ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཚུར་དྲིས་ཚང་གི་ཕ་ཚུར་དྲིས་དང་མ་བདེ་མཆོག་གཉིས་ཀྱི་བུ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་སྐལ་བཟང་དབང་ཕྱུག རང་ལོ་ ༡༧ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་པ་དང་རང་ལུས་ལ་མེ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག་མོད། དེ་མ་ཐག་རྒྱ་དམག་གིས་བསྐོར་ནས་མེ་བསད་ཅིང་གཅར་རྡུང་དྲག་པོ་གཏོང་བཞིན་ཁྱེར་ཡོད་འདུག་པས་ཁོང་གི་རྨས་སྐྱོན་ག་འདྲ་ཡིན་མིན་སོགས་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་མ་ཐུབ། གནས་ཚུལ་བྱུང་མ་ཐག་གཡས་གཡོན་གྱི་མི་མང་གིས་སྐད་འབོད་བྱེད་བརྩིས་བྱས་འདུག་ཀྱང་དྲག་ཆས་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་ཀྱིས་མེ་མདའ་ཚད་ནས་མི་མང་གཏོར་ཡོད་འདུག དེ་མཚུངས་སུ་གཡུལ་ས་ལྟ་བུའི་གནས་སྟངས་འོག་ཡོད་པའི་རྔ་པ་རྫོང་མཁར་དང་ཀིརྟི་དགོན་པ་སོགས་ལ་སྔར་བས་དམག་མི་མང་དུ་བཏང་ནས་ཕྱི་ནང་གི་འགྲུལ་བཞུད་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་དམ་དྲགས་ཤུགས་ཆེ་རུ་བཏང་ཡོད་འདུག
དེ་མིན་ཉིན་ཤས་སྔོན་ཀིརྟི་དགོན་པའི་གླིང་བར་དང་རྔ་པའི་ཁྲོམ་གཞུང་སོགས་ལ་ཡི་གེ་མང་པོ་སྦྱར་འགྲེམས་བྱས་ཡོད་པ་དང་། ཡི་གེའི་ནང་འཁོད་དོན་མུ་མཐུད་གནས་སྟངས་འདི་ལྟར་ལྷག་ན་མི་མང་པོས་རང་སྲོག་བློས་གཏོང་གིས་ངོ་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཡོད་ཚུལ་སོགས་བཀོད་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ལ།
ད་གང་མྱུར་དགོས་གནས་སྟངས་འདི་༸གོང་ས་མཆོག་གི་སྙན་ལམ་དུ་ཞུ་དགོས་ལ་རང་རེའི་སྲིད་གཞུང་གིས་ཀྱང་གང་མྱུར་དང་ཛ་དྲག་གིས་ཕྱག་ལས་གནང་དགོས་འདུག དེ་མིན་ད་དུང་རྒྱ་ནག་གི་འདོད་ཐོག་ལ་རྟ་རྒྱུགས་རྒྱུ་རེད་ཡ།
གཞིས་བྱེས་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམ་པ། འདི་ལྟར་རང་སྲོག་བློས་བཏང་ནས་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱས་པ་ནི་ང་ཚོས་བློས་མི་བཟོད་ཀྱང་བྱ་ཐབས་བྲལ། ད་ནས་བཟུང་སྒེར་སོ་སོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཏེ། བོད་ནང་ལ་མར་འབྲེལ་བ་བྱས་ཏེ། ཁོང་ཚོའི་གནས་ཚུལ་གནས་ཚུལ་དེ་རྒྱ་ནག་གཞུང་ལ་ནག་གསུབ་གཏོང་དུ་མི་ཆུག་པར་རྒྱལ་སྤྱིའི་ཐོག་ཕྱི་བསྦྲགས་བྱེད་གང་ཐུབ་བྱེད་ཆེད་སྒེར་ངོས་ནས་བོད་ནང་འབྲེལ་བ་བྱས་ཏེ་འབྲེལ་ཡོད་རྣམ་པར་གསུང་ནས་ནུས་པ་གང་ཐུབ་འདོན་ཐུབ་པ་གནང་རོགས་ཞུ་བ་ལས་གནས་སྐབས་འདི་བྱེད་ལབ་རྒྱུ་སེམས་ངོར་འཆར་རྒྱུ་མི་འདུག དེ་བཞིན་དྲ་གྲོགས་ཚོས་ཀྱང་ཁོང་ཚོར་རྒྱབ་སྐྱོར་གྱི་བསམ་ཚུལ་མང་ཙམ་ཞིག་འདོན་ཐུབ་ན་དགེ་མཚན་ཆེ།
ཀྱེ་མ་ཀྱེ་ཧུད། ན་ཆུང་ལོ་གཞོན་རྐྱང་རྐྱང་འདི་ལྟར་མདུན་ལ་ཐོན་ནས་རང་ལུས་མེ་ལ་བསྒྲོན།བདེན་པའི་འབོད་ཚིག་སྒྲོག མེས་ཚིག་ནས་མ་ཤི་ན་ད་དུང་གཅར་རྡུང་དྲག་པོའི་མནར་གཅོད་རྒྱུན་མར་མྱོང་དགོས། བཙོན་ཁང་། རེད་ཡ་བཙོན་ཁང་དུ་སླེབས་ན་ཡང་བཙོན་ལས་ཟེར་བའི་མནར་གཅོད་གཏོང་སྟངས་ཤིག་ཡོད། ཨ་ཙི་ཨ་ཙི། མཚམས་འདིར་ཆབ་སྲིད་བཙོན་ཟུར་ཞིག་གིས་བྲིས་པའི་བཙོན་ཁང་ནང་གི་བཙོན་ལས་དེ་ཚོ་ཡིད་ལ་དྲན་བྱུང་། ང་ཚོ་འདི་ལྟར་འཚོ་བ་འདི་གང་གི་ཆེད་དུ་རེད་དམ། ཁོང་ཚོ་དེ་ལྟར་བཞུད་པ་དེ་ཡང་གང་གི་ཆེད་དུ་རེད་དམ། ད་དུང་བར་མཚམས་མེད་པར་ཇེ་མང་ནས་ཇེ་མང་རེད། ང་ངོ་མ་སྐྲག་གི དྲ་གྲོགས་ཚོ།
བོད་ནང་གི་ཛ་དྲག་གི་གནས་ཚུལ་འདི་དག་ཡིག་རིགས་གང་མང་དུ་བསྒྱུར་ཏེ་ངོ་དེབ་སོགས་འཛམ་གླིང་མི་མང་གི་མིག་མདུན་དུ་འདོན་ཅི་ཐུབ་དང་། འདྲ་པར་དང་གནས་ཚུལ་ཁ་གསལ་གསར་ལམ་ཁག་ཆེ་ཁག་ཏུ་འགོད་ཐབས་ལ་འབད་དགོས་སོ།།
ངོ་མ་ད་གཞིས་ལུས་སྤུན་ཟླ་ཚོས་ཚེ་སྲོག་གི་མཆོད་མེ་བོད་རང་དབང་ཆེད་དུ་སྒྲོན་པར་གཅིག་ཤོར་གཉིས་ཤོར་རེད་འདུག བྱེས་སྡོད་ཚོའི་རྒྱང་ལྟ་རེ་བྱེད་ནས་མི་འདུག་པར་མཁྱེན། འདི་ག་སྤེལ་རྗམ་ནས་ཚེས་༦ ཉིན་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་ཐང་ནས་ངོ་རྒོལ་སྐད་འབོད་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཡིན་པ་ཐུགས་འཇགས་འཚལ།
༡༽དངོས་གནས་བཟོད་རྒྱམ་ལགས་ཀྱིས་གསུངས་པ་བཞིན་ང་ཚོས་ཁ་ཚ་དགོས་གཏུགས་ལ་བྱེད་ཐུབ་པ་ནི་རྒྱལ་གཅེས་དཔའ་བོ་ཚོའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱ་རྒྱུ་དང་།
༢༽བརྒྱུད་ལམ་ཡོད་ཚད་ནས་སྐད་རིགས་མི་འདྲ་བའི་ཐོག་ཁྱབ་སྤེལ་བྱ་རྒྱུ།
༣༽ང་ཚོའི་སྟོབས་ཤུགས་གོང་སྤེལ་སླད་མཐུན་སྒྲིལ་བྱ་རྒྱུ།
༤༽ང་ཚོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ཡིད་ཆེས་ཀྱི་སྒོ་ནས་མཉམ་དུ་བོད་གནས་མཁོ་སྤྲོད་བྱ་རྒྱུས་མཚོན་ལས་འགུལ་མཉམ་སྤེལ་བྱ་རྒྱུ།
༥༽ཞར་བྱུང་དུ།དེ་སྔ་དུས་རབས་གོང་མའི་ལོ་བརྒྱད་བཅུ་དགུ་བཅུའི་ནང་བོད་ཀྱི་རྒྱལ་ས་ལྷ་དེ་དཔའ་བོའི་གྲོང་འཁྱེར་ཞིག་ལ་ཚང་མས་ངོས་འཛིན་ཞིན་ཡོད་པ་བཞིན་དེང་རྔ་པ་ཡུལ་དགོན་གཉིས་བོད་ཀྱི་དཔའ་བོའི་མཁར་གྲོང་ཞིག་ལ་ངོས་འཛིན་གནང་རོགས།
