སྦྲ་དཔལ་ལྡན།
མི་རྟག་སྒྱུ་མའི་ལས་ཀྱིས་བརྐོས་པའི་འཇིག་རྟེན་མི་ཡི་གྲུ་ཁ་འདིར།།
ཁྱོད་ཀྱི་བརྩེ་སེམས་མེ་ཏོག་དམར་བོ་བདག་གི་སྙིང་ཁར་ལྷུང་བ་ནས།།
ཡིད་ཆེས་དྭངས་མོས་གཏམ་གྱིས་བཏེགས་པའི་བདག་གི་སེམས་པ་དམར་བོ་འདི།།
དབང་མེད་བརྩེ་བའི་གཤོག་ཟུང་ཐོགས་ནས་ཁྱོད་ཀྱི་ཕྱོགས་སུ་ལྷོད་ཀྱིས་འཕུར།།
ཨེ་མ་མཚན་མོའི་རྨི་ལམ་རེ་རེར་ཁྱོད་ཉིད་དྲན་པའི་སེམས་པ་འདིས།།
འགོག་མེད་ཡིད་ཀྱི་འཆར་སྣང་ཀློང་ནས་ཁྱོད་ཀྱི་འཛུམ་ཞལ་རི་མོར་བྲིས།།
འགྱུར་མེད་བརྩེ་བའི་སྙིང་གཏམ་དྲོན་མོའི་རྨི་ལམ་ཁྲོད་ཀྱི་སེམས་པ་དེས།།
དགའ་བའི་སྙིང་གི་མཛའ་མོ་དྲན་བཞིན་གླུ་འདི་དྲན་པའི་རྟེན་དུ་སྤྲིངས།།
བརྩེ་དུངས་མངར་མོའི་ཁ་བརྡའི་ཁྲོད་ནས་ཁྱོད་ཉིད་དྲན་པ་ཐེངས་ཤིག་མིན།།
ཐུན་གསུམ་མཚན་མོའི་རྨི་ལམ་ཞིང་ནས་ཁྱོད་ཉིད་རྨིས་པ་ཐེངས་ཤིག་མིན།།
དྲན་གདུང་སེམས་ཀྱི་མནར་གཅོད་ཁྲོད་ནས་ཁྱོད་ལ་བོས་པ་ཐེངས་ཤིག་མིན།།
འདི་གསུམ་ཡལ་མེད་དམར་ཆུང་སེམས་འདི་ཁྱོད་ལ་དུངས་བའི་དན་རྟགས་ཡིན།།
ཡ་གྲོགས་པོ་ལགས།། ཧ་ཅང་གི་དྲན་དགོས་ནི་མ་རེད། མེ་འཁོར་ལས་མཚན་གཅིག་གི་ལམ་ཁ་རེད་མོ། ཐུག་འདོད་ཡོད་ན་མགྱོགས་པོར་སོང།
བརྩེ་དུང་གིས་མནར་བའི་སྐྱེ་བོ་ཞིག་ལ་མཚོན་ན་མེ་འཁོར་གྱི་མཚན་གཅིག་གི་ལམ་ཁ་ནི་ཤིན་ཏུ་ནས་ཀྱང་ཐག་རིང་བར་སྣང་སྟེ། མེ་ལོང་མར”རྫི་མ་སྐྱོད་པ་ལ་ཁྲོ་བ།།” ཞེས་པ་ལྟར་མ་ཡིན་ནམ། ཧ་ཧ་ཧ་ཧ་་་་་་་
ལས་ཀྱིས་བརྐོས་པའི་མཛེས་མ་ཁྱོད། །
མདང་གསུམ་རྨི་ལམ་རྨིས་སྟངས་འདིས། །
ང་གཉིས་མགྱོགས་མྱུར་ཕྲད་མི་ཕྲད། །
ཐེ་ཚོམ་མེད་ཕྱིར་བདག་ཡིད་མྱོས། །
མགོ་ལ་རལ་པ་དཀྲིས་པའི་མཛེས་མ་ཞིག།
