རྟ་ནག་སྐལ་བཟང་ལུང་རིགས།
_________༼མེ་ དང་ཆབ་རོམ༽བསྐྱར་པར་གྱི་སྔོན་འགྲོའི་གཏམ།
བགྲང་བྱ་བཞིའི་སྔོན་གྱི་༼མེ་དང་ཆབ་རོམ༽གསར་དུ་ པར་འདེབས་ཀྱི་སྐབས་ཤིག་སྟེ། ཆུ་ ཐིགས་ཆབ་རོམ་དུ་འགྱུར་བའི་སྨག་གནག་པའི་མཚན་མོ་ཞིག་ལ་བདག་གིས་དཔེ་མཚོན་དཔེ་ དེབ་དེ་ལག་ཏུ་བླངས་ཤིང་། དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་འདུ་ཞིག་བྲང་ལ་སྦྱར་ནས་དཔེ་དེབ་དེ་ཡང་བསྐྱར་ ཐེངས་བཀླགས་པ་ཡིན་ནོ།། དེ་ དང་མཉམ་དུ་བདག་གི་ལང་ཚོའི་དུས་ཚིགས་ཤིག་དང་། ཞི་དུལ་བརྩེ་བའི་དོག་པ་ཞིག རུས་པ་ལེབ་མོ་ཞིག་ཀྱང་ལྟ་ཀློག་བགྱིས་པ་ ཡིན་ནོ།།
སྤྲོ་བས་བརྟས་ འོས་པ་ཞིག་ཅི་ལ་མིན་ཏེ། ༼མེ་དང་ཆབ་རོམ༽ནི་བདག་གིས་ཆེས་ཐོག་མར་པར་འདེབས་བགྱིས་པའི་བརྩམས་ཆོས་གཅིག་ བུ་ཡིན་པས་སོ།།
འདིའི་ཡར་སྔོན་གྱི་བདག་འཚར་ལོངས་ ཀྱི་དུས་ཚིགས་ཁྲོད་དུ་བདག་གི་བྲིས་རྩོམ་ཁ་ཐོར་དག་ཧ་ཅང་མཐའ་འཁོབས་ཀྱི་དུས་ དེབ་དང་ཚགས་པར་གྱི་སྟེང་སྤེལ་མྱོང་ཡང་། སྤེལ་ཟིན་པ་དེ་དག་ནི་བདག་གི་ཡིད་ཆེས་མ་ཚིམས་པའི་བྲིས་རྩོམ་དེ་དག་ཡིན་ཞིང་། རབ་དང་ཕུལ་གྱི་ཡི་གེ་དེ་དག་ནི་འཐེན་སྒམ་ནང་དུ་གཏིང་ཟབ་ཀྱི་ཚུལ་དུ་སྦས་ནས་ ཡོད་དོ།།
ད་དུང་དྲན་ཡུལ་དུ་བསྐྱུད་མེད་པ་ཞིག་ནི། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གཉིས་ ལོར་ཧྲི་ཅ་ཀྲོང་སྐམ་དམག་སློབ་གླིང་དུ་གིས་བསྡུས་པའི་“དམག་སྲིད་སྦྱོང་བརྡར”སྐབས་ཀྱི་ཉིན་ཞིག་ལ། སློབ་ཁྲིད་དམག་དཔོན་གྱིས་གློ་རྡེག་ཏུ་ བཤད་རྒྱུར། པེ་ཅིན་སློབ་ཆེན་གྱི་དགེ་རྒན་རྣམ་པས་ཁྱེད་ཚོར་རེ་ལྟོས་ཆེན་པོ་བགྱིས་ནས་ཡོད་ དོ།། འདི་ནི་དངོས་གནས “ཆབ་རོམ་སྟེང་གི་མགྲོན་པོ”དང་མཚུངས་པའི་ ཐག་རིང་གི་འཕྲིན་གསར་ཞིག་ཡིན་ནོ།།
དེ་ལྟ་ནའང་། ང་ཚོས་པེ་ཅིན་སློབ་ཆེན་དུ་རྒྱུགས་སྤྲད་ནས་ལོ་ཕྱེད་གཅིག་འཁོར་སོང་ ཡང་། པེ་ཅིན་སློབ་ཆེན་གྱི་སློབ་སྒོར་འཛུལ་ཞུགས་དངོས་གནས་པ་དེ་བྱས་མེད་གཤིས། བརྡ་ཐོ་ལག་ཏུ་བཟུང་ཞིང་། ༼མོའོ་ཙེ་ཏུང་གི་རྩོམ་བཏུས༽ཁུར་དུ་བསྣམས་ནས་ཐད་ཀར་དུ་ཧྲི་ཅ་ཀྲོང་སྐམ་དམག་ སློབ་གླིང་དུ་འབྱོར་ཐོ་བཀོད་པ་ཡིན་ནོ།།
ཟླ་བ་འགའི་རིང་གི་འགྱུར་བ་མེད་པའི་དཀའ་སྡུག་ ཁྲོད་ཀྱི་སྦྱོང་བརྡར་དང་། གཞུང་ལུགས་སྟོང་བཤད་དེས་བདག་གི་སྙིང་སྟོབས་འཐོར་ཞིག་གི་གནས་སུ་གྱར་བར་ བགྱིས་སོང་། དེ་བས་ས་མཐའ་བ་བདག་གི་སེམས་པ་ནི་ཉི་མ་རེ་རེ་བཞིན་པེ་ཅིན་སློབ་ཆེན་གྱི་ ཕྱོགས་སུ་ཤོར་འགྲོ། དེ་ལྟ་ནའང་། ཚ་ཡོན་ཕེ་དང་། ཁྲིན་ཏུའུ་ཞོ། ལོའུ་ཞོན། ཧོའུ་ཧྲི་བཅས་ལ་མཇལ་བའི་བསྐལ་བ་ནི་ཇི་སྲིད་འཚོའི་བར་དུ་མེད་ལ། ད་དུང་སྤྲིན་རླུང་ཁ་ལོ་སྒྱུར་མཁན་གྱི་ལོ་རབས་བརྒྱད་ཅུ་བའི་བློ་འབྱེད་དམ་པ་ རྣམས་ལ་མཇལ་བའི་སྐལ་བའང་བྱིངས་ནས་མེད་པ་ཡིན་ནོ།། དེ་ ལྟ་ནའང་། པེ་ཅིན་སློབ་ཆེན་ནི་བདག་གི་མིག་དང་སེམས་ནང་གི་ལྷའི་ཞིང་ཁམས་གཅིག་བུ་དེ་ཡིན་ པས། བདག་གི་དྲན་ཤེས་དུས་གཏན་དུ་རབ་རབ་ཏུ་འགྱུར་མི་སྲིད་པ་ཡིན་ནོ།། བདག་པེ་ཅིན་སློབ་ཆེན་གྱི་དགེ་རྒན་དག་ དང་མཇལ་འདོད་ཀྱི་འདུན་པ་ནི་སྐོམ་པས་ཆུ་འདོད་ལྟར་རེད་ཨང་། ཁོ་ཚོ་ནི་བདག་གི་མིག་དང་སེམས་ཁོང་དུ་ གནས་པའི་ཤ་འབྲེལ་ཁྲག་འབྲེལ་གྱི་སྤུན་ཟླ་དག་དང་ཅི་འདྲའི་མཚུངས་ཨང་།
པེ་ཅིན་སློབ་ཆེན་དང་ཞལ་མཇལ་གྱི་དུས་སུ། སྐམ་དམག་སློབ་གླིང་གི“རུ་ཁག་འབྲིང་བ”དང་། “ལྗོངས་རུ་ཁག”བཅས་ཀྱི་སྒྲིག་གཞི་སོགས་གཞི་ ནས་བསྒྱུར་ཏེ་སྡེ་ཁག་གཞན་དག་ལ་བཀོད་སྒྲིག་བགྱིས་སོང་། ང་ཚོ་སློབ་བུ་བཞི་བཅུ་ལྷག་རྒྱའི་སྐད་ཡིག་སྡེ་ཁག་ དགུ་བའི་རིམ་པ་གཉིས་པའི་སློབ་ཁང་དུ་འདུས་ཤིང་། དེ་ དང་ལྷན་དུ་སྡེ་ཁག་གི་འགན་འཛིན་སྐུ་ཞབས་སོན་ཡེས་ཧྲི་དང་། འཛིན་གྲྭའི་དགེ་རྒན་ལོ་གཞོན་ཁ་ཤས་དང་མཉམ་འཛོམས་བྱུང་སོང་ངོ་།།
དེ་ལྟ་ནའང་། ལྷན་ འཛོམས་ཀྱི་ཁོར་ཡུག་དང་དངོས་སུ་མཇལ་དུས་དེ་སྔ་བདག་གི་དྲན་ཡུལ་དུ་འཁོར་བའི་ འདོད་བློ་གཏན་དུ་ཚིམས་པའི་བྱམས་བརྩེ་དེ་འདྲ་ཞིག་ཁྱོན་ནས་མ་རེད་དོ།། སོན་སྐུ་ཞབས་ཀྱིས་གཟབ་ནན་གྱི་གཏམ་བཤད་ ཐུང་ངུ་ཞིག་སྤེལ་བ་དང་མཉམ་དུ་མངོན་ཡོང་བ་སྟེ། བལྟས་ཚོད་ཀྱིས་རང་ལོ་སུམ་ཅུར་མ་བརྒལ་བའི་གཞོན་སྐྱེས་དགེ་རྒན་དེ་ དག་གི་རྣམ་འགྱུར་ནི་དེ་འདྲའི་གྲང་ཤུར་ཤུར་ཞིག་རེད་ཨང་། དུས་སྐབས་དེ་ནི་ ང་ཚོ་ལ་སེམས་ཁྲལ་ཞིག་དང་སེམས་གསོ་ཞིག་ཅིས་ཀྱང་མཁོ་བའི་དུས་ཚོད་ཅིག་ཡིན་པ་ དེ་ལྟ་ནའང་། དེ་དག་གིས་ང་ ཚོ་ལ་རེ་བ་ཞིག་དང་སེམས་ཁུར་ཞིག ད་དུང་སེམས་གསོ་ཞིག་ཁྱོན་ནས་སྦྱིན་མ་སོང་ངོ་།།
དགེ་རྒན་གྱི་གཏམ་བཤད་མཇུག་རྫོགས་སོང་། ད་ནི་སློབ་བུ་དག་གིས་དྲི་བ་གདོན་པའི་ དུས་ལ་བསླེབས་པའོ།། སློབ་བུ་དག་གི་བྱིས་བློ་ལྟ་བུའི་དྭངས་གཙང་གི་སེམས་པའི་ངོས་ན་བདོག་པའི་དྲི་ ཚིག་ཁ་ཤས་ཏེ། སློབ་ཆེན་ནང་ རོལ་གྱི་གནད་དོན་ཁ་ཤས་སྔ་རྗེས་རིམ་བརྩད་ཀྱིས་དྲིས་བྱུང་སོང་ངོ་།།