རྗེས་སུ་མཇལ་ཡོང་།
རྒྱ་ཡི་ཐོག་མདས་མི་ཆོད་པའི། །
བོད་པའི་སྙིང་སྟོབས་རྡོ་རྗེའི་སྲོག །
ནམ་མཁའ་སྲིད་དུ་བརྟན་གྱུར་ཏེ། །
རང་དབང་བདེན་མཐའ་རྩོད་པར་ཤོག །
ལྷག་བསམ་སེམས་སྟོབས་དཔག་མེད་ཀྱིས། །
ལང་འཚོའི་སྒྱུ་ལུས་མེར་སྒྲོན་པའི། །
བྱ་དཀའི་སྤྱོད་ལ་འཇུག་མཛད་པའི། །
རྨད་བྱུང་མཛད་པར་སྙིང་ནས་བསྟོད། །
བོད་པའི་སེམས་ཀྱི་སྡུག་བསྡལ་དག །
གུང་ཁྲན་ཏང་གིས་ཚོར་གྱུར་ཅིང་། །
རྒྱལ་སྤྱིའི་མིག་གིས་མཐོང་གྱུར་ཏེ། །
འདོད་པའི་བདེན་མཐའ་སེལ་བར་ཤོག །
གནས་སྟངས་འདི་ལ་༸གོང་ས་མཆོག་གིས་ཀྱང་གང་མྱུར་དང་ཛ་དྲག་གིས་ཕྱག་ལས་གནང་དགོས་འདུག
གཅིག་ནས་རྒྱལ་གཅེས་དཔའ་བོ་རྣམ་པར་གུས་འདུད་དང་གདུང་སེམས་ཡོད།
གཉིས་ནས་ངྷ་རམ་སཱ་ལས་གནས་ཚུལ་འདི་ཛ་དྲག་གི་ཐོག་ནས་ཁྱབ་བསྒྲགས་སམ། བོད་ནང་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཞིག་གཏོང་གནང་གི་འབོད་སྐད་ཞུ་འོས་ལ། དེ་ལྟར་བོད་དོན་མཐོར་འདེགས་ཆེད་བཀོལ་སྤྱོད་ཡོང་བ་ལས་ཕྱི་ལོ ༢༠༠༨ལོའི་གོ་སྐབས་འཕྲོ་བརླག་ལ་བཏང་བ་ལྟ་བུའི་གནས་ཚུལ་ཡང་བསྐྱར་མི་འབྱུང་བར་འབོད་སྐད་ཞུ་བཞིན་ཡོད།
ང་རང་ཚོའི་ཁ་བའི་གངས་ལྗོངས་ཆེད་དུ་ཡོད་ཚོད་བློས་གཏོང་ནུས། ད་དུང་ཡང་ཡོད་ཚོད་བློས་གཏོང་བའི་ཆ་གཞི་ཡོད། གོང་འཕྲིན་ཏིང་གིས་ག་ཚོད་སྡུག་པོ་གཏང་ན་ཡང་ང་ཚོས་དེ་ལས་གདོང་ལེན་བྱེད་པ་ཡིན་གང་ལྟར་ན་ཡང་ང་ཚོའི་གངས་ཅན་པ་རྣམས་ལ་ག་དུས་རང་དང་རང་མོས་རང་སྐྱོང་མ་ཐོབ་བར་དུ་ང་ཚོ་ཡིས་འཐབ་བརྩོད་དེ་འགྲོ་དང་འགྲོ་བཞིན་པ་ཡིན། ང་ཚོའི་གངས་ཅན་པ་ལ་གཞིས་སྡོད་དང་བྱེས་སྡོད་གཉིས་ཡོད་གཞིས་སྡོད་ནི་རང་ཡུལ་བོད་འམ་རྒྱ་གོང་འཕྲིན་ཏིང་གི་ཞབས་ལ་སྡུག་པོ་མྱོང་དང་མྱོང་བཞིན་པར་སྡད་ཡོད། བྱེས་སྡོད་གངས་ཅན་པ་དག་ནི་ཕྱི་ཡི་རྒྱལ་ཁབ་འོག་ཏུ་སྐྱོབས་བཅོལ་དུ་མི་ཡི་ངོ་གདོང་ལ་འོག་མིག་བྱེད་བཞིན་སྡད་ཡོད་གང་ལྟར་ན་ཡང་འུ་ཅག་གི་མི་རིགས་དང་རིགས་གཞུང་གསོལ་རྒྱན་ཆེད་དུ་ཡོད་ཚད་བློས་གཏོང་བའི་ཆགས་གཞི་ནི་འུ་ཅག་གི་མི་རབས་གསལ་པ་དག་གིས་འུས་འགན་ཆེ་ཤེས་སུ་འཛིན་གྱི་ཡོད།།།།
ངོ་མ་མི་མཐུད་ནས་ཆ་གཞི་ཡོད།།
ང་རང་ཚོའི་ཁ་བའི་གངས་ལྗོངས་ཆེད་དུ་ཡོད་ཚོད་བློས་གཏོང་ནུས། ད་དུང་ཡང་ཡོད་ཚོད་བློས་གཏོང་བའི་
ཆ་གཞི་ཡོད། གོང་འཕྲིན་ཏིང་གིས་ག་ཚོད་སྡུག་པོ་གཏང་ན་ཡང་ང་ཚོས་དེ་ལས་གདོང་ལེན་བྱེད་པ་ཡིན་
གང་ལྟར་ན་ཡང་ང་ཚོའི་གངས་ཅན་པ་རྣམས་ལ་ག་དུས་རང་དང་རང་མོས་རང་སྐྱོང་མ་ཐོབ་བར་དུ་ང་ཚོ་ཡིས་འཐབ་བརྩོད་དེ་འགྲོ་དང་འགྲོ་བཞིན་པ་ཡིན།ང་ཚོའི་གངས་ཅན་པ་ལ་གཞིས་སྡོད་དང་བྱེས་སྡོད་གཉིས་ཡོད་
