གྲུ་ཟུར་གྱི་ཨ་མཆོད།
བོད་ཀྱི་ཡུལ་ལུང་འགར་ཐུགས་རྗེ་ཆེ་ཞེས་པའི་དོད་དུ་“ཡག་བྱུང་”་ཞེས་ཟེར་བ་དང་། ཡང་འགར་“དཔའ་དྲག”་ཅེས་ལབ་ཀྱི་འདུག ངས་ད་ལྟ་ངོ་རྒོལ་བ་ཚོར་“ཡག་བྱུང”་ཞེས་ལབ་འདོད་པའི་རྒྱུ་མཚན་གསུམ་ཡོད། རྒྱུ་མཚན་དང་པོ་ཁྱེད་རྣམས་ཀྱིས་ལས་འགུལ་ལ་མཉམ་ཞུགས་ཙམ་ཞིག་བྱས་པའི་ཆ་ནས་ཡིན། བཀའ་ཤག་གིས་ངོ་རྒོལ་བ་ཚོ་ལ་ཐུགས་རྗེ་ཆེ་གསུང་པ་ནི་ཆབ་སྲིད་ཀྱི་སྐད་ཆ་ཞིག་ཡིན་སྲིད་ཀྱང་ངས་ཡག་བྱུང་ཟེར་བ་ནི་དེ་ལྟར་མིན་པར་ངོ་མ་ཡག་པོ་བྱུང་སོང་ཞེས་པའི་དོན་མཚོན་ཆེད་དུ་ཡིན།
ང་ཚོའི་སྤྱི་ཚོགས་འདི་མང་གཙོའི་སྤྱི་ཚོགས་ཤིག་ཡིན་པས་སྤྱི་བའི་ལས་དོན་དེ་མང་ཚོགས་ཡོངས་ཀྱིས་ཕུ་རུབ་སྤར་བྱས་ནས་སྒྲུབ་དགོས། མང་ཚོགས་ཀྱིས་མཉམ་ཞུགས་བྱས་པའི་ཚེ་མགོ་སྐོར་འོག་ཏུ་ཚུད་པ་དང་ནོར་བ་སོགས་མང་ཡང་རྩ་བའི་ཀུན་སློང་འཆུག་མེད་ན་འགྲིག དེའི་ཕྱིར་སྤྱིར་ན་ལས་དོན་དེར་མཉམ་ཞུགས་བྱས་པ་དང་། མཉམ་ཞུགས་བྱས་པ་དེ་ལ་བཟང་ཞན་གྱི་ངོས་ཡོད་པ་གཞིར་བཅས་ལ་དེའི་བཟང་བའི་ངོས་ལ་བསམ་ནས་ཡག་བྱུང་ཞེས་འབྲི་བ་ཡིན། འདི་ནི་ཁྱེད་ཅག་ལ་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཁུར་ཞིག་བླངས་ནས་གཞུང་ལ་ངོ་རྒོལ་བྱས་པ་ཙམ་གྱིས་བྲིས་པ་ཡང་ཡིན།
རྒྱུ་མཚན་གཉིས་པ་ང་རང་ཁྱེད་ཅག་གིས་ནོར་སོང་བར་འབྲི་མཁན་ཞིག་ཡིན་པའི་ཆ་ནས་ཡིན། ངས་རྙོག་དྲ་འདི་བྱུང་ནས་ད་བར་དུ་གང་ཐུབ་ཐུབ་ཀྱིས་བློ་གཟུ་བོར་བཞག་ནས་བསམ་གཞིགས་བྱས་ན་ཡང་བཀའ་ཤག་གིས་གསུང་བ་ལ་བདེན་པ་མེད་པ་དང་། ངོ་རྒོལ་བ་དག་གིས་གསུང་བ་ཚང་མ་བདེན་པ་ཡིན་པར་རྩ་བ་ནས་མཐོང་མ་སོང་། ཁྱེད་ཅག་གིས་རྐང་བཙུགས་ནས་སྤྱི་ཚོགས་དཀྲུག་ཆེད་དུ་བྱས་པ་མིན་ན་བྱེད་སྟངས་མ་ཤེས་པའི་དབང་གིས་ཁྱེད་ཅག་གིས་ནོར་འཁྲུལ་ཧ་ཅང་མང་པོ་བྱས་སོང་ལ། དེས་བོད་མི་ཧ་ཅང་ཧ་ཅང་མང་པོའི་སེམས་ཁམས་ཧ་ཅང་ཆེན་པོ་དཀྲུགས་སོང་། ཚོགས་ཟུར་སྤེན་པ་ཚེ་རིང་གི་ཆབ་སྲིད་ཀྱི་མདུན་ལམ་ལ་ཧ་ཅང་གནོད་བྱུང་། སྲིད་སྐྱོང་གི་ཆབ་སྲིད་མདུན་ལམ་ལ་ཡང་གནོད་ཡོད་ངེས།
དེའི་ཕྱིར་ད་བར་དུ་ཁོ་བོས་ཁྱེད་ཅག་དང་ཁྱེད་ཅག་ལ་རྒྱབ་སྐྱོར་བྱེད་མཁན་བསམ་ཡོད་ཚོ་དང་ལྷན་དུ་བགྲོ་གླེང་བྱེད་པ་དང་། རྩོམ་ཡིག་བྲིས་པ། མཆན་བརྒྱབ་པ་ཐམས་ཅད་ཁྱེད་ཅག་གི་ལྡོག་ཕྱོགས་སུ་བྲིས་པ་ཡིན་ཞིང་། དེར་བརྟེན་གུས་པ་ཁྱེད་ཅག་ལ་དགག་པ་བྱེད་མཁན་ཞིག་ཏུ་གྱུར་བ་དང་། ད་ལན་རྣམ་པ་ཚོས་ངོ་རྒོལ་ལས་འགུལ་དེ་དགྲ་དགའ་གཉེན་སྡུག་གི་བྱ་བ་ཐལ་ཆ་ཆེན་པོ་ཅན་དུ་མ་སོང་བར་མཇུལ་བསྒྲིལ་བ་སོང་སྟབས་གུས་པས་ཁྱེད་ཅག་ལ་ཡག་བྱུང་། དཔའ་དྲག་ཅེས་འབྲི་འདོད་པ་ཡིན།
རྒྱུ་མཚན་གསུམ་པ་ངས་རང་ས་ནས་བྱེད་འོས་པ་དེ་བྱེད་ཐུབ་མོད་ངས་ནུས་པའི་ཁྱབ་ཁོངས་ན་མེད་པ་དག་ངས་བྱེད་མི་ཐུབ་པ་ཆོས་ཉིད་ཡིན་པའི་ཆ་ནས་ཡིན། གནའ་མི་བོད་ཀྱི་ཁ་དཔེརཿ བྱར་བ་ཕྱོགས་བཞིས་བཀྱག་ན་གྲུ་བཞི་ལམ་མེར་ཟེར་དཔེ་ལྟར་། བྱར་བ་གྲུ་བཞི་ཞིག་མ་སྙེར་མ་ལྟེབ་པར་ཡར་བཀྱག་དགོས་ན་ཕྱོགས་བཞི་ཀ་ནས་མ་བཀྱག་པར་ཡོང་ཐབས་མེད་པ་རེད། ཤར་ལྷོ་གཉིས་ཀ་ནས་བཀྱག་ཀྱང་མི་ཡོང་། ཤར་ནུབ་གཉིས་ནས་བཀྱག་ཀྱང་མི་འོང་། ཤར་ལྷོ་ནུབ་གསུམ་ནས་བཀྱག་ཀྱང་ད་དུང་ཡོང་ཐབས་མེད། ངེས་པར་དུ་ཤར་ལྷོ་ནུབ་བྱང་བཞི་ཀ་ནས་འགྱོགས་དགོས། དེ་ལྟར་བྱས་ན་ད་གཟོད་བྱར་བ་དེ་གྲུབ་བཞི་ལམ་མེར་འགྲོ་བ་ཡིན།
ཤར་དང་ལྷོ་གཉི་ཀ་ནས་འགྱོགས་མཁན་གྱིས་བྱང་གི་ཕྱོགས་ནས་བཀྱག་ན་གཅིག་ནས་ཡག་པོ་ཞིག་འགྱོགས་མི་ཐུབ་ལ། གཉིས་ནས་རང་གི་ལས་ཀ་ཤར་དང་ལྷོ་ནས་འགྱོགས་དགོས་པ་དེ་ལ་འཐུས་ཤོར་འགྲོ་བ་ཡིན། དཔེར་ན་གང་ཟག་གཅིག་གིས་ལྷོ་སྒོ་དང་བྱང་སྒོ་གཉིས་ཀ་སྲུང་མི་ཐུབ་པ་བཞིན་རེད། ངས་མཐོང་ཕྱོགས་ནི་གཞུང་གིས་གནང་ཕྱོགས་དེ་འགྲིག་ཡོད་པར་མཐོང་ནས་བཤད་ཀྱིན་ཡོད་སྟབས་ངས་ཁྱེད་ཅག་གིས་མཐོང་བ་ལྟར་མཐོང་མི་ཐུབ་ལ་ཁྱེད་ཅག་གིས་བྱས་པ་ལྟར་བྱེད་ཀྱང་མི་ཐུབ། དེ་བཞིན་ཁྱེད་ཅག་གིས་ངས་མཐོང་བ་ལྟར་དུ་མཐོང་མི་ཐུབ་པ་སོགས་ཀྱང་གཅིག་མཚུངས་རེད།
མདོར་ན་ཁྱེད་རྣམས་ཀྱིས་ངས་མ་མཐོང་བའི་སྐྱོན་ཞིག་མཐོང་ནས་ངས་བྱེད་མི་ཐུབ་པ་ཞིག་ཁྱེད་ཅག་གིས་བྱས་པར་ཡག་བྱུང་། དཔའ་དྲག་ཅེས་འབྲི་བ་ཡིན། དེ་ནི་བཟང་ཕྱོགས་ཁོ་ན་ལ་བསམ་པ་ཡིན། འདི་ཙམ་ངོས་ལེན་མི་ཐུབ་པ་ཡོད་མི་ཉན་བསམ་པ་ཡིན།
ལྷག་པར་དུ་ཁྱེད་ཅག་གི་ནང་དུ་དམིགས་ཡུལ་ངན་པ་གང་ཡང་འཆང་མཁན་མེད་པར་ཚང་མ་དངོས་གནས་སྤྱི་དོན་ཁོ་ན་ལ་བློས་མ་བཟོད་པར་ཡོང་བ་ཤ སྟག་ཡིན་ཚེ་ཁྱེད་རྣམས་ཀྱིས་བྱས་པ་ལྟར་བྱེད་ཐུབ་མཁན་དཀོན་པོ་ཡིན་པ་ངོས་ལེན་དང་སྦྲག་ཁྱེད་རྣམས་ལ་དཔའ་དྲག་ཅེས་འབྲི་བ་ཡིན། དྲང་མོ་བཤད་ན་ཅི་སྟེ་ངས་ཁྱེད་རྣམས་ཀྱིས་མཐོང་བ་ལྟ་བུའི་སྐྱོན་ཆེན་པོ་ཞིག་ངོ་མ་མཐོང་བའི་དབང་དུ་བྱས་ན་ཡང་ཁྱེད་ཅག་གིས་བྱས་པ་ལྟར་ལས་འགུལ་དེ་འདྲ་སྤེལ་ཨེ་ཐུབ་མི་ཤེས་པས་ཁྱེད་རྣམས་ལ་“དཔའ་དྲག”་ཅེས་འབྲི་བ་ཡིན།
