ཨ་རིག་དགེ་མཐོང་།
སྤྱིར་བཏང་བོད་ཕྱི་ནང་གི་དྲ་ཚིགས་ཀུན་ཏུ་ཡིག་ནོར་གྱི་འཚང་ཁ་ཆེ་ཞིང་། གཏགས་ནོར་གྱི་གཅིན་པ་བཞུར་མཁན་མང་ལ། དེ་བས་ཀྱང་དོན་ནོར་གྱི་སྐྱག་པ་གཏོང་མཁན་ཚོ་སྡུག དྲ་ བར་ཞུགས་པའི་ཉམས་མྱོང་ཡོད་ཚེ་ཡིག་ནོར་ནི་མ་ཤེས་པར་ཁ་ལག་པའི་བར་ནས་ཤོར་འགྲོ་ ལ། མཛུབ་མོས་མཐེབ་གཞུང་སྟེང་གི་ཡི་གེའི་གཟུགས་རིས་ལ་གནོན་སྐབས་འཆོར་བ་དང་། ཡིད་གཟབ་ནན་མེད་པའི་སྒོ་ནས་ཀྱང་རང་བཞིན་གྱིས་ཤོར་འགྲོ། ཡིག་ནོར་འདི་ཆེ་ས་ནས་བཤད་ན་མི་རིགས་ཀྱི་ཚེ་སྲོག་ལ་རྨ་ཁ་བཟོས་པ་རེད། ཆུང་ས་ནས་གླེང་ན་མགོ་དཔོན་པོ་དང་བླ་སྤྲུལ། དགེ་རྒན་བཅས་ཀྱི་ལག་ན་རྒྱུན་འབྱམས་སུ་ཕྱིན་པའི་འགྲོ་སྟངས་ཤིག་ཀྱང་རེད། བར་ནས་བཤད་ན་ཡིག་ནོར་ཤོར་ན་དོན་ནོར་འབྱུང་སྲིད། དེ་ལྟར་ན་གོ་བརྡ་མི་འཕྲོད་པས་གཟབ་རྒྱུ་གལ་ཆེ།
མི་རིགས་དེའི་སྐད་ཡིག་ནི་མི་རིགས་དེའི་ཚེ་སྲོག་ཡིན་པ་མཁས་པ་དང་བླུན་པོ་དག་གིས་ཡང་ཡང་སྨྲས་ཟིན་པས་བསྐྱར་ཟློས་ལ་མི་འབད། དྲ་ བའི་ཡིག་ནོར་འདི་ཡག་རྟགས་ཤིག་མིན་པ་ལྐུགས་པ་མ་ཡིན་པའི་ཤེས་པ་གནད་དུ་ཡོད་ མཁན་ཞིག་ཡིན་ཚེ་ཁས་ལེན་པར་ངེས། འོན་ཀྱང་། རང་རེའི་རྩོམ་པ་པོར་རློམ་མཁན་དང་ཁོག་རྒྱ་ཆུང་བའི་གང་ཟག་ཁག་ཅིག་གིས་ཡིག་ནོར་ བྲིས་པ་ལ་སྐྱོན་བཙུགས་ན། ཡིག་ནོར་ཤོར་ཡོད་པའི་དཔེ་དེབ་དང་ཡིག་ནོར་རེད་བསམ་སྤྱད་ཀྱི་མཁས་པའི་གསུང་རེ་ ཨེ་རྙེད་ཀྱིས་འབད་བརྩོན་ལ་བརྟེན་ཏེ་རང་ཉིད་འགེབས་བསྲུང་ལ་བྲེལ། སུ་ཡིན་ན་ཡིག་ནོར་ཡོད་སྲིད་ལ་ཡོད་པ་བཞིན་གཞན་གྱིས་བཅོས་ན་རྗེས་སུ་ཡི་རངས་ དང་དགའ་བ་སྒོམ་རྒྱུ་ལས། དེ་ལ་མི་འདོད་པའི་སྐྱག་རྫུན་རིགས་ལ་བསྡུས་ལུང་བསྡུས་ཏེ་ཁ་ལན་སློག་མི་རུང་ སྟེ། ཁྱེད་ཅག་གི་ཁ་ན་དུས་རྒྱུན་ཁ་འདོན་ལྟ་བུར་གླེང་བའི་མི་གཞི་དང་། བདེན་པ་དགོས་རབས་སྨྲ་པའི་རང་གི་སྐད་ཆ་སྔོན་བསྒྲགས་ཟིན་པ་དག་ལ་བསམ་གཞིག་ གཏོང་ཤེས་དགོས་ལ། མ་མཐའ་ཡང་མི་རིགས་ཤིག་གི་ད་ལྟའི་སྐད་ཡིག་གི་ཚེ་སྲོག་འདི་ཆད་ལ་ཉེ་སྐབས་ཡིན་ པའི་ངོས་ནས་དྭང་ལེན་བྱེད་རྒྱུ་གལ་ཆེ། ཡིག་ ནོར་གྱི་ཁུངས་དེད་དེ་སྔོན་གྱི་རྡོ་རིང་གི་ངོས་དང་གཏེར་ཡིག་ཏུ་གྲགས་པ་ཚོ་ རྒྱབ་རྩར་ཤེད་མི་འོས། ཡིག་ནོར་ནི་སུ་ཞིག་གིས་ཤོར་ན་ནོར་འཆུག་ལས་འདི་ལ་དམིགས་བསལ་དང་གན་ཉེས་ཆད་ ཅེས་པ་གཏན་ནས་མེད་པར་གཅིག་མཚུངས་སུ་བལྟ་དགོས།