གཞིས་སྡོད་ནི་རང་ཡུལ་བོད་འམ་རྒྱ་གོང་འཕྲིན་ཏིང་གི་ཞབས་ལ་སྡུག་པོ་མྱོང་དང་མྱོང་བཞིན་པར་སྡད་ཡོད།བྱེས་སྡོད་གངས་ཅན་པ་དག་ནི་ཕྱི་ཡི་རྒྱལ་ཁབ་འོག་ཏུ་སྐྱོབས་བཅོལ་དུ་མི་ཡི་ངོ་གདོང་ལ་འོག་མིག་བྱེད་བཞིན་སྡད་ཡོད་གང་ལྟར་ན་ཡང་འུ་ཅག་གི་མི་རིགས་དང་རིགས་གཞུང་གསོལ་རྒྱན་ཆེད་དུ་ཡོད་ཚད་བློས་གཏོང་བའི་ཆགས་གཞི་ནི་འུ་ཅག་གི་མི་རབས་གསལ་པ་དག་གིས་འུས་འགན་ཆེ་ཤེས་སུ་འཛིན་གྱི་ཡོད།།།།
གནས་ཚུལ་ཁ་གསལ་རྒྱལ་སྤྱིའི་ཐོག་བསྒྲགས་རྒྱུ་ནི་འཐུས་ཤོར་གཏོང་མི་རུང་བའི་ལས་འགན་གལ་ཆེན་ཞིག་རེད།
འཛམ་གླིང་གང་སར་གནས་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ལག་རྡུང་གཅིག་ཏུ་སྒྲིལ་ནས་གུང་ཇག་ལ་ངོ་རྒོལ་དང་མི་མང་ཚང་མས་ཤེས་སུ་འཇུག་རྒྱུ་དང། རང་དབང་ཅན་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྲིད་གཞུང་ཁག་ལ་ནུས་ཤུགས་ལྡན་པའི་རྒྱབ་སྐྱོར་ཡོང་འབོད་སྐུལ་ཞུ་དགོས་ལ། བོད་ནང་གསར་འགོད་པ་དང་ལྟ་ཞིབ་ཚོགས་པ་གཏོང་ཐབས་ཀྱི་འབད་བརྩོན་དང་། གུང་ཇག་བཟོས་པའི་ཅ་དངོས་མི་ཉོ་བའི་བརྡ་ཁྱབ་དྲིལ་བསྒྲགས་དང་ཚང་དོན་ཚོགས་ཁག་ལ་དེ་ལུགས་ཀྱི་རེ་འདུན་དང་འབོད་སྐུལ་བྱས་ཏེ་ང་ཚོའི་ནུས་ཤུགས་རྒྱ་སྐྱེད་དེ་གཞིས་ལུས་བོད་མིའི་རེ་འདུན་འཛམ་གླིང་ཡོངས་ལ་བསྒྲགས། ལངས་ཤོག ལངས་ཤོག འཛམ་གླིང་མི་མང་བདེན་པའི་རྒྱབ་རྩར་ལངས་ཤོག
གྲྭ་བ་ལོ་ན་ཆུང་ཆུང་འདིས་འདི་ལྟར་བོད་མི་རིགས་ཆེད་དུ་རང་སྲོག་བློས་གཏོང་ཕོད་པ་ནི་ཧ་ལས་བའི་གནས་ཚུལ་ཞིག་རེད། དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་གཅེས་པའི་ལུས་སྲོག་འདི་ལྟར་བཏང་ན་ཕངས་སེམས་ཆེ་ལ་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་བོད་ནང་གི་བོད་མི་དག་གི་སེམས་ཀྱི་རེ་བ་གཅིག་བུ་དེ་རེད་མོད། ཡིན་ན་ཡང་གདན་འདྲེན་ཞུས་ཐུབ་མིན་དེ་གནད་དོན་གཙོ་བོ་ཞིག་མ་རེད་སྙམ། གཙོ་བོར་ག་རེ་གལ་ཆེན་པོ་རེད་ཟེར་ན་སྐྱབས་མགོན་རིན་པོ་ཆེས་གསུངས་པ་ལྟར་གྲྭ་བ་ཞིག་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཡུན་ནས་ཡུན་དུ་བསླབ་པ་སློབ་གཉེར་ཚུལ་བཞིན་བྱས། ཉམས་ལེན་བྱས་ན། བོད་ཀྱི་རྩ་དོན་ལ་དེ་གས་ཕན་པ་དང་རང་གཞན་གཉིས་ཀའི་དོན་དེ་གས་འགྲུབ་པ་ཡིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་འདི་མེད་སོང་ན་བོད་མི་རིགས་གནས་དང་མི་གནས་ལ་ཁྱད་པར་ཅང་མེད། ལྷག་པར་གྲྭ་བ་ཞིག་ཡིན་ན་ཆབ་སྲིད་ལ་མ་ཞུགས་ན་ཡག་པོ་འདུག་ཅེས་ཟེར་མཁན་མང་པོ་ཡོད་པ་རེད། །
