ཨེ་མ་ཧོ།
འགྲོ་མགོན་ཁྱབ་བདག་རྡོ་རྗེ་འཆང་དབང་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྤྲུལ་མྱུར་བྱོན་གསོལ་འདེབས་སྒྱུ་འཕྲུལ་ཆོས་དུང་དཀར་པོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ།
༡༽ ཆོས་སྐུ་སྣང་བ་མཐའ་ཡས་ཐུགས་ཀྱི་བདག །
ལོངས་སྐུ་སྤྱན་རས་གཟིགས་དབང་གསུང་གི་དཔལ།།
སྤྲུལ་སྐུ་པདྨ་འབྱུང་གནས་སྐུ་ཡི་གར།།
ཀུན་གཟིགས་ཞྭ་དམར་ཡང་སྤྲུལ་མྱུར་བྱོན་གསོལ།།
༢༽ བདེ་ཆེན་ཕྱག་རྒྱ་དབང་གི་ཕོ་བྲང་ནས།།
བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ།།
བདེ་མཆོག་ཞིང་གི་མགོན་པོ་སྣང་མཐའ་ཡས།།
ཀུན་གཟིགས་ཞྭ་དམར་བདེ་ལེགས་མྱུར་བྱོན་གསོལ།།
༣༽ རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་དང་།།
མར་མི་སྒམ་པོ་ཀུན་གཟིགས་རིམ་བྱོན་མཐུས།།
འགྲོ་མགོན་བཀའ་བརྒྱུད་བསྟན་འཛིན་རིན་པོ་ཆེ།།
ཡང་སྤྲུལ་རྒྱལ་དབང་ཞྭ་དམར་མྱུར་བྱོན་གསོལ།།
༤༽ དུས་གསུམ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས།།
འཁོར་གསུམ་སྤོང་དག་བདེ་ཆེན་ཞིང་ཕེབས་ཀྱང་།།
ཁམས་གསུམ་ཀུན་ཉོན་སྡུག་བསྔལ་བསལ་བའི་ཕྱིར།།
སྐུ་གསུམ་ཟླ་གཞོན་གསར་པ་མྱུར་འཆར་གསོལ།།
༥༽ དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ནས།།
མཚུངས་མེད་ཡང་སྲིད་རྟ་བདུན་དབང་པོ་ཉིད།།
སྐལ་བཟང་པདྨོ་བཞད་པའི་དགའ་ཚལ་དུ།།
མཛད་ཕྲིན་གསེར་གྱི་འཁོར་ལོས་བཀྲ་ཤིས་ཤོག །
༦༽ རྒྱལ་བསྟན་རིས་མེད་ཞི་བདེའི་དེད་དཔོན་མཆོག །
བཤད་སྒྲུབ་ཉི་ཟླའི་འོད་སྣང་རྟག་འགྲོགས་ནས།།
འཇིག་རྟེན་མུན་པ་བསལ་བའི་སྒྲོན་མེ་མཆོག །
ཡང་སྤྲུལ་དམ་པའི་འོད་ཟེར་འཕྲོ་གྱུར་ཅིག །
༧༽ སྐུ་གཟུགས་མཚན་དཔེའི་ལང་འཚོ་གསར་དུ་ཚེས།།
གསུང་དབྱངས་དམ་ཆོས་རྔ་སྒྲ་ཕྱོགས་ཀུན་གྲགས།།
ཐུགས་རྗེ་སྟོབས་བཅུའི་ཡོན་ཏན་རྣམ་འཕྲུལ་ཅན།།
ཡང་སྤྲུལ་ཞྭ་དམར་རིན་ཆེན་མྱུར་བྱོན་གསོལ།།