མདོར་ ན། ཉེ་ཆར་ནས་བཟུང་ཡིག་ནོར་གླེང་རྒྱུ་དང་ཡིག་ནོར་ཡིག་ནོར་དུ་ཁས་མི་ལེན་པའི་ གླེན་རྟགས་སྟོན་རྒྱུ་ཇེ་མང་རེད། དེ་ཡང་ཕར་དེད་ན་ས་སྔོན་མ་ནས་གླེང་རྒྱུ་ཡོད་ཀྱང་། ད་ཐེངས་ཀྱི་འདིའི་འགག་རྩ་ནི་ཉེ་སྔོན་གྱི་༼ཡིག་ནོར་གྱི་མཛེས་པ༽། འབྲི་མཁན་རེ་རྐང་གླིང་།༼ནུབ་བྱང་དང་གླག་གི་ཡིག་ནོར་ང་བདུན་༽འབྲི་མཁན་དཔའ་བེའུ་དང་། དེ་ནས་༼ རེ་རྐང་གླིང་གི་ཡིག་ནོར། ༽འབྲི་མཁན་གློག ༼སྙན་ངག་པ་གཅན་མེ་སྟག་གིས་བོད་ཡིག་ལ་སྣང་ཆུང་བྱས་པ༽།འབྲི་མཁན། ལམ་འགྲོ་བ། འདི་ ཚོ་རེད། དེ་ལས་གཞན་ཕན་ཚུན་ལ་གསལ་བཤད་ལྟ་བུའི་སྐད་ཆ་དང་། བར་གྱི་མི་གཞན་དག་གི་མཆན་བུ་དང་དེའི་ཐད་ཀྱི་ཟིན་བྲིས་མང་ཡང་ཡོད་ཚད་གླེང་ མེད། རྒྱུ་རྐྱེན་དེ་ལ་བརྟེན་ནས་མཚོ་སྔོན་ཟིན་བྲིས་སུ་འུར་འདྲོགས་དང་ལྷག་བསམ་ཟུང་ འབྲེལ། རང་གི་ནོར་འཆུག་ཨུ་ཚུགས་བྱས་ཏེ་ཁས་མི་ལེན་པ་སོགས་སྐྱུག་བྲོ་བའི་ངོ་གདོང་ རྫོབ་རོ་དེ་བསྟན་པ་རེད། ད་དུང་ཡིག་ནོར་ནི་༼དག་གསར་༽ལ་ཡོད་རབས་དང་བྱིས་པ་ཚོ་དེ་ལ་མགོ་འཁོར་ནས་ལོག་ ལམ་དུ་འགྲོ་བཞིན་པའི་སྐད་ཆ་རྫ་ནེ་རྫུན་ནེ། རང་ནི་གང་བྲིས་ལ་མངའ་བརྙེས་པ་ལྟ་བུའི་ཁ་ཤོམ་དང་སྤོམ་བཤད། ལྟ་བ་མི་འདྲ་བ་ཡོད་མདོག་གིས་གཞན་ལ་དམའ་འབབ་དང་མཐོང་ཆུང་ཁྱད་གསོད་བྱེད་སྟངས་ ནི་ལག་ཏུ་སྙུ་གུ་འཛིན་མཁན་ཞིག་གི་འོས་འགན་རེད་དམ།
མདོར་ དྲིལ་ན། རང་ནི་མི་གཞི་ཡོད་ཚུལ་དང་སྒལ་ཚིགས་དྲང་རབས་སོགས་ཀྱི་ཐ་ཚིག་སྒྲོག་མཁན་ཞིག་ མ་ཡིན་ནམ།ད་དུང་གཞན་ལ་ཡིག་ནོར་ཡོད་པས་ངས་ཀྱང་ཡིག་ནོར་བྲི་རྒྱུ་ཟེར་ན། གཞན་གྱིས་ཁྱིམ་དུ་སྐྱག་པ་གཏོང་ན་ཁྱེད་ཀྱིས་ཀྱང་དེ་ལྟར་བྱེད་རྒྱུ་ཡིན་ནམ། ངས་བལྟས་ན་ཁྱོད་ཚོས་བོད་ཀྱི་གྲྭ་བ་ཚོ་ཀླད་རྙིང་དང་མཁྲེགས་འཛིན་ཆེ་རབས་ཟེར་ བ་ལས་རང་ཉིད་ཀྱི་ནོར་འཆུག་འདི་མཁྲེགས་འཛིན་མི་བྱེད་པར་བོད་ཀྱི་སྐད་ཡིག་ལ་ འགྱོད་བཤགས་ཞུ་རན་འདུག སྤྱིར་ བཏང་དྲ་བར་ཞུགས་མཁན་ཡོངས་ལ་ཡིག་ནོར་དང་གཏགས་ནོར་མེད་མཁན་ཧ་ཅང་ཉུང་། འོན་ཀྱང་། ཡིག་ནོར་ཡིག་ནོར་དུ་ངོས་འཛིན་གནང་མཁན་ནི་མང་ལ་ཡིག་ནོར་བཅོས་ན་དགའ་མཁན་ནི་ དེ་བས་ཀྱང་མང་། ཡིན་ནའང་། ང་ནི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རློམ་མཁན་རེ་ཟུང་གི་ཡིག་ནོར་བཅོས་ན་ སྡང་མིག་གིས་བལྟ་ཞིང་། གང་ཟག་དེ་སྐབས་དེ་ནས་བཟུང་ཁོའི་དགྲ་བོ་དང་པོར་བལྟ་མཁན་ཇེ་མང་རེད། ད་དུང་། ཡིག་ནོར་བཅོས་ན་རྗེས་སུ་དྲ་བར་མི་ཞུགས་མདོག་མདོག་དང་། སྔོན་སྙན་ངག་པ་དང་རྩོམ་པ་པོ་གྲགས་ཅན་ཞིག་བུད་སོང་རབས་གླེང་། སྐྱོན་ལ་ངོས་ལེན་བྱེད་མ་ཐུབ་པ་དང་བདེན་དོན་ལ་མིག་ལྷོག་བལྟ་མཁན་ནི་བུད་སོང་ ན་འགྱོད་པ་སུ་ཞིག་ལ་ཡོད། ད་དུང་དེའི་རིགས་ནི་འདུག་པ་ལས་སོང་ན་རང་གཞན་གཉི་ག་ལ་ཕན་ཆེ་སྟེ། དེ་ཚོ་མ་སོང་ན་མི་གཅིག་གིས་མི་བརྒྱ་ནད་པའི་མི་གཏོང་བའི་ངེས་པ་ག་ལ་ཡོད།
གཞན། མི་དེའི་རིགས་ལ་ངོ་དགའ་སྦྲེལ་ལད་འཁྲམ་མཁན་མང་ཡང་གནས་སྐབས་བཏང་སྙོམས་སུ་འཇོག་འདོད་སྐྱེས།
ད་ ནིང་ཞིག་ལ་ང་ཚོས་ཀྱང་ཡིག་ནོར་གླེང་། སྤྱི་སྐད་ཡོད་མེད་བརྩད། དེ་ནས་ཁག་གཉིས་སུ་གྱེས་ཏེ་ཕན་ཚུན་གྱི་མིང་ལ་ཀ་ཆེན་བཞི་དང་སེང་ཆེན་བཞི་སོགས་ ཀྱི་ཐ་སྙད་ཀྱིས་བསྙད་དེ་རྒྱུན་རིང་ལ་གླེང་མོལ་བྱས། སྐབས་དེར་ཁོ་བོས་ ༼ཁྱོད་ཚོས་འུར་མ་རྒྱག ད་ལྟ་བོད་ལ་སྤྱི་སྐད་མེད་༽ཅེས་པའི་འབོལ་རྩོམ་ཞིག་དང་བསམ་འཆར་སྔ་ཕྱི་ཁག་ གསུམ་བཞི་ཞིག་བྲིས་པ་ཡིན་མོད། ད་ལྟའི་ཡིག་ནོར་གླེང་བ་འདི་འདྲ་མིན་པར་སུ་ལ་བདེན་པ་ཡོད་ན་དེ་ལ་རྒྱལ་ཁ་སྤྲད་ པ་རེད། དེ་རིང་གི་འདི་ནི་གསོལ་འདེབས་ཀྱི་ཚུལ་དུ་བྲིས་པ་ལས་མི་སྒེར་བའི་མིང་སྨོས་ ཏེ་བཤད་མེད། ད་དུང་མུ་མཐུད་ནས་ཨུ་ཚུགས་དང་མཁྲེགས་འཛིན་བྱས་ན་བོད་ཀྱི་སྐད་ཡིག་གི་ཚེ་ སྲོག་བསམ་སྟེ་སྙུག་གུའི་མདུང་རྩེ་ཁྱོད་ལ་གཏད་ངེས་ཡིན།
བོད་ ཡིག་བེད་སྤྱོད་གཏོང་མཁན་ཡོངས་ལ་ཁོ་བོས་མཐོང་ཆེན་ལྟ་བུ་བྱེད་ཀྱིན་ཡོད་ལ། དེ་བཞིན་གོང་གི་རྩོད་རྙོག་ཅན་གྱི་ཡིག་ནོར་འབྲི་མཁན་དག་ལ་ཡང་དེའི་ཆ་ནས་དགའ་ ཞིང་བརྩེ་སེམས་ཡོད།
ཡག་པོ་བྲིས་འདུག་རྗེས་སུ་ཡི་རང་ཡོད།
མི་རིགས་དེའི་སྐད་ཡིག་ནི་མི་རིགས་དེའི་ཚེ་སྲོག་རེད་ཟེར།