མཁས་པ་རྣམས་ཀྱིས་ཟློས་གར་འཁྲབ།།
དཔའ་པོ་རྣམས་ཀྱིས་དཔའ་རྟགས་བཞག།
ཚོང་བ་རྣམས་ཀྱིས་ཚོང་རྟགས་བསྟན།།
ཆབ་སྲིད་ལོ་ཟླ་འདི་ལྟར་སོང་།།
མི་ཡི་ཚེ་དང་སྲོག་ལ་རིན་ཐང་མེད།།
གཉའ་གནོན་མནར་གཅོད་ནམ་ཡང་མཚམས་འཇོག་མེད།།
སེམས་ཀྱི་རེ་བ་སུ་ལ་བཤད་ས་མེད།།
མེད་པ་འདི་གསུམ་དམག་གི་སྟོབས་ཤུགས་ཡིན།།
དྲ་གྲོགས་yumལགས།
ཁྱེད་ཀྱིས་བལྟས་ན་༧གོང་ས་མཆོག་གིས་གང་མགྱོགས་ཕྱག་ལས་ཇི་ལྟར་གནང་ངམ།ཡང་ན་༧གོང་ས་མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཐུགས་འཁུར་གནང་གི་མི་འདུག་བརྗོད་ཀྱི་ཡོད་དམ།དེ་མིན་༧གོང་ས་མཆོག་གིས་ཕྱག་ལས་གནང་གི་མེད་པའི་མཐོང་ཚུལ་ཡོད་དམ།གང་ལྟར་ཁྱོད་ཀྱི་མཆན་བུའི་ནང་དོན་དང་ཚིག་གཞིར་དཔག་ན་༧གོང་ས་མཆོག་མ་གུས་པའི་ཚོར་སྣང་ཤུགས་ཆེན་སྤྲོད་བཞིན་འདུགའཛམ་གླིང་དབུ་འཁྲིད་ཚང་མའི་ནང་ནས་༧གོང་ས་མཆོག་མཛད་བྲེལ་ཆེ་ཤོས་ཡིན་པ་ཁྱེད་ཀྱིས་མི་ཚོར་རམ།
ད་དངོས་གནས་ག་རེ་བྱེད་ན་བྱེད་རན་རེད་མ་གཏོགས་གཞིས་ལུས་བོད་མི་རྣམས་ཀྱིས་སྡིག་པོ་མྱང་རེད།
ཉེ་ཆར་ཡང་མགོ་ལོགས་སེར་རྟ་ནས་ཀྱང་སྐད་འབོད་ཡར་ལངས་བྱས་འདུག། ད་ག་རེ་བྱས་ན་དྲག་གི་རེད།
གཞིས་ལུས་བོད་མིའི་ལ་རྒྱ་མཁའ་ལྟར་ཡངས།།
གཞིས་ལུས་བོད་མིའི་ཆོད་སེམས་རྡོ་ལས་མཁྲེགས།།
གཞིས་ལུས་བོད་མིའི་སྙིང་སྟོབས་རི་རྒྱལ་བཞིན།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིའི་ལྷག་བསམ་གངས་ལྟར་དཀར།།
གཞིས་ལུས་བོད་མིའི་རིགས་ཞེན་མེ་ལས་ཚ།།
གཞིས་ལུས་བོད་མིའི་མཐུན་སྒྲེིལ་མཚོ་ལས་ཟབ།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིས་རང་སྐད་གསེར་ལྟར་གཅེས།།
གཞིས་ལུས་བོད་མིས་རང་རིགས་མིག་ལྟར་སྲུང་།།
གཞིས་ལུས་བོད་མིས་རང་སྲིད་མ་བཞིན་བཀུར།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིས་༧སྐྱབས་མགོན་ལྷ་བཞིན་བསྟེན།།
གཞིས་ལུས་བོད་མིས་བཀའ་གསུང་སྲོག་བཞིན་སྲུང་།།
གཞིས་ལུས་བོད་མིས་ཡོད་ཚད་ཁོང་ལ་འབུལ།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིས་མེ་མདའི་མདུན་ལ་མཆོངས།།
གཞིས་ལུས་བོད་མིས་བཙོན་ལ་འཚང་ཁ་བརྒྱབ།།
གཞིས་ལུས་བོད་མིས་བོད་དོན་བརྗེད་མ་མྱོང་།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
གཞིས་ལུས་བོད་མིའི་སྡུག་བསྔལ་སྐྱོ་ལྷང་ལྷང་།།
གཞིས་ལུས་བོད་མིའི་མཛད་རྗེས་རྔམ་བརྗིད་བརྗིད།།
གཞིས་ལུས་བོད་མིའི་ལོ་རྒྱུས་ཕྲ་ལྷམ་ལྷམ།།