མཐའ་དོན། ད་བར་ཁྱེད་ཅག་གིས་བྱས་པ་དག་སྒེར་གྱི་འཁོན་འཛིན་གྱི་དབང་གིས་མིན་ན་མ་འོངས་པར་བློ་དྲང་པོར་བསྲུང་ཐབས་བྱས་ནས་གཙོ་བོ་བོད་རིགས་མཐུན་སྒྲིལ་ལ་མི་གནོད་པ་ཞིག་གནང་བའི་རེ་སྐུལ་ཞུ། ཁྱེད་རྣམ་པའི་ལས་འགུལ་དེ་ད་ལྟ་ཡག་ཐོག་ནས་འཚམས་བཞག་ན་ཧ་ཅང་ཡག་པོ་རེད། ལས་འགུལ་འདི་ཡི་རྐྱེན་བྱས་ནས་ང་ལ་ཡང་ཞོར་ལ་ཕན་ཐོགས་མང་པོ་བྱུང་། ད་ལན་གྱི་གྲོས་ཚོགས་སུ་ཚོགས་ཐུན་སུམ་ཅུ་ཙམ་ཡོད་པ་ལས་རེ་གཉིས་མ་གཏོགས་ཚང་མ་ཉན་ཐུབ་སོང་། ཁྱེད་རྣམས་ཀྱིས་ཀྱང་ངེས་པར་དུ་ཆ་ཚང་ལན་གཅིག་བལྟ་རོགས། སྤྱི་འཐུས་ཀྱི་དྲི་བ་དང་བཀའ་ཤག་གི་ལན་འདེབས་སོགས་ལས་བློ་བསྐྱེད་མང་པོ་ཡོང་རྒྱུ་འདུག བྱ་དངོས་གང་ཡིན་རུང་ངོས་གཉིས་ཡོད་སྟབས་ད་ལན་གུས་པས་ལས་འགུལ་འདིའི་ངོས་བཟང་པ་དེ་ཇི་ཐུབ་གང་ཐུབ་ཀྱིས་སྤེལ་ཐབས་བྱས་ཁུལ་ཡིན།
ཞོར་དུ་གཟུ་བོར་གནས་པའི་བོད་མི་གཞན་དག་ལ་ཞུ་རྒྱུ་ནི། སྣང་ས་འབོད་འབུམ་གྱི་རྣམ་ཐར་ནང་ཨ་ནེ་སྙིད་མོ་མེད་ན་རྣམ་ཐར་དེ་ལ་བྲོ་བཅུད་གང་ཡང་མེད་པ་དང་། ཡང་ན་གྷ་བྷར་སིང་མེད་ན་རྒྱ་གར་གློག་བརྙན་སྐད་གྲགས་ཅན་ཤོ་ལེ་ཞེས་པ་དེ་ལ་བྲོ་བ་གང་ཡང་འབྱུང་མི་ཐུབ་པ་བཞིན། འཕྲིན་ལས་སྐལ་བཟང་མེད་ན་བོད་ཀྱི་དམངས་གཙོ་ཡང་དག་པར་ལག་ལེན་དུ་བསྟར་བའི་བྲོ་བ་ཡོང་གི་མ་རེད། ཐལ་མ་ཆེ་ན་འདི་རིགས་དམངས་གཙོའི་སྤྱི་ཚོགས་ཀྱི་མཛེས་རྒྱན་ཡིན་པ་ཐུགས་ལ་དགོངས་ནས་ཀུན་ལ་སྤྱི་སྙོམས་ཀྱི་དགོངས་པ་གུ་ཡངས་རེ་བཞེས་རོགས་ཞུ། ད་ནི་རེ་ཞིག་རྫོགས་སོ། ཐམས་ཅད་བདེ་བར་གྱུར།།
ངའི་མཆན་མང་པོ་བཏགས་སྙིང་མི་འདོད། དྲང་མོ་ཞུས་ན།
ཚོགས་ཟུར་ལ་རྒྱབ་སྐྱོར་དུ་རློམ་མཁན་དག་གིས་གང་ཟག་སྒེར་པ་འགར་གཞི་མེད་སྒྲོ་འདོགས་དང་ཚིག་མཚོད་བར་མེད་དུ་བྱས་པ་དེས། སྐུ་ངོ་དོན་ཟུར་གྱི་མདུན་ལམ་ལ་ཕོག་ཐུག་ཆེན་པོ་གཏོང་ཡོད། དཔེར་ན་མི་སུ་འདྲ་ཞིག་ཡིན་ནའང་དེའི་ཕྱོགས་གཏོགས་དང་དགའ་ཉེ་མེད་པ་ཞིག་མི་སྲིད། དེས་ན་དེ་དག་ལ་ཕོག་ཐུག་གཏོང་ན་སུ་ལའང་ཁེ་ཕན་མེད་པ་མ་ཟད། མ་འོངས་དམིགས་ཡུལ་ཆེ་བའི་འགོ་པ་ཚོའི་མདུན་ལམ་གྱི་བཀག་རྡོ་ཆེ་ཤོས་ཡིན་པ་སུས་ཀྱང་ཤེས་སླ།
ཁྱོད་ཀྱི་ཡག་བྱུང་ཟེར་བ་དཀྲུགས་ཤིང་གནོད་སེམས་འཆང་བ་ཞིག་ཡིན་པ་ལས་གཞན་ཅི་ཡང་མ་མཐོང་། གལ་སྲིད་དེ་འདྲ་ཡིན་ན་ཁྱོད་རང་ཉིད་དེར་ཚོགས་ཞུགས་མ་བྱས་པ་གང་ཡིན་ནམ། མིང་བརྫུན་མ་་ལས་ཀ་བརྫུན་མ་ཅང་ཁ་བརྡ་ནང་ལ་བཀོད་པ་ངོས་ཀེན་མེད།
དྲང་བདེན་རྒྱབ་ལངས་ཀྱི་ངོ་རྒོལ་བ་འདི་ཚོས་བློ་བཟང་སངས་རྒྱས་ཀྱིས་འཛམ་གླིང་ལ་གདོང་སྟོན་མུ་ཐུབ་པར་བཟོས་སོང་།
ངས་བློ་བཟང་སངས་རྒྱས་སྙིང་རྗེ་སོང་། ད་གང་དྲགས།
མི་སྐྱོན་མེད་ཞིག་ག་བ་ཡོད་རེད།
མང་གཙོའི་འགྲོ་སྟངས་ཤེས་ན་བསམ་བློ་འཁྱེར་སྟངས་འདི་འདྲ་ཞིག་དགོས། མང་གཙོའི་འགྲོ་སྟངས་མ་ཤེས་ཕྱིན་སྤྱི་ཚོགས་ལ་སྐད་ཆ་འདྲ་མིན་གྱི་རྙོག་དྲ་ཡོང་རྒྱུ་ཆོས་ཉིད་ཡིན།
ང་ཚོ་བོད་མིའི་མང་གཙོའི་ཀ་བ་གསུམ་པོ་འདི་དོ་མཉམ་ཡང་ལྕི་མེད་པར་ཕེབས་དགོས་ན། རྒྱུ་མཚན་གྱི་ངོས་ནས་རྒྱབ་སྐྱོར་དང་རྒྱབ་འགལ་བྱེད་དགོས་པ་མང་གཙོའི་འགྲོ་སྟངས་ཡིན། ཆོལ་ཁ་དང་ཆོས་ལུགས་ཀྱིས་བསམ་དུག་གིས་ཟིན་ནས་མང་གཙོའི་ཁེ་ཕན་ལེན་མཁན་རྣམས་ཧ་ཅང་ཐབས་སྐྱོ་བོ་ཡིན་ལ་བོད་མི་ཡིན་པའི་གོ་མི་ཆོད་པ་ཡིན།
སྐབས་འདིའི་བཀའ་ཤག་དང་ངོ་རྒོལ་བ་ཚང་མ་བོད་མི་ཡིན་པས། བཀའ་ཤག་གིས་སྣེ་འཁྲིད་དེ་ཁོང་ཚོའི་དཀའ་ངལ་རྣམས་སེལ་ཐབས་དགོས་པ་ལས་འགན་དང་པོ་དེ་ཡིན། ཁོང་ཚོ་ངོ་རྒོལ་བ་མི་རེ་གཉིས་ཙམ་ཡིན་ཞེས་སྣང་ཆུང་དུ་འཇོག་མི་རུང་བ་དེ་མང་གཙོའི་གནད་འགག་ཅིག་ཡིན། ངོ་རྒོལ་བ་མི་གཅིག་ཡོད་ཀྱང་དེའི་ངོ་རྒོལ་བྱེད་དོན་རྣམས་བཀའ་ཤག་ནས་སེལ་ཐབས་གནང་དགོས་པ་ལས་འགན་ཡིན་པ་མཁྱེན་དགོས། ལར་ནས་མི་གྲངས་འདི་ཡིས་བོད་མི་མང་མཚོན་མི་ཐུབ་ཅེས་པའི་རྒོལ་ལན་སློག་པ་ནི་ཆེས་ཐབས་རྡུག་དང་སོ་སོའི་ལས་འགན་ངོ་ཤེས་མི་ཐུབ་པ་ཡིན།
ང་ཚོ་བོད་མི་སུ་ཡིན་ཡང་ངོ་རྒོལ་བྱེད་རྒྱུ་དེ་དགའ་སྤྲོ་ལྡན་པའི་བྱ་གཞག་ཅིག་མིན་པ་ཤེས་ཀྱང་གང་ཟག་མང་པོ་དེ་དག་གིས་ངོ་རྒོལ་བྱས་པ་དེ་ཡིས་བཀའ་ཤག་གིས་རྗེས་ཕྱིན་ཕྱག་ལས་གནང་ཕྱོགས་ལ་དྭོགས་ཟོན་བྱེད་དགོས་པ་ཞིག་བཟོས་པ་རེད། དེ་ནི་མང་གཙོའི་ཁྱད་ཆོས་ཤིག་ཡིན། མི་མང་དང་སྤྱི་འཐུས་ནས་བཀའ་ཤག་ལ་བཏང་འཛིན་མ་བྱས་ན་མང་གཙོའི་ལྗིད་མཉམ་ལྡན་པ་ཞིག་ཡོང་མི་ཐུབ།
ཧཧཧ་་་་སྐྱག་རྒོག་་སྐལ་བཟང་ལགས།
ཁྱོད་སྙིང་རྗེ་དེ་ལ་ཕན་ནུས་ཐོན་མི་ཡོང་དར་ལས་ཁྱོད་རང་ཉིང་ཟ་ནཏང་འགྲོ་སྟངས་སློབས་ཤིག་སྐྱག་རྒོག་ཁྱོད་ལོ།།།
སྐལ་བཟང་ལགས།
