གཤིས་དང་ཀུན་སྤྱོད་གང་ཐད་ནས་ངས་ཡི་རང་ཞུ་སའི་སློབ་གྲོགས་ཚུལ་ཁྲིམས་ལགས་རེད། ཁོང་ལ་རྒྱུས་མངའ་མེད་མཁན་དང་། གནས་ཚུལ་དངོས་ཇི་བཞིན་མི་ཤེས་མཁན་ཞིག་གི་ངོས་ནས་བལྟས་ན་ཁ་སང་བྱུང་བའི་དོན་རྐྱེན་དེ་རྒྱ་གར་པས་ཚུར་རང་འགུལ་གྱིས་བརྩམས་པ་ཞིག་མིན་པར། བོད་པས་ཕར་ར་བཟི་བཤད་ནས་གནས་ཚུལ་དེ་ལྷག་པ་ཞིག་ལ་ངོས་འཛིན་བྱེད་སྲིད།
གང་ཡིན་ཞེ་ན། མེག་ལོར་ཁྲོམ་གཞུང་དུ་བོད་པའི་ཕོ་གསར་འགའ་རེས་རང་ངོ་མ་ཟིན་པར་ར་བཟི་སྟེ་འཁྲུག་རྩོད་ཤོར་བ་རྒྱུན་གཏན་གྱི་གནས་ཚུལ་ཤིག་ཡིན་པས་རེད། དེ་ཡང་དཔེེར་ན་མདང་དགོང་ཞོགས་པ་ངའི་ལས་རོགས་དང་ང་ལས་ཁུངས་སུ་ཐུག་མ་ཐག གདུང་སེམས་ཀྱི་རྣམ་འགྱུར་ཙམ་ཡང་མེད་པར་ངའི་ལས་རོགས་ཀྱིས་མདང་དགོང་བོད་པའི་ཕོ་གསར་ཞིག་རྒྱ་གར་པས་བསད་དེ་རྒྱུ་མ་ཡང་ཕྱིར་ལ་བཏོན་འདུག་ཅེས་བརྗོད་བྱུང། ངས་ག་རེ་བྱས་ནས་ཞེས་འདྲི་དུས། ར་བཟི་བཤད་ནས་ཡིན་གྱི་རེད། ནམ་རྒྱུན་བོད་པའི་ཕོ་གསར་འགའ་རེ་མཚན་གུང་ཕྱི་བོ་ལ་ཡང་ར་བཟི་སྟེ་སྐད་ཅོར་བརྒྱབ་ནས་འགྲོ་ཡི་འདུག་ཅེས་བརྗོད་བྱུང་།
ཁྱེད་ཀྱིས་ངའི་ལས་རོགས་ཀྱི་སྐད་ཆར་བསམ་བློ་ཞིག་ཐོངས་དང་། བོད་པ་དེ་དག་གིས་བྱེད་སྟངས་ལ་ངའི་ལས་རོགས་བོད་པའི་ཕོ་གཞོན་དེས་ཀྱང་བསུན་སྣང་བྱེད་དུས་བོད་པའི་རྒན་རྒོན་ཚོས་བརྗོད་མི་དགོས་པ་ཞིག་རེད་ལ། རྒྱ་གར་པ་ཡུལ་མི་ཚོས་དེ་བས་ཀྱང་མི་དགའ་བ་སྨོས་མེད་རེད། མ་ཟད་བོད་པའི་གཤིས་ཀ་འདི་ཆུ་ནང་གི་ཟླ་བ་བཞིན་གཏིང་མཐའ་དེ་ཙམ་མེད་པར་ཡོད་ཚད་མཁའ་རུ་མངོན་འོང་མཁན་ཞིག་ཡིན་སྟབས། ང་ཚོའི་བྱེད་སྟངས་དང་ལས་སྟངས་མང་པོ་ཞིག་གིས་ཡུལ་མིའི་སེམས་ཁམས་ལ་ཕོག་ཐུག་ཐེངས་མང་བཏང་ཡོད་པ་མ་བཤད་ཀྱང་གོ་ཐུབ་པ་ཞིག་རེད།
རྒྱུ་ཚོགས་དེ་དག་གིས་ཡུལ་མིའི་སེམས་ལ་སྔོན་ཚུད་ནས་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་དེ་ཁ་སང་ཕྱི་རུ་བཏོན་སའི་རྐྱེན་དེ་སློབ་གྲོགས་ཚུལ་ཁྲིམས་ལགས་དང་སྟབས་འཁེལ་བ་ཞིག་རེད་མ་གཏོགས། ན་ཟུག་དེའི་རྒྱུ་རྐྱེན་སྔ་ས་ནས་ཡོད་པར་ངས་ཚོད་དཔག་ཐེག་གི་འདུག གང་ཡིན་ཞེ་ན། ང་སློབ་གྲོགས་ཚུལ་ཁྲིམས་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན། ཁོང་རྒྱུན་གཏན་ནས་གང་དུ་རྩོད་རྙོག་ཡོད་ས་དེ་ཞི་འཇམ་དུ་གཏོང་མཁན་ཞིག་ཡིན་པ་ལས་རྩོད་རྙོག་མེད་པ་གསར་དུ་བཟོ་མཁན་དང་ཡོད་པ་རྣམས་ཆེ་རུ་གཏོང་མཁན་གྱི་རིགས་གཏན་ནས་མིན་ལ། ལྷག་པར་དུ་ཁོང་གི་ཕྱིའི་ཀུན་སྤྱོད་དང་ནང་གི་མི་གཤིས་སོགས་ནི་གཞུང་ལུགས་ནང་གསུངས་པའི་བཟང་པོའི་ཡོན་ཏན་དེ་དག་དང་ལྡན་པ་ཞིག་རེད། དེས་ན་ཁོང་གིས་རྒྱ་གར་པ་དེ་དག་གི་སེམས་ལ་མི་རན་པ་ཞིག་དང་མི་འོས་པ་ཞིག་བྱེད་མི་སྲིད་པས། གློ་བུར་བའི་གནས་ཚུལ་ཞིག་ཡིན་ཚེ་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་འདྲ་ལྷག་མི་སྲིད་པ་ཞིག་རེད།
