སོག་ཚང་སྨོན་ལམ།
ད་ཡིན་ན་གྲོགས་པོའི་འབྲེལ་བ་ཆད་པ་ཡིན། ང་ལ་མིང་ཙམ་གྱི་གྲོགས་པོ་ཟེར་བ་ཞིག་མེད་པས་ཡིད་ཆེས་བརླགས་ཚར་དུས་གྲོགས་པོའི་འབྲེལ་བ་ཡང་ཆད་སོང་བ་ཡིན། ལོ་ཤས་སྔོན་ནས་དོན་གྲུབ་ལྷ་དར་ལ་དགག་པ་ཟེར་ན་འདྲ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་པོ་འདུག ལྷག་པར་དུ་སློབ་གྲོགས་གཅིག་པ་དང་ངོ་ཤེས་རྙིང་པ་མང་པོ་ཞིག་གིས་ང་ལ་དོན་གྲུབ་ལྷ་དར་གྱི་ལྟ་བ་ལངས་ཕྱོགས་སོགས་ཀྱི་སྐོར་ནས་སྐད་ཆ་འདྲི་མཁན་མང་པོ་ཡོང་གིན་འདུགདེ་ནི་གཞན་གང་ཡང་མ་རེད། ཁོང་ཚོས་ང་དང་དོན་གྲུབ་ལྷ་དར་གྲོགས་པོ་ཡིན་པ་དང་ཕར་ཚུར་རྒྱུས་ལོན་གང་འཚམ་ཡོད་པ་ཤེས་ཡོད་པའི་དབང་གིས་ཡིན་པ་རེད། ངས་དེང་སང་གི་སྤྱི་ཚོགས་ཐོག་གི་མི་ཁ་ཤས་དཔེ་མཚོན་དུ་བཞག་ནས་དོན་གྲུབ་ལྷ་དར་ལ་གདེངས་འཇོག་བྱས་པ་མ་གཏོགས་ཁ་རྡུང་བཏང་མྱོང་མེད། ད་རུང་ངའི་གྲོགས་པོ་ལ་འདྲ་མི་འདྲ་བཤད་ན་འགྲིག་གི་མ་རེད་ཅེས་ཀུ་རེའི་ཚུལ་དུ་དོན་གྱིས་ངས་གྲོགས་པོ་དོན་གྲུབ་ལྷ་དར་སྲུང་སྐྱོབ་བྱས་པ་ཡིན། དཔེར་ན། མདོ་སྟོད་ཆུ་སྒང་གསར་རྙིང་གཉིས་དང་སྦྱར་ནས་དོན་གྲུབ་ལྷ་དར་གྱི་ལངས་ཕྱོགས་ཅུང་ཟད་རེ་ཁ་ཇེ་གསལ་དུ་གཏོང་ཐུབ་པའི་འབད་བརྩོན་བྱས་པ་ཡིན་མོད། འདི་ལྟར་བལྟས་ཡོང་དུས་དོན་གྲུབ་ལྷ་དར་ནི་མདོ་སྟོད་ཆུ་སྒང་གསར་རྙིང་གཉིས་ཀ་ཁས་ལེན་པའི་མི་ཞིག་ཡིན་པ་འདྲ། ཡ་མཚན་རེད།
སྔོན་མ་བོད་གཞུང་སྨན་རྩིས་ཁང་དུ་མདོ་སྟོད་ཆུ་སྒང་གསར་བའི་མཛད་གཙོ་རྣམ་པའི་བཀོད་སྒྲིག་འོག་ཚོགས་པ་དེ་གཉིས་ཀྱི་གླེང་རྙོག་དང་འབྲེལ་བའི་ཚོགས་འདུ་ཞིག་འཚོགས་པའི་སྐབས་དེར་དོན་གྲུབ་ལྷ་དར་ཡང་ཚོགས་འདུ་དེ་ལ་མཉམ་ཞུགས་བྱས་ཡོད་པ་དངོས་སུ་མཐོང་སོང་། ད་དུང་ཚོགས་འདུ་དེ་མཇུག་གྲུབ་ནས་ཉིན་ཤས་ལས་མ་འགོར་བའི་སྐབས་དེ་ཚོད་ཅིག