རྣམ་པ་ཚོས་དེ་དྲང་བདེན་ལ་རྒྱབ་སྐྱོར་ཡིན་གསུང་ན་ཡང་འགོ་ཁྲིད་དེས་ཁྱེད་རང་ཚོའི་དྲང་བདེན་དེ་ཡེ་ནས་མཐོང་མི་ཐུབ་པ་ཞིག་བཟོས་སོང་སྙམ། དེ་ཐུགས་ལ་ཞོགས།
ང་རང་གིས་ང་རང་གི་སེམས་ཚོར་ཡིག་ཐོག་ལ་ཕབས་པ་ཙམ་ཡིན།
སུ་ལའང་ཚིག་ངན་བེད་སྤྱོད་ཀྱིས་དམའ་འབེབས་བྱས་མ་མྱོང་།
༄༅། ཡག་བྱུང་དང། དྲང་བདེན་ལ་རྒྱབ་སྐྱོར་ཞེས་་་འབོད་པས།
ག་རེ་དྲང་པོ་རེད། ག་རེ་བདེན་པ་རེད།
ཡག་བྱུང་བ་དེ་ག་རེ་ཡག་པོ་བྱུང་བ་རེད།
བོད་གཞུང་བཀའ་ཤག་ལ་ངོ་རྒོལ་བྱས་པ་དེ་་ཡག་བྱུང་ཟེར་གྱི་ཡོད་པ་ཡིན་ནམ།
དེ་ཡིན་ན་ནི་་་རྒྱ་གུང་བྲན་དམར་པོ་་་ཕ་ཡུལ་བཙན་འཕྲོག་བྱེད་མཁན་ལ་དགོས་རྒྱུ་དེ་རེད།
སྙིང་རྗེ། ཤེས་ཡོན་གང་ཡང་མེད་པ། དགྲ་གཉེན་སུ་ཡིན་ངོ་མ་ཤེས་པ་ཐབས་སྡུག་པ་ལ།
དཔའ་བློ་ཁོག་ཡོད་ན་དགྲ་ལ་རྒོལ། ཤེས་ཡོན་ཏན་ཡོད་ན་དགྲ་ལ་རྩོད།
དུས་ནམ་ཡང་ཕ་མར་རྒོལ་མི་རུང། དགྲ་དམར་པོའི་ལག་ནས་ཟས་མ་ཟ།
ཚེ་འདི་ལ་འགྲིག་ཀྱང་འཆི་མར་གནོད། དྲིན་ཕ་མའི་བཀའ་དྲིན་བརྗེད་མི་ཉན།
དྲིན་བརྗེད་ན་དུད་འགྲོ་ལས་ཀྱང་སྡུག། མི་ཡིན་ན་མི་གོ་ཆོད་པ་གྱིས།
བློ་སེང་དང་བོད་མིའི་སྒྲིག་འཛུགས་གཉིས་ངོ་བོ་དབྱེར་མེད་མ་རེད། བློ་སེང་ལ་ངོ་རྒོལ་བྱས་པ་དེའི་བོད་མིའི་སྒྲིག་འཛུགས་ལ་ངོ་རྒོལ་བྱས་པ་མི་མཚོན། དེ་ཙམ་ཡང་མི་མཁྱེན་པའི་གང་ཟག་དག་གིས་སྟོང་སྐད་མ་བརྒྱབ་རོགས། དབང་ཆ་ལོག་སྤྱོད་བྱེད་མཁན་བློ་སེང་ངོ་རྒོལ་བྱེད་ཀྱིན་འདུག་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབས་བྱེད་ཆེད་རེད།
ཡང་གཅིག་ཟེར་ན་ནང་དགྲ་མེད་པར་མ་བཟོས་ན་ཕྱི་དགྲ་ཐུབ་པའི་གནས་མེད་པས་ཀྱང་རེད།
གླེང་རྙོག་མང་པོ་ཞིག་གསལ་པོ་ཆག་བྱུང། ས་ཡ་གཅིག་དང་ཕྱེད་ཀ་རྐོག་ཟོས་བྱས་པ་རེད་ཟེར་བ། གྲོས་ཚོག་དབུ་སྐོར་བཏང་བ་རེད་ཟེར་བ། ཨ་རིའི་དོན་གཅོད་སྐལ་རྡོར་མིང་ཐོག་ལ་ཡོད་པ་རེད་ཟེར་བ། དབང་ཆ་བེད་སྤྱོད་ལོག་པར་བཏང་བ་རེད་ཟེར་བ། བཀའ་ཤག་གི་ཕྱག་ལས་ཡུལ་ཁྲིགས་དང་འགལ་བ་རེད་ཟེར་བ་ལྟ་བུ་ཚང་མ་གསལ་པོ་ཆག་བྱུང། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གནས་དབྱུང་བཏང་བ་དེ་ཡང་གང་འཚམ་གསལ་པོ་ཆག་བྱུང། དམ་ཆོས་ཉི་མས་ཟེར་ན་དགའ་ལྡན་ཕོ་བྲང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཐུབ་བསྟན་ཐོག་མེད་ཀྱི་བློ་ཕམ་དང་བཅས་བཤད་དོན་སྐལ་ལྡན་བློ་གྲོས་ནས་7 གོང་ས་མཆོག་ལ་སྐུ་ངོས་་སྤེན་ཚེའི་ཆང་རག་འཐུང་གི་འདུག་ཞུས་འདུག་པས་གང་རེ་བྱས་ནས་ཞུས་པ་རེད་ཟེར་གྱི་འདུག སྐལ་ལྡན་བློ་གྲོས་ནས་7 གོས་ས་མཆོག་དབུ་སྐོར་མ་ཞུས་པ་ཕོ་རབ་ཀྱི་ལས་རེད། བོད་ཀྱི་སྲིད་ཞུ་ལས་བྱེད་ནང་ནས་བོད་གཅོད་ཟུར་པ་སྐལ་རྡོལ་ལགས་ཀྱི་ལྷག་བསམ་དང་འཇོན་ཐང་གང་སྤྱིའི་ཐད་ནས་དཔེ་མཚོན་དུ་འཇོག་འོས་པ་ཞིག་རེད་འདུག སྤེན་པ་ཚེ་རིང་གིས་སྐལ་རྡོལ་ནས་ས་ཡ་གསུམ་ཟུར་ཞུ་བྱས་་འདུག་གསུང་པ་དེ་ཁ་སང་ས་ཡ་གསུམ་རང་གཞུང་ལ་ཡག་འདུག དམ་ཆོས་ཉི་མས་ཟེར་ན། ལོ་སྔོམ་མ་་རེ་ཀྲེལ་གསར་ཁང་ལ་འབྲེལ་མ་བྱེད་མཁན་གཙོ་བོ་སྐལ་རྡོར་རེད། དེ་འདྲ་ཡིན་དུས། བུ་ཕའི་བསྟོད་མི་དགོས་དགྲ་བསྟོད་ཟེ་བ་བཞིན་གསལ་པོ་ཆག་བྱུང།
ཤུགས་ལྡན་ཚོགས་པའི་ངོ་རྒོལ་ལ་ཡང་ཁྱད་གསོད་མེད་པར་གདོང་དང་གདོང་ཐུག་ནས་རྙོག་གྲ་སེལ་བེའི་ཆེད་སྐད་ཆ་བཤད་དགོས་སྟེ། བོད་མི་རིགས་ཡིན་པ་གཅིག་ཡིན་པས་སོ། དེ་ལྟར་མ་བྱུང་ཚེ་ཁ་མཁས་པ་ཇི་ཙམ་བཤད་ཀྱང་དམངས་གཙོ་ལས་ལྡོག་ཏེ་དམར་པོའི་ལྟ་བ་ཉིད་དུ་མི་འགྱུར་རམ།
བཀྲ་ཤིས་ལགས།
ཁྱེད་ཀྱིས་གསུང་བ་གཞི་རྩའི་ཆ་ནས་འགྲིག་པ་རེད། འོན་ཀྱང་ཤུགས་ལྡན་ཚོགས་པ་ལ་གཞན་དང་མི་འདྲ་བའི་ཆ་རྐྱེན་གཅིག་ཚང་ཡོད་རེད། དེ་ངེས་པར་དུ་ཤེས་དགོས། དེ་མིན་ཁྱེད་ཀྱིས་གསུང་པ་ལྟར་བོད་མི་ཚང་མ་གཅིག་མཚུངས་རེད་ཅེས་ངས་གསལ་བོར་ཞུ་རྒྱུ་ཡིན།
ཆ་རྐྱེན་གཅིག་དེ་གང་རེད་ཅེ་ན་ཁོ་ཚོས་དགྲ་ལ་མགོ་བཏག་ནས་ངན་པ་ལག་འབྲེལ་བྱས་ཡོད་པ་དེ་རེད།དགྲ་གཉེན་ནོར་སོང་བ་རེད། འདི་ངོ་རྒོལ་བ་དང་མི་འདྲ་བའི་ཁྱད་པར་གཙོ་བོ་དེ་རེད། འདི་ལ་ངོ་ལོག་པ་ཞེས་པའི་ཐ་སྙད་ཀྱང་འཇུག་གི་རེད་སྙམ། གཉེན་ལ་ཞེན་པ་ལོག་པ་མ་འགྲིག་ཀྱང་། དགྲ་ལ་མགོ་བཏག་ན་དེ་རྩ་བ་ནས་ནོར་བ་རེད། དེ་ལ་དེ་ལུགས་ཀྱིས་བྱེད་ལུགས་ཤིག་བབ་ཀྱི་ཡིན་པ་ལས་ཐམས་ཅད་རང་རིགས་གཅིག་པ་རེད་ཅེས་ལབ་ན་ཉ་ཉོག་བསྲེས་པ་ཡིན་སྙམ་ལགས།
སྤྱིར་གུས་པ་ལྡོག་ཕྱོགས་ནས་གསུང་མཁན་ལ་དགའ་བོ་ཡོད་ཀྱང་ད་ལན་ལྡོག་ཕྱོགས་ནས་མཆན་འགོད་མཁན་རྣམས་ལ་ལན་ཕུལ་མེད་པར་དགོངས་དག་ཞུ། རྒྱུ་མཚན་ནི་འདི་དག་གིས་རྩོད་གླེང་ཙམ་ལས་གྲུབ་འབྲས་ལ་དམིགས་ཀྱི་མེད་པ་འདྲ་བར་མཐོང་བས་ཡིན། ནོར་ཡོད་ན་དགོངས་དག
དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། རང་ཉིད་ཀྱི་བསམ་ཚུལ་ཅུང་ཟད་མི་འདྲ་བ་ཞིག་ཡོད་པ་ཞུས་ན། དགྲ་ལ་མགོ་བཏགས་དང་མི་བཏག་གི་ཐོག་ནས་བཤད་དགོས་ན་སྐད་ཆ་ལ་རྫོགས་རྒྱུ་མེད་པ་ཞིག་ཡོང་རྒྱུ་འདུག་པས་དེ་ལས་ཉེ་ཆར་བྱུང་བཞིན་པའི་ངོ་རྒོལ་དང་ཤུགས་ལྡན་ཚོགས་པའི་ངོ་རྒོལ་གཉིས་ལ་ཁྱད་པར་ཞིག་བཤད་འདོད། བྱུང་བཞིན་པའི་ངོ་རྒོལ་འདི་ནི་ཆོལ་ཁའི་ཕྱོགས་ཞེན་དང་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གི་ཕྱོགས་ལ་ལངས་པ་ཞིག་ལས་གཞན་རྒྱུ་མཚན་མིན་འདུག་། ཤུགས་ལྡན་ཚོགས་པའི་ངོ་རྒོལ་ནི་བཙན་བྱོལ་ལ་ཡོད་པའི་ཤུགས་ལྡན་པ་རྣམས་བོད་མི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་བ་དེ་ལ་རེད། ཟུར་གནས་བློ་ཡིས་དཔྱོད་དང་གཅིག་ནི་སྐྱིད་མི་ཁྱོག་པའི་ངོ་རྒོལ་དང། གཅིག་ནི་སྡུག་མི་ཁྱོག་པའི་སྐད་འབོད་རེད་མིན་འདུག་གམ།
བཀྲ་ཤིས་ལགས།
ངས་ངོས་དེ་ནས་ཀྱང་བསམ་གཞིགས་བྱས་མྱོང་། དེའི་ཕྱིར་སྤྱིར་ན་དེ་ཡང་སྡུག་མི་ཁྱོག་པའི་ངུ་འབོད་ཡིན་མིན་བཤད་དཀའ་གི ཁོ་ཚོས་ཀྱང་བློས་མ་བཟོད་ནས་ངོ་རྒོལ་བྱས་པ་ཡིན་ཟེར་གྱི་ཡོད།
ངས་འདི་ལྟར་བསམ་གྱི་ཡོད། སྔར་ཕ་བོང་ཁ་བ་སོགས་དེའི་ཚེ་དེའི་དུས་ལ་བསྟན་པའི་བདག་པོ་ཟེར་བ་སོགས་གང་གསུང་བ་རེ་ཞིག་དེར་ཞོག འོན་ཀྱང་ད་ལྟའི་ཆར་རྟོགས་པ་མཐོ་དམན་དང་། དབང་ཚད་ཆེ་ཆུང་། འོས་བབ་ཡོད་མིན་སོགས་གང་ཐད་ནས་བལྟས་ན་ཡང་དགེ་ལུགས་པའི་བསྟན་པའི་གནད་དོན་ཞིག་གི་ཐད་ལ་ས་སྟེང་འདི་ན་ཚད་འཛིན་ས་དང་། བློ་འདྲི་ས་ཞིག་དང་། བསྟན་པ་ལ་བདག་པོ་རྒྱག་མཁན་ནམ་དག་ཐེར་བྱེད་མཁན་ཞིག་ཅི་སྟེ་ཡོད་ན་༧གོང་ས་མཆོག་༧ཁོང་འདྲ་བ་མ་གཏོགས་གཞན་སུ་ཡང་ཡོད་མི་སྲིད་སྙམ།
རྗེ་ཙོང་ཁ་བས་རང་གིས་སྲོལ་གཏོད་པའི་རི་བོ་དགེ་ལུགས་པའི་བསྟན་པ་འདི་སྦྲུལ་ལྤགས་བཞིན་བདག་མེད་ཏུ་གཡུག་ནས་ཕེབས་མེད་ཚོད་ལ། གལ་སྲིད་གཡུག་མེད་པར་ཁོང་མ་བཞུགས་པའི་དུས་སུ་བདག་པོ་རྒྱག་མཁན་སྐྱེས་བུ་གསོན་པོ་རེ་དུས་ནས་དུས་སུ་ཡོད་དགོས་ན་(སྔོན་གྱི་དུས་སུ་ཕ་བོང་ཁ་བ་སོགས་ཡིན་པ་བཞིན) ད་ལྟའི་ཆར་བདག་པོ་རྒྱག་མཁན་སྐྱེས་བུ་གསོན་པོ་དེ་༧གོང་ས་མཆོག་༧ཁོང་ལྟ་བུ་ལས་གཞན་སུ་ཡང་ཡོང་མི་ཤེས། དེ་བས་བསྟན་པའི་བདག་པོའི་གསུང་ལ་མ་མཐུན་པའི་བསྟན་པ་ཞིག་ཡོད་མི་སྲིད།
ལྷག་པར་དུ་འུ་ཅག་གི་ནང་དུ་༧གོང་ས་མཆོག་གི་ཐུགས་ཀྱིས་ཀྱང་གཟིགས་མི་ཐུབ་པའི་གནད་འགག་ཆེན་པོ་དེ་འདྲ་མཐོང་ཐུབ་པའི་ཉམས་རྟོགས་སོགས་ཡོད་མཁན་སུ་ཡང་ཡོང་མི་སྲིད་པས་ཁོང་གིས་གསུང་བ་ལ་ཇི་བཞིན་ཡིད་ཆེས་ཀྱིས་ཉན་འོས་པ་རེད་སྙམ།
གལ་སྲིད་ཉན་བཞག་ན་དབྱེ་འབྱེད་དེ་ཡོང་གི་མ་རེད། མ་ཉན་པ་དེ་ཆབ་སྲིད་ཡིན་པ་ལས་ཆོས་ལུགས་ཡིན་སར་མི་འགྲོ་གི་བསམ། ཆབ་སྲིད་ལ་མ་གཏོགས་ཆོས་ལུགས་ལ་དྲང་བདེན་ཟེར་བ་བཤད་ས་མེད། ཤུགས་ལྡན་གྱི་སྐོར་འདི་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་དགོས། ཁོ་ཚོའི་རྒྱུད་ལ་༧གོང་ས་མཆོག་གིས་ཀྱང་གཟིགས་མི་ཐུབ་པའི་གནད་འགག་བློས་གཏོང་མི་ཐུབ་པ་དེ་འདྲ་མཐོང་ཐུབ་པའི་མཉམ་རྟོགས་གང་འདྲ་ཞིག་ཡོད་ནའ་། ངས་བལྟས་ན་འདི་ཁ་ཕོ་རིས་ཤིག་དང་རྒྱུ་དངོས་པོ་ཞིག་ལ་ཐུག་པ་མ་གཏོགས་གཞན་ཆོས་ལུགས་ཀྱི་གནད་དོན་གང་ཡང་ཡོད་ཀྱི་མ་རེད་བསམ།
མདོར་ན་དགྲ་ལ་མགོ་བཏགས་པ་མ་ཟད་དེ་ནས་ཚུར་རྒོལ་བྱེད་ཀྱི་ཡོད་པ་དེ་ལ་བཤད་རྒྱུ་མང་པོ་ཅང་ཡོད་ཀྱི་མ་རེད་སྙམ་ལགས། མི་འདྲ་ས་འདི་རེད་སྙམ་ལགས།
ལགས་སོ་དགོངས་འཆར་གསལ་བཤད་གནང་བར་བཀའ་དྲིན་ཆེ། རྟོགས་པ་མཐོ་དམན་དང་མཁྱེན་རྒྱ་ཆེ་ཆུང་གི་སྐོར་ལ་གང་ཡང་ཞུ་མི་ཤེས། འོན་ཀྱང་ཆོས་ལུགས་ནང་ཁུལ་ལ་ལྷ་མི་འདྲ་བ་དང་ལྟ་བ་མི་མཐུན་པའི་དབང་གིས་སྤྱི་ཚོགས་ནས་གནས་དབྱུང་གཏོང་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཀའི་ཁྲིམས་དང་མི་མཐུན་པ་མ་རེད་དམ། དཔེར་ན་བོད་ཁ་ཆེ་བ་ཚོ་བོད་པའི་སྤྱི་ཚོགས་ནང་གི་ཟ་ཁང་དང་ཚོང་ཁང་སོགས་ལ་ཡོང་མི་ཆོག་པའི་ཡི་གེ་ཞིག་གསལ་བསྒྲགས་བྱས་ན་རྒྱ་གར་བའི་ཁ་ཆེ་ཡོངས་རྫོགས་རུབ་ནས་རང་རེ་རྣམས་འདུག་མི་བདེ་བ་ཞིག་བཟོས་པ་ཐག་གིས་ཆོད། དེ་ཡིན་དུས་མང་ཉུང་ལ་མ་ལྟོས་པར་རྒྱལ་སྤྱིའི་ཁྲིམས་དང་མཐུན་པར་གནང་མ་ཤེས་ན་འཛམ་གླིང་ནང་གི་རྙོག་གྲ་དང་ཟིང་འཁྲུག་མང་ཤོས་ཆོས་ལུགས་ལ་བརྟེན་ནས་བྱུང་བས་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ཀ་དང་མི་འགལ་བར་གནང་རྒྱུ་དེ་གལ་ཆེའོ་སྙམ་ལགས།
ལགས་རེད།
ངས་བཤད་སྟངས་གོང་དུ་བཤད་པ་བཞིན་ཆོས་ལུགས་ཀྱི་ནང་དུ་འམ་བླ་སློབ་ཀྱི་ནང་དུ་དྲང་བདེན་དང་ཁྲིམས་མཐུན་ཟེར་བ་སོགས་ཆབ་སྲིད་ཀྱི་ཐོབ་ཐང་དེ་ཚོ་གླེང་མི་འོས་པ་རེད། ངའི་བསམ་པར་འུ་ཅག་གི་དཀའ་རྙོག་འདི་ཡང་ཆོས་ལུགས་ཀྱི་གནད་དོན་ཆབ་སྲིད་དང་བསྲེས་པའི་དབང་གིས་རེད་སྙམ། དེ་མིན་བླ་མས་གསུང་བ་བླ་མའི་གསུང་ལ་འདུ་ཤེས་བཞག་ནས་ཉན་ཡོད་ན་དཀའ་ངལ་འདི་མི་འཕྲད་པ་རེད།