དེས་ན་ངས་དོན་རྐྱེན་དེའི་རྒྱུ་ཚོགས་སྔ་ས་ནས་བོད་པ་ཚོས་ཡུལ་མི་དེ་དག་གི་སེམས་ལ་བཟོས་ཚར་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་གློ་བུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གང་ལྟར་མིག་དཔེར་འོས་པའི་སློབ་གྲོགས་ཁོང་ད་ལྟ་ང་ཚོ་དང་ཁ་བྲལ་ཟིན་པ་རེད། ད་ང་ཚོས་སློབ་གྲོགས་ཁོང་གི་ཚེ་སྲོག་དེ་བོད་པ་གཞན་ཞིག་གི་ཚབ་ཏུ་ཤོར་ཡོད་པ་བཞིན། ཁོང་གི་ཚེ་སྲོག་དེས་འབྱུང་འགྱུར་བོད་པའི་བུ་དང་བུ་མོ་ག་ཚོད་ཅིག་གིས་ཚེ་སྲོག་རྒྱ་གར་པ་ཡུལ་མི་འདི་དག་གི་ལག་འོག་ནས་སྐྱོབ་ཐུབ་མིན་ནི། ང་ཚོས་ཁོང་གསོད་མཁན་གྱི་ལག་དམར་དེ་དག་རྒྱ་གར་གཞུང་གི་ས་གནས་ཁྲིམས་ཁང་དང་། དེ་ནས་མངའ་སྡེའི་ཁྲིམས་ཁང་། དེ་ནས་མ་བྱུང་ན་དབུས་གཞུང་གི་ཁྲིམས་ཁང་བཅས་ལ་གཏུག་བཤེར་གྱིས་ཁྲིམས་གཅོད་ནན་པོ་ཞིག་གཅོད་ཐུབ་མིན་ལ་རག་ལས་ཡོད། དེས་ན་ཁོང་གི་ཚེ་སྲོག་ཤོར་བའི་དོན་རྐྱེན་འདི་སྤྱོད་ཤེས་ན་མ་འོངས་པའི་བོད་པའི་མདུན་ལམ་དང་ཧ་ཅང་འབྲེལ་བ་དམ་ཟབ་ལྡན་ཡོད།
མང་པོ་ཞིག་གི་སེམས་ལ་འདི་ནི་སྒེར་པ་ཞིག་གི་གནད་དོན་ཡིན་པས་ང་དང་ངའི་སྤུན་ཉེ་དང་འབྲེལ་བ་དེ་ཙམ་མེད་པས་ཁ་ཡ་མ་བྱས་ན་ཡག་ཤོས་རེད་བསམ་མཁན་ཡོད་ཀྱི་རེད་ལ། ཁ་སང་གི་དོན་རྐྱེན་འདི་བྱུང་དུས་བོད་པ་ཞིག་གིས་སྣང་མེད་བཏང་ཚུལ་བརྗོད་འདུག་པ་ཡང་སོ་སོ་དང་འབྲེལ་བ་མི་འདུག་སྙམ་སྟེ་མིག་གི་མཐོང་ས་རུ་ཉམ་ཆུང་གི་ཁོང་བསོད་དུ་བཅུག་པ་རེད། འདི་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ལྷག་པར་དུ་ནང་པ་ཞིག་གི་ངོས་ནས་བཤད་ན་གཞན་གྱི་ཚེ་སྲོག་སྐྱོབས་གང་ཐུབ་བྱེད་དགོས་པ་ནི་བདག་ལས་གཞན་གཅེས་ཀྱི་བྱམས་སྙིང་རྗེའི་དགོངས་དོན་མཐར་ཐུག་དེ་རེད། དེེར་བརྟེན་རྗེ་རིན་པོ་ཆེས། ལམ་རིམ་ནང་། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་པར་གང་ཟག་དེ་ཐེག་པ་ཆེན་པོར་ཚུད་པ་གལ་ཆེའོ་ཞེས་གསུངས་པ་ཡང་གང་ཟག་འདི་ལྟ་བུར་དགོངས་ནས་གསུངས་པ་ཞིག་རེད་ཨང་སྙམ་པ་ཞིག་ཀྱང་བྱུང་།
དོན་རྐྱེན་འདི་དང་འབྲེལ་བའི་སྐོར་ལ་དྷ་རམ་ས་ལའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེའི་ལགས་ཀྱིས་དུས་བབ་བཅར་འདྲིའི་ནང་འདི་ལྟར་བརྗོད་དོན། ད་ལྟ་ང་ཚོས་བརྟག་དཔྱད་བྱེད་བཞིན་ཡོད། ང་ཚོས་དེ་ཚོའི་རིགས་རྩ་བ་ཉིད་ནས་འཇོག་ཐབས་མེད་ཅེས་གསུངས་པ་བཞིན་ང་ཁོང་གི་ལྷག་བསམ་ལ་ཡིད་ཆེས་ཡོད། དེས་ན་ཁོང་དང་ཁོང་གི་ཕྱག་འབྲེལ་ཚོས་ཐུགས་འགན་ཆེ་བཞེས་ཀྱིས་ཉམ་ཆུང་ཉེས་མེད་ཀྱི་ཚེ་སྲོག་དེས་མ་འོངས་པའི་བོད་པའི་བུ་དང་བུ་མོ་གང་མང་ཞིག་གིས་ཚེ་སྲོག་དང་བདེ་འཇགས་སྲུང་སྐྱོབ་ཐུབ་བྱེད་ཀྱི་རྐྱེན་རྩར་འགྱུར་ཐུབ་རྒྱུའི་སླད་ཕུགས་རྒྱང་རིང་པོའི་ཁེ་ཕན་གྱི་སྲིད་ཇུས་འོག་ལག་དམར་པ་དེ་དག་ཁྲིམས་གཏུག་མཐིལ་ཕྱིན་གྱིས་བྱུང་ན་ལག་དམར་པའི་ཉེས་པ་ཕྱིར་བསྒྲགས་ཀྱིས་ཡུལ་མི་རྣམས་ནས་མ་གོ་མ་ཐོས་པ་མེད་པ་བྱེད་དགོས།