གཞིས་ལུས་བོད་མི་བདག་གི་སྙིང་དུ་གནས།།
རྒྱ་དམག་ཀླ་ཀློ་ཐུག་དུས་འཇིགས་མ་མྱོང་།།
མེ་མདའ་ལག་ལྕགས་ཕོག་དུས་ཞུམ་མ་མྱོང་།
སྡུག་བསྔལ་རྒྱ་མཚོར་ལྷུང་དུས་ངུ་མ་མྱོང་།།
ཨ་ཁུ་དགྲ་ལྷ་ཐུག་དུས་འདར་གསིག་གསིག།
དྲ་གྲོགས་མིན་བརྒྱད་ལགས་་་་་་བླ་མ་དང་དགེ་བཤེས་རྒྱ་རིགས་སྤྱིན་བདག་ཅན་ནང་བཞིན་མ་གསུངས་རོགས་་་་ཁོང་ཚོ་ནས་སྒོར་མོའི་ཆེད་ང་ཚོ་ནི་ཆབ་སྲིད་དང་འབྲེལ་བ་མེད་ཚུལ་བཤད་མོད་སྐད་ཆ་དེ་དག་་་་་་ནང་པའི་ཆོས་ལ་སློབ་སྤྱོང་བྱེད་དགོས་པ་བདེན་མོད་སློབ་སྤྱོང་བྱེད་མ་བཅུག་ན་ད་ཁོང་ཚོ་ལ་ཐབས་ཤེས་མེད་རེད་ལགས་་་་་སྐད་ཆ་དོན་དག་མེད་པ་མ་གསུངས་རོགས་
འཛམ་གླིང་ལ་ཁྱབ་སྒྲོག་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་ཨ་རེ་སོགས་ནས་བོད་དོན་ཆེད་ཅིག་སྒྲུབ་ཡོང་སྙམ་པ་ནི་རྨི་ལམ་རང་ཡིན་པ་མཐོང་རྒྱ་དང་བློ་གཟུ་བོར་གནས་པ་ཚོས་ཤེས་གསལ་ཡིན།
རྒྱུ་མཚན་དེང་འཛམ་གླིང་རྒྱལ་ཁབ་སྟོབས་ཆེན་ཁག་ལ་རྒྱ་ནག་དང་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་འབྲེལ་མེད་མཁན་ཕལ་ཆེར་མེད་པས།ཁོང་ཚོས་འབྲེལ་མེད་དང་ཁེ་ཕན་མེད་པ་བོད་དོན་དུ་དེ་ཚོ་བློས་གཏོང་བྱེད་མི་སྲིད་པ་ཅིག་རེད།གཉིས་སུ་དཔལ་འབྱོར་དང་དམག་སྟོབས་ཀི་ཆ་ནས་རྒྱལ་ཁབ་སུ་རྒྱ་ནག་དང་འཛིང་ན་ཕན་ཚུན་གཉིས་ཀ་ལ་གྱོང་རག་རྒྱུ་ལས་མེད།
ཡང་དེང་བྲེལ་འཚུབ་འགྲན་རྩོད་ཀི་ཉོན་མོངས་རྐྱ་འཐབ་པའི་སྐབས་འདིར་འཛམ་གླིང་མི་མང་སུ་ཡིན་ན་རང་དོན་ཆེད་འདུར་རྒྱུགས་བྱེད་རྒྱུ་མ་གཏོགས་བོད་དོན་དུ་རྒྱ་ནག་ལ་དགྲར་འཛིན་བྱེད་མཁན་ཅིག་ཕལ་ཚཆེར་ཡོང་ཤེས་ཀྱི་མ་རེད།དེ་འདྲར་སོང་ང་ཚོ་གཞན་ཡུལ་ན་ཡོད་མཁན་བོད་མི་ཚོས་ཀྱང་རང་ལ་གཞན་ཡུལ་ན་དབང་དང་ཁ་སྟབས་གང་ཙམ་ཡོད་པ་ཤེས་གསལ་ཡིན་པས།ད་ནི་བོད་ནང་གི་མི་ཚོ་ཅིག་བྱེད་དགོས་རེད་མིག་སྒྲུབ་དགོས་རེད།ཅིག་གིས་རྒྱབ་སྐྱོར་ཡོད་རེད་སྔ་ཕྱི་མ་གཏོགས་ང་ཚོས་ཅིག་རག་ཡོང་མདོག་གི་དཀྲོག་རྐྱེན་སྣ་ཚོགས་བསླངས་ཏེ་བོད་ནང་གི་མི་ཚོ་མདུང་མགོ་ལ་སྐྱོན་ནས་བྱབ་ཆུང་རྐྱང་སྒྲུབ་བསྡད་པའི་དུས་ཚོད་མིན་པར།
ང་ཚོས་ཚོར་བ་དང་རྨི་ལམ་ཕར་བཞག་ནས་དངོས་དོན་གནས་སྟངས་དང་ལེན་བྱས་ཏེ་བོད་དོན་བཟང་ཐག་ངན་ཐག་གཅོད་རྒྱུའི་དུས་སླེབས་ཡོད་རེད།དེ་མ་གཏོགས་ད་རུང་འདི་མུར་ཤི་མ་གསོན་གྱི་ངང་ལྷག་བསྡད་ན་བོད་མི་རིགས་ཤུལ་མེད་དུ་འགྲོ་རག་བར་བོད་ཕྱི་ནང་གང་སར་བོད་མི་ཚོས་མི་རབས་ནས་མི་རབས་བར་གཞན་གྱི་ཐུབ་ཚོད་དང་བརྙས་བཅོས་མཐོང་ཆུང་སོགས་མྱང་ནས།ཧ་ལམ་མི་མིན་པ་ལྟ་བུ་ཞིག་བྱས་ཏེ་འདུག་དགོས་པ་རེད།འདི་བོད་དོན་གྱི་དངོས་གནས་རེད།