ཁོ་བོས་ཀྱང་སྙིང་སྟོབས་ཤིག་ཅིས་ཀྱང་བསྐྱེད་དེ་ སོན་སྐུ་ཞབས་ལ་འདི་ལྟར་དྲིས་ཡིན། “དགེ་རྒན་ལགས། པེ་ ཅིན་སློབ་ཆེན་ལ་རང་ཉིད་ཀྱི་དཔར་སྐྲུན་ཁང་ཡོད་དམ། སློབ་མའི་བརྩམས་ཆོས་པར་དུ་གདབ་སྲིད་དམ།”
སོན་སྐུ་ཞབས་ ཀྱིས་བཞིན་རས་གནག་ཞོར་དུ་ལན་ལྡོན་པ། “པེ་ཅིན་སློབ་ཆེན་ལ་པར་སྐྲུན་ཁང་ཡོད། དེ་ལྟ་ནའང་། དགེ་ རྒན་ཆེན་མོ་དག་གི་རིག་གཞུང་བརྩམས་ཆོས་མ་གཏོགས། སློབ་བུ་དག་གི་གསར་བྲིས་ཀྱི་རྩོམ་རིག་བརྩམས་ཆོས་པར་དུ་པར་དུ་ གདབ་མི་སྲིད། ཡང་བསྐྱར་འཆད་ རྒྱུ་ཞིག་སྟེ། པེ་ཅིན་སློབ་ ཆེན་གྱི་རྒྱའི་སྐད་ཡིག་སྡེ་ཁག་གིས་སློབ་བུ་དག་རྩོམ་པ་བོར་འགྱུར་བའི་ཕྱོགས་ སུ་བརྟུན་པ་སྐྱེན་གྱིན་མེད་དེ། འདི་ནི་མཁས་དབང་སྐྱེད་སྲིང་བྱ་ས་ཡིན་པས་སོ། ”
སོན་སྐུ་ཞབས་ཀྱིས་ལན་ལྡོན་པ་དངོས་གནས་བདེན་ཏེ། འདས་ཟིན་པའི་བགྲང་བྱ་བཅུའི་རིང་ཐད་དུ་ པེ་ཅིན་སློབ་ཆེན་པར་ཁང་གིས་པར་ཏུ་བཏབ་པའི་སློབ་མའི་བརྩམས་ཆོས་ཤིག་ལེགས་ཉེས་ གང་རུང་ལ་མ་ལྟོས་པར་མཐོང་ལམ་དུ་བྱུང་མྱོང་མེད་པས་སོ།།
ཡིན་ནའང་། སོན་སྐུ་ཞབས་ཀྱིས་ལྡོན་པའི་ལན་དེས་བདག་གི་ཆེས་ཐོག་མའི་རེ་སྨོན་ལ་ རྒྱས་བཏབ་པ་ཡིན་ཏེ། སྐབས་དེ་ནི་བདག་གི་ལག་ཐོག་ཏུ་ཡོད་པའི་ཡིག་འབྲུ་ཁྲི་ཉི་ཤུ་ལྷག་ཅན་གྱི་བྲིས་ རྩོམ་མ་བཤུ་དེ་པར་འདེབས་ཀྱི་ཉེར་བསྡོགས་བརྩམས་དང་རྩོམ་བཞིན་ཡོད་པས་སོ།།
སོན་སྐུ་ཞབས་ཀྱིས་རྒྱའི་སྐད་ཡིག་སྡེ་ཁག་ནི་ མཁས་པའི་དབང་བོ་འབའ་ཞིག་སྐྱེད་སྲིང་བྱ་ཡུལ་ཡིན་པ་ལས། རྩོམ་པ་བོ་དེ་ལྟར་མ་ཡིན་པས་སྐད་ཆ་དེས་ང་ཚོའི་སེམས་པ་སྡུག་བསྔལ་གྱིས་བཟི་བར་ བྱས་སོང་། ལོ་གཞོན་དག་ལ་ མཚོན་ནས་བཤད་ན། རྩོམ་རིག་ནི་བརྩེ་བ་དང་། ཞི་འཇམ་ཡིན་ལ། རོ་མངར་གྱི་བདུད་རྩིའང་ཡིན་པས་སོ།། རིག་པའི་གཞུང་ལུགས་ནི་སྒམ་ནན་དང་། སྲ་མཁྲེགས། རང་རློམ་ཅན་ཡིན་ཕྱིར་མི་ཚང་མ་སྔ་མར་མོས་ལ། ཕྱི་མ་དང་བློ་རྒྱང་དུ་བཀྱེད་པ་ཡོད་པ་ནི་མངོན་སུམ་གྱི་ཡུལ་དུ་གྲུབ་ནའང་། སོན་སྐུ་ཞབས་ཀྱིས་དེ་ལྟར་དུས་ཐོག་ཏུ་ ཉེན་བརྡ་བཏང་སོང་ངོ་།།
དེ་ལྟ་ནའང་། བདག་གི་བསམ་པར་སློབ་གསོ་ཞེས་པ་ནི་དཔེ་མཚོན་ཞིག་དང་ཚད་གཞི་ཞིག་ གིས་གཏན་ལ་འབེབ་པ་ནི་ཤིན་ཏུ་ནས་མི་རིགས་སོ་སེམས་ཏེ། སློབ་ཕྲུག་གི་ཆེས་མཐའ་ མའི་འབྲས་བུ་སྟེ། མཁས་པའི་དབང་བོའམ། རྩོམ་པ་བོ་གང་ཞིག་ཏུ་འགྱུར་མིན་ནི་སྐྱེས་པ་ནས་བདོག་པའི་རང་དབང་གི་འཕེལ་ འགྱུར་ལ་བལྟོས་པ་ཡིན་པས་སོ།། སྐབས་དེར་སོན་སྐུ་ཞབས་ལ་གནས་ལུགས་ཀྱིས་རྒོལ་བའི་བློ་སྤོབས་དེ་ བདག་ལ་གང་དུ་ཡོད། དེ་ལྟ་ ནའང་། བདག་གིས་རྩོམ་རིག་གི་རྨི་ལམ་དེ་ཅིས་ཀྱང་དོར་ཐབས་བྱིངས་ནས་མེད་དོ།།
ལོ་གཉིས་པར་པེ་ཅིན་སློབ་ཆེན་དུ་དངོས་སུ་འཛུལ་ ཞུགས་བྱས་རྗེས། ཆེད་སྦྱོང་ སློབ་ཁྲིད་དང་། བདམས་སྦྱོང་སློབ་ཚན། སྣ་འཛོམས་ཀྱི་འཆད་ཁྲིད་ལ་ཉན་པ་ལས་གཞན། དུས་ཚོད་ཡོད་ཚད་དཔེ་མཛོད་ཁང་དུ་བསྐྱལ་ བ་ཡིན་ཞིང་། བཀྲུས་ཏེ་དཀར་བོར་གྱུར་བའི་དཔེ་ ཁུག་དེའི་ནང་དུ་མཐུག་པོ་སོ་ཕག་ལྟ་བུའི་བསྟན་བཅོས་རེ་ཡོད་ལ། དེའི་ཤོག་ལྷེ་རེ་རེ་བར་ན་བདག་གི་བྲིས་ རྩོམ་གྱི་མ་བཤུ་རེ་རེ་ཡོད་པ་ཡིན་ནོ།།
ཆུ་མོ་བཞུར་ཞིང་ལོ་མ་ལྷུང་བའི་སྣོལ་མཚམས་དང་། རྩ་ལྗང་དང་སྤྲིན་དཀར་གྱི་བརྗེ་སྤོར་ཁྲོད་དུ་བདག་གིས་ཀྱང་ཡི་གེ་རེ་རེ་དང་ ཤོག་ལྷེ་རེ་རེ་ཉར་ཚགས་བགྱིས་ཏེ་ཡོང་བ་ཡིན། བདག་གིས་བྲིས་ཟིན་པ་དག་ཅི་ཞིག་ཡིན་ནམ། ལྷུག་རྩོམ་ཡིན་ནམ། འབོལ་རྩོམ་ཡིན། བཅད་ལྷུག་སྤེལ་མ་ཡིན། ཡང་ན་ཟིན་ཐོ་ཡིན། འདིའི་ཕྱོགས་སུ་བདག་གིས་མནོ་བསམ་ཅི་ཡང་ བཏང་མྱོང་མེད་དོ།།
པེ་ཅིན་སློབ་ཆེན་ལ་ཡུན་རིང་གི་སྲོལ་རྒྱུན་ གཉིས་ཡོད་དེ། གཅིག་ནི་སློབ་གླིང་རྩོམ་རིག་གི་སྲོལ་རྒྱུན་དང་། ཅིག་ཤོས་ནི་ཚོད་བགམ་སྙན་ངག་གི་སྲོལ་རྒྱུན་ནོ།། གསལ་ལ་མི་གསལ་བའི་གདོང་ལེན་སྙན་ངག་དེ་དག་ནི་དུས་རབས་ནས་དུས་རབས་བརྒྱུད་དེ་ འོང་བའི་པེ་ཅིན་སློབ་ཆེན་གྱི་མི་བོ་ཆེ་དེ་དག་གི་རོལ་མྱོང་བྱ་ཡུལ་དང་སེམས་པ་ འཁྲི་སའི་རྩོམ་ལུས་ཤིག་གོ། ཅིག་ ཤོས་ནི་སྒམ་ནན་གྱི་རིག་གཞུང་སྲོལ་རྒྱུན་ཏེ། འབྱུང་གཞིར་ཞིབ་འཇུག་དང་འགྲེལ་བཤད་འགངས་ཆེན་དུ་བརྩི་བའི་སྲོལ་རྒྱུན་ཞིག་ ཡིན། གཞུང་དངོས་དང་བསྡུར་ ནས་འགྲེལ་བཤད་དང་དཔྱད་རྩོམ་རིང་བོ་ཞིག་བྲི་རྒྱུ་ནི་པེ་ཅིན་སློབ་ཆེན་གྱི་ སློབ་བུ་དག་གི་བླ་ན་མེད་པའི་ཕུགས་བསམ་ཁྲོད་བདོག་པའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ ནོ།།
བདམ་ག་འདི་གཉིས་ཀྱི་གང་ཡིན་ཡང་བདག་གིས་ཡིད་ ཚིམས་པའི་ངང་ནས་གུས་བརྩི་བྱེད་བཞིན་ཡོད། དེ་ལྟ་ནའང་། སེམས་ གཏིང་ནས་མགུ་བ་དེ་འདྲ་མེད་ཅིང་། ལྷག་པར་དུ་རང་ཉིད་ཀྱི་མི་ཚེ་དེའི་ཕྱོགས་སུ་གཏང་བསམ་པ་ཡེ་ནས་མེད། ང་རང་ཆེས་མོས་ས་ནི་རང་ཉིད་ཀྱི་གཉུག་མའི་ཚེ་སྲོག་གི་རྣམ་པ་གཞི་ལ་བཞག་སྟེ་ བྲིས་པའི་བརྩམས་ཆོས་དག་ཡིན་ཞིང་། དཔེ་བཞག་ན་དེ་འདྲ་བའི་བརྩམས་ཆོས་ལ་མིང་ཇི་ལྟར་གདགས་དགོས་ཚུལ་ལ་ སོགས་ཏེ། ངས་བལྟས་ན་འདི་ དག་ནི་ཉམས་རྒུད་དུ་ཕྱོགས་བཞིན་པའི་གནད་དོན་གཅིག་བུ་རེད་སེམས་སོ།།