གལ་ཏེ་དེ་ལྟར་མ་བྱས་པར་མི་སྒེར་པ་ཙམ་ཞིག་གི་ཚེ་སྲོག་ཏུ་བརྩིས་ཏེ་སྣང་མེད་དུ་བཏང་ན། དེའི་མཇུག་འབྲས་དེ་རི་ལུག་པ་ཐག་པས་མ་འདུས་པ་ལྟར་བོད་མི་སྤྱི་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་དེ་ལོང་པས་བལྟས་ཀྱང་ཁམས་གསུམ་ཞེས་པ་ལྟར་རེད། དེ་ཡང་དཔེ་མཚོན་གྱི་ལམ་ནས་འགའ་ཞིག་ཞུས་ན་ཕྱི་ལོ་ ༢༠༡༣ ལོར་རང་ལོ་ ༣༠ ཙམ་ལ་སླེབས་པའི་བོད་པ་ཞིག་དང་རྒྱ་གར་པ་ཞིག་ཁ་རྩོད་ཤོར་ཞིང་། སྐབས་དེར་རྒྱ་གར་པ་ལྔ་ཙམ་གྱིས་རུབ་ནས་བོད་པ་དེ་ཐོག་བརྩེགས་གསུམ་ནས་མར་གཡུགས་ཏེ་བོད་པ་དེའི་སྐེད་པ་མན་ཆད་འགུལ་སྐྱོད་མི་ཐུབ་པར་བཟོས་ཡོད། འོན་ཀྱང་སྐྱབས་བཅོལ་པ་ཞིག་གི་གནས་བབ་འོག་ཉེས་ཅན་པ་དེ་དག་ལ་གང་ཡང་བྱེད་ཐུབ་མེད།
དེ་བཞིན་དུ་བོད་པའི་བུད་མེད་ཞིག་སྤྱི་སྤྱོད་རླངས་འཁོར་ནང་ཅུང་ཕྱི་བོར་ལོག་ཡོང་དུས། དྷ་ཤོད་ལ་མ་སླེབས་ཙམ་གྱི་ལམ་བར་དུ་རླངས་འཁོར་ཁ་ལོ་པ་དང་རོགས་པས་བཙན་གཡེམ་དང་ཉེས་རྡུང་བཏང་རྗེས་ལམ་ཟུར་དུ་གཡུགས་ཡོད། བུད་མེད་དེ་བདུན་ཕྲག་གཅིག་ཙམ་གྱི་རིང་བདེ་ལེགས་སྨན་ཁང་དུ་ལུས་ཡོད། ཡང་བོད་པའི་བཙུན་མ་ཚོས་འཕྱི་བོར་རླངས་འཁོར་གླས་ཏེ་དགོན་པར་ལོག་དུས་ལམ་བར་དུ་འགའ་ཞིག་ལ་བརྙས་བཅོས་དང་བཙན་གཡེམ་བཏང་བ་ཡང་ཐེངས་དུ་མར་བྱུང་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་བོད་པ་གསར་འབྱོར་པ་འགས་རྒྱ་གར་གྱི་ཁང་པ་གླས་ཤིང་། ཁང་གླ་སྤྲོད་དུས་ཅུང་འགོར་བར་བརྟེན་ཁང་བདག་དེས་གསར་འབྱོར་པ་དེ་ཚོའི་མགོ་ལ་ཚལ་སླང་དང་ཁོག་ལྡིར་སོགས་གཞུས་ཏེ་ཉེས་རྡུང་བཏང་ཡོད།
གཞན་ཡང་མ་ན་ལི་ས་གནས་བུད་མེད་ཚོགས་པའི་ཚོགས་མི་འགའ་ཞིག་ལྡི་ལིར་འགྲོ་དུས་ལམ་བར་དུ་ཉིན་གུང་ཁ་ལག་བཟས་ཡོད་པ་དང་། སྐབས་དེར་ཟ་ཁང་བདག་པོས་ཁ་ལག་གི་རིན་པ་ཚད་ལས་བརྒལ་བ་བླངས་པར་བརྟེན། ཁོ་ཚོས་ཁ་རྩོད་བརྒྱབ་ཡོད། འོན་ཀྱང་ཟ་ཁང་བདག་པོས་ཚོགས་མི་དེ་དག་ལ་མུར་རྫོག་དང་རྡོག་རྒྱག་སོགས་བཞུས་ཏེ་ཕྱིར་འབུད་བྱས་ཡོད་ལ། རྗེས་སུ་ཁོ་ཚོས་ཟ་ཁང་དེའི་ནང་མི་འགྲོ་བའི་དམ་བཅའ་ཡང་བཞག་ཡོད།
དེ་ལྟ་བུའི་ཡ་ང་བའི་གནས་ཚུལ་ནི་ད་དུང་མང་དུ་ཡོད་པས་རེ་རེ་བཞིན་དུ་གླེང་ནུས་བྲལ། གང་ལྟར་འདས་པའི་དོན་རྐྱེན་འདི་དག་གི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ། འབྱུང་འགྱུར་དཀའ་ངལ་དེ་ལྟ་བུ་མུ་མཐུད་མི་འཕྲད་པའི་ཆེད་ཁ་སང་ཤོར་བའི་ཚེ་སྲོག་དེ་བོད་མི་སྤྱིའི་མ་འོངས་པའི་བདེ་ཐབས་ཀྱི་རྐྱེན་རྩར་འགྱུར་བའི་ཕྱོགས་སུ་བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས།