༨༽ དཀོན་མཆོག་རིན་ཆེན་གསུམ་གྱིས་བདེན་པ་དང་།།
རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་ཚིག་དང་།།
རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས།།
ཡང་སྲིད་བདེན་པའི་གསེར་ཞལ་མྱུར་མཇལ་ཤོག །
ཅེས་པ་རབ་རྒྱན་ཤིང་རྟའི་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་པ་བཅུ་ཉིན་རྨི་ལམ་ཡང་མཚན་ཅན་དུ་མ་རྨིས་པ་དང་ཉིན་མོར་ཚོགས་འཁོར་སྐབས་སུ་འཇའ་གུར་སྣ་ཚོགས་བཀྲ་བ་དང་བདག་གི་ཚོར་སྣང་བདེ་གསལ་གྱི་ཉམས་སྣང་བསམ་ཡུལ་ལས་འདས་པ་འཆར་བ་དང་། ཁྱད་པར་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་གི་ཐུགས་སྲས་ཤངས་པ་རིན་པོ་ཆེ་སོགས་ཁོང་གི་དངོས་སློབ་དང་མཁན་སྤྲུལ་དུ་མས་གསུང་བསྐུལ་གནང་བ་དག་ལ་རྟེན་འབྲེལ་ལེགས་ཚོགས་སུ་འགྲིགས་ནས་ཐོལ་བྱུང་དུ་དབྱིན་ཡུལ་ཨེ་ཝྃ་ཕྱག་ཆེན་རི་ཁྲོད་ནས་སྙིགས་དུས་ཆོས་སྨྲ་བ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་རིག་འཛིན་ཨེ་མ་ཧོས་སྨོན་པ་བཞིན་དུ་རྩ་གསུམ་རྒྱལ་བ་སྲས་བཅས་བདེན་བྱིན་དམ་པས་མཐུན་འགྱུར་གནང་བར་མཁྱེན་མཁྱེན་མཁྱེན།། །།
ཡང་སྲིད་མཉམ་པོར། ཡང་སྤྲུལ་བྱོན་ན། ཡང་། ཡང་སྲིད་རྩོད་པ་ཅན་གཉིས་ཆགས་བགྱིད་རེད་དོ། །ཨེ་མ་ཧོ་ལགས། །
ཀརྡོ་གཉེར་ཕྱག་སྙིང་རྗེ་དུག་ལྔ་ཆེ་དྲག་རང་དབང་ཡོད་ས་མ་རེད། རང་དབང་མྱུར་དུ་ཡོང་བའི་སྨོན་ལམ་འདེབས།
ཨེ་མ་ཧོ་ཞུ་བ་འདི་རྩོམ་ཐོགས་པ་མེད་ཞིག་རེད་འདུག འདི་ཡང་སྙན་པོ་བྱུང་།
ད་རྙོག་ཁྲ་གཞི་ནས་རེད། ཀརྨ་པའི་མཛད་པ་ཐ་དག་ལས་གཙོ་བོ་གཅིག་ནི། བུ་ཆེན་བཞི་པོ་རྣམས་ཀྱི་ཡང་སྲིད་འཚོལ་བ་དང་དེ་དག་ལ་སློབ་གཉེར་སྤྲོད་རྒྱུ་དེ་རེད། དེར་བརྟེན། ཀ་རྨ་པ་ཨུ་རྒྱན་འཕྲིན་ལས་མཆོག་གིས་ཞྭ་དམར་གྱི་ཡང་སྲིད་གཅིག་འཚོལ་གྱི་རེད། དེ་ལ་རྒྱལ་བ་རིན་པོ་ཆེ་དང་ཆོས་རྒྱུད་གཞན་གྱི་བླ་ཆེན་རྣམས་ཀྱི་རྒྱབ་སྐྱོར་བཙལ་གྱི་རེད་ལ། མང་ཆེ་བས་རྒྱབ་སྐྱོར་དང་ངོས་འཛིན་ཡང་གནང་གི་རེད། དེས་ན་ཞྭ་དམར་གྱི་ཡང་སྲིད་རྒྱབ་སྐྱོར་ཆེན་པོ་ཐོབ་པ་ཞིག་ཡོང་གི་རེད། བོད་མི་མང་ཆེ་བས་ཨུ་རྒྱན་འཕྲིན་ལས་མཆོག་གི་ཡང་སྲིད་དེར་ངོས་ལེན་བྱེད་ཀྱི་རེད།