ལོ་རེ་རེ་ཡི་གུང་གསེང་སྐབས་སུ་བདག་གིས་གསོག་ འཇོག་བགྱིས་ནས་ཡོད་པའི་རྩོམ་ཡོན་གྱི་དངུལ་ལོར་བརྒྱ་ཕྲག་ཁ་ཤས་སྤྱད་དེ། སློབ་གསེང་ལ་བྲིས་པའི་བརྩམས་ཆོས་དག་ གློག་ཀླད་ལས་པར་བཤུས་བཏབ་ཅིང་། བསྐྱར་པར་ལ་གཟེར་བུས་མནན་པའི་དེབ་ཉི་ཤུ་ནས་སུམ་ཅུའི་བར་གྲུབ་པར་བགྱིས་པ་ ཡིན། སློབ་སྐབས་རྗེས་མ་ཡང་བསྐྱར་བསླེབས་དུས་བདག་གིས་དགེ་རྒན་དང་གྲོགས་ པོ་ཚོར་དེབ་རེ་བསྟབས་ཏེ། དགོངས་འཆར་རེ་བསྩལ་བའི་རེ་ བ་ཞུས་པ་ཡིན། དེའི་རྗེས་ཡི་གེ་འདི་དག་ནི་དགེ་རྒན་དང་སློབ་གྲོགས་བར་ཚོའི་བར་དུ་རེས་མོས་ ཀྱིས་འཁོར་བའི་འགོ་བཙུགས་སོང་ངོ་།།
དུས་ཡུན་ཐུང་ངུ་ཞིག་གི་རིང་ལ། བདག་གིས་བྲིས་རྩོམ་དག་ལ་༼བསམ་གཞིག་གི་མི ༽ཞེས་ཁ་བྱང་དུ་བསྙད་ནས་བསྐྱར་པར་ཐེངས་ཤིག་བྱས་པ་ཡིན་ལ། མུ་མཐུད་ནས་བསྒྲུབ་རྒྱུར་དཔལ་འབྱོར་གྱི་ ཚད་བཀག་ཐེབས་སོང་། ཤིན་ཏུ་ནས་མི་འོས་པ་ཞིག་ནི་བདག་གིས་རང་ཁྱིམ་དུའང་དཔེ་དེབ་པར་འདེབས་ཀྱི་མ་ དངུལ་སློང་དགོས་བྱུང་སོང་བ་དེའོ།། ཅི་བྱ་གཏོལ་མེད་དུ་གྱུར་པའི་དུས་སྐབས་དེར། བདག་གི་གྲོགས་པོ་དམ་
པ་ཙན་ཨེ་ཙོང་གི་སྙན་ལམ་དུ་བདག་གི་གནས་ཚུལ་དེ་ འབྱོར་བས། གློ་རྡེག་དུ་ གྲོང་ཁྱེར་ནས་པེ་ཅིན་སློབ་ཆེན་དུ་བསླེབས་ཤིང་ཞོར་དུ་བདག་ལ་རྒྱ་སྒོར་ཆིག་ སྟོང་སྤྲད་བྱུང་། ཙན་ ཨེ་ཙོང་ནི་རྒྱུ་དང་འབྱོར་བས་ཁེངས་པའི་སྦྱིན་བདག་ཅིག་གཏན་ནས་མ་རེད། ཁོའང་བདག་ནང་བཞིན་གྱི་ལོ་གཞོན་སྟག་ཤར་ ཞིག་སྟེ། ཚགས་པར་ཁང་ཆུང་ངུ་ ཞིག་གི་གསར་འགོད་པ་རེད། ཁོའི་སེམས་ཁོང་དུ་བདོག་པའི་དྭངས་གཙང་གི་ལང་ཚོ་དང་ཕུགས་བསམ་ཡོད་ཚད། རྒྱལ་སའི་ངོ་གདོང་ནས་འཕྱུར་ཡོང་བའི་བྱེ་རླུང་དང་ལྷན་དུ་འཕྱོ་བཞིན་ཡོད་དོ།། རྗེས་སུ་བདག་གིས་གཞི་ནས་ཤེས་རྟོགས་ བྱུང་སོང་བ་ཞིག་ནི་ཁོང་གི་ཟླ་རེ་ཡི་ཡོང་སྒོ་འབའ་ཞིག་ནི་སྒོར་ཆིག་སྟོང་ལས་ མེད་པ་དེའོ།། ཟླ་རེར་ཐོབ་ པའི་དངུལ་ལོར་ཉུང་ཙམ་དེ་ཆེས་མཐོ་བའི་ཁང་ཡོན་དུ་དབུལ་དགོས་པ་ལས་གཞན། ད་དུང་ཉིན་རེ་ཡི་སོ་ཚིས་ཀྱང་དེ་ལས་གཞན་ དུ་ཅི་ཡང་མེད། ཐེངས་འདིར་ ཁོང་གིས་བདག་གི་མཐུན་རྐྱེན་དུ་སྦྱར་བ་དེ་དག་ནི་ཟླ་ངོ་ཁ་ཤས་ལ་སྲི་ཚགས་བགྱིས་ ནས་ཡོང་བ་ཤ་སྟག་རེད་དོ།།
ཁོང་ ནི་བདག་གི་བརྩེ་སེམས་ཀྱི་གཏིང་ཟབ་ས་ན་ཉར་ཡོད། བདག་གིས་ཁོང་ལ་གཏན་ནས་བརྗོད་མ་མྱོང་བ་ ཞིག་ནི། “ཐུགས་རྗེ་ཆེ”ཞེས་པ་དེ་ཡིན་ཏེ། འདི་ལྟ་བའི་གྲོགས་པོ་ཞིག་ལ་མཚོན་ན་འདི་ནི་གུས་ཞབས་ལྷག་མ་ཞིག་གོ།
༼མེ་དང་ཆབ་རོམ༽དངོས་སུ་པར་འདེབས་མ་བྱས་པའི་ཡར་ སྔོན་དུ་བདག་གིས་རང་ཉིད་ཀྱི་ཟིན་བྲིས་བཞི་རྩོམ་སྒྲིག་བགྱིས་པ་ཡིན་ཏེ། ༼འགྲུལ་བཞུད་པའི་ཟིན་ཐོ༽དང་། ༼སང་ཉིན།༽ ༼རྒྱང་རིང་།༽ ༼བསམ་གཞིག་གི་མི།༽བཅས་སོ།།
དེབ་རེ་རེ་ལ་ ཡིག་འབྲུ་ཁྲི་བཅུ་ལས་མི་ཉུང་ཞིང་། ཁྲི་ཉི་ཤུ་ལས་མི་མང་བ་ཡིན། བགྲང་བྱ་གཉིས་ཀྱི་ནང་དུ་དེབ་འདི་དག་རྩིང་སྒྲིག་དང་བསྐྱར་པར་བྱས་ཏེ་པེ་ཅིན་ གྱི་མཐོ་རིམ་སློབ་གྲྭ་ཁ་ཤས་ནང་དུ་བསྐྱར་སྐོར་བྱེད་དུ་བཅུག་པ་དེ་དང་། ༼མེ་དང་ཆབ་རོམ༽ཁྲོད་ཀྱི་རྩོམ་ཡིག་ཁ་ཤས་ནི་ཐབས་ཆག་གི་ལག་ དེབ་དེ་དག་ལས་བདམས་པ་ཡིན་པ་དེའོ།།
༼མེ་དང་ཆབ་རོམ༽པར་འདེབས་ཀྱི་རྒྱུ་མཚན་ཁ་ཤས་ནི་ གློ་རྡེག་ཏུ་གྲུབ་པ་ཡིན་ཏེ། སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོའི་ཟླ་བ་བཅུ་བར་སྐུ་ཞབས་ཅན་ལིས་ཆོན་གྱིས“ལོའུ་ཞུན་གྱི་སྒེར་ཚུགས་བསམ་བློ”ཞེས་ པའི་རིག་གཞུང་དཔྱད་གླེང་འདུ་ཚོགས་སུ་ཁོ་བོ་མགྲོན་འབོད་གནང་སོང་། དེ་དུས་ང་རང་ཞིབ་འཇུག་འཛིན་གྲྭར་ཞུགས་ རྒྱུར་ཟླ་བ་གཅིག་མ་ཟིན་ཙམ་འདུག རྒྱུན་ལྡན་གྱི་ གནས་ལུགས་གཞིར་བཟུང་ནས་བཤད་ན། ཞིབ་འཇུག་གི་སྒོ་ཐེམ་དུའང་བརྒལ་ མྱོང་མེད་པའི་སློབ་བུ་ཞིག་ལ། འདི་ ལྟའི་ཕུལ་དང་རབ་དང་རྩེ་མོ་ཡིན་པའི་མཁས་དབང་དག་གི་རིག་གཞུང་དཔྱད་གླེང་གི་ འདུ་ཚོགས་སུ་ཞུགས་རྒྱུའི་ཐོབ་ཐང་ཞིག་གང་ན་ཡོད།
ཡིན་ ནའང་། ཆན་སྐུ་ཞབས་ཀྱིས་བདག་ལ་ འདི་ལྟར་བསྙད་དེ། ལོའུ་ཞུན་ཞིབ་འཇུག་ཁམས་ཀྱི་ཞིབ་ འཇུག་པ་གང་ག་ལོ་ཚོད་ཀྱིས་ཆ་ནས་བགྲེས་སོང་ཚོ་རེད། ལོ་འདི་འགར་ང་ཚོ“སྐྱ་ཟད་སྔོ་གཏུག་”གི་ཉེན་ཁ་ཞིག་དང་ཕྱོགས་ ཡོངས་ནས་འཕྲད་ཀྱིན་འདུག་པས། བགྲེས་སོང་དག་གི་རེ་བ་ཡིན་ན་ལོའུ་ཞིན་ཞིབ་འཇུག་གིས་ན་གཞོན་སྐོར་ཞིག་འདུ་ ཚོགས་སུ་ཞུགས་སུ་གཞུག་རྒྱུ་དེ་དང་། བགྲེས་སོང་བ་དག་ གིས་ཀྱང་ན་གཞོན་དག་གི་སྐད་སྒྲ་ལ་ཉན་པའི་རེ་བ་ཤུགས་ཆེན་པོ་ཡོད་པ་དེ་དང་། རིག་གཞུང་གི་ ཁམས་སུ་ཟུངས་ཁྲག་གསར་བ་སྩོལ་བའི་ནུས་པ་ནི་ན་གཞོན་དག་ལ་ཡོད་ཅེས་ཡིད་ཆེས་ བྱེད་བཞིན་གདའ་ཞེས་པ་དེའོ།།