དེ་ནི་ཁོ་རྩ་བ་ནས་ཁས་ལེན་ཐབས་མེད། སྲོག་མེད་ཚེ་མི་དེ་བེམ་པོ་གྱུར་ཟིན་པ་རེད་དེ། མི་རིགས་ཀྱི་སྐད་ཡིག་མེད་པའི་མི་རིགས་མང་པོ་ཞིག་འཛམ་བུ་གླིང་ན་མཐོང་རྒྱུ་ཡོད་པས་ཡིན། ཁྱེད་ཀྱི་སྐད་ཆ་དེ་ནི་གཞན་གྱི་ཟེར་འགྲོས་ཙམ་ལས་རྒྱུ་ཚན་ཡང་དག་ལྡན་ཞིང་། གཏོང་ས་དང་འཇུ་ས་ཡོད་པའི་གཏམ་ཞྀག་རྩ་བ་ནས་མ་ཡིན་པར་འདོད།༔
རྩོམ་ཡིག་འདི་སྐད་ཡིག་ཚགས་པར་ཚང་ལ་སྤྲོད་རོགས་ཞུ།
ཡིག་ནོར་ལ་ཡིག་ནོར་ཡིན་པའི་ངོས་འཛིན་གྱིས་ཕྱིན་སླད་ཉུང་དུ་གཏོང་རྒྱུ་ནི་ཡར་རྒྱས་ཀྱི་ལམ་བུར་ཞུགས་པའི་སྨྱུག་འཛིན་པའི་ཁེ་བཟང་རེད། དེ་བས་གོང་གི་རྩོམ་པ་པོར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
དེ་བདེན་ཀི། ཡིན་ཡང་རང་གི་བགོ་སྐལ་དཔེ་ཆ་མ་བལྟས་ན་དེ་ནི་ནོར་ཚབས་ཧ་ཅང་ཆེ།
ཁྱེད་རྩོམ་འདི་ཡིག་ནད་གསོ་བའི་བདུད་རྩི་རིལ་བུ་དང་། ཡིག་མཁན་ནད་པ་སྐྱོབས་པའི་མགོན་སྐྱབས་ཡིན།
དེ་ན་ངས་རྗེས་སུ་ཡིད་རང་ཞུ།
བརྡ་སྤྲོད་དང་སུམ་རྟགས་ཀྱི་འགྲོས་དང་མཐུན་ན་ཡག་པོ་ཡོད་ས་རེད་བསམ་ཀི
བཀུར་འོས་རྩོམ་སྒྲིག་པ་མཆོག་གིས་ཁོ་བོའི་བསམ་འཆར་ཀློག་པ་པོ་དག་གི་སྤྱན་ལམ་བསྟར་བར་དགའ་བསུ་དང་། དེ་བཞིན་དྲ་གྲོགས་དག་གིས་དགོངས་ཚུལ་སྦས་སྐུང་མེད་པར་བཤད་པ་ལེགས།
སྐད་ཡིག་ཚགས་པར་རྩོམ་སྒྲིག་པ་འབྲོག་ཆོས་ལགས་སུ་ཞལ་འདེབས་ཤིག་གི་སླད་དུ་ཕུལ་བ་ཡིན།
སྐད་ཡིག་གང་ཞིག་མི་རིགས་ཀྱི་ཚེ་སྲོག་ཡིན་མིན་དེ། གཙོ་བོ་སྐད་ཡིག་དེའི་ནང་སྙིང་ལ་བལྟ་དགོས། ནང་སྙིང་མེད་པའི་སྐད་ཡིག་ནི་ཚེ་སྲོག་ཏུ་མི་འགྱུར། གཉིས་ནས་སྐད་ཡིག་མ་ཉམས་ན་མི་རིགས་ཀྱི་བག་ཆགས་སྲུང་ཐུབ། དེ་ཚེ་སྲོག་མིན་ན་ཡང་དབང་བོ་གལ་ཆེན་ཞིག་ཡིན།
ང་ཚོས་དཔེ་དེབ་དང་དྲ་ལམ་དུ་ཡིག་མཆན་འགོད་པ་སོགས་སུ་དག་ཆ་ལ་ནན་ཏན་བྱེད་དགོས་པ་དེ་ངོ་མ་གལ་ཆེན་རེད། མཆན་འདོགས་པ་ཚོས་སོ་སོའི་མཆན་ནང་ལ་ཤོར་དང་འཆོར་བཞིན་པའི་ཡིག་ནོར་རྣམས་སེམས་ལ་ངེས་པ་བྱས་ནས་བསྐྱར་དུ་ནོར་ཡིག་དེ་མི་འཆོར་བ་ཞིག་ཐུབ་ན་ཅིས་མི་བཟང།
དག་ཆ་ཡག་པོ་ཡོད་མཁན་འགའ་ཞིག་གིས། དྲ་བའི་ཞུ་དག་ལ་འགན་ལེན་ཐུབ་བམ། ཡང་ན་ང་ཚོས་དྲ་ཐོག་གི་ཞུ་དག་ལྷན་ཁང་ཞིག་བསྐྲུན་ན་གང་འདྲ་འདུག