་ལ་དོན་གྲུབ་ལྷ་དར་གྱིས་ང་ལ་འདི་ལྟར་བཤད་མྱོང་། རྒྱ་རི་སྒྲོལ་མས་ཧ་ལམ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མདོ་སྟོད་ཆུ་སྒང་གསར་རྙིང་དབར་གྱི་རྙོག་དྲ་གཙང་སེལ་ཡོང་དགོས་པའི་སྐོར་ནས་གསུང་བཤད་གནང་སྟངས་དེས་རྒྱ་རི་སྒྲོལ་མ་གང་གི་ཕྱོགས་ཡིན་པ་ཤེས་སོང་ཟེར། སྐད་ཆ་འདི་ངས་དོན་གྲུབ་ལྷ་དར་གྱི་ངག་ནས་གོ་བ་ཐེངས་གཅིག་གིས་ག་ལ་ཚད། ཡང་ནས་བསྐྱར་དུ་ནན་ནན་ཏན་ཏན་གྱིས་བཤད་ཀྱི་རེད། སྐད་ཆ་དེའི་མདོ་དོན་ངོ་མ་ནི་རྒྱ་སྒྲོན་མདོ་སྟོད་ཆུ་སྒང་རྙིང་པའི་ཕྱོགས་སུ་ཡོད་ཡོད་འདྲ་པའི་རྣམ་འགྱུར་དང་གསུང་བཤད་གནང་སྟངས་སོགས་མཐོང་རྗེས་རྒྱ་རི་སྒྲོལ་མའི་ལངས་ཕྱོགས་ཡག་པོ་མེད་པ་ཧ་གོ་སོང་ཟེར་བ་འདི་ཡིན་པ་འདྲ། དེ་ཡང་ལོས་ཡིན། མདོ་སྟོད་ཆུ་སྒང་གསར་རྙིང་དབར་གྱི་རྙོག་དྲའི་རྩ་བ་མཐར་གཏུགས་ན། སྤྱི་ནོར་གོང་ས་མཆོག་གི་བཀའ་དགོངས་དང་འགལ་ཡོད་མེད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་བཅས་ལ་གུས་བརྩི་ག་འདྲ་གནང་གིན་ཡོད་མེད་སོགས་ལ་ཐུག་ཡོང་གི་ཡོད་དུས་རྒྱ་རི་སྒྲོལ་མ་དང་རྒྱ་རི་སྒྲོལ་མའི་ལངས་ཕྱོགས། རྒྱ་རི་སྒྲོལ་མའི་དམིགས་ཡུལ་གཏད་སོ་སོགས་འཚོལ་ཞིབ་བྱེད་དགོས་པ་ནི་དུས་ཐོག་ཆར་བ་རང་ཡིན་རྒྱུ་རེད་དེ། འོ་ན་དོན་གྲུབ་ལྷ་དར་ཁོ་རང་ཡང་དེང་སང་མདོ་སྟོད་ཆུ་སྒང་རྙིང་པ་ལ་མོས་མཐུན་ཡོད་པའི་མི་ཞིག་ཏུ་འགྱུར་བ་ཕྱིན་ཚར་རེད་པས། ངོ་མ་ཡ་མཚན་རེད། ངས་དེ་རིང་གནམ་འོག་གི་གསར་འགྱུར་ཚན་པའི་གསར་འགོད་པ་སེར་སྨད་བློ་དགའ་ཟེར་བ་དེས་དོན་གྲུབ་ལྷ་དར་ལ་བཅར་འདྲི་ཞིག་བྱས་པ་འདྲ་བའི་དཔར་ཞིག་མཐོང་རྗེས་ངོ་མ་ཧང་སངས་སོང་། དུས་དེ་རིང་བར་དུ་ངས་དོན་གྲུབ་ལྷ་དར་ལ་མངོན་ལྐོག་རྒྱབ་མདུན་མེད་པར་རྒྱབ་སྐྱོར་གང་ཐུབ་བྱས་པ་ཡོད་ཚད་ཐམས