བློ་བཟང་རིན་ཆེན།
དེ་རིང་རེས་གཟའ་བ་ཟླ་བ་རེད། ཉེ་སྔོན་རྡ་རམ་ས་ལར་བསྐྱོད་པའི་ཁང་ཚན་གཅིག་པ་ཚོས་ང་ཚོ་ཤུལ་སྡོད་རེ་རེར་རྔན་པ་སྟེར་བ་ལས་ཚང་མར་མཉམ་དུ་གསོལ་ཚིགས་ཤིག་བཏང་ན་སྟབས་བདེ་ཤོས་སུ་མཐོང་ནས། ཁོང་ཚོས་ཉིན་གུང་གསོལ་ཚིགས་ཡག་ཐག་ཆོད་ཅིག་བཟོས་འདུག ང་ཚོས་རྒོད་གཏམ་སྣ་ཚོགས་འཆད་བཞིན་ཉིན་གུང་གསོལ་ཚིགས་ལ་རོལ་ཏེ་རང་རང་སོ་སོའི་ཤག་ལ་ལོག དེ་ནས་ངས་རྣམ་གཡེང་དང་གཏི་མུག་གཉིད་ཀྱི་གྲོང་ཁྱེར་ལ་མ་བསྐྱོད་གོང་<<ཡབ་ཀྱི་བུ་མོར་སྤྲིངས་པའི་འཕྲིན་>>གྱི་<<གནའ་བོའི་དཔལ་ཡོན་>>ཞེས་པའི་ཚན་པ་འདི་བཀླགས་པ་ཡིན།
ཁ་བྱང་མཐོང་མ་ཐག་འདིའི་ནང་དུ་གནའ་བོའི་ཤེས་དཔལ་སྲིད་གསུམ་གྱི་དཔལ་ཡོན་སྐོར་ནས་མང་དག་ཅིག་བཤད་ཡོད་པའི་རེ་བ་བྱས་པ་ཡིན། རེད་དེ་དངོས་སུ་ཀློག་སྐབས་ཆེས་སྔ་མོའི་དུས་སུ་དཔལ་ཡོན་དར་མྱོང་བའི་རྒྱལ་ཁབ་ཁག་ཅིག་གི་མིང་ཙམ་ཐོན་པ་ལས། དེ་དག་གི་ནང་དུ་དཔལ་ཡོན་འཕེལ་རྒྱུས་བྱུང་རིམ་གང་ཡང་བསྙད་མི་འདུག
འོན་ཀྱང་ནེ་རུ་ཁོང་གིས་དེང་སང་ཞིག་རལ་དུ་སོང་བའི་མཁར་གྱང་དང་ཕྲོ་བྲང་མང་དག་ཅིག་རྙེད་ཡོད་པ་རེད། དེ་དག་ལས་ང་ཚོས་ཅི་ཞིག་ཚོད་དཔག་བྱ་ཐུབ་ཟེར་ན། གནའ་བོའི་དུས་ཀྱི་མི་ཚོ་ག་འདྲ་ཞིག་ཡིན་པ་དང་། ཁོང་ཚོས་ཅི་ཞིག་བྱེད་ཀྱི་ཡོད་མིན་སོགས་དཔོག་ཐུབ་པ་རེད། ལྷག་པར་ཁང་རྙིང་དེ་དག་གི་ངོས་ལ་གསལ་བའི་རྡོ་བརྐོས་རི་མོ་དག་གིས་ཁོང་ཚོའི་སྒྱུ་རྩལ་གྱི་ཁྱབ་ཁོངས་དང་། གཞན་མང་པོ་ཞིག་དཔོག་ཐུབ་པ་བསྟན་འདུག འདི་ནི་གནའ་སྔ་མོའི་དུས་ཀྱི་དཔལ་ཡོན་ལ་ལྟ་བའི་ཐབས་མཆོག་ཅིག་ཡིན་པ་མ་ཟད། ཁོང་གིས་རྡོ་དང་རྡེའུ་རེ་རེ་ནི་རང་བྱུང་ཁམས་ལ་ལྟ་བའི་ཤོག་ལྷེ་རེ་རེ་ཡིན་ཟེར་བ་དེ་ཡང་ཅི་མ་བདེན་སྙམ།
Mesopotamia དང་Egyp། Crete། རྒྱ་གར། རྒྱ་ནག་རྣམས་ནི་ཆེས་སྔ་མོའི་དུས་གྱི་དཔལ་ཡོན་དར་སའི་ཡུལ་གྲུ་ལ་ངོས་འཛིན་བྱས་འདུག འོན་ཀྱང་རྒྱལ་ཁབ་དེ་དག་ལ་དཔལ་ཡོན་དར་བའི་བྱུང་རབས་སྣ་གཅིག་ཀྱང་བྲིས་མི་འདུག མ་གཞི་རྒྱལ་ཁབ་དེ་དག་ཆེས་སྔ་བའི་དཔལ་ཡོན་དར་སའི་ཡུལ་གྲུ་རེ་ཡིན་ངེས། འོན་ཀྱང་ཁོ་བོས་ཆེད་མངགས་རྒྱལ་ཁབ་དེ་དག་གི་དཔལ་ཡོན་དར་ཚུལ་གྱི་དཔེ་དེབ་གཅིག་ཀྱང་ཀློག་མ་མྱོང་། དེ་ནི་གཅིག་བྱས་ན་ང་དང་ང་ལྟ་བུ་དག་གི་སྟོང་ཆ་ཞིག་ཡིན་ངེས། དེའི་ཕྱིར། ད་ནི་རང་ཉིད་ཀྱིས་རང་ཉིད་བསྐུལ་ཞིང་དཔེ་ཀློག་གི་གོམས་གཤིས་ཐེབས་སུ་བཅུག་སྟེ། མཛེས་སྡུག་རྣམ་པར་བཀྲ་བའི་གནའ་བོའི་དཔལ་ཡོན་ལ་བལྟ་རུ་བསྐྱོད་དགོས།
2019/3/11ཉིན་རང་ཤག་ཏུ་བྲིས།
སྲིད་བློན་ནེ་རུའི་མཛད་རྗེས་རྒྱ་མཚོའི་གཏིང།
དཔོག་པར་ཐུབ་པའི་མཁས་བླུན་གང་ན་སུ།
བཙན་བྱོལ་མདུན་ལམ་ནེ་རུའི་རོགས་སྐྱོར་འོག།
གོང་ས་མཆོག་ནས་ཡང་དང་ཡང་དུ་གསུང།
ཆབ་སྲིད་མཁས་པ་པཎ་ཌི་ནེ་རུ་མཆོག།
དུས་རབས་ཚད་འགལ་འཛན་གླིང་རྒྱས་བཤད་དང།
མང་ཚོགས་དཀའ་སེལ་དཔྱད་རྩོམ་གྲངས་ལས་འདས།
ཕོ་རྒོད་ནེ་རུའི་མཛད་རྗེས་འཛམ་གླིང་བཞག།
གསོལ་ཚིགས་ལ་ཤ་ཨེ་འདུག ཚིལ་ཨེ་འདུག