ལར་ནས་ཆབ་ཀྱི་ངོས་ནས་ཀྱང་། མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ཡང་། ཁྲིམས་ལུགས་ཀྱི་ནང་དུ་ཡང་། མཐར་གཏུག་གི་གནས་སམ་མཐའ་ལ་ལྷུང་ས་གཅིག་མེད་པ་མ་རེད། ཡོད་པ་རེད། འདོད་ན་ཉན་དགོས་མི་འདོད་ན་ཡང་ཉན་དགོས་པའི་གནས་སམ་མཐའ་གཅིག་ལ་སླེབས་ས་མེད་པ་མ་རེད། འདི་འདྲ་བའི་ཚད་དཀག་ཅིག་གམ་མཐའ་ཞིག་མེད་པར་འགྲོ་བ་མི་འཚོ་མི་ཐུབ་པ་ཡིན་ས་རེད། དམངས་གཙོའི་སྤྱི་ཚོགས་ནང་གི་འགལ་མི་ཉན་པའི་མཐར་ཐུག་པ་དེ་རྩ་ཁྲིམས་རེད། དེ་ལ་འགལ་ན་མཐའ་ལ་ལྷུང་བ་རེད། རྩ་ཁྲིམས་དང་འགལ་ཡོད་མེད་དཔྱད་དཔྱད་པའི་མཐར་ཡུལ་ལོང་སོ་སོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགལ་ཡོད་པར་(མང་མོས་ཉུང་མོས་བྱས་ནས་ཡིན་རུང་)་ཐག་བཅད་ཚར་བའི་རྗེས་སུ་འདོད་ན་ཉན་དགོས། མི་འདོད་ན་ཡང་ཉན་དགོས།
དེའི་ཕྱིར་ཆེས་མཐར་གཏུག་གི་བཀའ་ལས་འདའ་མི་འོས་པའི་ས་འཚམས་སམ་མཐའ་ཞིག་ཆོས་དང་ཆབ་སྲིད་གཉིས་སམ། མི་ཆོས་ལྷ་ཆོས་གཉིས་ཀའི་ནང་དུ་ཡོད་རེད། སུ་ཞིག་ཡིན་རུང་རང་གི་སྣང་བར་མ་འཐད་པ་རྒྱུ་མཚན་དུ་བྱས་ནས་བཤད་པ་དེ་མཐར་ཐུག་གི་གནས་དེ་འམ་མཐའ་དེ་ལ་ལྷུང་གི་ཡོད་ན་བསམ་ཤེས་མི་དགོས་པའི་རིགས་ལམ་ཞིག་ཀྱང་ཡོད་རེད།
ཁྱེད་ཀྱིས་གསུང་པའི་“ཆོས་ལུགས་ནང་ཁུལ་དུ་ལྷ་དང་བལྟ་བ་མི་མཐུན་པ”་བྱུང་ན་དེ་བསྟན་པའི་བདག་པོས་ཐག་གཅོད་འོས་པ་དང་། དགོས་པ་ལས་གཞན་སུ་གཅིག་གིས་ཀྱང་ཐག་གཅོད་མི་ཐུབ་པ་རེད། ད་ལྟའི་ཆར་བསྟན་པ་འདི་ལ་བདག་པོ་རྒྱག་མཁན་ཞིག་མེད་པར་ཁས་ལེན་ན་འདི་ལྟར་རང་ས་རང་སར་འཐོར་རྒྱུ་མ་གཏོགས་མེད་པ་རེད་སྙམ། གལ་སྲིད་བདག་པོ་ཞིག་ཡོད་ན་སུ་ལ་འོས་བབ་ཆེ་བ་འདུག་དེ་དགོངས་བཞེས་གནང་རྒྱུ་རེད། “སྤྱི་ཚོགས་ནས་གནས་དབྱུང་བཏང་བ”་དེའི་སྐོར་ལ་ཆོས་ཀྱི་ཐོག་ནས་གོང་དུ་ཞུས་པ་དེ་རེད། ཁྲིམས་ཤིག་བཤད་ས་མེད། བླ་མས་ཅི་གསུང་ཆོས་རེད། འཇིག་རྟེན་གྱི་ཐོག་ནས་སམ་ཁྲིམས་ཐོག་ནས་གནས་དབྱུང་བཏང་བཞག་པའི་རྣམ་པ་ཡང་མཐོང་རྒྱུ་མེད། མང་ཚོགས་ཀྱི་ལས་འགུལ་གྱི་རྣམ་པ་རེད། ཕར་ཕྱོགས་ཀྱིས་དེ་ལྟར་གོ་སོང་ན་གནས་ཚུལ་ཐ་དད་རེད་སྙམ།
ད་ལྟའི་ཆར་དགེ་ལུགས་པར་མཚོན་ན་ཆོས་ལུགས་ཀྱི་མཐར་ཐུག་གི་ཐུག་ས་དེ་༧གོང་ས་མཆོག་ཡིན་པས་དེ་དང་ངོ་རྒོལ་བྱས་པ་རིགས་པ་འདི་དང་ཡང་འགལ་བ་རེད། རྡ་སར་ངོ་རྒོལ་བ་ཚོས་ཡིག་ངག་གཉིས་ཐོག་ནས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་ཀྱི་མེད་པར་བཤད་ཀྱི་འདུག་ལ་སེམས་གཏིང་ནས་ཀྱང་དེ་བཞིན་རེད་སྙམ། བྱས་ཙང་ཁོ་ཚོ་ལྷུང་སའི་མཐའ་དེ་ལ་ལྷུང་མེད་པས་དོལ་ཚོགས་དང་མི་འདྲ་ས་བཙལ་ན་འདི་དག་རེད་སྙམ། གཞན་གཅིག་པ་འདྲ་ཞིག་མཐོང་སྲིད་དོ། གནད་དོན་འདི་གནད་སྐྱེན་པའི་བརྗོད་གཞི་ཞིག་ཡིན་པས་འདི་ལྟར་བགྲོ་གླེང་བྱེད་མི་འོས་སྙམ་པས་དེ་ཙམ་མོ་ལགས།
སྤྱིར་དགེ་ལུགས་པར་མཚོན་ན་ཆོས་ལུགས་ཀྱི་ཕུགས་གཏུག་ས་དེ་དགའ་ལྡན་ཁྲི་པ་མ་རེད་དམ། ༧གོང་ས་མཆོག་ནི་བཀའ་བརྒྱུད་དང་རྙིང་མའི་སྤྲུལ་སྐུ་ཁྲི་འདོན་བྱས་པ་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་སུམ་པའི་ཡང་སྲིད་དུ་ཁྲི་ལ་མངའ་གསོལ་བ་ཞིག་རེད། སྤྱིར་དྲ་རྒྱའི་ནང་དུ་ཕྱི་གསལ་ནང་གསལ་བྱས་ནས་བགྲོ་གླེང་འགྲོ་བཞིན་པའི་སྐབས་ལ་ཞེད་སྣང་གི་ཚོར་བ་འདྲ་བྱུང་གི་ཡོད་པ་འདིས་སྤྱི་ཚོགས་ལ་རྨོངས་དད་ཅན་གྱིས་ཐེ་ཇུས་ཆེན་པོ་ཡོད་པ་མི་མཚོན་ནམ། ཆོས་དད་རང་མོས་ཡིན་དུས་རྨོངས་དད་ཡང་རང་མོས་ཡིན་རྒྱུ་རེད། ཡིན་ཀྱང་རྨོངས་དད་དེས་ནང་ཁུལ་ལ་ཟིང་འཁྲུག་བླང་ན་དེ་འགྲིགས་མིན་འདུག་སྙམ།
དྲང་བདེན་རྒྱབ་ལངས་ཀྱི་ངོ་རྒོལ་བ་འདི་ཚོས་བློ་བཟང་སངས་རྒྱས་ཀྱིས་འཛམ་གླིང་ལ་གདོང་སྟོན་མུ་ཐུབ་པར་བཟོས་སོང་། ཟེར།
བཀྲ་ཤིས་ལགས།
དགེ་ལུགས་པའི་བསྟན་པའི་བདག་པོ་ངོ་དག་ལྡན་ཁྲི་བ་ཡིན་ན་ཡང་དེ་ནི་ད་ལྟའི་ཆ་ལ་གཞུང་འབྲེལ་ཙམ་ལས་དེ་ལྟར་ཆགས་མེད། རྒྱུ་མཚན་ནི་༧གོང་ས་མཆོག་ནི་དགའ་ལྡན་ཁྲི་བའི་གོང་མ་ཡིན་པའི་དབང་གིས་རེད། དེ་ཡང་༧གོང་ས་མཆོག་དགའ་ལྡན་ཁྲི་བའི་བླ་མ་ཡིན་པའི་དབང་གིས་རེད། དེའི་ཕྱིར་ད་ལྟའི་ཆར་མཐར་དེད་དགེ་ལུགས་པའི་བསྟན་པའི་བདག་པོ་ངོ་མ་དེ་༧གོང་ས་མཆོག་ཆགས་འདུག་སྙམ།
རྨོངས་དད་ཅན་གྱིས་ཐེ་ཇུས་ཆེན་པོ་གསུང་པ་དེའི་དོན་གསལ་གསལ་ཐག་ཆོད་པ་ཞིག་མ་གོ་ན་ཡང་ཧ་ལམ་ངའི་སེམས་ན་ཡང་དེ་འདྲ་བ་ཞིག་དྲན་གྱི་ཡོད་པ་དེ་དང་གཅིག་པ་ཡིན་རྒྱུ་རེད་སྙམ།
བློ་བསང་སེང་གེར་ངོ་ཚ་མེད་ལ་ཧམ་པ་ཆེ་བས་གདོང་སྟོན་མི་ཐུབ་པ་ཡོང་མི་ཤེས།