་ཅད་མིང་གི་ལྷག་མ་ཙམ་ཟེར་བ་རང་དུ་ཆགས་སོང་བ་ཨེ་རེད། དེང་སང་སེར་སྨད་བློ་དགའ་དང་དོན་གྲུབ་ལྷ་དར་གཉིས་ལ་འབྲེལ་བ་ཡོད་ན། ཉག་རོང་དོན་གྲུབ་ཡང་དོན་གྲུབ་ལྷ་དར་གྱི་མཐུན་གྲོགས་འཐབ་ཕྱོགས་གཅིག་པའི་མི་ཞིག་ཡིན་ནི་ཨེ་རེད།
ངོ་མ་ཡ་མཚན་རེད་ཡ། འདི་ལྟར་འདང་བརྒྱབ་ཡོང་ན། དོན་ལྷ་དང་འཇམ་ནོར་སོགས་ནས་བོད་རང་བཙན་དང་བོད་རྒྱལ་ཁབ་བློས་ཐོང་གི་མེད་པའི་རྣམ་འགྱུར་སྟོན་གིན་ཡོད་པ་འདི་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་གཏད་གཅོག་པའི་ཆེད་དུ་ཡིན་པ་འདྲ། དེ་ཡང་ཡིན་སྲིད་པ་རེད། རྒྱུ་མཚན་ནི། འཇིག་རྟེན་སྟེང་གི་ལྷ་འདྲེ་མི་གསུམ་གཙོས་པའི་གཟུགས་མེད་གཟུགས་ཅན་སུ་ཞིག་གིས་ཀྱང་འཛམ་གླིང་ཞི་བདེའི་དེད་དཔོན་གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་དང་ཁ་གཏད་གཅོག་པ་ལ་འདི་འདྲ་ལས་ལྷག་པའི་རྒྱུ་མཚན་ཡང་དག་གཅིག་ཀྱང་རྙེད་མི་སྲིད་པས་རེད། ཨོ་རེད། ཡང་གཅིག་བཤད་ན། དོན་གྲུབ་ལྷ་དར་གྱིས་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་སུ་སྔོན་འགྲོའི་འོས་ཤོག་ཀླུ་མཁར་བྱམས་ལ་བླུགས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་སོང་བ་དེ་ལ་ཡང་དམིགས་ཡུལ་ངན་པ་ཞིག་ཡོད་པ་བརྒྱ་ཆ་བརྒྱ་རེད། སྐབས་དེ་ཤེད་ཅིག་ལ་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་ཟེར་བའི་མདོ་སྟོད་ཆུ་སྒང་རྙིང་པའི་ཁོངས་གཏོགས་ཀྱི་མི་སྣ་གཙོ་བོ་ཞིག་གིས་ཀྱང་སྔོན་འགྲོའི་འོས་ཤོག་ཀླུ་མཁར་བྱམས་ལ་བླུག་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད་པ་དེ་ལྟར་དོན་ལྷས་ཅི་གསུངས་བཀའ་སྒྲུབ་ཞུས་ཡིན་པ་འདྲ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བྱུང་དང་འབྱུང་བཞིན་པའི་དཀའ་རྙོག་གང་མང་མང་གི་གཏེ་བོ་མདོ་སྟོད་སྤྱི་ཟུར་སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་དང་དོན་ལྷ་གཉིས་ཀྱི་དབར་ན་ཡང་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་འདྲ།
