རོང་པོ་བློ་བཟང་རིན་ཆེན།
དོ་ནུབ་ང་རང་གཅིག་པུར་འགྲུལ་བཞུད་བྱེད་དགོས་ཐུག་སྟེ་འབབ་ཚུགས་སུ་སྔ་མོ་ནས་མེ་འཁོར་ལ་སྒུག་ནས་བསྡད། མཚན་གྱི་ཆུ་ཚོད་དགུ་པ་བརྒལ་ཞིང་འགྲོ་ཡོང་གི་མགྲོན་པོ་རྒྱུན་ཆད་མེད་པར་ཡར་མར་ཀུན་ཏུ་སྐྱོད་བཞིན་མཆིས། ང་ནི་མེ་འཁོར་འབབ་ཚུགས་ཀྱི་རྐུབ་སྟེགས་ཤིག་ལ་ལྷོད་ཀྱིས་བསྡད་དེ་སྟོང་བསམ་འདྲེས་མའི་ངང་ནས་ཡར་ཆ་རྒྱུས་མེད་པའི་འགྲུལ་པ་རྣམས་ལ་ཡུདཙམ་བལྟས། གམ་ན་རྒྱ་གར་རྒན་པོ་ཞིག་འཛུམ་དམུལ་དམུལ་ལྷོད་ཀྱིས་གནས་འདུག འོན་ཀྱང་ངས་ནི་ཁོ་ལ་འཕྲོད་པའི་སྐད་བརྡ་གང་ཡང་མི་ཤེས་པས་སྐད་ཆ་ཅི་ཡང་མ་བཤད་པར་<<ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་>>གྱི་ལེ་ཚན་<<གནའ་སྔ་མོའི་ལོ་རྒྱུས་ཇི་ལྟར་བྲིས་པ་རེད་>>ཅེས་པ་མུ་མཐུད་དུ་ཀློག་འགོ་བརྩམས།
ཚན་པ་འདིའི་ནང་དུ་ནེ་རུ་ཁོང་གིས་གཟབ་ནན་དུ་རང་གི་བུ་མོ་འམ་ང་ཚོར་ཅི་ཞིག་གདམས་བཞིན་འདུག་ཟེར་ན། སྔོན་གྱི་ལོ་རྒྱུས་སམ་བྱུང་རབས་ལ་རྒྱུས་ལོན་དང་ཉམས་ཞིབ་བྱེད་དགོས་ཚེ། རྩོམ་པ་པོ་ག་གེ་མོ་ཞིག་གིས་མཚན་རྟགས་བཀོད་པའི་དཔེ་དེབ་རྐྱང་རྐྱང་ལ་མགོ་བོ་འཐོམས་ནས་སྡོད་མི་དགོས་པར་རང་བྱུང་ཁམས་ཀྱི་རི་དང་བྲག ལུང་གཤོང་དང་གཙང་པོ། མཚོ་དང་། མེ་རི། འགྱུར་རྡོ་དང་རྡོ་རིང་སོགས་ནི། འུ་ཅག་གི་མདུན་ལ་དུས་ནམ་ཡང་ཁ་ཕྱེས་ནས་ཡོད་པའི་སྔོན་གྱི་བྱུང་རབས་གསལ་བའི་གླེགས་བམ་རྨད་པོ་ཆེ་རེ་ཡིན་ཞིང་། དེ་དག་ལ་དོ་སྣང་དང་དཔེ་ཀློག་བྱེད་མཁན་ཁ་ཤས་ལས་མེད་པ་ནི་ཡིད་སེམས་ཕངས་པ་ཞིག་རེད་ཅེས་གདམས་བཞིན་འདུག
རང་བྱུང་གི་གླེགས་བམ་རྨད་པོ་ཆེ་དེ་དག་ལ་འཇུག་སྟེ་དཔྱད་བསྡུར་དང་ཉམས་ཞིབ་བྱས་ན། འུ་ཅག་གིས་རྡེའུ་ཆུང་ཆུང་རེ་ནས་དམངས་ཁྲོད་ཀྱི་གཏམ་རྒྱུད་སྟོང་ཕྲག་ལས་ཀྱང་ལྷག་པའི་སྤྲོ་སྣང་རབ་ཏུ་ལྡན་པའི་དངོས་བྱུང་གི་བྱུང་རབས་ཡང་དག་པ་རེ་ཁོང་དུ་ཆུད་པར་གདམས། ཁོང་གིས་རང་བྱུང་གླེགས་བམ་ཆེན་པོ་དེ་དག་ལ་བརྟེན་ནས་འུ་ཅག་གིས་ཆེས་ཐོག་མའི་སྲོག་ཆགས་རྙེད་ཡོང་བ་དང་། དེ་རྗེས་སྲོག་ཆགས་དེ་དག་ཇེ་མང་དུ་སོང་བ་ལས་འགྲོ་མི་བྱུང་། དེ་ནས་རིམ་གྱིས་མི་ཡི་བསམ་བློ་དང་ཀུན་སྤྱོད་ཇེ་ལེགས་དང་འཕེལ་རྒྱས་ལ་བརྟེན་ནས་ད་ལྟའི་མཛེས་ཤིང་ལྟ་ན་སྡུག་པའི་གྲོང་ཁྱེར་བྱུང་བ་སོགས་མི་ཡི་བྱུང་རབས་ཐུང་ཐུང་ཞིག་བྲིས་འདུག བྱུང་རབས་ཐུང་ཐུང་འདིས་དམིགས་བསལ་ཁོ་བོར་བློ་བསྐྱེད་གང་ཡང་མ་སྦྱིན་ཡང་། འཕྲིན་ཡིག་འདི་ཆེད་མངགས་བུ་མོ་ཆུང་ཆུང་ཨིན་ཌྷི་ར་གྷན་དྷེ་ལ་བྲིས་པ་ཡིན་དུས་ཁོ་མོར་ཅིས་ཀྱང་བློ་བསྐྱེད་མི་དམན་པ་ཞིག་ཐོབ་ཡོད་ངེས།
“ད་ལྟ་ང་ཚོའི་རྒྱལ་ཁབ་སྐྱོ་བོ་ཡིན། ཕྱིའི་རྒྱལ་ཁབ་ཀྱི་མིས་ང་ཚོ་ལ་དབང་བསྒྱུར་བྱས་ཡོད་པས། ང་ཚོ་རང་གི་རྒྱལ་ཁབ་ནང་ན་ཡང་རང་དབང་མེད་ལ། རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བཞག་ཀྱང་སྒྲུབ་ཐུབ་ཀྱིན་མེད། ཡིན་ན་ཡང་། འདི་སྔ་མོ་ནས་བཟུང་གཏན་ཁེལ་ཞིག་མ་རེད། ང་ཚོས་བརྩོན་པ་དྲགས་པོ་བསྐྱེད་ན། ཉི་མ་གཅིག་ལ་ང་ཚོས་ཡང་བསྐྱར་རང་གི་རྒྱལ་ཁབ་འདི་ལ་རང་དབང་རྩོད་ཐུབ་ཀྱི་རེད།”ཅེས་སོགས་བསྙད་ཡོང་དུས་ཁོང་ནི་དངོས་ཡོད་གནས་ཚུལ་དང་རང་མི་རིགས་ཀྱི་གནས་བབ་དྲང་མོ་དྲང་བཞག་གི་ཐོག་ནས་ཁས་ལེན་ཐུབ་མཁན་ཞིག་ཏུ་མ་ཟད། གནས་བབ་སྐྱོ་བོ་དེ་འགྱུར་བ་བཏང་སྟེ་རང་དབང་གི་འཇིག་རྟེན་སླར་གསོ་བྱེད་འདོད་ཀྱི་བློ་རྩ་བརྟན་ཞིང་མི་རིགས་ལ་ཤ་ཞེན་ཆེ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་དཔོག་ཐུབ།
2019/1/4ཡི་མཚན་མོར་མེ་འཁོར་འབབ་ཚུགས་ནས་བྲིས།
འཕགས་པའི་ཡུལ་གྱི་རང་བཙན་འཐབ་རྩོད་པ།
སྲིན་བློན་དམ་པ་པཎ་ཊི་ནེ་རོ་མཆོག།
གང་གི་རྩོམ་དེབ་སྐད་ཡིག་གྲངས་མང་ནང།
ཀློག་པའི་ངལ་བ་སྤངས་ནས་དཀྱུས་ལ་གཟིགས།
ཆབ་སྲིད་རིག་པ་པཎ་ཊི་ནེ་རོ་མཆོག།
ཕ་ཤུལ་བུའི་འཛིན་བུ་མོར་ལམ་སྟོན་འོག།
ཕ་ཡིས་དམ་པའི་ཆབ་སྲི་མཛུབ་སྟོན་འོག།
བུ་མོའི་ལས་དབང་སྲིད་བློན་འཁོད་པ་ནས།
རྒྱལ་འབྲེལ་ཆབ་སྲིད་རྩ་བ་བཙུགས་པ་ནས།
ཨ་རི་ཨུ་རུའི་འབྲེལ་ལམ་སྟངས་འཛིན་འོག།
ཁྱིམ་ཚེས་རྒྱལ་ཁག་རྒྱ་པག་སྦང་ལ་སོགས།
ཚོད་འཛིན་ཐུབ་པའི་ཆབ་སྲིད་འཛམ་གླིང་གྲགས།
ཕ་བཟང་བུ་མོ་རྒྱལ་ཁབ་བདེ་འཇགས་སླད།
རང་ལུས་འབེན་བརྩུགས་རླབས་ཆེན་བྱ་བ་སྒྲུབ།
རྒྱལ་གཅེས་དཔའ་མོའི་སྙིང་སྟོབས་འཛམ་གླིང་གྲགས།
ལྷག་བསམ་་དཀར་པོའི་རི་མོ་ལོ་རྒྱུས་བཀོད།
ནེ་རུས་རང་དོན་ཁོག་ཏུ་སྦས་ནས་ནི།
རྒྱ་དམག་རྣམས་ལ་བོད་དེ་ཟ་རུ་བཅུག
ཅི་སྤྱང་ངན་པ་ལག་སྦྲེལ་བྱས་ནས་ནི།
བོད་མི་སྡུག་ལ་སྦྱར་བའི་ལོ་རྒྱུས་སྐྱོ།
་་་་་་་་་་ ཡིན་ན་ཡང་། འདི་སྔ་མོ་ནས་བཟུང་གཏན་ཁེལ་ཞིག་མ་རེད། ང་ཚོས་བརྩོན་པ་དྲགས་པོ་བསྐྱེད་ན། ཉི་མ་གཅིག་ལ་ང་ཚོས་ཡང་བསྐྱར་རང་གི་རྒྱལ་ཁབ་འདི་ལ་རང་དབང་རྩོད་ཐུབ་ཀྱི་རེད། ་་་་་་་་་་་་
ནེ་རུ་ལ་ཁག་མི་འདུག ཨ་རིའི་གསང་བའི་ལས་ཁུངས་ཀྱྱི་ཡིག་ཆ་རིམ་བཞིན་འགྲྲེམས་སྤྤེལ་བྱྱེད་པའི་ནང་ལ་བལྟྟས་ན། སྐྐབས་དེ་དུས་ཨ་རིས་རྒྒྱྱནག་ལ་རྒྒྱབ་སྐྐྱྱོར་བྱྱས་ནས་རྒྒྱྱ་གར་ཕམ་འདུག
སྲིད་བློན་ནེ་རུའི་བཀའ་དྲིན་བསམ་ལས་འདས།
གོང་ས་སྐྱབས་མགོན་མཇལ་དུ་མ་སུ་རིར་ཕེབས།
མ་འོངས་བོད་ཕྲུག་མདུན་ལམ་གཏན་སློབ་བཙུགས།
བོད་མིའི་གཞིས་ཆགས་ཆོས་སྒར་མཐུན་སྐྱེན་སྦྱར།
གོང་ས་མཆོག་ནས་ཡང་ནས་ཡང་དུ་ཡང།
སྲིད་བློན་ནེ་རུའི་ལམ་སྟོན་ཆེ་བསྟོད་མཛད།
བཙན་བྱོལ་བོད་མིའི་ནེ་རུའི་བཀའ་དྲིན་དེ།
ནམ་ཡང་མ་བརྗེད་སེམས་སུ་དྲན་པ་གྱིས།
དེ་དུས་སྲིད་བློན་ནེ་རུ་མེད་པ་ན།
བོད་མི་གཅིག་ཀྱང་རྒྱ་གར་གནས་སྡོད་དཀའ།
པན་གྲུབ་ནེ་རོ་བོད་ལ་བཀའ་དྲིན་ཆེ།།
བཙན་བྱོལ་བོད་པར་མཐུན་འབྱོར་གནང་།།
གོང་ས་ཆེན་པོ་རྡ་རམ་ས་ལར་བཞུགས།།
འབུམ་གཅིག་བོད་ལ་གནས་མལ་ཡག་པོ་སྦྱིན།།
ནེ་རོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས།།