ཨ་རིག་དགེ་མཐོང་ལགསཀྱིས་གསུངས་པ་རྣམས་ལ་རྒྱབ་སྐྱོར་ཡོད།
ཡིག་ནོར་ནི་གད་སྙིགས་རེད།
གཏགས་ནོར་ཡང་གད་སྙིགས་རེད།
གད་སྙིགས་ནི་ཚང་མས་ཕན་ཐོགས་མེད་པར་བརྩི་གིན་ཡོད།
ཡིག་ནོར་གྱི་གད་སྙིགས་མྱུར་བར་བསྲེགས་པར་མཛོད་ཅིག།
ཡིག་ནོར་ནི་ངའི་དགྲ་བོ་ཡིན།
ཡིག་ནོར་ནི་བོད་མི་རིགས་ཀྱི་དགྲ་བོ་རེད།
ཡིག་ནོར་ནི་སྐད་ཡིག་འདིའི་ཚེ་སྲོག་འཕྲོག་མཁན་ངོ་མ་དེ་རེད།
ཡིག་ནོར་སྤོངས། ཚེ་སྲོག་སྲིངས།
ཡིག་ནོར་ཕམ་པར་གྱུར་ཅིག།
ཡིག་ནོར་སྟོངས་པར་གྱུར་ཅིག།
ཡིག་ནོར་དག་པར་གྱུར་ཅིག།
གལ་ཆེ་བའི་དོན་འདི་ལ་སྲུང་སྐྱོབ་ཡག་ཐག་ཆོད་ཅིག་བྱེད་དགོས་ན་ཉེན་རྟོག་དམག་མི་ངེས་པར་དུ་བཞག་དགོས་པ་རེད། དམག་མི་མེད་ན་གསོལ་བ་བཏབ་པ་ཙམ་གྱིས་བརླག་མི་འཁེལ།
ངས་བལྟས་ན་ཨ་རིག་དགེ་མཐོང་ལགས་ཡིག་ནོར་སྲུང་བའི་དྲ་ཐོག་ཉེན་རྟོག་པར་བརྐོས་ན་འོས་འཚམ་འདུག ཧཧཧ
ཨ་རིག་ལགས།ཉིད་ཀྱིས་གསུངས་པ་ནང་བཞིན་གྱི་ཚབ་ཆེན་དེ་འདྲ་ཅིག་མ་རེད་ལགས།དེང་བརྡ་འཕྲིན་དང་འཕྲུལ་རྩལ་ཧ་ཅང་ཡར་རྒྱས་སྐབས་འདིར་མཆན་འབྲི་རྒྱུ་སོགས་ལ་སྐད་ཡིག་གང་ཐོག་ཏུའང་ཡིག་ནོར་མང་བ་འགྲོ་སྟངས་ལྟ་བུ་ཅིག་ཆགས་ཡོད།
ལར་ཉིད་ནས་བོད་ཡིག་དེ་བོད་མིའི་སྲོག་ཡིན་པ་གསུངས་འདུག་མོད་ང་ཚོས་དོན་དམ་སྐད་ཡིག་གི་རང་དབང་རྩོད་ཀི་མེད་པར་ཆབ་སྲིད་རང་སྐྱོང་དང་མངའ་ཁོངས་ཀི་རང་སྐྱོང་བདག་དབང་རྩོད་ཀི་ཡོད་པ་བཙན་བྱོལ་གཞུང་གི་གནང་སྟངས་མང་པོའི་ཐོག་ར་སྤྲོད་ཡོད་རེད་ལ།ཕྱི་རྒྱལ་གྱི་བོད་མིའི་ཆབ་སྲིད་འགོ་ཁྲིད་ཚོར་ཡང་འབྱུང་འགྱུར་བོད་ནང་རང་དབང་བྱུང་མཚམས་དེང་དུས་འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་ཨིན་ཡིག་སོགས་བེད་སྤྱོད་གཏོང་རྒྱུ་མ་གཏོགས།བོད་ཡིག་གིས་དེང་རབས་ཀྱི་རྗེས་མི་ཟིན་པར་ཡིད་ཆེས་བརྟན་པོ་ཡོད་རུང་སྐབས་འཕྲལ་ཁ་ནས་མ་བཤད་པ་ཙམ་རེད།
དེ་འདྲ་སོང་བོད་ཡིག་དེ་ནང་ཆོས་པ་ཚོར་དགོས་མཁོ་ཡོད་པ་དངོས་ཡོད་ཡིན་རུང་མ་འོངས་བོད་མི་སྤྱི་ལ་དེ་ཙམ་དགོས་མཁོ་མེད་པ་དེང་སང་གི་བོད་གཞོན་སེམས་ཤུགས་ཅན་ཚོས་ཀྱང་ཕན་ཚུན་འཕྲད་དུས་ཨིན་སྐད་ཁོ་ན་བེད་སྤྱོད་གཏོང་བ་ལས་བོད་སྐད་མི་བཤད་པས་དཔག་ཐུབ་སྙམ་ལགས།