མདོར་ན་ངས་འདིར་བརྗོད་འདོད་པ་ནི་བོད་པ་ཚོས་དུས་རྒྱུན་དུ་ཡུལ་མི་དང་འབྲེལ་བ་ཇེ་ཆེར་གཏོང་དགོས་པ་ལ། ཁོ་ཚོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་གཞིའི་རིགས་ཇེ་ཉུང་དུ་གཏོང་དགོས། འོན་ཀྱང་ཉེས་ཅན་པ་དེ་ཚོའི་རིགས་ལ་ནམ་ཡང་ཁྲིམས་གཏུག་གིས་གུ་ཡངས་གཏོང་ཐབས་མེད་པ་ཡང་ཤེས་དགོས་པ་ཞིག་གོ །
ཨ་ལས། ངས་ནི་གསང་བ་མང་པོ་ཞིག་རྙེད་ཡོད་ས་རེད་དྲན་བྱུང་ཡང་ཚོར་སྣང་རེད་འདུག་ཨ། རྒྱབ་མདུན་ཨང་།
ད་རྡ་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གདན་ས་དང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་རྡ་སའི་ས་གནས་འགོ་འཛིན་ལས་ཁང་ཆོལ་ཁ་དང་ལུང་ཚན་ཚོགས་སྐྱིད་ཁག་བཙན་བྱོལ་སྤྱི་ཚོགས་ནང་གི་ཨ་ཡོད་ནང་གི་ད་ཡོད་སྒོ་ངའི་ནང་གི་སེར་རིལ་ཚང་མ་དེ་གར་ཡོད་ན་ ད་ལམ་གྱི་གནད་དོན་དེ་ཁྲིམས་ཁང་ལ་གཏུགས་ཐུབ་པ་ཙམ་གྱི་ང་ཚོའི་རྒྱལ་ཁ་མ་ཡིན་པར་གནས་ཡུལ་རྒྱལ་ཁབ་ཀྱི་དབུད་ས་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་ནི་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པའི་ངོ་སྲོད་བྱ་འདོད་བྱུང་།
སྤྱིར་བཏང་ས་གནས་བོད་མི་རེ་འགས་ཀུན་སྤྱོད་ཐོག་ནས་ཡུལ་མིར་ཤུགས་རྐྱེན་ངན་པ་སྤྲད་དང་སྤྲོད་བཞིན་པ་དངོས་ཡོད་གནས་ཚུལ་རེད། དཔེར་ན། རྒྱུ་ཤུགས་ཀྱིས་ཀུན་སྤྱོད་མངོན་སྟངས་ཤིག་དང་རྭ་བཟིས་རྙོག་སླངས་ཀྱི་ཀུན་སྤྱོད་མངོན་སྟངས་ལྟ་བུ་རེད། འདིས་རིགས་ཀྱིས་ཡུལ་མིའི་མིག་ངོར་ཤུགས་རྐྱེན་ངན་པས་བྱས་འབྲས་སུ་བོད་མིར་རེ་འགར་ཉེས་རྡུང་ཚབ་ཆེན་རེག་གི་ཡོད་ལ། མཚམས་རེ་གནས་ཚུལ་རྐྱེན་པས་ཉེས་རྡུང་ལས་བརྒལ་ནས་ཁང་ཁྲོམ་མེ་སྲེག་གཏོང་བའང་འབྱུང་གི་ཡོད། ཡིན་ནའང་། ད་རེའི་གནས་ཚུལ་འདིའི་རྒྱབ་ལྗོངས་སུ་བུ་མོ་དེར་གསང་བ་གང་མང་ཞིག་ཡོད་པར་ཚོད་དཔག་བྱེད་ཀྱི་འདུག་ལ། ཐ་ན་བརྩེ་དུང་གི་ཚོར་འབྲས་རྐྱེན་པས་ཉེས་རྡུང་ཙམ་མིན་པར་ཆེད་དུ་གསོད་གཏུབ་ཀྱི་གོད་ཆགས་འདི་བྱུང་བ་མང་པོ་ཞིག་ལ་རང་བཞིན་གྱིས་བློ་དོག་འབྱུང་གི་ཡོད་ས་རེད། འབྱུང་འགྱུར་གཟབ་ཙམ་མ་བྱས་ན་མཇུག་འབྲས་དེ་ལས་ཚབ་ཆེན་རེ་ཡོང་མི་སྲིད་པའི་ངེས་པའང་མེད་པས་ཚང་མས་ཐུགས་སེམས་བཞེས་དགོས་པ་གལ་ཆེན་དུ་སྣང་།
བོད་པ་ཚོས་སོ་སོར་སྲུང་སྐྱོབ་བྱེད་བསམ་ན། ལག་དམར་གཙོ་བོ་དེ་སྲོག་ཐོག་ལ་གཏོང་དུ་འཇུག་ཐུབ་དགོས།