འདི་ནི་བདག་གི་མི་ཚེ་ཁྲོད་ཀྱི་ཆེས་ཐོག་མའི་ རིག་གཞུང་འདུ་ཚོགས་སུ་ཞུགས་པ་དེ་ཡིན། འདུ་ཚོགས་ཚན་ཁག་འགན་ལེན་པ་ནི་སྐུ་ཞབས་ཞོ་ཅོན་གྱི་བུ་ཞོ་མེན་རེད། ཚོགས་འདུ་དངོས་སུ་ཚུགས་དུས་བདག་གིས་ ཆེས་གུས་བརྩི་བྱ་ས་སྟེ། དེང་རབས་རྩོམ་རིག་ཁྲོད་ཀྱི་མཁས་དབང་ཝང་ཏི་ཧོ། ཝང་ཆིན་ཁོན། ཀྲང་མིན་ཡང་། ཞུའུ་ལིན། སོན་ཡོའུ། ཝང་ཧྲི་ཅ། ཀྲོའུ་ཀྲིན། གོ་ཡོན་ཏོང་། མོ་ལོ་བཅས་དང་། ལུའུ་ཞུན་ བརྩམས་ཆོས་ཀྱི་རི་མོའི་ཕྱོགས་སུ་མི་ཚེ་གཅིག་ལ་བརྟུན་པ་བསྐྱེད་ནས་ཡོང་བའི་ རི་མོ་མཁན་ཏེ། ཆོའུ་ཧྲ་དང་ ཝེའེ་ཅོན་ཁྱོ་ཤུག་གཉིས་བཅས་བདག་གིས་གཞི་ནས་ངོ་ཤེས་བྱུང་ངོ་།། བགྲང་བྱ་ཁ་ཤས་འདས་རྗེས། མཁས་དབང་འདི་དག་ནི་བདག་གི་མི་ཚེ་བགྲོད་ ལམ་སྟེང་གི་དགེ་རྒན་རླབས་ཆེན་དང་གྲོགས་པོ་བླ་མེད་དུ་གྱུར་སོང་བ་ཡིན་ནོ།།
ཚོགས་འདུ་གྲོལ་རྗེས། བདག་གིས་བསྐྱར་པར་གྱི་ཟིན་ཐོ་དེ་དག་སྐུ་ ཞབས་ཀྲུའུ་ཝེ་ཡི་ཕྱག་ཏུ་གཏད་ནས་དགོངས་འཆར་སྩོལ་ཅིག་ཅེས་ཞུས་པ་ཡིན། སྐུ་ཞབས་སོན་ཡུའུ་ནི་མི་བྱང་སེམས་པ་ ཞིག་སྟེ། མཉམ་དུ་བསྡུ་སྒྲིག་བགྱིས་ནས་ཡོད་པའི་བྲིས་རྩོམ་འདི་དག་ལ་སེམས་ཁྲལ་མཛད་སོང་། ཁོང་གིས་པར་སྐྲུན་ཁེ་ལས་པ་སྐུ་ཞབས་ཧོ་ ཞུང་ཧྥེ་ངོ་ཤེས་པས། རྗེས་སུ་ཁོང་གིས་བདག་གི་བྲིས་རྩོམ་དག་སྐུ་ཞབས་ཧོ་ཞུང་ཧྥེ་ལ་བརྒྱུད་སྤྲོད་ དང་། ཁོང་གི་རེ་བ་བཞིན་པར་ འདེབས་ཀྱི་སྡོངས་གྲོགས་མཛད་དགོས་པར་ངོ་སྤྲོད་བྱས་སོང་།
མིག་འོད་མི་སྙོམས་པའི་ཧོ་སྐུ་ཞབས་ནང་སོག་ཏུ་ ཕྱིར་ལོག་པའི་མེ་འཁོར་ནང་དུ་བདག་གི་བྲིས་རྩོམ་བཀླགས་ཚར་བར་བྱས་འདུག ཁོང་ལ་མཚོན་ནས་བཤད་ན། མེ་འཁོར་ནང་གི་མཚན་མོ་དེར། “སྙན་ འགྲམ་ནི་མེ་འཁོར་གྱི་ལྡིར་སྒྲ་དང་། སྤྱན་ལམ་ནི་ཆེམ་ཆེམ་གྱི་གློག་འོད་ཡིན་ནོ།”
ཉིན་གཉིས་པར་བདག་ལ་ཧོ་སྐུ་ཞབས་ཀྱི་ཁ་པར་འབྱོར་ བྱུང་། ཁོང་གིས་མ་དངུལ་བཏང་ནས་པར་འདེབས་བྱ་རྒྱུར་མོས་མཐུན་བྱས་སོང་། སྐུ་ཞབས་ཁོང་ཉིད་སྔོན་མར་ནང་སོག་ཏུ་ཀུང་ ཟིའི་ལས་ཀར་ཞུགས་ཀྱང་། གློ་རྡེག་ལ་པེ་ཅིན་དུ་བྲེལ་འཚུབ་ཀྱིས་ཡོང་ནས་འབྲེལ་མཐུད་རྩོམ་པ་བོའི་འགན་ བླངས་པ་རེད་དོ།།
འགལ་རྐྱེན་ཐེངས་ཁ་ཤས་རྗེས་སུ་སོན་ཡུའུ་སྐུ་ ཞབས་ཀྱི་གཞུང་སྒྲུབ་ཁང་དུ་ང་ཚོ་ཆེས་ཐོག་མར་ལྷན་དུ་འཛོམས། དེ་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོ་སྟེ་གནམ་གཤིས་ཤིན་ཏུ་ནས་གྲང་ བའི་དགུན་དུས་ཤིག་གི་ཉིན་གུང་རེད། བདག་གིས་སྤྱི་སྤྱོད་རླངས་འཁོར་གཉིས་རིམ་པར་བརྗེས་ཏེ་དུས་ཚོད་ གཉིས་ལ་སོང་མཐར་གཞི་ནས་བསླེབས། ཟས་ཅོག་དེའི་སྟེང་དུ་བདག་གིས་པར་འདེབས་ཀྱི་མགོ་མཇུག་བར་གསུམ་ཧོ་སྐུ་ཞབས་ལ་ སྐྱབས་ཞུ་མཛད་པས། ཁོང་ གིས་༼མེ་དང་ཆབ་རོམ༽པར་འདེབས་ཀྱི་བྱ་བའི་སྒྲུབ་རིམ་ཡོད་ཚད་མོས་མཐུན་དང་དང་ ལེན་བྱས་སོང་། སླར་ཡང་ བསམ་ཡུལ་ལས་བརྒལ་བའི་མི་མཐུན་པའི་རྐྱེན་ངན་མང་བོ་ཞིག་བརྒྱུད་ཅིང་། རྒྱུད་རིམ་དེའི་ཁྲོད་ཀྱི་སྤྲོ་སྣང་མངའ་ བའི་གསར་འགྱུར་རིགས་ཤིག་བྱིངས་ཀྱིས་ཡིན་ཆོག་པའི་བརྩམས་ཆོས་རིང་བོ་ཞིག་སྤེལ་ བ་ཡིན། སྤྱི་ ལོ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ཀྱི་ཟླ་བ་བཞི་བར་བསླེབས་སོང་། མཐའ་མཇུག་བདག་གི༼མེ་དང་ཆབ་རོམ༽པར་དུ་བཏབ་པ་ཡིན་ནོ།།
དེའི་རྗེས་ཀྱི་ལོ་ངོ་བཞིའི་ནང་། དེབ་འདི་ནི་སྨིན་ཐག་མ་ཆོད་པར་“ཁྱེར་ནས་ཡོང་བའི་ཁྲག་གི་རླངས་པའི་”འབོལ་ རྩོམ་གཅེས་བཏུས་ཤིག་སྟེ། བདག་ལ་ཐོབ་པ་ནི་བདག་རང་ཉིད་དང་ཆེས་རྒྱང་ཐག་རིང་བའི་གོང་ཐང་ཐག་གཅོད་ཙམ་མོ།། ད་དུང་མི་ཤིན་ཏུ་མི་ཉུང་བ་ཞིག་གི་ཁ་ གདངས་མཆེ་བགྲད་ཀྱི་བསྟིང་ཚིག་དང་འཁོན་འཛིན་ཀྱང་ཞར་ལ་དྲུད་ནས་བསླེབས་སོང་། བདག་གི་འདུ་ཤེས་སུ་འདི་ལྟར་འཁོར་ཡོང་སྟེ། དུས་རབས་འཁོར་སྐྱོད་ཀྱི་ལྷིང་འཇགས་དང་ཆབ་རོམ་ཁྲོད་དུ་མི་རྣམས་ཀྱིས་འདི་ལྟར་ རྒྱང་རིང་ཞིག་ནས་སྐད་སྒྲ་མི་འདྲ་བ་རེ་ཨེ་ཐོས་ཀྱི་རེ་སྨོན་ཤིན་ཏུ་ཟབ་བོ།། མི་རྣམས་ཀྱིས་ཡི་གེ་ནི་འཁྱག་གཏོར་གྲུ་གཟིངས་ཤིག་ དང་མཚུངས་པར། ཆབ་རོམ་དག་འགས་གཏོར་བྱས་པའི་འཕྲིན་གསར་ཞིག་ཨེ་ཐོས་ཀྱིས་རེ་བ་དེ་ལས་ཆེའོ།།
༼མེ་དང་ཆབ་རོམ༽ གྱི་དུས་ཚོད་དེ་ཙམ་གྱིས་འདས་སོང་། ༼མེ་དང་ཆབ་རོམ༽གྱིས་བདག་ལ་སྤྲོ་བ་ཞིག་ སྦྱིན་པ་དང་མཉམ་དུ་འགྱོད་སེམས་ཤིག་ཀྱང་ངང་གིས་སྤྲད་ཡོང་ངོ་།། འགྱོད་པའི་རྒྱུ་མཚན་བསྙད་དུ་ཡོད་དེ། དེབ་ རེ་རེ་དང་རྩོམ་ཡིག་རེ་རེ་ནི། “ཆེས་མཐའ་མའི་ཐོན་རྫས”སུ་གྲུབ་མི་སྲིད་པ་དེའོ།། རྩོམ་རིག་དང་སྒྱུ་རྩལ་ནི་འཐུས་ཚང་གི་ངར་ཤུགས་ཀྱིས་གདོང་མཆོངས་ བྱ་རྒྱུ་དེ་ལྟར་ཡང་། དུས་གཏན་དུ་འཐུས་ཚང་གི་བསྒྲུབ་བྱ་དེར་བསླེབ་པ་ཅིས་ཀྱང་དཀའ་བ་དེ་དང་། དེ་བས་ཚེ་ཚེ་རབས་རབས་སུ་འགྱོད་སེམས་ དང་གནོན་ཤུགས་ཀྱི་བསྒྲུབ་བྱ་དག་གིས་གཅུར་ཡོང་བ་དེའོ།།