བོད་ཡིག་སྐྱབས་ཀྱི་སྐད་ཆ་ལ་གོ་རྒྱུ་འདུག་པས་བསམ་གཞིག་བྱེད་དགོས་པ་འདྲ།
རྩོམ་པ་པོས་གསུངས་པ་དེར་རྒྱབ་སྐྱོར་ཡོད།
གང་ལགས་ཞུ་ན། ཡིག་ནོར་ཡིག་ནོར་རུ་ཁས་ལེན་བྱེད་མ་ཐུབ་ཚེ།
དེང་སང་ང་ཚོའི་མིག་གིས་དངོས་སུ་མཐོང་རྒྱུ་ཡོད་པའི་ཕོ་མིན་མོ་མིན་གྱི་མི་རྣམས་དང་འདྲ་བར།
ཁོང་ཚོར་འཇིག་རྟེན་སྟེང་གདུང་རྒྱུད་དར་སྤེལ་བྱེད་པའི་རྒྱུད་འཛིན་པ་མེད་ལྟར།
བོད་ཡིག་འདི་ཁ་ཆག་སྣ་རལ་ཞིག་ཏུ་འགྱུར་ངེས།
།ཨ་རིག་དགེ་མཐོང་གཏམ་ལ་སྙིང་ནས་རིང་།
།བལ་ཅོལ་རལ་བའི་ཅ་ཅོར་ཞེན་པ་ལོག
།འདོད་ལྷའི་ཀུ་རེ་ཚིག་ལ་དགོད་རེ་སྤྲོ།
།ཁ་བུའི་འགལ་འདུའི་རང་མཐོང་ཡ་རེ་ང་།
ད་དེ་རིས་སང་ཉིན་དགེ་མཐོང་གིས་ཀྱང་ཡིག་ནོར་དང་ཨུ་ཚུགས་གླེང་གི་ཡོད་པ་རེད་པས། ཨ་ཁ་ཁ། བོད་ཕྱི་ནང་གཉིས་སུ་འཁྱོང་ན་མི་འཁྱོང་ན་ཨུ་ཚུགས་རྒྱག་མཁན་ཁྱེད་ལས་ལྷག་ཅིག་མེད་པའི་ཁར། ཡིག་ནོར་ཟེར་བ་ཁྱེད་ཀྱིས་བྲིས་བྲིས་སུ་ཞིག་གིས་བྲིས་མྱོང་ཡོད་དམ། དཀོན་མཆཽག་མཁྱེན།།
འགའ་རེའི་གཏམ་དེ་མཐོང་བས་དགའ་སྣང་སྐྱེས། །
ཁ་ཅིག་ཟུར་མདའ་རིག་པས་རང་སེམས་འདུར། །
འདི་དག་ཚང་མ་སྐྱེ་བོའི་རང་གཤིས་ལས། །
བདེན་པའི་གནས་ལུགས་ཞར་ནི་མ་ཡིན་ནོ།།
ཡིག་ནོར་བུ་མོའི་བསླུ་བྲིད་མ་ཐེབས་པའི། །
བོད་ཀྱི་རྩོམ་མཁན་སྟག་ཕྲུག་གང་དུ་ཡོད། །
བསླུས་ཏེ་མིག་ཆུ་བཞུར་བའི་ཤུལ་ན་ཡང་། །
ད་དུང་མཛའ་མོ་ཟེར་བ་གླེན་པའི་ཟླ། །
མི་རིགས་སྐད་ཡིག་ཚེ་སྲོག་ཡིན་པ་ནི།།
གོ་ལ་ཟླུམ་པོའི་སྟེང་དུ་ཡོངས་སུ་གྲགས། །
འགའ་རེས་དོགས་པ་ཟ་ནི་ཆོག་མོད་ཀྱང་། །
དཔྱད་ནས་རྙེད་རྒྱུ་མེད་ན་ངོས་ལེན་མཛོད། །
།ཨ་རིག་དགེ་མཐོང་གཏམ་ལ་སྙིང་ནས་རིང་།
།རལ་བའི་འོས་མེད་ཅ་ཅོར་ཞེན་པ་ལོག
།གང་བུའི་རང་མཐོང་དགག་གཞག་ཡ་རེ་ནང་།
།འདོད་ལྷའི་ཀུ་རེའི་ཚིག་ལ་ཡིད་རེ་སྤྲོ།
།ཨ་རིག་དགེ་མཐོང་གཏམ་ལ་སྙིང་ནས་རིང་།
།རལ་བའི་འོས་མེད་ཅ་ཅོར་ཞེན་པ་ལོག
།གང་བུའི་རང་མཐོང་དགག་གཞག་ཡ་རེ་ང་།
།འདོད་ལྷའི་ཀུ་རེའི་ཚིག་ལ་ཡིད་རེ་སྤྲོ།