ཐུགས་རྗེ་ཆེ། བསམ་ཚུལ་ཡག་པོ་གླེང་འདུག གནད་དོན་འདི་འདྲའི་རིགས་ཆུང་ཚེགས་ལ་བརྩི་རྒྱུ་མེད། ལོ་ཤས་སྔོན་དབྱིན་ཡུལ་མ་ཡིན་ནམ། (ཏན་ཏན་མི་དྲན) རྒྱ་གར་བ་ཞིག་གིས་སློབ་གྲྭའི་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱས་རྗེས་སྐེ་བགགས་ཏེ་བསད་ཡོད་པ་དང་། དེའི་མུར་མྱུར་སྟབས་ཀྱིས་བྲོས་ཏེ་རྒྱ་གར་དུ་ཐར་ཡོད། འོན་ཀྱང་བུ་མོ་དེའི་ཕ་མ་གཉིས་ཆེད་དུ་རྒྱ་གར་དུ་སླེབས་ཤིང་གཞུང་ལ་ཞུ་གཏུགས་རིམ་པར་བྱས་པ་མ་ཟད། ཚོགས་པ་དང་སྒེར་བ་སུ་ཞིག་གིས་ཉེས་ཅན་པ་དེ་འཇུ་བཟུང་བྱས་ན་བྱ་དགའ་ཕོན་ཆེར་གནང་རྒྱུ་ཁས་ལེན་ཡང་བྱས། བུ་མོ་དེའི་ཕ་མ་གཉིས་ཀྱིས་བརྗོད་དོན། ཁྱེད་ཅག་གིས་དོན་དག་འདི་སྣང་མེད་བསྐྱུར་ཚེ། དེ་ནི་རང་ཉིད་ཀྱི་ལོ་ཆུང་བུ་མོ་ཚོའི་བདེ་འཇགས་དང་འཚོ་གནས་ལ་སྣང་མེད་བྱས་ཏེ་བསམ་བཞིན་ཉེན་ཁའི་ནང་བརྫངས་པ་དང་གཅིག་མཚུངས་ཡིན། ཞེས་དྲན་སྐུལ་བཏང་པ་རེད། མཐའ་མར་ལག་དམར་བ་རྒྱ་གར་བྱང་ཕྱོགས་ཀ་སྦུག་ནས་འཇུ་བཟུང་ཐུབ་སྟེ་བཙོན་འཇུག་བྱ་རྒྱུ་བྱུང་སོང་་། ལྟོས་དང་། མིག་རྒྱང་རིང་བའི་མི་རིགས་ཡར་ཐོན་ཅན་ཚོའི་བྱེད་སྟངས་འདི་འདྲ་རེད། རང་རེའི་གཞུང་སྒེར་ཚོགས་པ་ཁག་གིས་བོད་མི་མང་གི་བདེ་འཇགས་ལ་དགོངས་པ་རྒྱ་ཆེར་བཞེས་ཏེ། འདི་ལྟའི་རིགས་ཀྱི་གནད་དོན་གཏིང་ཐག་ཆོད་ཕྱིར་འགྲོ་སོང་ལ་མིག་བཙུམ་དགོས།
གཞན་ཡང་བསམ་ཚུལ་འདི་འབྲི་བ་བོས་བརྗོད་པ་ལྟར། བོད་རིགས་མི་མང་གི་ངོས་ནས་ཀྱང་ཡུལ་མིར་གུས་བརྩི་མཐུན་ལམ་ལ་ཧ་ཅང་གཟབ་གལ་ཆེ། བོད་པ་གང་མང་མང་ཞིག་དང་ལྷག་པར་དུ་གསར་འབྱོར་ཚོས་བསམ་བློ་གཏོང་ཤེས་དགོས། ང་ཁམས་པ་ཡིན་བློ་ཁོག་ཆེ་མདོག་མདོག ང་ཨ་མདོ་བ་ཡིན་སུ་ལའང་མི་སྐྲག་མདོག་མདོག། འདིའི་རིགས་ནི་ལྐུགས་པ་བསམ་བློ་མ་སྨིན་པའི་གླེན་རྟགས་རེད།
གུས་ཞབས་དང་། ཞི་མཐུན། སྣང་པར་འཕྲོད་པོ་བྱེད་མི་ཤེས་པའི་མི་དེའི་རིགས་ནི་རིག་གཞུང་མེད་པའི་ཀློ་ཀློར་བརྩི་གི་རེད།
ཡོད་ཚད་འདས་ཟིན་པའི་གཞུག་ཏུ་ལས་དབང་ཟེར་བའི་ལྟ་བ་དག་སྣང་གི་སེམས་རྒྱ་འདི་་་་་་་་་
ཡག་ཤོས་དེར་སྲོག་ལན་སྲོག་གིས་འཇལ་བཅུག་དགོས་རེད་ཀྱང་།
ཁ་འཇམ་ཁོག་ནག་གིས་བྱམས་སྙིང་རྗེ་དང་ཡུལ་མི་ལ་བསམ་བློ་དགོས་རབ་བཤད་ནས་དེར་མུར་འཇོག་གི་རེད། མ་བདེན་ན་གཟིགས་ཨ།
ང་ཚོ་སྐྱབས་གཅོལ་བ་ཡིན་དུས་གང་ལ་གང་འཚམས་ལྟ་དགོས་པ་ལས་ཐལ་ཆེའི་བྱ་བ་ནམ་ཡང་སྒྲུབ་རྒྱུ་མེད། གང་ལྟར་ཡུལ་མིའི་སེམས་སྲེག་ན་ཕམ་ཁ་ཉོ་མཁན་ནི་ནམ་ཡང་ང་ཚོ་ཡིན་པ་ཤེས་དགོས། འོན་ཀྱང་རྒྱ་གར་གྱི་ཁྲིམས་ལུགས་ལྟར་ཐག་གཅོད་ངེས་པར་དུ་བྱེད་དགོས་ཤིང་། རྒྱ་གར་ཁྲིམས་ཁང་གིས་དེ་ལྟར་བྱེད་ཀྱི་ཡོད་མེད་ལྟ་རྟོག་ནན་མོ་བྱེད་གལ་ཆེ།
རྡ་སར་ཡོད་པའི་ཚོགས་པ་རུལ་པ་དེ་ཚོ་ག་པར་གབ་སྡད་ཡོད་ན་
ད་ཁ་བདེ་པོ་དང་མགོ་བདེ་པོ་དེ་ཚོ་འཐོན་རན་རེད་འདུག་གོ་།