རྩོམ་ པ་བོ་དང་པར་འདེབས་ཁེ་ལས་པའི་བར་གྱི་འབྲེལ་བ་ནི་དུས་གཏན་དུ་“བྲེགས་ན་མི་ཆད། བསྒྲིགས་ ན་མི་འགྲིག”པ་སྟེ། ལུའུ་ཞུན་དང་ལེས་ཞོ་ཧྥུན་ནང་ལྟར། གྲོགས་པོ་ཁྲིམས་ཁང་དུ་སོང་བ་ལྟ་བུའོ།། པར་འདེབས་ཁེ་ལས་པས་ཐོག་མར་འཚོང་ཡུལ་དང་། ཁེ་སྤོགས། རིན་སྤར་བཅས་ཏེ། རང་ཉིད་ཀྱི་ཁེ་ལས་མཇུག་འབྲས་ལ་མནོ་བསམ་གཏང་སྲིད་ དེ། དེ་ནི་ངོ་མཚར་དགོས་པ་ ཞིག་ཅིས་ཀྱང་མ་རེད་དོ།། རྩོམ་ པ་བོས་ཐོག་མར་བརྩམས་ཆོས་རང་ཉིད་ཀྱི་རྒྱུན་སྲིང་འཐུས་ཚང་རང་བཞིན་དང་། བསྟན་བཅོས་རྩོམ་རྩལ་གྱི་གཅིག་གྱུར་ཁྱད་ཆོས་ལ་མནོ་བར་བྱེད་དོ།། དེར་བརྟེན། ང་དང་ཧོ་སྐུ་ཞབས་ཀྱི་བར་ལའང་མི་མཐུན་པའི་འགལ་བ་ཞིག་མངོན་གསལ་གྱིས་མགོ་ བརྩམས་སོང་། སྤྱིར་བཏང་གི་ རྩོམ་པ་བོ་ཞིག་གི་བློ་སྟོབས་དང་ཤེས་རྒྱ་མཚོན་པའི་ཕྱིར་དུ་བདག་གིས་ཁོང་ལ་ གུས་བརྩི་བགྱིད་པ་ལས། ཁོང་ལ་འགལ་འཛིན་གྱི་བློ་སྟོབས་གང་དུ་ཡོད། དེ་དང་དུས་མཚུངས་སུ། དང་དུ་ལེན་དཀའ་བ་ཞིག་ལ་༼མེ་དང་ཆབ་རོམ༽ ཐུམ་སྒྲིལ་བྱས་ཚད་ཀྱི་རིན་གོང་སྤར་བ་དང་། དེ་ལས་ཀྱང་སྟབས་མི་ལེགས་པ་ཞིག་ལ་དཔེ་དེབ་ཀྱི་ཆེས་མཐའི་ཕྱི་ངོས་ནི་ཁྲ་ཆིལ་ དགུ་ཆིལ་གྱི་མེ་ཏོག་ཡིན་པ་དེ་དང་། ས་གདན་བཟོ་བཀོད་ཀྱི་མ་དེབ་ཅིག་དང་གཅིག་མཚུངས་ཀྱིས་བསྒྲིགས་འདུག་པ་དེའོ།།
ཧོ་སྐུ་ཞབས་ཀྱིས་ད་དུང་དེབ་ཀྱི་ཕྱི་ངོས་སུ་ འདི་ལྟར་བྲིས་ཡོད་དེ། “རྒྱ་ནག་སྐམ་ས་ཆེན་མོའི་ ཆེས་ཐོག་མའི་ལིས་ཨོ། པེ་ ཅིན་སློབ་ཆེན་གྱི་ཨང་གཉིས་པའི་ཝང་ཞོ་པོ”ཞེས་པའོ།། ཚིག་གྲུབ་འདི་གཉིས་ནི “མཐོང་བས་ཧང་སངས”དགོས་པའི་ཁྱབ་བསྒྲགས་ཀྱི་ སྐད་ཆ་ཡིན་ནོ།། དེ་རྗེས་ བདག་གི་རྩོམ་ཡིག་གི་ཁ་བྱང་ཡང་གཡོ་བརྗེ་བགྱིས་ཏེ། དེ་དག་གི་ཚབ་ཏུ་ཧོ་སྐུ་ཞབས་ཁོ་རང་ཆེས་མགུ་ས་དང་། ཚོང་རའི་ཁྲོད་དུ་མོས་པ་ཆེ་བའི་ཐ་སྙད་དག་ གིས་གྲུབ་པར་བྱས་ཡོད་དོ།། ང་ རང་ཆེས་དགའ་སའི་ཁ་བྱང་དང་ལེ་ཚན་མང་བོ་ཞིག་དེ་ལྟར་གཞོགས་གཏུབ་དང་གཅོད་འབྲེག་ བགྱིས་འདུག
སྐབས་དེ་རང་ལ། བཟོད་སྒོམ་གཏན་ནས་བྱེད་ཐབས་བྲལ་ཡང་། ཡང་གཅིག་བཤད་ན་མི་བཟོད་རང་བཟོད་ཡིན་ཏེ། རྒྱ་ནག་ཏུ་པར་འདེབས་ཀྱི་ལས་དེ་ཤིན་ཏུ་སྒྲུབ་དཀའ་བ་ཞིག་ཡིན་པ། ན་གཞོན་རྩོམ་པ་བོ་དག་གི་གཏིང་ཟབ་པའི་ཉམས་མྱོང་ལས་ཕལ་ཆེར་གྲུབ་ཡོད་སྐད།
རྗེས་སུ། ༼མེ་དང་ཆབ་རོམ༽གྱི་ར་མགོ་ལུག་སྦྱར་གྱི་ཁྱབ་བསྒྲགས་དང་། ཁྲ་ཆིལ་ཆིལ་གྱི་ཕྱི་ངོས། སྤུས་ཞན་གྱི་དེབ་ཤོག སླ་བཅོས་ཀྱི་དེབ་གཟེར་བཅས་ལ་བརྟེན་ནས་ སེམས་ཐག་ཉེ་བའི་ཀློག་མཁན་དག་གིས་བདག་ལ་སྐྱོན་བརྗོན་ཚ་ནན་བྱས་སོང་ངོ་།། དེབ་ཀྱི་རིན་ཐང་གི་ངོས་ནས་ཆེས་ཐོག་མར་བརྗོད་པའི་ཉེས་སྐྱོན་དག་ནི་བདག་གིས་ ཀྱང་དགའ་བཞིན་སྤྲོ་བཞིན་དུ་བྱིངས་ཀྱིས་མོས་མཐུན་བྱས་པ་ཡིན་ཏེ། ང་རང་ཡིད་ཆེས་ས་ཞིག་ནི། སྐྱོན་བརྗོད་ཀྱི་ཕྱོགས་གཞན་ཞིག་ནི་སེམས་ཁྲལ་གྱིས་གྲུབ་པ་ཡིན་པ་དེའོ།།
3 དེ་ལྟ་ནའང་། བདག་གིས་ད་དུང་ནང་སེམས་ཀྱི་ཟད་དུ་མེད་ པའི་སྡུག་བསྔལ་ཁ་ཤས་བརྗོད་ན་བསམས་ཏེ། པར་འདེབས་བརྒྱུད་ལམ་དུ་བརྒྱུད་དགོས་པའི་ལས་དོན་མང་བོ་ཞིག་ནི་ རྩོམ་པ་བོ་རང་ཉིད་ཀྱིས་དུས་གཏན་དུ་ཚོད་འཛིན་བྱ་ཐབས་དབེན་པ་དེའོ།། དེང་དུས་ཀྱི་རྒྱ་ནག་ཏུ་རྩོམ་པ་བོ་ཞིག་བྱ་འདོད་ཚེ་དུས་ཚོད་དང་སེམས་ཤུགས་མི་ དམན་པ་ཞིག་མེད་ཚེ་ཡོད་ཚད་ལ་ཁ་གཏད་གཞལ་དཀའ། དེབ་ཀྱི་འགྲེམས་གྲངས་ཀྱི་ཆ་ནས་ཁྲི་བཅུ་ཕྲག་ཁ་ཤས་ཡིན་ནའང་། བདག་ལ་ཐོབ་པ་ནི་ནི་དེབ་སྟོང་ཕྲག་ལྔའི་རྩོམ་ཡོན་ཙམ་མོ།།
ཤེས་ཡོན་ཐོན་དངོས་ཀྱི་བདག་དབང་མེད་ཅིང་། འབྲས་བུ་གང་ཐོབ་རྒྱལ་ཁབ་ཀྱིས་སྲུང་ སྐྱོབ་བྱེད་པ་འདི་དག་གིས་ཀྱང་རྩོམ་པ་བོ་དག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ འཇུག་གོ།
བགྲང་བྱ་བཞི་འཁོར་སོང་། ༼མེ་དང་ཆབ་རོམ༽བར་ཆད་མི་ཉུང་བ་ཞིག་དང་འཕྲད་སོང་ལ། “བཟོ་ལྟ་མི་འདྲ་བའི་”དེབ་འདི་ལྟ་བུ་ནི་རྒྱ་ནག་ཏུ་བར་ཆད་དང་འཕྲད་པ་ནི་ཤིན་ཏུ་ནས་ཡོང་ སྲིད་པ་ཞིག་གོ།
རྗེས་སུ་ཞང་ཀང་ས་ཁྲ་དཔེ་དེབ་ཀུང་ཟིས༼མེ་དང་ཆབ་ རོམ༽གྱི་ཁ་བྱང་རང་དགར་བཞག་སྟེ། ༼ མེ་དང་ཆབ་རོམ༽ནང་གི“བསམ་བློའི་དྲན་རྟོག་ཟིན་ཐོའི”དུམ་བུ་གཅིག་དང་། ༼ལྕགས་སྤྱིལ་ནང་གི་འོ་དོད༽ཁྲོད་ཀྱི་རྩོམ་ཡིག་ཅིག་བཅས་མཉམ་གཅིག་ ཏུ་བསྒྲིགས་ནས་གཅེས་བཏུས་དེབ་ཆུང་ཞིག་པར་འདེབས་བྱས་བྱུང་། གཅེས་བཏུས་དེབ་དེས་རྒྱ་མཚོའི་ཕ་རོལ་གྱི་ ཀློག་མཁན་མང་བོ་ཞིག་གི་དང་བ་དྲངས་པར་བྱས་སོང་ངོ།།
བདག་གི་ཡི་གེ་ནི་བདག་གི་རྣམ་ཤེས་ཡིན་ནོ།། བྲག་ཅ་ལ་འཁོར་བའི་སྐད་སྒྲའི་ཁྲོད་དུ་ བསྟོད་ཚིག་ཡོད་ལ་བསྟིང་ཚིག་ཡོད། ཤེས་རྟོགས་མངའ་ལ་བྱམས་བརྩེ་ལྡན། ད་དུང་སེམས་ཁྲལ་དང་སྤྲོ་བ་ཡོད་དོ།། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི༼མེ་དང་ཆབ་རོམ༽བརྒྱུད་ནས་བདག་གིས་བུད་མེད་རྩོམ་ མཁན་ཞིག་ངོ་ཤེས་པ་སྟེ། དེ་ནི་བདག་གི་ད་ལྟའི་ཟླ་མོ་འདིའོ།། ཁོ་མོ་གང་དུ་ཡོད་ན་བདག་གིས་སྦྲང་རྩི་ ལྟ་བུའི་བརྩེ་བ་རྙེད་ཐུབ་པ་དེ་དང་། ཆེས་ཟབ་པའི་ཤེས་རྟོགས་དང་མཐའ་མེད་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཐུབ་པ་ དེའོ།།