ད་ལོ་བློ་སེང་གིས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་དུས་དྲན་ཟེར་ནས་ཁོ་རང་ངོམ་སྒྲོག་བྱེད་ས་དང་པར་བརྒྱག་སའི་སྡིང་ཆ་ཆེ་ཤོས་བསྐྲུན་ཐབས་ཀྱི་་ངན་ཇུས་ལམ་ལྷོང་བྱུང་མི་འདུག་ཟེར། སྐུ་མདུན་གྱི་མདུན་ལ་ཚང་ཁ་བརྒྱབ་ནས་མཛད་སྒོ་དང་ཕེབས་བསུ་སྐབས་སུ་༧སྐུ་མདུན་ལྷོད་ལྷོད་མི་འཇོག་པར་སུན་པོ་ཞེ་དྲག་བཟོ་གི་འདུག་པས་སྐུ་སྲུང་ཚོས་དམ་ཉམས་འདི་རིགས་ལ་གཟབ་ཙམ་གནང་རོགས
དྲ་གྲོགས་སྟག་སྨྱོན་ལགས་ཀྱི་གསུང་སྟངས་འདི་ཚོ་ཤེས་ལྡན་མི་སྣ་ཞིག་གསུང་སྟངས་འདྲ་བོ་མི་འདུག ཁྱེད་ལ་ཡང་རྒྱུ་མཚན་དང་གནས་ལུགས་ཡོད་སྲིད་པས་གལ་སྲིད་ཡོད་ན་འདི་ལྟར་མིན་པར་གཅིག་གཅིག་གཉིས་གཉིས་བྱས་ནས་ར་སྦྲག་བཏང་ན་ཐམས་ཅད་ལ་གོ་རྒྱུ་ཞིག་ཡོང་གི་རེད། བློ་བསྐྱེད་ཅིག་ཡོང་གི་རེད།
དྲ་གྲོགས་བཀྲ་ཤིས་ལགས་ལ་ཁོ་བོས་ལན་འདེབས་ཤིག་བྱས་ཁུལ་ཡིན་ན་ཡང་ཡིག་ནོར་འགའ་ཤོར་འདུག་པས་བསྐྱར་དུ་ཚིག་འགའ་ཞིག་སྣོན་པ་དང་བཅས་བྲིས་པ་ཡིན།
སྤྱིར་ན་དགེ་ལུགས་པའི་བསྟན་པའི་བདག་པོ་ངོ་མ་དེ་དགའ་ལྡན་ཁྲི་རིན་པོ་ཆེ་ཡིན་དགོས་ན་ཡང་ད་ལྟའི་ཆ་ལ་དེ་ནི་གཞུང་འབྲེལ་ཙམ་ལས་དོན་ལ་༧གོང་ས་མཆོག་ཉིད་ཆགས་ཡོད། དེ་ཡང་༧གོང་ས་མཆོག་གིས་དབང་ཆ་སྒེར་བཟུང་བྱས་བཞག་པ་དེ་འདྲ་ཡེ་ནས་མ་རེད། རྒྱུ་མཚན་ངོ་མ་ནི་༧གོང་ས་མཆོག་དགའ་ལྡན་ཁྲི་རིན་པོ་ཆེ་རིམ་བྱོན་དག་གི་ཡང་གོང་མ་ཡིན་པའི་དབང་གིས་རེད། དེ་ཡང་༧གོང་ས་མཆོག་དགའ་ལྡན་ཁྲི་རིན་པོ་ཆེ་རིམ་བྱོན་གྱི་རྩ་བའི་བླ་མ་རུ་གྱུར་ཡོད་པའི་དབང་གིས་རེད། དེའི་ཕྱིར་ད་ལྟའི་ཆར་མཐར་དེད་དགེ་ལུགས་པའི་བསྟན་པའི་བདག་པོ་ངོ་མ་དེ་༧གོང་ས་མཆོག་ཆགས་འདུག་སྙམ། དེས་ན་བསྟན་པའི་བདག་པོའི་ཞལ་ལ་ཉན་དགོས་པ་ནི་བསྟན་པ་དེར་ཞུགས་པའི་རྗེས་འཇུག་པ་ཚང་མའི་འོས་འགན་རེད། ལར་ནས་དགའ་ལྡན་ཁྲི་བ་རིམ་བྱོན་གྱིས་ཀྱང་ཤུགས་ལྡན་ཞེས་པ་འདི་བསྟེན་མི་འོས་པར་གསུང་བཞིན་ཡོད།
ཆབ་སྲིད་དབུ་ཁྲིད་ཅིག་ཡིན་ན་རང་ཉིད་ཀྱི་ལྟ་གྲུབ་ཅིག་གཞིར་བཞག་ནས་བཤད་ཀྱིན་ཡོད་སྟབས་ཁོའི་ཁ་ལ་ངེས་པར་དུ་འབངས་མི་རྣམས་ཀྱིས་ཉན་དགོས་པ་དེ་འདྲ་གང་ཡང་ཆགས་ཀྱི་མེད་ལ། དེ་ལ་དྲང་བདེན་དང་། ཐོབ་ཐང་། ཁྲིམས་དང་མཐུན་མིན་སོགས་ཀྱང་རྩོད་ས་ཡོད།
འོན་ཀྱང་བླ་མའི་ཞལ་གང་གསུང་པ་སློབ་མའི་རྒྱུད་འདུལ་བའི་ཆེད་དུ་གསུང་བ་ཤ་སྟག་ཡིན་སྟབས་སློབ་མ་རྣམས་ཀྱིས་ངེས་པར་དུ་ཉན་དགོས་པ་ཆགས་ཀྱི་ཡོད། གང་གསུང་པ་ཐམས་ཅད་ཆོས་ལ་བསྒོམ་དགོས་པ་ནི་བླ་སློབ་བར་གྱི་འབྲེལ་བའི་གཞི་རྩའི་ཆ་རྐྱེན་རེད། དེ་ལ་དྲང་བདེན་སོགས་ཁྱེར་ཡོང་ས་མེད།
དེ་ལྟར་ཁྱེར་ཡོང་ན་ཆོས་ལ་ཆབ་སྲིད་བསྲེས་པ་ཡིན་པས་དྲང་བདེན་གྱི་ཐོག་ནས་འགྲིག་མེད། ད་ལྟ་དོལ་རྒྱལ་བ་ཚོས་ཆོས་ཀྱི་གནད་དོན་ཞིག་སྲིད་ལ་བསྲེས་བྱུང་སྟབས་ཁོ་ཚོས་བྱེད་སྟངས་དེ་ལ་ཁོ་བོས་མོས་མཐུན་ཞུ་གི་མེད། སྤྱིར་ན་གུས་པ་གཞན་ཟེར་རྗེས་འབྲང་བྱེད་རྒྱུ་དགའ་བོ་མེད་ཀྱང་། འདི་ནི་ང་རང་ཉིད་ཀྱི་ངོས་ནས་རྒྱུ་མཚན་དེ་འདྲ་ཞིག་བཀོད་ནས་བསམ་ཚུལ་འདི་འཆང་གི་ཡོད།
༼བསྟན་པའི་བདག་པོའི་ཞལ་ལ་ཉན་དགོས་པ་ནི་བསྟན་པ་དེར་ཞུགས་པའི་རྗེས་འཇུག་པ་ཚང་མའི་འོས་འགན་རེད།༽ གསུངས་པ་བཞིན་ཅི་གསུང་བཀའ་བཞིན་སྒྲུབ་ན་འགྲིགས་འདུག་ཏེ། དོལ་རྒྱལ་བའི་བཤད་རྒྱུར་༧གོང་ས་མཆོག་རང་གི་བླ་མ་་ཁྲི་བྱང་རིན་པོ་ཆེའི་བཀའ་ལ་མི་བརྩི་མཁན་དམ་ཚིག་དང་འགལ་མཁན་ཞིག་ལས་བསྟན་པའི་བདག་པོར་ཁས་མི་ལན་པ་ནི་མཐོང་ཆོས་སུ་གྱུར་འདུག། ཆོས་ལུགས་གཅིག་ལ་འདོད་ཚུལ་མི་འདྲ་བ་བྱུང་ན་ལུང་དང་རིགས་པས་ཚར་གཅོད་དགོས་པ་ལས་དབང་ཆེ་ཆུང་གི་ཐོག་ནས་སྤྱི་ཚོགས་ནས་གནས་དབྱུང་གཏོང་རྒྱུ་དེ་དགེ་ལྡན་པའི་ལུགས་དང་མི་མཐུན་པ་རེད་སྙམ། སྤྱིར་དགའ་ལྡན་ཁྲི་པའི་ཡང་སྲིད་སྤྲུལ་སྐུ་ངོས་འཛིན་གནང་བའི་ལུགས་སྲོལ་ཡོད་དམ་མེད། ཤེས་འདོད་ནས་དྲིས་པ་ལགས།
དྲ་གྲོགས་བཀྲ་ཤིག་ལགས། འཚམས་འདྲི་
དགའ་ལྡན་ཁྲི་བའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡོད་ཀྱང་ཡང་སྲིད་དེ་དགའ་ལྡན་ཁྲི་བ་མ་རེད།
༧གོང་ས་མཆོག་གིས་ཁྲི་བྱང་རིན་པོ་ཆེའི་བཀའ་ཁྲོལ་ཡོད་པའི་སྒོ་ནས་ཤུགས་ལྡན་འཚམས་འཇོག་གནང་ཡོད་པ་ཁོང་གི་བཀའ་སློབ་མང་པོ་འདུག ང་དེ་ལ་ཡིད་ཆེས་ཡོད། ལར་ནས་དོལ་ཚོགས་ཀྱིས་བཤད་སྟངས་དེ་ཆབ་སྲིད་ཀྱི་བཤད་སྟངས་ཡིན་པས་ཆོས་ལུགས་ལ་དེ་འགྲོ་གི་མ་རེད་སྙམ།
ངས་ཁ་སྔོན་ནས་ཞུས་པ་བཞིན་སྔོན་མའི་དུས་སུ་དེ་དང་དེ་གང་ཡང་ཡིན་དུ་ཆུགས འོན་ཀྱང་ད་ལྟའི་ཆར་སྐུ་འཚོ་བཞུགས་ཀྱི་བསྟན་པའི་བདག་པོ་ཞིག་ཡོད་དགོས་ཀྱི་རེད་དམ་མ་རེད། གལ་སྲིད་དགོས་ན་༧ཁོང་མ་གཏོགས་འགྲོ་ས་མི་འདུག་ཞུས་པ་ཡིན། ལར་ནས་ཆོས་ལུགས་ཀྱི་གནད་དོན་ནང་དུ་༧ཁོང་གིས་མཁྱེན་པ་ལས་ལྷག་པ་ཞིག་དོལ་ཚོགས་ཚུད་པའི་ང་ཚོ་སུས་ཀྱང་ཅི་ཞིག་ཤེས། ངས་བལྟས་ན་སུས་ཀྱང་མི་ཤེས་པས་གང་གསུང་པ་ཉན་བཞག་ན་ཆོས་དང་ཆབ་སྲིད་གཉིས་ཀར་ཁེ་ཕན་ཆེ་བ་ཡོད་ས་རེད་བསམ་པ་ཡིན་ལགས།
ལུང་དང་རིགས་པས་ཚར་གཅོད་མི་ཐུབ་པ་ལོ་རྒྱུས་ཀྱི་བདེན་དཔང་རེད། སྡེ་བ་བཅོ་བརྒྱད་དང་། གྲུབ་མཐའ་བཞི་རུ་གྱེས་པ་ཡང་ལུང་དང་རིགས་པ་ལ་དེ་འདྲའི་ནུས་པ་མེད་པའི་དཔང་རྟགས་རེད།
དེ་ནས་ཤུགས་ལྡན་བསྟེན་མཁན་གང་ཟག་དཀྱུས་མའི་ནང་དུ་སེམས་ལ་སྤྱི་ཚོགས་ནས་ཕུད་པ་འདྲ་བའི་ཕོག་ཐུག་ཆེན་པོ་བྱུང་ཡོད་ཤས་ཆེ་སྙམ་པ་བདག་གིས་ཚོར་ཐུབ་ན་ཡང་དོན་དུ་སྤྱི་ཚོགས་ནས་ཕུད་པ་དེ་འདྲ་གང་ཡང་མ་རེད། དེ་དོལ་ཚོགས་ཀྱིས་སྒྲོ་བཏག་བཞག་པ་ཞིག་རེད། མ་གཞི་ར་མ་འཕྲོད་པའི་འགག་ས་གཙོ་བོ་ཡང་འདི་ན་ཡོད་ས་རེད་སྙམ། དགོན་པ་ནས་ཕྱིར་འབུད་བྱས་པ་ཡོད་སྲིད་ཀྱང་དེ་ནི་དགོན་པ་རང་གི་འགྲིག་ལམ་གང་འཇོག་འདོད་པ་དེ་ག་རེད།
དབུ་ཁྲིད་ཀྱི་གསུང་ལ་གཞོགས་འདེགས་ཀྱི་ཆེད་དུ་འབྲེལ་བ་གཅོད་པའི་ལས་འགུལ་ཞིག་བྱུང་ཡོད་ཀྱང་དེ་ནི་སྒེར་གྱི་ངོས་ནས་མ་གཏོགས་གཞུང་འབྲེལ་གྱིས་བྱས་པ་ཡེ་ནས་མེད། གང་ལྟར་ཐོག་མ་ཉིད་ནས་གནད་དོན་དེ་དོལ་རྒྱལ་ཚོགས་པའི་ངོས་ནས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་སོང་བ་དེས་མ་འགྲིག་པ་རེད་སྙམ། བྱ་བ་དང་ཚིག་ལ་འགྲེལ་བཤད་ག་འདྲ་བྱས་ནས་བརྒྱབ་ཀྱང་རྒྱག་ཆོག་ཆོག་རེད། གཙོ་བོ་སེམས་པའི་ནང་དུ་འགྲིག་འདོད་ཀྱི་ཀུན་སློང་ཞིག་དགོས་པ་དེ་གལ་ཆེ་བ་རེད།
ལགས་སོ། འཇམ་དཔལ་ཚུལ་ཁྲིམས་ལགས། བགྲོ་གླེང་གནང་བར་བཀའ་དྲིན་ཆེ།
དྲ་གྲོགས་བཀྲ་ཤིས་ལགས་ཀྱིས་མཆན་དེ་ཚོ་སྐབས་འདིའི་བརྗོད་གཞི་དང་འབྲེལ་བ་ཅང་མ་བྱུང་མོད། ཁོང་གིས་གུས་པ་དང་ལྷན་དུ་བགྲོ་གླེང་ཡག་པོ་གནང་བྱུང་། ཐུགས་རྗེ་ཆེ།
དྲག་གྲོགས་ཁ་ཕྱོགས་མེད་ལགས་ཀྱི་མཆན་དེ་ལ་ལན་ཞིག་ཕུལ་ན་དགེ་མཚན་ཞིག་ཡོད་པར་མཐོང་། ངོ་རྒོལ་བ་དག་གིས་ནན་གཏན་གྱི་སྒོ་ནས་༧གོང་ས་མཆོག་དང་བོད་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་ཅེས་གསུང་བཞིན་འདུག་པ་དེས་ཁོ་རང་ཚོའི་བོད་གཞུང་དང་༧གོང་ས་མཆོག་ལ་བཅིང་བའི་ལྷག་བསམ་དེ་མཚོན་གྱི་འདུག་སྙམ། འོན་ཀྱང་བཀའ་ཤག་ལ་ངོ་རྒོལ་བྱས་པ་དེས་བོད་གཞུང་ལ་ངོ་རྒོལ་མ་བྱས་པར་འགྲོ་ས་མེད། འདི་སྡུག་པ་ཞིག་གང་ཡང་མ་རེད།
བློ་སེང་ལ་ངོ་རྒོལ་བྱས་ན་བོད་གཞུང་ལ་ངོ་རྒོལ་བྱས་མིན་རྩོད་རུང་བ་ཞིག་ཡིན་ན་ཡང་བཀའ་ཤག་དང་བོད་གཞུང་ལོགས་སུ་ཕྱེ་ཡོང་རྒྱུ་ཞིག་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ལགས་ཤེ་ན་བོད་གཞུང་འདི་མང་གཙོའི་སྲིད་གཞུང་ཞིག་ཡིན་ཞིང་། མང་གཙོའི་སྲིད་གཞུང་ལ་གྲུབ་ཆ་གསུམ་ཚང་དགོས། དེ་གསུམ་ནི་འཛིན་སྐྱོང་བཀའ་ཤག ཁྲིམས་ཞིབ་ཁང་། ཁྲིམས་བཟོ་ལྷན་ཚོགས་བཅས་གསུམ་རེད། འདི་གསུམ་གྱི་གང་རུང་ཞིག་མེད་པར་མང་གཙོའི་གཞུང་ཞིག་མེད། དེའི་ཕྱིར་མང་གཙོའི་གཞུང་ཞེས་པ་འདི་གསུམ་གྱི་ཚོགས་པ་དེ་ལ་གོ་བ་རེད། དེ་ཡང་མཐར་དེད་ན་བོད་གཞུང་ཞེས་པ་བཀའ་ཤག་ལ་གོ་དགོས་པ་རེད།
གང་ལྟར་མདོར་བསྡུས་ན་བཀའ་ཤག་མ་ཡིན་པའི་བོད་གཞུང་ཞིག་གང་དུ་འདུག་མིན་ལ་དགོངས་པ་ཞིག་བཞེས་དང་། གཅིག་ཐང་ན་ངོས་ཤིག་འཕྲོད་རྒྱུ་ཡོད་སྲིད།
ཁྱི་སེང་གིས་རྒྱལ་བ་རིན་པོ་ཆེ་ལ་ངོ་ལོག་བྱས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་ངོ་ལོག་བྱས་པ་ཨེ་རེད། ཁྱི་སེང་གིས་སྐྱག་རྫུན་བཤད་པ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱག་རྫུན་བཤད་པ་ཨེ་རེད། ཁྱི་སེང་གིས་བཙན་བྱོལ་བོད་གཞུང་ཁྲག་ལྟར་དཀྲིགས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་དཀྲིགས་པ་ཨེ་རེད། ༧གོང་ས་མཆོག་ནས་སྤེན་ཚེ་ཨ་རིའི་དོན་གཅོད་ལ་བསྐོས་པ་ལ་ཁྱི་སེང་ཡི་མ་རངས་པར་སྤེན་ཚེ་གནས་དབྱུང་བཏང་ཏེ་རྒྱལ་བ་རིན་པོ་ཆེ་ལ་ངོ་ལོག་བྱས་པ་དེ་ཡང་བཙན་བྱོལ་བོད་གཞུང་གིས་ངོ་ལོག་བྱས་པ་ཨེ་རེད། གོང་གི་མཆན་བུ་པ་ཁྱི་ཕྲུག
བཙན་པོ་ལགས།
ད་དེ་འདྲ་གསུང་གི་མ་བཞུགས།
བཙན་པོ་ལགས།
འཇམ་དཔལ་ཚུལ་ཁྲིམས་ཀྱིས་དྲི་བ་ཞིག་དྲིས་འདུག་པ་དེ་ལ་ལན་རྒྱོབས་དང་། རང་འགར་ཁྱི་སེང་དང་ཁྱི་སེང་ཞེས་ལབ་ནས་མི་སེམས་ལ་རྨ་བཟོ་བྱེད་ཅིག་ལས་ཅང་མི་འདུག ཁོ་རེ།
དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཞུ་རྒྱུ།