འདས་པོར་སྨོན་ལམ་ཞུ། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་ཉམ་ཆུང་དང་འགྲོ་ཟ་སྡོད་མཁས་གནང་ན་ལས་རང་ལ་ལུང་པ་མེད་དུས་ཕམ་ཉེས་ང་རང་ཚོར་འཁུར་རྒྱུ་ལས་མེད་དོ། ད་ཡང་སྲིད་སྐྱོང་བློ་སེང་ལགས་ཀྱི་ལྷིང་འཇགས་ཡོད་ཟེར་བ་དེར་བར་ཆད་བྱུང་སོང་། ཨེ་མ་ཧོ།
བོད་པ་བྱེད་སྟངས་སྐྱོ་ཤོད་ནི ཕྱི་དགྲ་ལས་ནང་དགྲ་སྡུག་པ་རེད གྲི་ངན་པ་ལག་པ་ལ་གནོད ཁྱི་ངན་པས་རང་མི་ལ་འཇུ་ཟེར་བ་ལྟར གོང་འོག་མེད་ཚང་མ་ལ་ནམ་ཞག་རྒྱུན་དུ་སྐྱོན་ཆེ་ཤོས་ནི ཕྱི་མིའི་ཞིག་གིས་རྒྱལ་ཁབ་ཕྲོགས་མི་བསད་རྟ་ཅག་བཙན་གཡེམ་བྱས་ཚོར་པ་གཏོར་གང་བྱས་ན་ཡང་དེས་དུས་ བསམ་ཤེས་དང་སྙིང་རྗེ་བདག་ལས་གཞན་གཅེས་འཛམ་གླིང་ཞི་བདེ་དང་ཡུལ་མི་འཆམ་མཐུན་མཉམ་གནས་སོགས་ཟེར་ནས བོད་མི་དམངས་ཚང་སངས་རྒྱས་བྱང་ཆུབ་སེམས་ས་ལ་བཞག་ཉན་ནས་བཞག་གིས་ཡོད སྡོད་་མཁན་ཀྱང་སྡོད་ཀྱིས་ཡོད རང་མི་རིག་ཞིག་གིས་གང་འོག་ལ་ཕོག་པའི་ཚིག་ཟུར་ཅང་ཟད་ཙམ་རེ་བྱུང་དུས དེ་ནས་གོང་འོག་སུ་ཡིན་ན་མངོན་སུམ་འཛེམ་མེད་ཀྱི་ལྟ་ལོག་དང་བསྟན་གཤེགས་བརྙས་བཅོས་དང་ཐུབ་ཚོད་ཟེར་ནས་མི་གྲྭལ་ནས་ཕུད་ནས་ཁྱི་གྲལ་ལ་བཞག་་གང་ཐུབ་ཐུབ་གནང་བ་མ་ཚད་མཐའ་མའི་ཚེ་སྲོག་ཡང་འཕྲོགས་པ་ངོ་མ་ཉུང་ཉུང་མིན དེས་དུས་བསམ་ཤེས་དང་བཟོད་སྲན་བདག་ལས་གཞན་གཅེས་ཟེར་བ་ཁ་དང་ལག་པ་གཉིས་ཀ་སྟེང་ལ་མེད་ལ་སངས་རྒྱས་དང་བྱངས་ཆུབ་སེམས་དཔས་ཉམས་ལེན་དེ་ཚོ་ཕར་ཞོག་དེང་སོང་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་མི་དེ་དག་གིས་རྗེས་ལ་སྙེག་ཐུབ་ཀྱི་མེད དེ་རིང་ཡང་རྩོམ་པ་པོ་སྐྱིད་བྱམས་བསྟན་འཛིན་དང་མཆན་བཀོད་མཁན་་ཁ་ཤས་ནས ཕྱི་ལ་ཨབ་རིས་སོ་ཙམ་བསྟེན་མ་ཕོད་པ ནང་ལ་སྟག་མོའི་མཆེ་བ་ངོམས་ནས ཕར་ཅི་གང་མ་བྱས་པའི་ཉམས་ཆུང་བོད་མི་ཞིག་གི་ཚེ་སྲོག་འཕྲོགས་ནའང ད་དུང་ཕལ་ཆེར་རང་སྐྱོན་ངོས་ལེན་ཞིག་བྱེད་དགོས་རབ་དང མཉམ་དུ་ཡོད་པའི་བོད་མོ་དེ་ལའང་ཞིབ་འཇུག་ཞིག་དགོས་མདོག་མདོག་བསྟན་གྱིས་འདུག་ རེད་གྱོང་ཕོག་མཁན་ཁྱོད་ཚོ་མ་རེད་དེ་འདྲ་བཤད་ན་འགྲིགས་ཀྱི ཡོད་ཀྱི་རེད ཡིན་ནའང་རྗེས་མ་ཁྱོད་རང་ལ་གནས་ཚུལ་དེ་འདྲ་ཞིག་ལྷག་དུས་མི་ཚང་མས་དེ་འདྲ་ཞིག་བལྟ་ཡི་རེད་ལ དེ་དུས་ཚོར་བ་སྐྱུར་མོ་དེ་ཁྱོད་རང་ནས་མྱོང་ནས་ཁ་ནང་ལ་མཛུ་གུ་རྒྱག་ནས་སྡོད་ཨ་
མི་ཡུལ་ནས་ང་ཚོ་བོད་མིའི་བྱེད་ཐུབ་པ་ནི། མི་གསད་ལག་དམར་གྱི་ཁང་པ་ལ་བོད་མི་མ་བསྡད་ན་དགྲ་ལན་ཡག་ཤོས་རེད། གཞན་རྒྱ་གར་ཁྲིམས་ནི་རྒྱ་གར་གྱི་ཁྲིམས་རང་རེད། ང་ཚོ་བོད་མི་ལ་ཐུག་དུས་དྲང་པོ་ཞིག་ལ་རེ་བ་རྒྱག་ས་ཡོད་མ་རེད།
གྲི་བཙུག་མཁན་དེ། ཁྲིམས་ཐོག་ནས་བྲོས་ས་མེད་པར། བཙོན་འཇུག་དུས་ཚོད་རིང་མོ་ཞིག་མ་བྱུང་བར་ཚང་མས། འབད་འབུངས་བྱ་གལ་ཆེ་བ་ཞུ་རྒྱུ་ལས་ཅང་ལྷག་མི་འདུག་སྙམ་མོ།།