ལོ་ངོ་བཞི་འཁོར་སོང་། བདག་གི་སེམས་སུ་༼མེ་དང་ཆབ་རོམ༽བསྐྱར་དུ་ པར་འདེབས་བྱ་རྒྱུ་ནི་དགོས་ངེས་ཀྱི་རང་བཞིན་ཞིག་ཏུ་འཁུམས་སོང་། ཚིག་རྒྱན་འཆོལ་བ་བསྐྱར་བཅོས་དང་། རྗོད་བྱེད་ཉུང་ཕྲི་སོགས་འཇོན་ནུས་བྱིངས་བཀོལ་གྱིས་མ་དེབ་ངོ་མ་ལ་བསྐྱར་བཅོས་ ཐེངས་ཤིག་བགྱིས་པ་དང་དུས་མཚུངས་སུ། རང་ཉིད་ཀྱི་མགུ་བ་མི་གང་བའི་རྩོམ་ཡིག་དག་ཕྱིར་འཐེན་བྱས་པ་ཡིན། ཐེངས་ འདིར་བཟོ་བཅོས་ཀྱི་ལས་རིམ་བརྒྱུད་ནས་ཡང་བསྐྱར་པར་འདེབས་བྱས་རྗེས། རང་ཉིད་ཆེས་མོས་པའི་རྩོམ་གསར་ཞིག་སྟེ། མཛེས་སྡུག་གིས་གཏམས་པའི་སྒྱུ་རྩལ་གྱི་ཐོན་དངོས་ཞིག་དང་མཚུངས་པ་དང་། དེའི་ཁྲོད་ཀྱི་ རྩོམ་ཡིག་རེ་རེ་དང་། ཡིག་ འབྲུ་རེ་རེའང་(སྒྲིག་སྟངས་སོགས་ཀྱང་འདུ)འབྱུང་འགྱུར་གྱི་དུས་སུ་“མངོན་ལྐོག་ གཉིས་མེད”ཅིག་ཡིན་པའི་རེ་བ་ཆེན་པོ་བྱས་ཡིན་ནོ།།
དེབ་འདི་ནི“འཐུས་ཚང་”གི་༼མེ་དང་ཆབ་རོམ༽དེ་ཡིན་ཏེ། ཡི་གེ་དག་ཉམས་པ་སོར་ཆུད་ཀྱི་ཟོལ་གྱིས་འོས་འཚམས་ཀྱིས་སྙོམ་སྒྲིག་ བྱས་ཡོད་པས་སོ།། འདི་ནི་ དགུན་གྱི་ཆབ་རོམ་དུ་ཡུན་རིང་ཉལ་བའི་མཚོ་ཕག་ཅིག་གིས་འཁྱག་རོམ་འགས་གཏོར་གྱིས་ ཕྱི་ལ་བུད་པ་དང་འདྲའོ།།
བདག་གི་ཡི་གེ་ཡིས་བདག་ལ་གྲོགས་པོ་ བགྲང་དུ་མེད་པ་ཞིག་བསྐྱལ་ཡོང་བ་སྟེ། ད་དུང་དྲན་ཡུལ་དུ་བདོག་པ་ཞིག་ནི་ཡུན་ཞེས་ཞེས་ཧྥོ་དཔེ་མཛོད་ཁང་གིས་ཙུན་དབྱི་ འཆད་ཁྲིད་དུ་བདག་མགྲོན་འབོད་བྱས་སོང་། དཔེ་མཛོད་ཁང་གི་སྒོ་འགྲམ་དུ་རྡོ་སོལ་གཏེར་ལས་ཀྱི་ལས་འཁྱུར་ལས་བཟོ་བ་གཉིས་ དང་འཕྲད་ཅིང་། ཁོང་གཉིས་ཀྱིས་ བདག་མཐོང་མྱོང་ཡོད་སྐད། ཁོང་ ཚོའི་ངོ་གདོང་དུ་ད་དུང་ཡང་དཀའ་སྤྱད་དང་སྡུག་རུས་ཀྱི་རྗེས་ཤུལ་ལྷག་འདུག་ལ། སྔོ་དཀར་གྱི་དབུ་སྐྲ་དེ་དཔྱིད་དུས་གྲང་ངད་ཀྱི་རླུང་བུས་དལ་བུས་སྐྱོད་ཞོར་ དུ་བཤད་རྒྱུར། ཁོང་ཚོ་བདག་ གི་བརྩམས་ཆོས་ལ་དགའ་སྟེ། བདག་ གིས་ཁོང་ཅག་གི་སེམས་ཁོང་གི་སྐད་ཆ་སྨྲ་ཐུབ་པས་སོ་ཟེར།
དཔེ་མཛོད་ཕྱི་རོལ་དུ་དཔྱིད་ཆར་སིམ་ སིམ་གྱིས་འབབ་ཀྱིན་འདུག་ལ། རྐང་ལ་གྱོན་པའི་ཆུ་ལྷམ་ཡུ་རིང་དེ་འདམ་འབག་གིས་ཡོངས་སུ་ཁེབས་འདུག་པས། བདག་གིས་གློ་རྡེག་ཏུ་རང་ཉིད་ཀྱི་ཡབ་ཆེན་ དྲན་བྱུང་། བདག་གི་བྱིས་དུས་དྲན་བྱུང་། ད་དུང་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་གཏེར་ཁའི་ས་འཛིན་དེ་དྲན་བྱུང་ངོ་།། བདག་གི་དྲན་ངོགས་སུ་ང་ཚོའི་སེམས་པ་ནི་ ནམ་ཡང་གཅིག་ཏུ་སྦྲེལ་ཡོད་བསམས་བྱུང་། ང་ཚོ་ཚང་མར་ཐོབ་པ་ནི་སྡུག་བསྔལ་ཡིན། དེ་ལྟ་ནའང་ང་ཚོས་སྡུག་བསྔལ་ལ་མགོ་བསྒུར་ན་མི་འོས། ང་ཚོ་ཚང་མར་རྫུན་དུ་སྨྲ་བའི་གོམས་གཤིས་འཇགས་ནས་ཡོད། ཡིན་ནའང་། ང་ཚོ་ལ་དོན་དངོས་ཀྱི་དྲང་གཏམ་བརྗོད་རྒྱུའི་གདེངས་སྤོབས་མཁོའོ།།
འདི་ལྟ་བུའི་ཀློག་མཁན་དག་གི་མདུན་དུ་བདག་གིས་ ད་དུང་འགྱོད་བཤགས་བྱ་དགོས་ས་གང་ཞིག་ཡོད། འདི་ལྟ་བུའི་ཀློག་མཁན་ཡོད་ན། རྩོམ་འབྲི་བ་ནི་ཆེས་མཛེས་སྡུག་ལྡན་པའི་ལས་དོན་ཞིག་མ་རེད་དམ།
བདག་གི་ཡི་གེ་ཡིས་བདག་ལ་གནག་སེམས་ཆེ་བའི་དགྲ་ བོ་ཞིག་བསྐྱལ་ཡོང་། དེ་ཡང་པེ་ཅིན་ སློབ་ཆེན་དུ་ཡོད་སྐབས་ཤིག་ལ། དཔོན་རིགས་ཤིག་གིས་བདག་སློབ་གྲྭའི་ གནས་ལས་དབྱུང་དགོས་ཞེས་འུད་བསྒྲགས་བྱས་པ་རེད་དེ། རྒྱུ་མཚན་ནི“མ་ཡུམ་སློབ་གྲྭ་སྐྱུག་བྲོ་བོ་བཟོས་པ”རེད་ ཅེས་པའོ།། གལ་སྲིད་སློབ་ སྤྱི་ཚ་ཡོན་ཕེ་ཡིས་འདི་ལྟ་བུའི་སྐད་ཆ་སྙན་གྱིས་ཐོས་ཚེ་ཁོང་ལ་སེམས་ཚོར་ཅི་ འདྲ་ཞིག་འབྱུང་མིན་ནི་བདག་གིས་དངོས་གནས་ཤེས་དཀའ་འོ།། སྟབས་ལེགས་པ་ཞིག་ལ་རྒྱའི་སྐད་ཡིག་སྡེ་ཁག་གི་སློབ་ དཔོན་ཆེན་མོ་ཁོང་ཉིད་ནི་བརྟན་བརླིང་གི་ལྗོན་པ་ཞིག་དང་མཚུངས་པར་བདག་ལ་ལྗོན་ པའི་གྲིབ་བསིལ་ཞིག་སྦྱིན་པས། བདག་དཀའ་སྡུག་གི་སྐོབས་སུ་ཚུད་དུས་སྔར་བཞིན་རང་དབང་གི་བསམ་གཞིག་ཁྲོད་དུ་ བརྩམས་ཆོས་རྩོམ་པའི་སྐལ་བ་ཐོབ་བོ།།
ཉིས་ སྟོང་ལོའི་དབྱར་ཁར་ང་རང་སློབ་གླིང་དང་ཁ་གྱེས་པ་ཡིན། གང་ ཡིན་འདི་ཡིན་མེད་པའི་དམ་དྲག་ཅིག་གིས་བདག་གི་ལས་གནས་ཀྱང་ཤོར་སོང་། མངོན་ལྐོག་གི་ཚིག་མཚོན་མང་བོ་དག་ནི་པར་རིས་ཆེན་པོ་ཞིག་དང་མཚུངས་པར་བདག་གི་ མདུན་ཕྱོགས་སུ་དལ་གྱིས་བཤམས་བྱུང་ངོ་།།
དེ་ལྟ་ནའང་། བདག་ལ་ཡིད་འགྱོད་གཏན་ནས་མེད་དེ། རྩོམ་རིག་གི་ལམ་དུ་བགྲོད་པ་དང་། བསམ་བློའི་ལམ་དུ་ཞུགས་རྒྱུ་ནི་ངའི་མི་ཚེ་ལ་འགྱུར་བ་གཏོང་བའི་བདམས་ང་ཁོ་ན་ དེ་ཡིན་པས་ཕྱིར་རོ།།