ཟིན་བྲིས་པ་གནམ་ལོ་ཡག་གྱི་སར། ཉིད་ཀྱིས་བཀོད་སྒྲིག་གནང་བའི་གླུ་མ་འཇམ་དབྱངས་སྐྱིད་ཀྱི་ཉིན་ཐོ་དེས
་ཕྲན་ལ་དཔེ་མེད་པའི་ཚོར་བ་དང་མོའི་ཡོན་ཏན་གྱིས་ཡིད་དབང་འཕྲོག་ཏུ་བཅུག་པས། ངས་འདིར་ནས་ཁྱེད་ལ་བཟང་བསྟོད་ཅིག་བྱས་པ་ཙམ་ཡིན། མོའི་སྐད་ཆ་ནསདྲང་མོར་ཞིག་མ་གཏོགས་གཞན་ལབ་དང་མཁས་བཤད་འདྲ་མཐོང་། དེང་འདི་འདྲ་ཀློག་རྒྱར་མི་ཉོབ་པར་མ་ཟད་སེམས་ཤུགས་ཀྱང་འཕར་དུ་འཇུག་གོ།
ཟིན་བྲིས་པ་གནམ་ལོ་ཡག་གྱི་སར། ཉིད་ཀྱིས་བཀོད་སྒྲིག་གནང་བའི་གླུ་མ་འཇམ་དབྱངས་སྐྱིད་ཀྱི་ཉིན་ཐོ་དེས
་ཕྲན་ལ་དཔེ་མེད་པའི་ཚོར་བ་དང་མོའི་ཡོན་ཏན་གྱིས་ཡིད་དབང་འཕྲོག་ཏུ་བཅུག་པས། ངས་འདིར་ནས་ཁྱེད་ལ་བཟང་བསྟོད་ཅིག་བྱས་པ་ཙམ་ཡིན། མོའི་སྐད་ཆ་ནསདྲང་མོར་ཞིག་མ་གཏོགས་གཞན་ལབ་དང་མཁས་བཤད་འདྲ་མ་མཐོང་། དེང་འདི་འདྲ་ཀློག་རྒྱར་མི་ཉོབ་པར་མ་ཟད་སེམས་ཤུགས་ཀྱང་འཕར་དུ་འཇུག་གོ།
Dalai Lama : China’s Violence Outdated.
http://www.youtube.com/watch?v=AMb634Qm7l4&feature=related
གོང་གི་མིག་བརྒྱད་ཀྱི་སྐད་ཆ་དེ་སྣང་བར་འགྲོ་དཀའ། རྒྱུ་མཚན་ནི་གྲྭ་པ་རྣམས་ལ་བསླབ་པ་སློབ་གཉེར་གནང་མ་བཅུག་པར་ཡུན་རིང་ཕྱིན་པ་ཁྱེད་ཀྱིས་ཤེས་ཡོད་ཚོད། དེ་ལྟར་འུ་ཐུག་ནས་ངོ་རྒོལ་བྱས་པ་ཡིན་པ་ལས་ཁྱེད་ཀྱིས་བསམ་པ་ལྟར་ཡིན་རྒྱུ་མ་རེད། ལར་ནས་ཆོས་པ་ཡིན་ལབ་སྟེ་མི་རིགས་དེའི་སྲིད་ལ་འགན་མ་ཁྱེར་ན་ ༡༩༥༩ ལོར་སྡེ་པ་གཞུང་གི་སྲིད་དབང་ཤོར་འགྲོ་དུས། སྡེ་པ་གཞུང་གི་འོག་ལ་མ་འཛུལ་ཞིང་ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་མཁན་རྣམས་ཀྱང་སྔར་བཞིན་གནས་མ་ཐུབ་པར་རི་བོ་ཧི་མ་ལ་ཡ་བརྒལ་ནས་སྐྱབས་བཅོལ་ཡོང་དགོས་བྱུང་བ་རེད། དེར་བརྟེན་མི་རིགས་ཤིག་གི་སྐད་ཆ་བཤད་དུས་ཆོས་པ་དང་མི་སྐྱ་ཞེས་ལས་རིགས་ཀྱི་དབྱེ་བ་མེད་པར་ཚང་མས་འགན་འཁུར་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་མ་བྱུང་ན་སྔར་ང་ཚོ་ཕམ་པ་ནང་བཞིན་ད་དུང་ཡང་ཕམ་རྒྱུ་ཉག་ཅིག་རེད་སྙམ།
རྒྱལ་གཅེས་དཔའ་བོ་རྣམས་ལ་བསྔགས་བརྗོད་ཡིད་རངས་ཞུ་བ་དང་། ཁྱེད་རྣམ་པའི་བསམ་དོན་ལྟར་འགྲུབ་པའི་སྨོན་འདུན་དང་གངས་རིའི་མགོན་པོས་རྗེས་སུ་འཛིན་པར་ཤོག
དངོས་གནས་བོད་པ་ཟེར་ན་མདོ་སྟོད་དང་མདོ་སྨད་ཚོ་རེད་རང་མི་རིག་དང་རང་གི་རྒྱལ་ཁབ་དོན་དུ་རང་སྲོག་གཏོང་མཁན་ཚོར་རྗེས་སུ་ཡིད་རང་དང་ སྨོན་ལམ་ཡོད་