སྤྱིར་ན་གུས་པ་རང་བོད་སྤྱི་བའི་རྩ་དོན་ལ་དོ་ཁུལ་འདྲ་བྱེད་པ་མ་གཏོགས་ནང་ཁུལ་གྱི་སྲིད་དོན་ལ་དོ་སྣང་ཡོད་མཁན་ཞིག་མིན། འོན་ཀྱང་ད་ལན་གྱི་འདི་ནང་ཁུལ་གྱི་སྲིད་དོན་ལྟ་བུ་ཞིག་ཆགས་འདུག་པས་སྔར་བཞིན་དོ་སྣང་བྱེད་མི་འོས་པ་ཞིག་ཡིན་ན་ཡང་། རང་ཉིད་དྲང་བདེན་སྨྲ་མཁན་ཞིག་ཡིན་བསམ་པའི་འདུ་ཤེས་ངར་མ་ཞིག་ཡོད་པ་དང་། གཞན་ཡང་རྒྱུ་རྐྱེན་གང་ཡང་རུང་བ་ཞིག་གི་དབང་གིས་འདིའི་སྐོར་ལ་ཐོག་མར་མཆན་རེ་ཟུང་འདེབས་པ་ཞིག་ནས་འགོ་བརྩམས་ནས་མཐར་རྩོམ་ཡིག་སྤེལ་བའི་བར་དུ་ཉམས་ཞུགས་མང་ཙམ་བྱེད་པ་ཞིག་ཆགས་སོང་། ཡིན་ན་ཡང་ངས་འདིའི་སྐོར་ལ་བརྙན་སྒམ་བཟོས་མེད་ལ་སྒྲ་སྒམ་ཡང་བཟོས་མེད། ཐང་ལ་ཡོང་ནས་ལས་འགུལ་ནི་དེ་བས་ཀྱང་སྤེལ་མེད། འོན་ཀྱང་ངས་རྩོམ་ཡིག་འགའ་ཞིག་སྤེལ་ཡོད་ཀྱང་ངས་ང་རང་གིས་མཐོང་བའི་དྲང་བདེན་ལ་གཞི་བཅོལ་བ་ཡིན་སྟབས་འགྱོད་པ་མི་འདུག་ལ་འདོད་པ་ཡང་ཚིམས་སོང་། དེའི་ཕྱིར་ད་ལན་གྱི་རྩོམ་ཐུང་འདི་ང་རང་སྒེར་གཅིག་གིས་སྤེལ་བའི་ལས་འགུལ་ཕྲ་མོ་དེའི་མཇུག་སྡོམ་ལྟ་བུ་ཡིན།
མཆན་འདེབས་མཁན་དང་ལྷག་པར་དུ་བགྲོ་གླེང་གནང་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
དྲ་གྲོགས་རྣམས་པ་ལྷན་རྒྱས་ལ་ཞུ་རྒྱུ།
སྤྱིར་ན་གུས་པ་རང་བོད་སྤྱི་བའི་རྩ་དོན་ལ་དོ་ཁུལ་འདྲ་བྱེད་པ་མ་གཏོགས་ནང་ཁུལ་གྱི་སྲིད་དོན་ལ་དོ་སྣང་ཡོད་མཁན་ཞིག་མིན། འོན་ཀྱང་ད་ལན་གྱི་འདི་ནང་ཁུལ་གྱི་སྲིད་དོན་ལྟ་བུ་ཞིག་ཆགས་འདུག་པས་སྔར་བཞིན་དོ་སྣང་བྱེད་མི་འོས་པ་ཞིག་ཡིན་ན་ཡང་། རང་ཉིད་དྲང་བདེན་སྨྲ་མཁན་ཞིག་ཡིན་བསམ་པའི་འདུ་ཤེས་ངར་མ་ཞིག་ཡོད་པ་དང་། གཞན་ཡང་རྒྱུ་རྐྱེན་གང་ཡང་རུང་བ་ཞིག་གི་དབང་གིས་འདིའི་སྐོར་ལ་ཐོག་མར་མཆན་རེ་ཟུང་འདེབས་པ་ཞིག་ནས་འགོ་བརྩམས་ནས་མཐར་རྩོམ་ཡིག་སྤེལ་བའི་བར་དུ་ཉམས་ཞུགས་མང་ཙམ་བྱེད་པ་ཞིག་ཆགས་སོང་། ཡིན་ན་ཡང་ངས་འདིའི་སྐོར་ལ་བརྙན་སྒམ་བཟོས་མེད་ལ་སྒྲ་སྒམ་ཡང་བཟོས་མེད། ཐང་ལ་ཡོང་ནས་ལས་འགུལ་ནི་དེ་བས་ཀྱང་སྤེལ་མེད། འོན་ཀྱང་ངས་རྩོམ་ཡིག་འགའ་ཞིག་སྤེལ་ཡོད་ཀྱང་ངས་ང་རང་གིས་མཐོང་བའི་དྲང་བདེན་ལ་གཞི་བཅོལ་བ་ཡིན་སྟབས་འགྱོད་པ་མི་འདུག་ལ་འདོད་པ་ཡང་ཚིམས་སོང་། དེའི་ཕྱིར་ད་ལན་གྱི་རྩོམ་ཐུང་འདི་ང་རང་སྒེར་གཅིག་གིས་སྤེལ་བའི་ལས་འགུལ་ཕྲ་མོ་དེའི་མཇུག་སྡོམ་ལྟ་བུ་ཡིན།
མཆན་འདེབས་མཁན་དང་ལྷག་པར་དུ་བགྲོ་གླེང་གནང་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
དེ་རིང་ཁོ་བོས་བྲིས་པའི་རྩོམ་དེ་བཀླགས་མང་ཤོས་གསུམ་པར་སླེབས་པ་མཐོང་བྱུང་བས་དགའ་བོ་བྱུང་། ཚང་མ་ལ་བཀའ་དྲིན་ཆེ་ཞུ།
གོང་དུ་དྲ་གྲོགས་བཙན་པོ་ཞུ་བ་ཞིག་གིས་མཆན་ཞིག་ཡོད་པ་ཡིན་རྒྱུ་ཁོང་གིས་ང་ལ་རིགས་ལམ་ཞིག་གཏོང་གི་ཡོད་ཚོད་འདུག་པས་ལན་ཞིག་དགོས་པ་རེད། འོན་ཀྱང་ཁོང་གི་ཚིག་བརྗོད་རྣམས་ཧ་ཅང་སྤུས་ཀ་ཞན་པས་ལན་འདེབས་ཞིབ་པར་ཞུ་འདོད་མ་བྱུང་བས་དགོངས་དག
གང་ལྟར་བོད་གཞུང་འདི་མང་གཙོའི་གཞུང་ཡིན་སྟབས་དེ་ལ་གྲུབ་ཆ་གསུམ་ཡོད། ཡང་ན་གྲུབ་ཆ་གསུམ་པོ་ཚོགས་པའི་གོང་བུ་ལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ཞེས་འབོད་པ་རེད། གྲུབ་ཆ་དེ་གསུམ་ནི་སྤྱི་འཐུས། བཀའ་ཤག ཁྲིམས་ཞིབ་བཅས་རེད། དེའི་ནང་ནས་ཀྱང་གཞུང་ཞེས་པའི་ཐ་སྙན་འཇུག་ས་ངོ་མ་དེ་མང་གཙོའི་ཡུལ་གྲུ་ཚང་མའི་ནང་དུ་བཀའ་ཤག་ལ་གོ་བ་རེད། བྱས་ཙང་བཀའ་ཤག་ལ་ངོ་རྒོལ་ཡིན་གཞུང་ལ་ངོ་རྒོལ་མིན་ཞེས་གསུང་ན་འཕྲིན་སྐལ་གྱིས་མི་ཁག་ཅིག་མགོ་སྐོར་ཐབས་ཤིག་ལས་དོན་ངོ་མར་གོ་རྒྱུ་གང་ཡང་ཡོད་མ་རེད་ཞུ་ཡ་ཡིན། ལར་ནས་མཁྱེན་དགོས་པ་ཞིག་ལ་མང་གཙོའི་སྤྱི་ཚོགས་ནང་དུ་གཞུང་ལ་ངོ་རྒོལ་བྱས་ན་སྡུག་པ་གང་ཡང་མ་རེད། གཅིག་ཐངས་ན་བཟང་པ་ཞིག་ཡིན་སྲིད། དེ་ཙམ་ཞུ་འདོད། བཀའ་དྲིན་ཆེ།
ཡིག་འདྲི་བ་འདི། མི་མགོ་གཉིས་མ། ཁ་གཉིས་མ། མདོ་དོན། ཁོ་རང་གི་ཡིག་ཉོག་ལ་ཆེ་མཐོང་བཙལ་བ་ལས། བསྟན་སྲིད་གང་གི་ཕྱོགས་ན་སེམས་ཁྲལ་མེད་པར། ཡར་ལ་དཀྲིག་ན་སེམས་དགའ། མར་ལ་དཀྲིག་ན་བློ་བདེ་མཁན་ཞིག་ཡིན་པ་གསལ་བས། ཁྱི་སྨྱོན་པའི་སྨན་ཞིག་རེག་ན་མཆོད་རོགས་ཞུ།
མ་གཞི་མི་ཁོ་གྲྭ་ལོག་ཞིག་རེད། ཁོས་ཡོད་ཚད་ལ་ཟློག་ཕྱོགས་བཟུང་ནས། མི་ལ་ཉེས་འཚོལ་རྒྱུ་དེ་ཁོའི་ཁ་ལྕེ་སྔོན་མའི་གྲྭ་ངན་ཞིག་གི་བག་་ཆགས་ངན་པས་བཟུང་ཡོད་པ་དེ་རེད། སྒར་གྲོང་གཉིས་ལ་མི་མཁོ་བའི་མི་ཟེར་ན་འདི་འདྲ་རེད།
གྲྭ་ལོག་དང་སྲིད་གྲྭ་ཚོས། གཏམ་ཚོད་མེད་བཤད་ནས། ང་ཚོ་ཆོས་བྱེད་དགེ་འདུན་ཚོ་དང་རྒྱང་ནས་རྒྱང་དུ་གཏོང་བཞིན་པའི་ལས་ངན་པ་འདི་དག་ཁྱེད་ཚོས་ཤེས་སུ་གསོལ།
ང་རྒྱལ་ཅན་གྱི་གྲྭ་པ་དང། ཞི་དུལ་ཅན་གྱི་གྲྭ་ལོག་གཉིས།
ཕྱི་སྣང་ཚུལ་ཁྱད་པར་ཡོད་ན་ཡང། ནང་ཆོས་དང་མཐུན་མིན་སུ་ཡིས་ཤེས།
དྲ་གྲོགས་གནམ་ལགས།
ངས་ཁྱེད་ལ་ཕོག་ཐུག་བཏང་བར་དགོངས་དག་ཞུ།
ཁྱེད་ལ་རྣམ་དཔྱོད་ཡོད་པས་ངས་བྲིས་པ་དེ་ཚོས་མཚོན་བྱར་གྱུར་བའི་དོན་ཞིག་ངོ་མར་ཡོད་མེད་དང་། གལ་སྲིད་ཡོད་ན་དེའི་ངོས་དེ་མཐོང་མཁན་གྱི་ཉེས་མེད་ཀྱི་མི་ཞིག་ཡོད་ཆོག་ས་འདུག་གམ་མི་འདུག་དགོངས་པ་ཞིག་བཞེས་རོགས་ཞུ།
༄༅། ལབ་གླེང་བྱུང་རྐྱེན་ཚང་མ་་་ཆུ་ཚོད་་་༤ ཙམ་ངན་བསླབ་བརྒྱབ་པ་ལས་བྱུང་བ་རེད།