འཇར་མན་གྱི་རྩོམ་པ་བོ་ཅོན་ཐི.ཀི་ལ་ཟི་ཡིས་འདི་ལྟར་བཤད་མྱོང་སྟེ། “རྩོམ་རིག་གི་ཚེ་སྲོག་རིང་མིན་ནི་དབང་སྒྱུར་བ་ལ་ལྟོས་པ་མིན་ཏེ། ལྷའི་རིག་པ་དང་འདུ་ཤེས་ཀྱི་རྣམ་པ་མཚོན་ པའི་ལུང་ཚིག་རེ་རེ་ཡིས། སྲིད་ དབང་སྒེར་གཅོད་སྲིད་གཞུང་ལ་ཞིབ་དཔྱད་དང་དག་འབུད་བྱས་ཏེ་གཏམ་བརྗོད་ཀྱི་རང་ དབང་ཐོབ་ངེས། རྩོམ་རིག་ལོ་ རྒྱུས་སྟེང་གི་ཕྱོགས་གཅིག་ནི་བརྩམས་ཆོས་ཀྱིས་འཐབ་ནས་ཐོབ་པའི་ཞིབ་གཤེར་ལམ་ ལུགས་ཀྱི་ལོ་རྒྱུས་དང་། རྩོམ་པ་བོས་འཐབ་ནས་ཐོབ་པའི་དབང་ཤུགས་མཁན་གྱི་ལོ་རྒྱུས་ཡིན་ནོ།། དེར་བརྟེན། ཆེས་མ་རུང་བའི་དུས་རབས་སུ་རྩོམ་རིག་ནི་མ་འོངས་ཡུན་གཏན་དུ་སྟོངས་ གྲོགས་མཛད་པའི་མནའ་གྲོགས་ཤིག་སྟེ། ཡེས་ཏ་ལེས་བརྩམས་སྒྲུང་རྩོམ་པ་བོ་ཞིས་ལོ་ན་དང་མོ་ལ་ཝེ་ཡ། འཇར་མན་གྱི་ཟློས་གར་རྩོམ་མཁན་པོའུ་ལེ་ ཞེས་ཐི་དང་བརྩམས་སྒྲུང་མཁན་ཏི་པོའུ་ལིན་བཅས་ཀྱི་ཚེ་སྲོག་ནི་ཧྥ་ཤིས་སིའི་ རིང་ལུགས་དང་བསྡུར་ན་ཧ་ཅང་རིང་བ་ཡིན་པ་དེས་དང་། ཨུ་རུ་སུའི་རྩོམ་པ་བོ་པ་པེའེ་ཨར་དང་སྙན་ངག་པ་མན་ཏི་ཨར་སི་ཐ་མོའུ་བཅས་ཀྱི་ ཚེ་སྲོག་ནི་སི་ཏ་ལིན་དང་བསྡུར་ན་ཤིན་ཏུ་ནས་རིང་བ་དེས་སོ།། དེ་ལྟ་ནའང་སི་ཏ་ལིན་རིང་ལུགས་ཀྱིས་ཁོང་ ཚོའི་ཚེ་སྲོག་ཕྲོགས་པ་རེད་དོ།།”
བཀླགས་ནས་མཚམས་འདིར་བསླེབས་དུས། བདག་གི་དྲན་ངོར་ཀི་ལ་སི་ནི་ཕལ་ཆེར་མི་སྤྲོ་སྣང་ལྡན་པ་ཞིག་རེད་བསམས་སོང་། ད་དུང་དེ་འདྲའི་ཆེས་སྙན་འཇེབས་ལྡན་པའི་སྐད་སྒྲ་དེ་། ཅིའི་ཕྱིར་ཆབ་རོམ་དུ་འཁྱག་རེངས་སུ་བཅུག་སོང་། ༼རི་བ་ཁིའི་མི་ཚེ་གཅིག༽ནི་དེ་ལྟར་ཞིབ་ ཚགས་ཀྱི་འབྲི་བཞེངས་བགྱིས་ཡོད་པ་ཞིག་རེད་ཨང་། མདའ་གྲི་དང་མེ་སྒྱོགས་ཀྱི་སོ་ཁ་རུ་ཡི་གེ་ནི་མ་གཞི་ནས་ནུས་མེད་ གཉོམ་ཆུང་ཞིག་རེད་པས་སོ།། རྩོམ་ རིག་ནི་འཁྱག་གཏོར་གྲུ་གཟིངས་ཞིག་ཆབ་རོམ་གྱི་ངོས་སུ་རྒྱུ་དང་མཚུངས་པར་མ་རུང་ བ་ཡོད་ཚད་ལས་རྣམ་པར་རྒྱལ་པའི་ནུས་སྟོབས་དེ་མངའ་འམ།
དེ་ལྟ་ནའང་། བདག་གིས་ཡང་བསྐྱར་ཀི་ལ་སི་སྐད་ཆ་ཞིག་གཤམ་ནས་མཐོང་བྱུང་སྟེ། “རྩོམ་རིག་ལ་ཚེ་ཚེ་རབས་རབས་སུ་སྟོབས་དང་ལྡན་པའི་ཡུན་གཏན་གྱི་ནུས་ པ་ཞིག་ཡོད་དེ། དེས་ནི་རང་ཉིད་ལ་གདོད་མ་ནས་མངའ་བའི་བག་ཆགས་དེར་བརྟན་བརླིང་ངང་ཡིད་ཆེས་བྱེད་ ལ། དེས་ད་དུང་དུས་ཚོད་ལ་རེ་ བས་བསྒུགས་པ་སྟེ། ཡི་གེ་ ཞིག་དང་། ཚིག་གྲུབ་ཅིག སྙན་ ངག་གི་བྲག་ཆ་དེ་དག་ལ་ལོ་ངོ་བཅུ་དང་། ཡང་ན་བགྲང་བྱ་བརྒྱ་ལ་བསྒུགས་རྗེས་གཞི་ནས་སྐད་སྒྲ་དེ་དག་ཐོས་འོང་། སྔོན་ནས་ཡོད་པའི་གཏོང་སྤྲོད་ཀྱི་རིགས་འདི་དང་། གསོག་འཇོག་གི་རིགས་འདིས་ཆེས་དབུལ་བའི་རྩོམ་པ་བོ་དག་ཀྱང་ཆེས་ཕྱུག་པོ་རུ་ བསྒྱུར་ནས་ཡོང་ངོ་།། སྐབས་འཕྲལ་གྱི་ཆེས་མ་རུང་བའི་དུས་རབས་ཁྲོད་དུ། ‘ཡུན་བརྟན་’ཞེས་ པའི་མིང་དོན་འདིས་རང་དབང་གི་རྣམ་ཤེས་གོང་དུ་འཕགས་སུ་འཇུག་ནའང་། ཁོ་ཚོས་བཙོན་འཇུག་དང་དམར་གསོད། རྒྱང་འཕུད་བགྱིས་ཏེ་འགྲན་ཟླ་བྲལ་བ་ཞིག་བྱ་ངེས་ཤིང་། དེ་ལྟ་ནའང་། ཆེས་མཐའ་མཇུག་གི་རྒྱལ་ཁ་ནི་བརྩམས་ཆོས་ལ་ཐོབ་ཅིང་། ད་དུང་ཡི་གེ་ལ་ཐོབ་པའོ།།”བདག་གིས་བཀླགས་ནས་མཚམས་འདིར་བསླེབས་དུས་ངས་གཞི་ནས་ངོ་ཤེས་པ་ནི་ ཀི་ལ་སི་ནི་སྤྲོ་སྣང་ལྡན་པ་ཞིག་མ་ཡིན་པ་དེ་དང་། ཁོང་གིས་ལོ་རྒྱུས་ཀྱི་ལྟ་ཚུལ་རིགས་ཤིག་དང་། ད་ལྟའི་གནས་ཚུལ་ཞིག་ཞིབ་འབྲི་བགྱིས་ཡོད་པ་དེའོ།།
ང་ཚོས་རང་མཐོང་རང་གཅོག་བྱེད་མི་རུང་། མན་ཏི་ཨར་སི་ཐ་མོའུ་ལགས་ཀྱི་ཆུང་མས༼ཕྱིར་དྲན་གྱི་ཟིན་ཐོ༽རུ་འདི་ལྟར་བྲིས་ ཡོད་དེ། “གསར་བརྗེ་ཡི་མགོ་བཙུགས་ པའི་དུས་རབས་སུ་རྣམ་པར་རྒྱལ་བའི་མི་ཚོགས་ཁྲོད་དུ་སྙན་ངག་ལ་དགའ་མཁན་ཤིན་ཏུ་ མང་ངོ་།། ཁོ་ཚོའི་དགའ་ཕྱོགས་དང་ཀླ་ཀློའི་ཚོ་ཁག་གི་ཀུན་སྤྱོད་བར་ན་ཀུན་སྙོམས་གྱི་ལྟ་ རྟོག་ཅིག་ཡོད་དེ། གལ་སྲིད་ངས་མི་བསད་ན་ལེགས་ཤིང་། མ་བསད་ན་མི་ལེགས་པ་རེད་དམ།” དངོས་གནས་བྱས་ན་ཀུན་སྙོམས་ཀྱི་ལྟ་ རྟོག་འདི་སི་ཏ་ལིན་ཁོ་ན་ལ་བདོག་གོ།
འདི་ལ་པ་སི་ཅེའེ་ཨར་ན་ཁི་ཡིས་འདི་ལྟར་འགྲེལ་བ་ བྱས་ནས་ཡོད་དེ། “སྙན་ངག་པ་དང་ཨུ་རུ་སུའི་གོང་མ་ནི་དགྲ་ ཡ་ཡིན་ཏེ། གཅིག་གིས་མདེའུ་བཟུང་ཡོད་ལ། གཅིག་གིས་ཚིག་རྒྱན་བསྣམས་ཡོད་པས་སོ།། མདེའུ་ཡི་རྒྱལ་ཁ་ནི་སྐད་ཅིག་མ་གཅིག་གི་ རྒྱལ་ཁ་ཡིན་ལ། ཚིག་རྒྱན་གྱི་རྒྱལ་ཁ་ནི་ཡུན་གཏན་གྱི་རྒྱལ་ཁ་ཡིན་ནོ།།” ཀི་ལ་སི་ཡིས་ཡང་བསྐྱར་པ་སི་ཅེའེ་སི་ ཨར་ན་ཁི་ཡི་ལྟ་ཚུལ་ལ་ར་སྤྲོད་བྱས་ཡོད་དེ། ང་ཚོ་ཕམ་སོང་ངོ་།། ཡིན་ནའང་། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་བོ།།
གནའ་དུས་ནས་བཟུང་། ལུས་པོ་ཁྲི་མུན་དུ་བཙུད་པའི་སྲིད་པ་ཡོད་ཀྱང་། རྣམ་ཤེས་ནི་འཆིང་འཁྱིག་བྱེད་པའི་ཐབས་ཤེས་གཏན་དུ་མེད་པ་ཡིན་ནོ།། རྣམ་ཤེས་ནི་བྱེའུ་ཞིག་དང་མཚུངས་པར་སྔོ་ ཐིང་ཐིང་གི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་སྲིད་ཀྱང་། ཚེ་སྲོག་ནི་ཡ་ང་བའི་དམར་གསོད་དང་འཕྲད་སྲིད་པ་ཞིག་གོ། དེ་ལྟ་ནའང་། བསམ་བློ་ཁྲག་ལ་བརྫི་བའི་སྐལ་བ་མི་སྲིད་པ་ཡིན་ཏེ། བསམ་བློ་ནི་ཉ་མོ་ཞིག་དང་འདྲ་བར་མཐའ་ཡས་པའི་རྒྱ་མཚོ་ཆེན་མོར་ འཁྱུག་འགྲོས་བྱ་སྲིད་དོ།། བརྩམས་ ཆོས་ནི་མེ་དམར་བོའི་ཁ་སྟབས་དང་འཕྲད་སྲིད་ཀྱང་། ཤེས་རིག་ནི་དེ་ལྟ་མ་ཡིན་ཏེ། ཤེས་རིག་ནི་ལྗོན་བཟང་གི་རྩ་ལག་ཅིག་དང་མཚུངས་ཏེ་ས་གཞི་ཆེན་མོའི་པང་དུ་བརྟན་ བརླིང་གིས་ཚུགས་ཐུབ་པས་སོ།།
ཆེས་ནུས་མེད་དག་ལའང་འཐབ་ན་ཐོབ་འོས་པའི་རྣམ་པར་ རྒྱལ་བའི་སྙིང་སྟོབས་དེ་ཅིས་ཀྱང་མཁོ་སྟེ། མུན་པ་ཆེས་གནག་པའི་མཚན་ལྗོངས་ནི་སྐྱ་རེངས་ཀྱི་སྔོན་བརྡ་ཡིན་པས་སོ།།