འོད་ལྡན་འབོད་པ་ལགས། ཁྱེད་ཀྱི་གོང་གི་མཆན་གྱི་མགོ་མ་༼ ད་དེ་རིས་སང་ཉིན༽འདི་ཙམ་གྱིས་ཁྱེད་ལ་བོད་ཡིག་གིས་ཁྲིམས་གཏུགས་བྱས་འདུག་ན་དེ་ལུགས་ངོས་ལེན་བྱེད་རོགས་ཞུ། དེའི་འོག་གི་ནོར་འཆུག་བཅོས་མེད་པར་རང་སོར་བཞག་ཡོད། མགོ་ནས་ནོར་ན་ནོར་བ་རེད་ཅེས་ཡོངས་གྲགས་ཀྱི་གཏམ་དེའི་དགོངས་དོན་ལྟར་མགོ་ནས་ནོར་བ་བསྟན་ཏེ་མཇུག་གི་རང་གི་ནོར་འཆུག་ངོས་ཟིན་པར་མཛོད། ཁྱོད་རང་ཡང་ཡིག་ནོར་མང་བོ་བྲིས་སྤེལ། གཞན་གྱིས་ཡིག་ནོར་རེད་ཟེར་དུས་ད་དུང་ཨུ་ཚུགས་རྒྱག་མཁན་གྱི་གྲས་ཡིན་པ་འདྲ།
བོད་ཡིག་ལ་སྐྱབས་སུ་མཆིའོ། བོད་མི་ལ་སྐྱབས་འཇུག་གནང་རོགས། བོད་དོན་གྱི་བདེན་མཐའ་སེལ་བར། བོད་ཡིག་གིས་ནམ་ཡང་མི་བསླུ།
བོད་ཡིག་ལ་གསོལ་བ་འདེབས་སོ། བོད་མིན་ཡང་བོད་འདྲར་སྒྱུར་རོགས། བོད་དོན་ལས་གཞན་ཡང་སྤྱི་དོན། བོད་ཡིག་གིས་སྒྲུབ་རྒྱུར་མཐུ་ཡོད།
བོད་ཡིག་ལ་དམ་བཅའ་འབུལ་ལོ། བོད་ཡུལ་ནི་ཆོལ་ཁ་གསུམ་པོ། བོད་ཡིག་གིས་རང་སྐྱོང་བྱེད་པར། བོད་གཞོན་ཚོར་རེ་སྐུལ་བྱེད་ངེས།
དྲ་ངོས་འཇིག་རྟེན་ཡངས་པའི་ས་གཞི་འདིར།།
ཡིག་ནོར་ཉེས་ཅན་ཇག་རྐུན་ཚུལ་དུ་ཡོང་།།
ཉེན་རྟོག་དམག་གིས་དབེན་པའི་གྲུ་ཟུར་ན།།
ཡིག་ནོར་ཉེས་ཅན་སྤྲོ་སྐྱིད་དཔལ་ལ་རོལ། །
ཉེས་ཅན་ཁྲིམས་ལ་གཏུགས་དུས་དམངས་གཙོ་ཟེར།།
ཇུས་མེད་ཇུས་གཏོགས་བྱེད་ཅེས་ཁ་རྡུང་གཏོང་།།
སྡིགས་རའི་མཚོན་ཆ་ཐོགས་པའི་ཉེས་ཅན་ལ། །
ཉེན་རྟོག་ཁྲིམས་དཔོན་ཚོ་ཡང་འདར་སིག་སིག།
ཡིག་ནོར་མེད་པའི་མཁས་པ་དཀའ་ན་ཡང་། །
རང་རང་སོ་སོས་ཡིག་ནོར་གཟབ་བྱས་ཏེ། །
བྲིས་རྗེས་སླར་ཡང་ཞིབ་དག་ཐེངས་འགའ་རེར། །
བྱས་ན་ཡིག་ནོར་རྒྱ་ལས་ཐར་བར་ངེས། །
ཡིག་ནོར་སོགས་མ་དག་རྒྱུན་འབྱམས་གྱི་ཚིག་དོན་ཁག་ལ་ཞུ་དག་གཏོང་མཁན་རྣམ་པས། རང་གི་རྒྱལ་ཁབ་དང་མི་རིགས་ལ་ཞེན་ཁོག་གཏིང་ཟབ་ཅིང་ཁ་ཞེ་གཉིས་མེད་ཡིན་ན།
གཙོ་ཆེ་ཤོས་རང་རང་གི་ལུས་ངག་ཀུན་སྤྱོད་ཡང་དག་པར་བསྲུངས་པའི་ཐོག་ནས་ གཞན་ལ་བསླབ་བྱ་དང་། དཔྱད་གཏམ་སྤེལ་ན་ད་གཟོད་མཁས་བླུན་ཀུན་གྱིས་གདེངས་འཇོག་ཆེན་པོ་བྱ་སྲིད། དེ་མིན་རང་གི་བྲིས་པའི་བརྗོད་བྱ་དང་བརྗོད་བྱེད་ཀྱི་ཚིག་དོན་དག་པ་ཙམ་གྱིས་གདེང་འཇོག་ཆེན་པོ་འཐོབ་པར་འདོད་པ་དང་ཕན་འབྲས་བཟང་པོར་རེ་བ་ནི་ཅུང་དཀའ་བ་ཡིན་ཏེ། རང་མི་རིགས་ཀྱི་རྩ་བའི་ཆེ་མཐོངས་འབྱུང་གཞི་ལུས་ངག་ཡིད་གསུམ་གྱི་ཡ་རབ་ཀུན་སྤྱོད་བཟང་པོ་དེ་དག་