རྡ་སར་ཡོད་པའི་ཚོགས་པ་མང་པོ་ཡོད་པ་དེ་ཚོའི་ཀ་བཅའ་རི་དང་རྫོང་དཔོན་ལས་ཁང་མདུན་མི་མང་འཁྲིད་ནས་ནག་ཅན་ལ་སྲོག་ཁྲིམས་གཅོད་དགོས་པའི་ཞི་བའི་ངོ་རྒོལ་བྱ་དགོས་པ་དང་ལག་དམར་དེའི་ཁང་པའི་ནང་ཡོད་པ་བོད་པ་ཚང་མ་འཐོན་དགོས་པ་དང་དེའི་ཟ་ཁང་ནང་བོད་མི་དང་ཕྱི་མི་གཅིག་ཀྱང་གཏོང་འགྲོ་རྒྱུ་བཀག་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་།
སྤྱིར་བཏང་གིས་བཤད་ན། ཉམ་ཆུང་བོད་མི་ཞིག་གི་ཚེ་སྲོག་ཤོར་བ་དེ་ནི་ཆེས་ཡ་ང་བའི་གནས་སྟངས་ཤིག་རེད་མོད། འོན་ཀྱང་ཁོང་ནི་འགྲོ་ཟིན་པ་རེད། ཤུལ་ན་ལྷག་ཡོད་པའི་ཉམ་ཆུང་བོད་མི་རྣམས་ཀྱིས་གང་ནུས་གཟབ་དགོས་གལ་ཆེ། ད་དུང་དེ་འདྲའི་གནས་ཚུལ་མི་ལྷག་པའི་ངེས་པ་གཏན་ནས་མེད། ཡང་གཅིག་བཤད་ན། རྒྱ་གར་སྲིད་གཞུང་གིས་ཉེས་ཅན་པ་དེ་དག་ཁྲིམས་གཅོད་ནན་མོ་གཏོང་བའི་རེ་བ་ཕལ་ཆེར་ཁག་པོ་རེད་སྙམ། དེ་འདྲའི་ཁྲིམས་གཅོད་ནན་མོ་གཏོང་བའི་རེ་བ་ཡོད་ན། སྔོན་ཆེད་ལྷག་ཟིན་པའི་ཛ་དྲག་གི་གནས་སྟངས་མང་པོ་བྱུང་ཟིན་པ་རེད། དེ་དག་ཚང་མ་གོ་མེད་ཚོར་མེད་དུ་ལྷག་ཡོད། དེ་བས་ལག་དམར་བའི་གླ་ཁང་ནང་དུ་བོད་མི་གཅིག་ཀྱང་མི་འདུག་པའི་དམ་བཅའ་དང་། ཁོང་ཚོའི་ཟ་ཁང་སོགས་ཚོང་ལས་ཀྱི་རིགས་གང་ཡིན་ལ། འབྲེལ་བ་རྩ་བ་ནས་མ་གནང་ན་ཡག་པོ་ཡོད་རེད་བསམ་གྱིན་འདུག བོད་མི་ཚོ་སྐྱབས་བཅོལ་བ་རེད་ཟེར་ནས། ཐུབ་ཚོད་བཏང་ཆོག་ཆོག་ཅིག་རྩ་བ་ནས་ཡོད་མ་རེད། རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས། ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བོད་མི་ཚོ་རྒྱ་གར་ལ་སྐྱབས་ལ་བཅོལ་ཞུས་ཏེ་བསྡད་ཡོད་མ་རེད། སྐྱབས་བཅོལ་གྱི་ངོ་བོ་ནི། མི་རིགས་གཞན་གྱིས་གཉའ་གནོན་འོག་ནས་འདུག་མི་བཟོད་པའི་གནས་སྟངས་ཀྱི་འོག་ནས་བདེ་འཇགས་ཀྱི་ལུང་པར་སྐྱབས་བཅོལ་དུ་ཡོང་བ་ནི་འཛམ་གླིང་སྤྱིའི་སྒྲིག་གཞི་དང་མཐུན་པ། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལས་ཀྱང་ཁ་གསལ་སྤེལ་ཡོད་པ་རེད། ཁྲིམས་འགལ་གྱི་ཐོག་ནས་ང་ཚོའི་བུ་མེད་ལ་བཙན་གཡེམ་བྱེད་ཆོག་ཆོག་དང་། དོན་མེད་ཉེས་རྡུང་བཏང་ཆོག་ཆོག གང་འདོད་མི་གསོད་ཆོག་ཆོག་ཡིན་ན། སྐྱབས་བཅོལ་ལ་ཡོང་བའི་དགོས་དོན་འགྲུབ་ཡོད་མ་རེད། དེ་བས་རྒྱ་ནག་པོའི་འོག་ནས་བསྡད་ན་མ་འགྲིག་པ་གང་ཡོད་རེད། རྒྱ་ནག་གིས་ཀྱང་དེ་ལས་ལྷག་པའི་ཁྲིམས་འགལ་ཚབ་ཆེན་ཕལ་ཆེར་གཏོང་གི་ཡོད་རྒྱུ་མ་རེད་སྙམ།
