དབྱར་རྩ་དགུན་འབུ།
༄༅། །སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་པའི་བཀའ་ཤག་གིས་ཁ་མཆུ་ཨང་།༢༠ པའི་བཅད་ཁྲར་གུས་བརྩི་ཞུ་རྒྱུ་ཡིན་ཞེས་པའི་གསལ་བསྒྲགས་ཤིག་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་འདོད་ལ་མ་འདོད་ངང་བཀོད་འདུག་ཀྱང་། དེ་ནི་གསལ་བསྒྲགས་ཙམ་ཞིག་ལས་འདིས་ཁྲིམས་ཐོག་ནས་བཅད་ཁྲ་བཏང་བའི་བཅད་ཁྲའི་དོན་ཚན་གསུམ་གྱི་ཡ་གྱལ་དོན་ཚན་དང་པོའི་ཚིག་རིས་ཇི་བཞིན་དགོངས་སེལ་ཞུས་པར་མཚོན་མི་ཐུབ། གཅིག་བྱས་ན་བློ་སེང་གིས་བོད་ཡིག་ཡག་པོ་མ་ཤེས་པའི་རྐྱེན་གྱིས་མཐའ་མའི་བཅད་ཁྲ་ཤོག་ངོས་གཅིག་པུ་དེའི་བརྗོད་དོན་དཔྱིས་ཕྱིན་པ་ཞིག་མ་གོ་བ་སྟེ་རྟོགས་མ་ཐུབ་པ་ཡིན་སྲིད། གང་ལྟར་བཀའ་ཤག་གིས་བཤད་པ་བཞིན་སྤྱི་ཚོགས་ལྷིང་འཇགས་ཡོང་དགོས་ཀྱི་ཡོད་ན། བཀའ་ཤག་ནས་བཤད་ཁྲའི་ནང་འཁོད་པའི་(བརྗོད་དོན་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་) ཅེས་པར་བརྩི་སྲུང་གིས་བཅད་ཁྲའི་ལམ་སྟོན་ཇི་བཞིན་དགོངས་སེལ་ཞུ་དགོས། ཐོག་མའི་ཆར་ཞུ་སྦྱོར་བ་དང་རྩོད་ལན་པ་ཕྱོགས་གཉིས་ཀས་ཁྲིམས་ཁང་གི་ཐག་གཅོད་ལ་ཁས་ལེན་ཞུ་གི་ཡིན་ཞེས་བློས་བླངས་འགྱུར་མེད་ཀྱི་ས་རྟགས་བཀོད་པ་ལྟར། ཕྱོགས་གང་རུང་ཞིག་གིས་ལག་ལེན་དོན་འཁྱོལ་མ་ཞུས་པ་ཡིན་ན། འདི་ནི་མངོན་གསལ་དོད་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འགོག་རྒོལ་གྱེན་ལོག་བྱས་པར་མཚོན་ཅིང་། གནས་སྟངས་འདི་ལྟའི་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་པས་བཅད་ཁྲར་རྒྱབ་སྣོན་ཚུལ་མཐུན་གནང་དགོས། གལ་ལྟར་དེ་ལྟར་གནང་མ་ཐུབ་པ་ཡིན་ན། ཁྲིམས་དཔོན་རྣམ་པ་ཡང་ཁྲིམས་འགལ་གནང་མཁན་ཆགས་སྲིད་ཅིང་། བཅའ་ཁྲིམས་སྲུང་སྐྱོབ་དང་ལག་བསྟར་གནང་མཁན་རྣམ་པས་རང་འཁྲིའི་ལས་འགན་རྒྱབ་སྐྱུར་