ཕ་ཡུལ་དྲ་གནས་ཐོག་བཀོད་པ་ལྟར་ན། གཟའ་འཁོར་འདིའི་ནང་བོད་ཤར་ཕྱོགས་སུ་རྒྱ་ནག་གི་ཉེན་རྟོག་དམག་དཔུང་གིས་བོད་མིའི་འདུ་ཚོགས་ནང་མེ་མདའ་རྒྱབ་ནས་ཕལ་ཆེར་མི་བརྒྱ་དང་བཞིབཅུ་༡༤༠ བསད་འདུག་ཅེས་ཏྰ་ལའི་བླ་མས་ཕྷི་རན་ཆི་ཉིན་རེའི་ཚགས་པར་ལ་གསུངས་འདུག
ཁོང་གིས་ལི་མོང་དྷི་ལ་ཡང་་གསུངས་པར།། ཁམས་ཕྱོགས་སུ་ བརྒྱད་པའི་ཚེས་༨གཟའ་ཟླ་བ་ཉིན་རྒྱ་མིའི་དམག་དཔུང་གིས་བོད་མིའི་འདུ་ཚོགས་ནང་མེ་མདའ་རྒྱབ་འདུག གནས་ཚུལ་འབྱོར་བ་ལྟར་ན། མི་བརྒྱ་དང་བཞི་བཅུ་བསད་འདུག ཡིན་ན་ཡང་གྲངས་ཀ་དེ་ད་རུང་གསལ་པོ་བཟོ་དགོས་ཡོད་ཅེས་གསུངས།
ཁོང་ནས་མུ་མཐུད་དུ། རྒྱ་ནག་གཞུང་གིས་ ད་ལོ་ཟླ་གསུམ་པ་ནས་བཟུང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་བྱས་པ་རེད། ་་་ཡིས་ཆེས་འཕེར་བའི་མིས་བརྗོད་པ་ལྟར་ན། ལྷ་ས་གཅིག་པོར་མི་བཞི་བརྒྱ་༤༠༠ བསད་འདུག་་ ཅེས་དང།
་་ ལག་ཆ་མེད་པར་ངོ་རྒོལ་བྱས་ནའང་ཁོང་ཚོ་མདེའུས་བསད་པ་རེད། ཁོང་ཚོའི་ཕུང་པོ་ནང་མིར་རྩིས་སྤྲོད་རྩ་ནས་བྱས་མེད་་ཅེས་ཕྷ་རན་སིར་ཉིན་བཅུ་གཉིས་རིང་ལྟ་སྐོར་བྱེད་བཞིན་པའི་བོད་མིའི་ཆོས་ཀྱི་དབུ་ཁྲིད་ཀྱིས་གསུངས། ཞེས་བཀོད་འདུག
“
ངས་ཀྱང་གསར་འགྱུར་འདི་མཐོང་བྱུང་། ༧རྒྱལ་བ་རིན་པོ་ཆེས་གསུངས་ཙང་གསར་འགོད་པ་ཚོས་དོ་སྣང་འཕར་མ་ཞིག་བྱེད་ཀྱི་རེད་ལ། ཞིབ་གསལ་གྱི་གནས་ཚུལ་ཤེས་ངེས་རེད།
གཉོན་ཆུང་འདུག་ཤེས་ན་བཅ༹༹ན་པོས་བསྒུལ་མི་ཐུབ་ཟེར་བ་འདི་བདེན་པ་རེད་མི་འདུག འདི་ལྟར་ཡང་ཡང་དམར་བསོད་བྱས་ཡོང་དུས་རང་རེའི་ཤ་ཟད་ནས་རུས་པ་ཐུག་སོང་རུང་མགོ་བསྒུར་ནས་འདུག་ཐུབ་ཡ་དཀའ་ལས་ཁག་པོ་རེད། ད་ཅི་བྱེད་དགོས་རེད། བསམ་བློ་གཏོང་རོགས།