དེ་ནས། མཐའ་ཡས་རྡོ་རྗེ་མཆོག་གིས་ཀྱང་ཡང་སྲིད་གཅིག་འཚོལ་གྱི་རེད། དེས་ན། ཀརྨ་པ་རེ་རེས་ཞྭ་དམར་རེ་རེ་ཁྲིད་ཡོང་ནས། ཞྭ་དམར་གཉིས་ཡོང་རྒྱུ་ཚང་མས་སྔོན་དཔག་ཐུབ།
ཡང་སྲིད་བརྒྱ་ངོས་བཟུང་གནང་ན་རང་དབང་རེད། ཡང་སྲིད་ཡོད་པར་ཡིད་ཆེས་ཡོད་ཀྱང་། ཡང་སྲིད་མ་ནོར་བ་ཞིག་དངོས་འཛིན་ཐུབ་རྒྱུར་ཡིད་ཆེས་ཧ་ཅང་ཆུང་། གང་ལྟར་ཡང་བྱིས་པ་ཆུང་ཆུང་ཞིག་སྐྱབས་གནས་སུ་འཛིན་རྒྱུའི་ལམ་སྲོལ་འདི་བརྟན་པོར་གནས་ན་ཡག་པོ་འདུག
ཞྭ་དམར་བའི་ཡང་སྲིད་ངོས་འཛིན་བཙལ་འཆོལ་གྱི་བདག་དབང་ཐད་ལུགས་མཐུནགྱི་དབང་དུ་བྱས་ན་ཕྲིན་ལས་རྡོ་རྗེ་ལས་མཐའ་ཡས་རྡོ་རྗེ་ཆེ་བ་ཡོད་རེད་དྲན།
ཀརྨ་པ་གཉིས་ཀྱིས་མཉམ་འབྲེལ་གྱི་སྒོ་ནས་ཞྭ་དམར་ཡང་སྲིད་ཤིག་ངོས་འཛིན་གནང་ཐུབ་ན། བོད་ཕྱི་ནང་ཀུན་ཏུ་ཞྭ་དམར་གྱི་ཡང་སྲིད་འགྲན་ཟླ་བྲལ་བ་དང་། ཀམ་ཚང་ཡབ་སྲས་རྣམས་ཀྱི་ནང་དུ་ནུས་པ་ཆེ་ཤོས་དེ་ཆགས་ངེས་རེད། དེ་ནི་ཞྭ་དམར་ཚང་གི་ལག་ཏུ་ཡོད་པ་ལས་གཞན་པའི་སུ་ཡི་ལག་ཏུ་མེད།
ཆུ་འགོ་རྙོག་ན། ཆུ་གཙང་བཟོ་ཡ་ཐབས་ཤེས་ཡོད་མ་རེད། བཀའ་རྒྱུད་ཀྱི་ཆོས་ལ་ཞེན་པ་ཆེ་ནས་བཤད་ཤོར་སོང་། ད་མི་ལབ། # 2 ངག་དབང་རིན་ཆེན་ལགས།། །།
ཨེ། ཡང་སྲིད་འགོ་ཚུགས་ཚར་བཞག
ཡང་སྤྲུལ་བྱོན་ན་མ་བྱོན་ཁྱད་པར་མེད།
བོད་འབངས་སྔར་བཞིན་གཞན་དབང་འདམ་ལ་བྱིངས།
ཞྭ་དམར་ཞྭ་སེར་ཞྭ་ལྗང་ཞྭ་ཡིས་མགོ་མནན་ནས།
ཀླད་པ་ན་བའི་སྤྱི་ཚོགས་གཤིས་ངན་འདི་ཀོ་སྒྱུར་རེ་རན།
ཡང་སྲིད་ལམ་ལུགས་འཇུག་སྒྲིལ་བར་ཤོག
བོད་གངས་ཅན་པའི་ཡུལ་དུ་སྤྲུལ་སྐུ་ཟེར་བའི་ལུགས་སྲོལ་ངན་པ་འདིར་མགྱོགས་ནས་མྱུར་དུ་མཚམས་ཆོད་པར་ཤོག བོད་མི་རིགས་ལ་རང་དབང་གི་ཉི་མ་ཤར་བར་ཤོག དམངས་གཙོ་ལོངས་སུ་སྤྱོད་ཀྱི་ཡོང་བར་ཤོག