༼དམ་པའི་གསུང་རབ༽ཏུ་འདི་ལྟར་གསུངས་ཏེ། “མུན་པ་ཆེས་སྟུག་པའི་སྨག་གནག་གི་མཚན་མོ་ནི། ཉིན་དཀར་དང་ཤིན་ཏུ་ཉེའོ།། ང་ཚོའི་བླུན་རྨོངས་ཀྱི་སྤྱོད་པ་དེ་སྤོངས་ཤིག འོད་ཟེར་གྱི་རལ་གྲི་དེ་ལག་ཏུ་ཟུངས་ཤིག” (༼ལོ་མའི་བསྟན་བཅོས། ༡༣: ༡༢༽)
འཁྱག་གཏོར་གྱི་སྐད་སྒྲ་དེ་ནི་རྒྱང་རིང་རྒྱང་ རིང་གི་ཡུལ་གྲུ་བརྒྱུད་ནས་བསླེབས་ཤིང་། བྱེའུའི་ཚོགས་མཁའ་དབྱིངས་སུ་འཕུར་བའི་གཤོག་སྒྲ་དེའང་ཐག་རིང་ཐག་ རིང་ནས་འོང་ངོ་།། བདག་ གིས་མེ་ཏོག་གི་འདབ་མ་གྲོལ་བ་མཐོང་ཞིང་། དེ་ལས་བདུད་རྩིའི་ཐིགས་པ་འགྲིལ་ཡོང་བའང་མཐོང་ཡོང་ལ། དེ་དང་བརྟུན་ནས་བདག་གི་སྙིང་གི་འཕར་ སྒྲའང་ཚོར་ཡོང་ངོ་།། འདི་ ནི་ལོ་གཅིག་གི་ཁྲོད་ཀྱི་ཆེས་གྲང་ངད་ཆེ་བའི་དུས་ཚིགས་ཤིག་ཡིན་ལ། དཔྱིད་ཀྱི་དཔལ་མོ་མི་རིང་བར་བསླེབས་པའི་དུས་ཤིག་ཀྱང་ཡིན་ནོ།།
མཇུག་ཏུ། བདག་དང་སེམས་ཐག་ཉེ་བའི་བློ་དཀར་གཞུང་དྲང་གི་ཀློག་མཁན་གྲོགས་པོ་ རྣམ་པ། “བླུན་རྨོངས་ཀྱི་ སྤྱོད་པ་དེ་སྤོངས་ཤིག འོད་ ཟེར་གྱི་རལ་གྲི་དེ་ལག་ཏུ་ཟུངས་ཤིག”
༢༠༠༢ལོའི་ཟླ། ༡ རླུང་ནག་ཁྲོད་ཀྱི་གྲོང་ཁྱེར་དེའི་ཟུར་ དུ་བྲིས།
༢༠༡༠།༡༡། ༢༣ལ་བསྒྱུརད།
ད་ཡང་ང་ཚོར་བློ་མིག་ལྡན་པའི་ལོ་ཙཱབ་ཞིག་བྱོན་དང་ཐལ། དངོས་གནས་རྩོམ་ཡིག་འདི་འདྲ་མང་དུ་བཀླགས་རྒྱུ་བྱུང་ན་ཀློག་པ་པོར་བློ་རྒྱ་སྐྱེད་ཐུབ་ངེས་འདུག་སྙམ། རྟ་ནག་པ་འདིས་དངོས་གནས་གང་དགོས་པ་ཤེས་འདུག ཨ་ལ་རྩེད་མོ་ཡིན། ཁྱོད་ཀྱིས་བསྒྱུར་རྩོམ་དག་ཀློག་རིན་ལྡན་གི མདེའི་དང་ཚིག་རྒྱན་གྱི་ཁྱད་པར་ལྟ་བུས་སེམས་ངོས་ལ་ཤེས་རབ་ཞིག་སྦྱར་ནས་ཡོང་གི ང་རྒྱུན་དུ་ཁྱོད་ཚང་དུ་ཡོང་གིན་ཡོད་ཡ།
མཆན་བུ་རིང་ཙམ་བྲིས་ཏེ་ཡར་བཅུག་རྗེས་ཡལ་སོང་ཟིག ལས་ངན་པོ་ང་།
རྟ་ནག་པས་མངགས་དོན་བཞིན་འདི་ཡོང་བ་ཡིན་ལ་འདྲ་བཤུས་ཀྱིས་ཞིབ་ཚགས་སུ་བཀླག་གི་ཡིན། ཤ་ཚོན་པོ་སྡེར་མ་གང་རྩོམ་ཡིག་འདིའི་བསྒྱུར་རིན་འབུལ་ལོ།།
གཅན་བཟོད་རྒྱམ་ཕེབས་པ་བཟང་གི། ཡེས་ཅེ་འདི་ངོ་མ་ངར་བ་ཞིག་ཡིན། ཁོས་ཝུན་ཅ་པོ་ལ་གཤེ་གཤེ་བཏང་ནས་སྐད་གྲགས་ཆགས་ཡོད། དེབ་དེའི་མིང་ལ༼ཀྲུང་གོའི་འཁྲབ་སྟོན་མཁན་ཝུན་ཅ་པོ༽ཟེར། དེའི་ནང་ན་བཤད་ཡོད་ནི་དངོས་གནས་དོན་ལ་གནས་གི་ཡ། སྤྱིར་བཏང་རྒྱ་ནག་གི་གཞོན་སྐྱེས་རྩོམ་པ་བོ་ཚོ་དངོས་གནས་ཧང་སངས་སྤྱད་ཅིག་རེད།
ལྷོ་ཀོ་རི་ཡས་དེ་རིང་གློག་བརྙན་ཞིག་སྤྱི་བསྒྲགས་བྱས་འདུག
ལྷོ་ཀོ་རི་ཡYTNབརྙན་འཕྲིན་ཁང་གིས་ཟླ། ༡༡། ཚེས། ༢༦། ཉིན་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་ཕྱོགས་ནས་འདི་ལྟའི་སྤྱི་བསྒྲགས་ཤིག་བྱས་ཡོད་དེ། ཚེས་༢༣ཉིན་ཡན་ཕེན་གླིང་ཕྲན་དུ་འབར་རྫས་ཀྱིས་རྒོལ་བ་བྱས་པའི་གནས་ཚུལ་གློག་བརྙན་དུ་ཕབས་པ་ཡིན་འདུག
ལྷོ་ཀོ་རི་ཡའི་ཉེན་རྟོག་པས་བཤད་པ་ལྟར་ན། གློག་བརྙན་དེ་ནི་ཡན་ཕེན་མཚོ་གླིང་གི་སྡོད་དམངས་ཤིག་གིས་ལག་འཁྱེར་ཁ་པར་དུ་ཕབས་པ་ཡིན་འུདུག་ལ། གློག་བརྙན་དེ་ལས་འགས་གཏོར་སྐབས་ཀྱི་ཛ་དྲག་གི་རྣམ་པ་ཤིན་ཏུ་ནས་གསལ་བོར་མཐོང་ཐུབ་འདུག་ཅེས་བཀོད་འདུག
(博讯北京时间2010年11月26日 转载)གནས་ཚུལ་ཡོང་ཁུངས་པོ་ཞོན་དྲ་ཚིགས།
ཡེས་ཅེ་ཡིས་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ལ་གཤེ་གཤེ་བཏང་ནས་སྐད་གྲགས་ཆགས་ཡོད་པའི་དེབ་༼ཀྲུང་གོའི་འཁྲབ་སྟོན་མཁན་ཝུན་ཅ་པོ༽ཟེར་བ་འདི་ཁྱོད་ཀྱིས་ཁ་སྔོན་དུས་བབ་ཟིན་བྲིས་ངོ་སྤྲོད་བྱས་པའི་དཔེ་དེབ་གསུམ་གྱི་གཅིག་མ་རེད་དམ། ད་ག་ལེར་རྒྱ་ནག་ནང་དུ་འདི་འདྲའི་བློ་ཁོག་དང་དྲང་ཚིགས་ཅན་མང་དུ་ཐོན་ཡོང་ས་རེད།
སྐད་ཆ་དྲང་མོ་བཤད་པ་ཡིན་ན། རྒྱ་ནག་ནང་དུ་ང་ཚོས་ཤེས་དགོས་པའི་རྩོམ་རིག་མཁན་པོ་མི་ཉུང་བ་ཞིག་བྱུང་ཟིན་པ་དང་ད་ལྟ་ཡོད་བཞིན་པ་མི་ཉུང་བ་ཞིག་ཡོད་པ་ཡིན་དུས། ཉིད་ནས་འདི་དང་དུ་བླངས་དེ་ནང་འདྲེན་བྱས་པ་སེམས་ཁོང་རུས་པའི་གཏིང་ནས་དགའ་གུས་རྒྱུན་དུ་ཡོད་ལགས།
xxxxxxxxxxxxxxxxxxxxxxxxxxxxxx
རྒྱ་ནག་ནང་དུ་དེང་དུས་རྩོམ་པ་པོ་མང་པོ་ཞིག་ཡོང་བཞིན་པའི་སྐབས་འདིར་ཁོ་ཚོའི་ཁ་ཕྱོགས་དེ་བསྟོད་པ་དང་འཇིགས་སྐྲག་གི་ར་བ་ལས་བརྒལ་ནས་དངོས་ཡོད་གནས་ཚུལ་གྱི་སྐོར་མང་པོ་ཞིག་བཤད་ཐུབ་པའི་རྣམ་པ་གསལ་རུ་འགྲོ་བཞིན་པ་འདི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་ཤེས་དགོས།སྔ་མོ་ཡིན་ན་ཝང་ལེའི་ཞུང་ལ་ང་ཚོའི་མི་འགའ་ཤས་ཀྱིས་བརྡེག་སྨོད་བྱས་པའི་ལོ་རྒྱུས་ཡོད་པ་དེ་ཚོ་རྒྱུ་མཚན་མེད་པ་ཞིག་མིན་ཀྱང་དེའི་རིགས་ལ་གུ་ཡང་གི་ལྟ་བ་ཁུར་རྒྱུ་དེ་གལ་ཆེན་པོ་རེད།ཝང་ལེའི་ཞུང་དང་འོད་ཟེར་གཉིས་ཀྱིས་འཛམ་བུ་གླིང་སྤྱི་ལ་ལེགས་སྐྱེས་ཞིག་འབུལ་བཞིན་ཡོད་པ་རེད་ལབ་ན་མི་འགྲིགས་པ་མེད་པ་རེད།ཁོ་ཚོ་ལ་ཡི་རང་སྐྱེ་འོས་པ་ཞིག་རེད་བསམ་གྱི་ཡོད།
ཕྱི་རྒྱལ་ལ་སླེབས་ནས་ད་དུང་རྒྱ་ཡིག་ལ་མགོ་འཁོར་ནས་མབསྡད་ཡོད་གི། ད་ཅི་བྱ།