གཞི་ལས་བོད་མི་ཚོས་གློ་སྙིང་བྲང་གསུམ་གཏད་ས་དང་རེ་བ་ཆེན་པོ་བྱེད་སའི་བཙན་བྱོལ་གཞུང་དང་ང་ཚོས་བོད་མི་ག་ཚོད་བསད་སོང་ཟེར་ནས་གྲངས་ཀ་རྩིས་ནས་བསྡོད་རྒྱུ་ལས་ཐབས་མེད་པའི་ཡིད་སྡུག་མོ་འདུག ངོ་མ་ཡིན་ན་ང་ཚོ་བོད་ལ་ལོག་དགོས་པ་རེད། སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ་རེད།
ཨོ་་་་་་་གོང་གི་དམར་བསོད་བྱས་པའི་གྲངས་ཀ་༡༤༠ཟེར་བ་ཕལ་ཆེར་འགོད་ནོར་ཡིན་ས་རེད། ༧གོང་ས་མཆོག་གི་ཡོ་རོབ་སྐུ་ཆབ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲྲིན་ཁང་ལ་དེ་ལྟར་བསལ་བཤད་བྱས་འདུག
ཤར་གླིང་རང་དབང་རླུང་འཕྲིན་ཁང་གིས་འཇམ་དཔལ་ཆོས་བཟང་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། རྒྱལ་བ་རིན་པོ་ཆེས་བརྒྱ་དང་བཞི་བཅུ་ཟེར་བ་དེ་འདྲ་རྩ་ནས་གསུངས་ཡོད་མ་རེད་ཟེར། དེ་ཡང་བཅར་འདྲི་ཞུ་མཁན་ནས་ཕར་རྒྱལ་བ་རིན་པོ་ཆེ་ལ་གནས་ཚུལ་དེ་འདྲ་ཞིག་ཡོད་པའི་སྐོར་བཀའ་འདྲི་ཞུས་འདུག་པར། དེ་འདྲ་ཞིག་གོ་རྒྱུ་འདུག་ཟེར་བ་ཙམ་དང་། མཐར་ཁོང་ནས་ངས་ཤེས་ཀྱི་མེད་ཀྱིས་མཐའ་སྡོམ་གནང་འདུག གནས་ཚུལ་འདི་གཅིག་ནས་གཅིག་བརྒྱུད་དེ་གསར་གནས་ཁག་མང་པོ་ཞིག་ནང་བཀོད་ཡོད་པ་འདྲ།
ད་ཉི་མ་ཁ་ཤས་ལ་ང་བརྙན་འཕྲིན། རླུང་འཕྲིན། ཁ་པར། དྲ་རྒྱ་གང་ཡང་མེད་ས་ཞིག་ལ་ཕྱི་གླིང་བའི་བུ་མོ་སློབ་ཕྲུག་འགའ་ཁྲིད་ནས་ཆང་མཚམས་སམ་ཡང་ན་རྒྱོ་མཚམས་ལ་སྡོད་དུ་འགྲོ་གི་ཡིན། དགེ་ཆོས་ཀྱི་འདོད་བསྟན་དེ་འདོད་ལྡན་རྣམས་ཀྱིས་པར་ནང་དུ་ལྟ་རྒྱུ་ཡོད་པ་ཤིག་བྱུང་ན་ཡག་པོ་རེད་བསམ་གྱི་ཡོད་དེ་ད་གང་ཤེས། མཐར་དེད་ན་ངས་བུ་མོ་ལས་ཆང་འདེམས་ཀྱི་རེད། གནས་སྐབས་བདེ་མོ་གྱིས།
གནས་ཚུལ་འདི་ནས་ག་རེ་ཧ་གོ་ཡག་རེད་ཟེར་ན་མཐོང་བ་ཚང་མ་དང་ཀློག་པ་ཚང་མ་བདེན་པ་ཡིན་པར་ངོས་འཛིན་བྱེད་མི་རུང་།
ང་ཚོས་དུས་རྟག་ཏུ་འགྲེལ་བརྗོད་མ་གནང་གོང་ཉམས་ཞིབ་ལེགས་པོ་བྱེད་དགོས་ཀྱི་འདུག
དེ་ནི་བོད་མི་ཚང་མའི་འགན་རེད།