གྲོགས་པོ་ལགས། ཅི་འདྲའི་ཡ་ང་ཞིང་ཁྱད་མཚར་བ་ཞིག་རེད་ཨང་། ངས་ཁ་ཕྱིར་འཁོར་ནས་བསམ་བློ་ཞིབ་ཏུ་གཏོང་གིན་ཡོད། ངེད་གཉིས་སློབ་གྲྭ་གཅིག་ཏུ་སྡོད་སྐབས་ཁྱེད་ཀྱིས་མི་མང་པོ་ཞིག་ལ་རྫུན་བཤད་ནས་མགོ་སྐོར་གཏོང་གི་ཡོད་པ་འདྲ། སྤྱི་ནོར་གོང་ས་མཆོག་ལ་ཁ་གཏད་གཅོག་པའི་དམིགས་ཡུལ་ངན་པ་ཡོད་པའི་མི་ཁྱོད་འདྲ་བ་ཞིག་གིས་མཐོ་སློབ་དེའི་སྤྱི་ཁྱབ་རྒན་བདག་བྱས་མྱོང་ཡོད་པ་སོགས་གཞན་གྱིས་ཧ་གོ་སོང་ན་ཅི་ཡང་བསམ་སྲིད་པ་རེད།
ཁྱེད་ཀྱིས་ངེས་པར་དུ་དྲན་གི་རེད། ཉིས་སྟོང་གསུམ་བཞི་གང་ཡིན་མི་དྲན་པའི་ཉིན་ཞིག་ལ་ངེད་གཉིས་དབར་ལ་ཁ་རྩོད་གང་འཚམ་ཤུགས་ཆེན་པོ་ཞིག་ཤོར་བ་རེད། དུས་དེ་ནས་བཟུང་ངས་ཁྱེད་དང་འབྲེལ་ཐག་ཇེ་རིང་དུ་བཏང་བ་ཡིན། ཁ་རྩོད་དེ་ཤོར་དོན་ཡང་ངའི་རྩ་བའི་བླ་མ་གཙུག་གི་ནོར་བུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྐབས་དེར་མདོ་སྨད་སྤྱི་ཟུར་མཁས་དབང་ཧོར་གཙང་འཇིགས་མེད་མཆོག་གིས་འཇམ་ནོར་གྱིས་གོང་ས་མཆོག་ལ་རྩོམ་ཡིག་གི་ལམ་ནས་མ་རངས་པའི་རྣམ་འགྱུར་སྟོན་བཞིན་ཡོད་པའི་སྐོར་ལ་དགག་རྩོམ་ཞིག་བྲིས་ནས་དུས་བབ་གསར་ཤོག་ཏུ་ཐོན་པ་རེད། དེ་དུས་ཁྱེད་ཀྱིས་འཇམ་ནོར་ལ་རྒྱབ་སྐྱོར་བྱས་ཡོང་དུས་ངས་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་སྐད་ཤུགས་ཆེན་པོས་མཁས་དབང་ཧོར་གཙང་འཇིགས་མེད་མཆོག་ལ་མཐའ་ཅིག་ཏུ་རྒྱག་གཅིག་མཆོང་གཅིག་གིས་རྒྱབ་སྐྱོར་བྱས་པ་སོགས་ཁ་རྩོད་ཤོར་བའི་བརྒྱུད་རིམ་རོབ་ཙམ་བཤད་ན་དེ་འདྲ་ཞིག་རེད། ཡིན་ནའང་། དུས་དེ་རིང་བར་དུ་ངའི་སེམས་ནས་ཁྱེད་ལ་གྲོགས་པོའི་འདུ་ཤེས་མཚམས་བཞག་མྱོང་མེད། ད་ནི་ངོ་མ་ངའི་གྲོགས་པོ་དོན་ལྷས་རྫུ་འཕྲུལ་སྟོན་གིན་ཡོད་པ་འདྲ། ཡ་མཚན་རེད།