ང་རང་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡུན་རིང་སྡོད་མཁན་ཞིག་གི་ཆ་ནས་ང་ཚོའི་གཞོན་སྐྱེས་མི་ཉུང་བས་ས་ཆ་འདིའི་སྟེང་ང་ཚོའི་ཕ་ཡུལ་གྱི་ས་སེན་མོ་གང་ཡང་མེད་པ་དང་། ཡང་ན་སྒོས་སུ་བཙན་བྱོལ་བོད་མིའི་གནས་ཡུལ་བསྟི་གནས་དང་། རྒྱལ་བའི་ཕོ་བྲང་ཆགས་ཡུལ་ཞིག་ཀྱང་ཡིན་པའི་གནད་དོན་དེར་མནོ་བསམ་ཏིལ་འབྲུ་ཙམ་ཡང་མེད་པར་འགྲོ་མཁས་སྡོད་མཁས་བྱེད་རྒྱུ་ལས་ལྡོག་སྟེ་ཟློས་སྒར་སོགས་སུ་གཞས་སྣའི་རིགས་ཡོད་སྐབས་ལམ་བར་ནས་སྐད་ཅོར་རྒྱག་པ་དང་། ཧ་ཅང་ཕྱི་པོར་ཡང་སྒྲོམ་སྟེགས་སྤོ་ལོ་སོགས་རྩེད་དེ་དོན་མེད་སྐད་ཅོར་དང་། ར་བཟི་ཤོད་པ། འཁྲུག་པ་རྒྱག་པ། མ་ཅང་རྩེ་བ་སོགས་ཀྱི་རང་ངོས་ནས་མ་འགྲིགས་མ་འཐུས་པའི་ཡིད་སྐྱོའི་གནས་ཚུལ་མང་ཙམ་མཐོང་ཆོས་སུ་ཡོད་མུས་རེད་ལ་མ་ཟད་སྤྱིར་ན་རྒྱ་གར་བ་ཚོའི་མི་གཤིས་སམ་རྒྱུ་རྟགས་ཀྱང་ཧ་ཅང་ཞན་པོ་ཡོད་པའང་ང་ཚོས་ཤེས་མུས་རེད། དེའི་ཕྱིར་གོང་དུ་རྩོམ་པ་པོས་གསུངས་པ་བཞིན་རྒྱུ་རྐྱེན་མང་པོས་ང་རང་གི་ཚེ་སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པས་ཡ་ང་བའི་དོན་རྐྱེན་དེ་ཡུན་རིང་ཕ་མ་བྲལ་ནས་ཐུག་སྐལ་ཙམ་ཡང་མ་བྱུང་བའི་ཚུལ་ལྡན་གཞོན་སྐྱེས་ཁོང་ལ་ཐུག་པ་རེད། ང་ཚོས་ཡུལ་མིར་མཐུན་ལམ་དང་མ་འོངས་པའི་དོན་ལ་བསམ་གཞིགས་བྱ་དགོས་ངེས་ཀྱང་དོན་རྐྱེན་འདི་ལྟ་བུར་ཁྲིམས་ཀྱི་འགྲོ་ལུགས་བཞིན་ཐག་ཆོད་དགོས་པ་ནི་རང་གཞན་ཚང་མའི་གནས་བབས་དང་མཐུན་པ་རེད་སྙམ། ཨོམ་མ་ཎི་པདྨེཧུམ།
མིའི་རལ་གྲིས་རང་གི་སྲོག་གཅོད་ནའང་ཚེ་སྔོན་མའི་ལས་ཡིན་ཚུལ་བཤད་སྟངས་ལ་གཞིགས་ན་རྒན་འཇམ་རྡོར་ཕལ་ཆེར་ས་གསུམ་པ་ལ་སླེབས་མིན་ནམ། ཧཧཧཧཧཧ་་་་་་་་་་་
སྤྱིར་ན། རྒྱ་གར་བ་ཚོ་འདོད་ཆགས་ཆེ། མོ་ལས་ཕོ་མང་། མི་མང་བྱིངས་ལ་ཤེས་ཡོན་དང་མིའི་རྒྱུན་ཤེས་ཀྱི་གོ་རྟོགས་ཞན། ཆོས་ལུགས་ཀྱང་འདོད་ཆགས་ཀྱི་ཆོས་ལུགས་ཡིན། མི་གྲངས་ཧ་ཅང་མང་བ་སོགས་ཀྱིས། བཙན་གཡེམ་གནད་དོན། རྒྱལ་ཁབ་དང་མི་རིགས་གཞན་ལ་ལྟོས་ན་རྡབ་འགྱུར་གྱིས་མང་བ་འབྱུང་གི་ཡོད། ལྡི་ལི་ལྟ་བུར་ཆ་བཞག་ན། ལོ་རེར་བཙན་གཡེམ་སྟོང་ཕྲག་འགའ་བྱུང་གི་ཡོད་ལ། ད་རེས་ཀྱི་དོན་རྐྱེན་འདི་ཡང་ཆགས་སྤྱོད་དང་འབྲེལ་ཡོད། འོན་ཀྱང་། ད་རེས་ཀྱི་དོན་རྐྱེན་འདི་ལག་དམར་གསུམ་པོར་མཚོན་ན་ཆག་སྒོ་དང་། བོད་པར་མཚོན་ན་རྐྱེན་ངན་ཞིག་ཏུ་གྱུར་ཡོད་ཀྱང་། སྤྱིར་ན། ས་གནས་འདིར། རྒྱ་གར་བས་བོད་པར། བཙན་གཡེམ་དང་རྡུང་རྡེག་གི་བྱ་བ་ནི་རྒྱུན་ལྡན་ཞིག་ཡིན་པ་ལས། དམིགས་བསལ་བ་གང་ཡང་མིན། ས་གནས་རྒྱ་གར་འཁྲབ་ཐོ་ཚོའི་བཤད་རྒྱུན་ན། རྒྱ་གར་དང་དབྱིན་ཇི་བར་བཙན་གཡེམ་བྱས་རྗེས་བསད་དགོས་པ་རེད། བོད་པར་བཙན་གཡེམ་བྱས་ཀྱང་གསོད་དགོས་པ་མ་རེད་ཟེར། དེ་ནི། བོད་པ་ཚོར་བཙན་གཡེམ་དང་རྡུང་རྡེག་བྱས་པ། ཉེན་རྟོག་ཁང་ལ་གཏུགས་ཀྱང་ནུས་པ་མི་ཐོན་ཞིང་ཡ་ལན་ཡག་པོ་མི་བྱེད་པས། སེམས་ཤུགས་ཆག་སྟེ་སྙོམ་ཁུར་ཏེ་བསྡད་རྐྱང་ཡོད་པས་རེད།