གནང་བ་ཡིན་ཚེ། བཅའ་ཁྲིམས་གཏན་ལ་འབེབས་མཁན་ཁྲིམས་བཟོ་ལྷན་ཚོགས་ཏེ་སྤྱི་འཐུས་རྣམ་པར་བརྩིས་མེད་རྡོག་རོལ་བཏང་བར་མཚོན་ཅིང་། དེ་ལྟར་བྱས་པ་ཡིན་ན་སྤྱི་འཐུས་རྣམ་པ་ཡང་ལས་མེད་ཀྱི་དཔུང་ཁག་ཅིག་ཆགས་རྒྱུ་དང་། གྲོས་ཚོགས་ནང་གི་གྲོས་མོལ་དང་གྲོས་ཆོད། གཏན་འབེབས་གནང་བ་ཡོངས་སུ་རྫོགས་པ་ངག་ཀྱལ་འབའ་ཤིག་ཏུ་འགྱུར་ལ། དེ་ལྟར་ན་མང་གཙོའི་ཀ་བ་གསུམ་སྟེ། ཁྲིམས་བཟོ་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། འཛིན་སྐྱོང་བཅས་ཚང་མ་ལྟ་ཁུངས་འདི་ཁུངས་རྩ་བ་ནས་མེད་པའི་ཁྲིསམ་འགལ་ཚོགས་པར་འགྱུར་ལ། སྐབས་དེ་དུས་མི་མང་གིས་ཀྱང་བརྩི་འཇོག་རྩ་བ་ནས་ཞུ་མི་སྲིད། གནས་སྟངས་དེ་འདྲ་ཞིག་ལ་སླེབས་པ་ཡིན་ན། མང་གཙོའི་ཀ་བ་གསུམ་རྨང་ནས་འགྱེལ་བ་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱང་འཐོར་ཞིག་ཏུ་འགྲོ་རྒྱུ་རེད། གཏན་ཚིག་རིག་པའི་སྤྱི་འགྲོས་ནས་བཤད་པ་ཡིན་ན། གོང་དུ་ཞུས་པའི་གནས་ལུགས་རྣམས་རྗེས་སུ་འགྲོ་ལྡོག་གྱི་འབྲེལ་བའི་རང་བཞིན་ཅན་གྱི་གནད་དོནཤ་སྟག་རེད། འབྱུང་འབྲས་ངན་པ་འདི་ལྟ་བུ་བྱུང་བ་ཡིན་ན། དེའི་འགན་ཡོངས་རྫོགས་ད་ལྟའི་བཀའ་ཤག་གིས་འཁྱེར་དགོས་ལ། དེ་དུས་མི་མང་གིས་ཀྱང་བསམ་བློ་གང་འདྲ་ཞིག་གཏོང་མིན་ཚོད་དཔག་དཀའ་བའི་རང་བཞིན་ཞིག་རེད། དེར་བརྟེན་ད་ལྟའི་བཀའ་ཤག་གིས་ཁྲིམས་ཁང་ལ་ཁས་ལེན་བྱས་ནས་ས་རྟགས་བཀོད་པ་བཞིན། ཁྲིམས་ཀྱི་རྒྱ་ལ་བརྩི་སྲུང་གིས་བཅད་ཁྲའི་ཚིག་རིས་བཞིན་དགོངས་སེལ་ཞུས་དགོས་གཡོལ་དུ་མེད་པའི་རང་འཁྲིའི་འགན་དུ་མཐོང་བ་མ་ཟད། མགོ་འོག་ལུས་ཆུག་གིས་དོན་དངོས་ཀྱི་འགལ་ཟླར་མི་ལང་བའི་རེ་བ་ཞུ་བཞིན་ཡོད་ལ། དགོངས་སེལ་གྱི་རྣམ་འགྱུར་གསལ་པོ་ཞིག་མི་མང་གིས་གང་མགྱོགས་མཐོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། །