ཕྱག་གི་པད་རྩར་དུ་བའི་ཞགས་པ་འཁྱུད།།
ཟླ་བའི་གདོང་གིས་ཧ་ཡང་ནག་པོའི་ནང་།།
ཞིབ་མོའི་ཚུལ་གྱིས་ཅི་ཞིག་འཚོལ་བ་སྙམ།།
སེམས་པ་སེམས་པ་ཤོར་བའི།།
སྣང་བ་གཅིག་ལ་འདྲེས་སོང་།།
བརྩེ་བའི་ལག་རྡང་མ་ལྷོད།།
དུང་བའི་སྙིང་གཏམ་མ་ཉུང་།།
བརྩེ་བ་བརྩེ་བ་ཟེར་བ།།
འཇིག་རྟེན་སྣང་བ་ཡིན་ཀྱང་།།
དགའ་བ་དགའ་བ་ཟེར་བ།།
ས྄ེམས་ཀྱི་ལོངས་སྤྱོད་ཡིན་འདུག།
མི་ལུས་རུན་ཆེན་གསེར་རེད།།
བརྩེ་བ་ལྷད་མེད་དུང་ཡིན།།
ངོ་མ་མཛེས་ཁི་ཡ།
སེམས་དང་སེམས་པ་འདྲེས་ན། །
འཐུང་རྒྱུ་ཆུ་ལས་མེད་ཀྱང་། །
མི་ཚེར་སྣང་བ་སྐྱིད་པ། །
འདི་ལས་ལྷག་ཅིག་ཅི་ཡོད། །
དང་བོར་འཛུམ་ལ་མ་ཆགས། །
བཅོས་མའི་འཛུམ་གྱིས་བསླུས་ཡོང་། །
མི་ཡི་འཛུམ་མདངས་འདི་ལ། །
ལམ་སང་ཡིད་ཆེས་མ་གནང་། །
ན་གཞོན་ཕུ་ནུ་སྤུན་ཟླ། །
གང་ན་སུ་ཡོད་ལྷན་རྒྱས། །
བརྩེ་དུང་རྩེད་བྱེད་མ་གནང་། །
མི་ཚེར་སྡིག་ལ་སྦྱར་ཡོང་། །
ཡིག་ནོར་མང་པོ་འདུག
དག་ཡིག་ལ་ཐུགས་སྣང་གནང་རོགས།
ཁྱོད་ལ་སེམས་པ་ཤོར་ཤོར་
བུད་མེད་ཅིག་ལ་སོར་མེད་
ཁྱོད་ལ་སེམས་པ་དགའ་དགའ་
བུ་མོ་གཞན་ལ་སོར་མེད་
སྙན་ངག་ངོ་མ་ཡག་པོ་ཞིག་བྲིས་འདུག་ཀ
སྙན་ངག་ཟི་ཡིན་ནོ་མི་ཤེས་མོད་སེམས་ཚོར་ཞིག་བཤད་འདུག་ ཡག་པོ་རེད།
དངོས་ནས་སྙན་ངག་སྐྱོ་བོ་བྲིས་འདུག་ ཤུ་རེ་ཀོ་ ང་ཡིན་རྒྱུ་ན་
གང་ལྟར་སོང་ས་བསྡད་ས་ནས་སྙན་ངག་སྐྱོ་བོ་རེ་བྲིས་བ་ཧ་ཅང་བཟང་གི་འདོད་ཀི་
ཨ ཨ སྙན་ངག་འདི་དྲའི་སྙན་མོ་བྲིས་ན་ ལྷ་མོ་གཡང་སྤྱན་མ་ཡང་ཐུགས་ཁྲུགས་ཉེན་ཐལ་
སྙན་ངག་རེད་དམ་གཉིད་ངག་རེད། ཧཧཧཧཧཧཧཧ
དངོས་གནས་ཁ་རྒོད་འདི་དག་གི་མཐོང་ས་ཐོས་ས་ཤིག་ནས་འཇོག་རྒྱུ་མེད་གི།