མིག་བརྒྱད་པ་དང་དབྱིན་མིང་བློ་བཟང་གཉིས་ཀྱི་བསལ་ཚུལ་ལ་ངོས་ལེན་བྱེད་ཐུབ་ཀྱི་ཁག་པོ་འདུག་་་་་གང་ཞེ་ན་་་་་་འཁྱོག་བརྗོད་དང་ཕྱོགས་སུ་ལྷུང་བའི་དར་གོས་ཀྱི་ཆེས་ཤིན་ཏུ་སྤུད་པས་སོ།
རྒྱལ་གཅེས་དག་ལ་གུས་འདུད་ཡོད་མོད་ཁོས་ཚོས་ལས་འགུལ་སྤེལ་ཐེབས་རེར་སེམས་བསམ་པའི་གཏིང་ནས་མི་བཟོད་པའི་ཕངས་སེམས་རེ་སྐྱེས་ཡོང་གི འདི་འདྲ་མཐོང་ཐེངས་རེ་ཅི་ཞིག་ལས་བྱེད་དགོས་པ་དང་ཅི་ཞིག་བཤད་དགོས་པ་སོགས་ཅི་ཡང་ཤར་རྒྱུ་མི་འདུག
དེ་འདྲིའི་བོད་མི་རིགས་ཀྱི་རྩ་དོན་ཐོག་ལ་སེམས་ཤུགས་ཡོད་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་།
སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི། །
མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་། །
སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི། །
བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །
—-པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
བརྩན་བྱོལ་ངན་གི་གཞིས་ཆགས་དང་བརྩན་བྱོལ་ནང་དུ་གསལ་འབྱུར་བ་རྣམས་ལ་ལ་རྒྱ་མེད་པའི་རྒྱུ་མཚན་གང་སྙིང་སྟོབས་མེད་པའི་རྒྱུ་མཚན་གང་མི་རིགས་ལ་ཤ་ཞེན་མེད་མེད་པའི་རྒྱུ་མཚན་གང་ཆོད་སེམས་མེད་པའི་རྒྱུ་མཚན་གང་གང་ལྟར་ན་ཡང་རྒྱུས་ལུས་རང་རེད། གཞིས་ལུས་བོད་མི་དག་ལ་མི་རིགས་ལ་ལ་རྒྱ་དང་ཤ་ཞེན་སྙིང་སྟོབས་ཆོད་སེམས་ཞིམ་པ་མེད་པའི་དཔའ་ངལ་དག་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད་ལྷག་པར་དུ་ཨམ་མདོ་བ་དང་ཁམས་པ་རྣམས་ཀྱི་ཕོ་རྒོད་དག་ལ་བསྔགས་བརྗོད་ཡོད་ཡར་རྒྱས་ཀྱི་རྣམ་པ་རང་རེད།།།།
འདི་ལ་ཟིགས་རོགས་གནང་
http/photo.blog.sin.com.cn/danzhen 123
http;//photo.blog.sina.com.cn/danzhen 123
དཔའ་བོ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཡོད།ཡིན་ནའང་།ང་ཚོས་འདི་ལྟར་བོད་ནང་གཞོན་སྐྱེས་ཚོ་དགྲ་ལག་ཏུ་འཆི་བཅུག་ནས་འདུག་དགོས་རེད་དམ།ཡང་ན་དོན་གནད་འདི་ཐག་གཅོད་ཐོག་གོམ་པ་བརྒྱབ་དགོས་རེད།
བཙན་བྱོལ་བོད་མིའི་མི་འཇོན་འཇོན་མདོག་གི་ཁ་ཕོ་ཡོད་ཚད་རྦད་དེ་མཚམས་བཞག་འཇོག་དགོས་པ་དང་། བཙན་བྱོལ་གཞུང་དམངས་རང་སྟེང་ན་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་ནང་གི་གནས་སྟངས་ཇེ་ལེགས་སུ་གཏོང་བར་ནུས་པ་མེད་པ་དེ་གཞིས་པ་མི་མང་ལ་སྦ་གསང་མེད་པར་གསལ་བཤད་བྱ་དགོས་པའི་དུས་སུ་སླེབས་འདུག དེ་ལྟར་མ་བྱས་ཚེ། གཞིས་པ་བོད་མི་ཚོའི་མི་ལུས་རིན་ཆེན་མེ་ལ་སྒྲོན་པ་འདི་མཚམས་མི་ཆད་པར་འབྱུང་སྲིད།