དང་པོ་ཁྱེད་རང་རང་བཙན་ལག་དེབ་་མིང་བརྫུན་མ་ཅན་དེ་ཕྱིར་འཐེན་བྱས་ན་དགའ་ཡོང་། དེ་ཚོའང་ཁྲིམས་འགལ་ཡིན་པས་ཚང་མ་དགོངས་སེལ་བྱོས།
འོ་ད་དབྱར་རྩ་དགུན་འབུ་ལགས་ནས་ཧ་ཅང་ཡག་པོ་བྲིས་གནང་འདུག ང་ཚོ་མི་མང་མང་པོས་དེ་ག་རང་བསམ་གྱི་ཡོད། ད་བཀའ་ཤག་གི་བཀའ་བླུན་༼བློན་མ་རེད་ད་བླུན་རང་རེད།༽ཚོ་ད་ག་རེ་སྒུག་བསྡད་ཡོད། མི་མང་གྱན་ལངས་སྒུག་གི་ཡོད་དམ། ཡང་མིན་ན་༸གོང་ས་མཆོག་གི་ཐུགས་དཀྲུགས་འདོད་ཡོད་དམ་གཞན་དགོངས་སེལ་ཞུ་རྒྱུ་མ་གཏོགས་གང་ཡང་ལྷག་མེད། རང་གི་བཟོས་པའི་ཆང་དེ་ཞིམ་པོ་མེད་ན་ཐུང་རྒྱུ་རེད།
དེ་རིང་ཕྱི་ཟླ་11པའི་ཚེས་12 རེད་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དུས་ཚེས་དེ་ཕྱི་ཟླ་11། གི་ཚེས་15 རེད།
ཀུན་སྤྱོད་ཡག་པོ་ཅན་ཞིག་ཡིན་ན་སྔོན་ནས་དགོངས་དག་ཞུ་ཚར་བ་ཡིན་སྲིད་པ་རེད། དེང་གི་བློ་སེང་དང་བཀའ་ཤག་ནས་ཀུན་སྤྱོད་ཡག་པོ་མེད་པས་རྐྱེན་པས། དགོངས་དག་ཞུ་རྒྱུ་རྩ་བ་ནས་དྲན་མི་སྲིད་པ་རེད།
གཞུང་པ་ཚེ་དབང་བསིད་ནམས་ལགས། དགོངས་སེལ་ཞུ་རྒྱུའི་དུས་ཚོད་ཧ་གོ་གི་ཡོད། འོན་ཀྱང་དགོངས་སེལ་ག་ཚོད་འགྱོགས་པ་ཞུ་ན་དེ་རྩིས་ཀྱི་ཡག་པ་ཡོད། གང་ལྟར་ཞུ་ནི་ཞུ་དགོས་རེད། ཉིན་འགྱངས་ཞག་འགྱངས་བྱེད་ན་རྐྱོན་མ་གཏོགས་དགེ་གང་ཡང་མཐོང་གི་མིན་འདུག
ད་སྲིད་སྐྱོང་གཙོས་བཀའ་བླུན་དེ་ཚོ་རྙོ་མེད་ན་གང་ཤེས། ད་དགོངས་སེལ་ཞུ་རྒྱུའི་ཚབ་ལ་ཡི་གེ་འདྲ་མིན་འདོད་བློ་མ་ཁེངས་པ་དེ་འདྲ་བཏང་འདུག་པ་ད་དངོས་གནས་སྐབས་འདིའི་བཀའ་ཤག་རང་ཤེས་ EGO ཚ་དྲག་ནས་ཚིག་དགོངས་དག་ཞིག་ཀྱང་དོན་ས་མ་རེད། ད་མི་མང་ཧ་ལས་ཧོན་ཐོར་ལབ་ཚད་འདི་ཚད་མེད་པ་ཆགས་སོང་། མི་མང་ནང་རྙོགས་གླེང་བྱུང་ན་བཀའ་ཤག་ལ་འགན་ཡོད། ད་ནས་ཟུང་མི་མང་ནས་བཀའ་ཤག་གི་བཀའ་བླུན་སུ་ལའང་གུས་བརྩི་ཞུ་གི་མ་རེད། ཁོ་ཚོ་ཚང་མ་མཐོང་མེད་ནུས་མེད་ཆགས་རྒྱུ་ཉག་གཅིག་རེད། སྲིད་སྐྱོང་ནི་ལོ་འཁོར་མོ་ཕྱི་རྒྱལ་ཏུ་འགྲོ་མ་ཚར་སྡད་སོང་། ད་གཞི་ཆགས་ཁག་ལ་མིག་མ་གོ་སྟག་ཁུང་ཡང་བལྟ་ཡི་མ་རེད། གཞིས་ཆགས་མི་མང་ནས་སྲིད་སྐྱོང་ཁོ་པར་གང་ཡང་ཐོབ་རྒྱུའི་རེ་བ་མེད་པ་ཧ་གོ་ཚར་རེད།
གཞུང་པ་ཚེ་དབང་བསིད་ནམས་ལགས་ད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནང་བའི་དུས་ཚོད་༼༢༠༡༩།༡༡།༡༥༽ ཟིན་ཚར་སོང་ད་བཀའ་ཤག་ནས་དགོངས་སེལ་ནམ་ཞུ་རྒྱུ་ཡིན་ནམ། ཁྱེད་རང་སྲིད་སྐྱོང་གཙོས་བཀའ་བླུན་ཚོ་ལ་སྐད་ཆ་དྲིས་དང་།
དཔལ་ལྡན་བཀའ་ཤག་གི་བཅད་ཁྲའི་ཡི་གེའི་བཀའ་ལན་རྡོ་རྗེ་གནམ་ལྕགས་མ།
དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་གི་དབུ་བཞུགས་ཁྲིམས་དཔོན་རྣམ་པ།
མེ་ཌམ་ནན་སི་ཕོ་ལོ་སི། སྐུ་ཞབས་རི་ཆར་སི་གི་རིན། ངའི་གྲོགས་པོ་ཡག་ཤོས་གོངས་ས་སྐྱབས་དགོན་ཆེན་པོ། ཁམས་པའི་དཔུང་སྐྱབས་ཆེ་ཤོས་ཟམ་གདོང་རི་པོ་ཆེ། དེ་བཞིན་ངའི་གྲོགས་པོ་ཁྲིམས་རྩོད་པ་བློ་ཟངས་འདྲེགས་པ་བཅས་ལ།
སྤྱི་ཟུར་པེན་པ་ཚིག་རིལ་གྱིས་ང་ལ་སྙོན་བཙུགས་བྱས་པའི་གྱོག་གཞི་དེ་ལ་ངས་དང་ཐོག་ནས་ངོས་ལེན་མེད། རྒྱུ་མཚན་ནི་གྱོད་གཞི་དེ་དང་ང་རང་འབྲེལ་བ་ཆགས་ཀྱི་མེད། གྱོད་གཞི་དེ་བཙན་བྱོལ་གཞུང་གི་སྲིད་སྐྱོང་ལ་བཙུགས་པ་ལས་ང་ལ་བཙུགས་མེད། ང་རང་ནི་མིང་ཙམ་འཛིན་པའི་སྲིད་སྐྱོང་བ་ཡིན་པ་དང་། སྲིད་སྐྱོང་བ་ངོ་མ་ནི་ང་རང་མིན་པ་སྤེན་ཚིག་ཤེས་ཀྱི་ཡོད།
རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ད་རེས་གོ་སྐབས་བཟང་པོ་འདི་བཟུང་ནས་ང་ཚོ་ཚང་མས་ཤ་ཡེ་ཡག་མོ་ཚར་གཅིག་མཉམ་དུ་འཁྲབ་ན་གང་འདྲས་འདུག
ཤ་ཡེ་ཡག་མོ། ཨ་ཁུ་སྤེན་ཚེ་གཅིག་པུར་ལུས་སོང་། ཤ་ཡེ་ཡག་མོ། ཨོ་ཨོ་ཤ་ཡེ་ཡག་མོ།
ད་ནི་སྲིད་སྐྱོང་གནས་གཡོལ་གཏོང་བའི་དུས་ལ་སླེབས་སོང་།