སྤྱན་ཆེན་པོ།
ས་རྡུལ་གྱིས་གཡོགས་པའི་དཔེ་སྒྲོམ་གྱི་མདུན་ནས
སྒོམ་ཆེན་པ་ཞིག་དང་འདྲ་བར
རྨི་ལམ་གྱི་མཛེས་སྡུག་ལ་དྲོད་ཤ་གླན་དུས
ཆག་གྲུམ་ཤོར་བ་དང་འདྲ་བའི་མེ་ལོང་འདིས
ཅི་ཡང་མི་གསལ་ལ་ཅི་ཡང་མི་དྲན་མོད
འོན་ཀྱང མག་མོག་གི་སྣང་བརྙན་ཞིག་ལས
རྒས་གཉེར་གྱི་གདོང་རིས་ཁ་ཤས
བྲེལ་བྲེལ་འཚུབ་འཚུབ་ངང་མངོན་བྱུང་བས
བཤུལ་ལམ་གྱི་སྟེང་གི་རྐང་རྗེས་དག་ནི
ངའི་ཚེ་སྲོག་གི་བྲང་གཞུང་ན་འཁྱིལ་བའི
ཁ་སང་གི་ཆང་ཁང་དེ་དང་དེའི་བདག་མོ་ཡིན་པས
ཚོ་ཁག་ཅིག་གིས་བསྐྱུར་པའི་དོ་ཞག་གི་ས་སྲོད་འདིར
ཤི་གསོན་གྱི་འཐབ་རར་གྱུར་པའི
ང་བགྲོད་སའི་ལམ་ཕྲན་དེ་གང་ཞིག་ན་ཡོད་དམ