༢༠༡༩-༡༡-༢༠ མཚན་མོར།
ཤ་བ་མདའ་ཁུར། ངས་ནམ་ཡང་ས་ར་མཐོ་སློབ་ཀྱི་དུས་དེབ་གསར་གཏོད་མཁན་གྱི་མི་སྣ་སྐོར་ཞིག་སྟེ། ཡུལ་གྱར་སྤུན་ལྔ་ཞེས་པ་ཞིག་མིག་ལམ་དུ་འཆར་གྱིན་ཡོད། ང་ཚོས་དེའི་ཆེད་དུ་རླུང་པོ་བཞིན་གཡས་གཡོན་གང་སར་རྒྱུགས། ཐ་ན་སློབ་སྤྱིའི་མིག་འོག་ནས་མཛུབ་མོ་དང་སོ་པ་ཞེས་པའི་ཚིག་བརྗོད་དང་ལྷན། སྡིགས་འཛུག་ཀྱང་ཕོག་མྱོང་ཡོད། སྐབས་དེ་དུས་ན། ངེད་ཚོར་མི་རིགས་ཀྱི་ལས་དབང་དང་། སྐད་ཡིག་དང་རིག་གཞུང་མ་གཏོགས་དྲན་རྒྱུ་གང་ཡང་མེད། བཞུད་ལམ་དེའི་ཁྲོད་ནས་གངྒའི་བཞད་སྒྲ། གངས་ལྷ་མེ་ཏོག། ཅོང་སྒྲ་ཞེས་པའི་མིང་ཚིག་འགའ་ཡང་འཐོལ་གྱི་འཕྱུར་བ་རེད། མདོར་དེད་ན། མི་བུ་སོ་སོར་ལྟ་གྲུབ་དང་ལངས་ཕྱོགས་མི་འདྲ་བ་རེ་ཡོད་ལ་དགོས་ངེས་ཀྱང་རེད། ཡིན་ནའང་། གོང་ས་མཆོག་ལ་ཁ་གཏད་ཅེས་པའི་ཚིག་འབྲུ་འདི་གཉིས་ལ། ཡུལ་གྱར་སྤུན་ལྔ་ཞེས་པ་དག་གི་བསམ་བློའི་གྲུ་ཟུར་དུ་ཙམ་དུ་ཡང་། གོ་ས་ཞིག་ཡེ་ནས་མེད་པར་ངར་ཡིད་ཆེད་ཡོད། དེས་ན། ལྷོད་ལ་བབ་སྟེ་ཨ་རག་དམ་བི་གང་འཐུངས་དང་། འདི་ཡང་དམར་ཆུང་སྙིང་དབུས་ནས་ཤུགས་ཀྱིས་བཞུར་བའི་སྐད་ཆ་ཚིག་འགའ་ཡིན།
ས་རའི་ཕོ་མོ་རྒན་བདག་རྣམས་ལ་ཞབས་འདྲེན་ཞུས་པའི་སྒྲུང་མང་པོ་ཡོད
ཁ་མཆུ་ཨང་20 བའི་བཅད་ཁྲ་ཐོན་མ་ཐག་ལྷ་དར་ནས་གོང་ས་མཆོག་ལ་གོ་རྒྱུ་ཡོད་པའི་རྩོམ་ཐུང་ཞིག་སྤེལ་སོང་། ཁ་སང་རྩོམ་དེར་ཡང་བསྐྱར་་ཞིག་བལྟ་དགོས་བསམས་ནས་བཙལ་ཀྱང་རྙེད་མ་སོང་། ཕར་ཆེ་སྦས་སོང་བ་ཡིན་པ་འདྲ།
དོན་འགྲུབ་ལྷ་དར་ནི་བོད་ཀྱི་མི་རིགས་རིང་ལུགས་པ་ཞིག་དང་། བླ་མེད་ཀྱི་རྒྱལ་གཅེས་བ་ཞིག་ཡིན།