རྩིས་མེད་རྡོག་རོལ་བཏང་སྟེ་ཆོ་ངེ་སྒྲོག་ཅིང་། ནེ་ཙོའི་འདོན་པ་འདོན་པ་དང་ཀུན་ནས་མཚུངས་པའི་ཕྱིར་རོ།
དཔེར་ན། གཡོ་སྒྱུ་ཅན་གྱི་དགེ་རྒན་ཚོས་དཔེ་འཁྱུད་བྱས་ཏེ་འཆད་ཁྲིད་བྱེད་པ་བཞིན། རུལ་སུངས་པ་དག་ཀྱང་དེ་དང་གཉིས་སུ་མ་མཆིས་སོ།
གཡོ་ནི། རང་སྐྱོན་སྦ་བ་ལ་ཟེར་ཞིང་།
སྒྱུ་ནི། རང་གི་ཡོན་ཏན་གང་ཡང་རུང་བ་རྣམས་གཞན་ཕ་རོལ་པོར་ངོམས་པ་ཞིག་ལ་ཟེར་རོ།
གཡོ་སྒྱུ་ཅན་ཞེས་པ་ནི། རང་སྐྱོན་སྦས་ཏེ་ཡོན་ཏན་ཅུང་ཟད་ཡོད་པ་རྣམས་ངོམས་ནས་གཞན་ལ་མགོ་སྐོར་བ་ལ་ཟེར་བ་ཡིན་ནོ།
ཡིག་ནོར་ནི་བོད་ཕྱི་ནང་གི་དཔེ་དེབ་དང་དྲ་ཚིགས་ཀུན་གྱི་ནང་དུ་འཚང་ཁ་ཤིག་ཤིག་གིས་ཁེངས་བཞིན་འདུག འདི་ནི་ཕྱོགས་ཡོངས་ནས་བོད་མི་རིགས་ཀྱི་གོད་ཆག་ཆིག་ཏུ་གྱུར་བཞིན་འདུག བོད་ནང་གི་དྲ་ཚིགས་ཁག་ཏུ་བརྡ་ཁྱབ་ཡིག་ནོར་ཟེར་བའི་དཔར་རིས་འགའ་ཤས་ཞིག་འགོད་བཞིན་འདུག་པས་དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད། གང་ཟག་སུ་ཡིན་རུང་རང་སྐད་ཡིག་ལ་ཐུག་དུས་དགའ་ཉེ་སུ་ཡིན་རུང་དམིགས་བསལ་མེད་པར་སྐྱོན་བརྗོད་ཐེར་འདོན་བྱེད་དགོས་པ་ནི་མི་རིགས་གཅིག་གི་འགན་འཁྲི་ཡིན།
ད་ནས་བཟུང་མཆན་འདེབས་པ་ཚང་མས་གཅིག་གཅིག་ལ་ཡི་གེའི་ཞུ་དག་དང་ཚིག་གི་ཞུ་དག་དང་དོན་གྱི་ཞུ་དག་གང་ནུས་བྱོས། ནོར་བ་དག་གིས་ཀྱང་དགའ་བོའི་ངང་ནས་དང་ལེན་བྱོས། དེ་བྱས་ན་ཚང་མ་མཉམ་དུ་ཡར་རྒྱས་འགྲོ་ངེས།
ཨ་ཐང་མ་ཆད་ཨ་རིག་དགེ་མཐོང་ལགས། །
ཨ་ན་མ་ནའི་བསམ་ཐོག་མི་འགྲོ་ཡང་། །
ཨ་མཛོད་གསེར་རུ་རྩམ་དགའ་ལ་སོགས་པའི། །
ཨ་མའི་བུ་འགས་ཁྱེད་ལ་རྒྱབ་ནས་སྐྱོར། །
ཉེན་རྟོག་དཔོན་ལགས། དགོངས་འགལ་མེད་པ་ཞུ། གུས་པས་ཉེས་པ་ཆེན་པོ་བསགས་ཤག
བསེ་རུའི་བསེ་ལ་ག་གསའ་འགྲེང་བུ་གསེ་ར་བཞག་གསེར་ཞེས་བྲིས་ཤག བལྟས་བལྟས་རིག་རིག་ལ་ཡིག་ནོར་འདི་འདྲ་བྲིས་ཚེ་ཉེས་པ་ཆེན་པོ་རེད། སོང་ཙང་། ངས་། ལམ་སེང་དགོངས་དག་ཞུ་གི་ཡོད།
རྒན་ལྷ་མོ་སྐྱབས་ཀྱིས་བཤད་པ་ལྟར་བྱས་ན་དྲ་ཞུགས་རྩོམ་པ་པོ་དང་མཆན་འདེབས་མཁན་ཡོངས་ལ་ཕན་ངེས་རེད། དེའི་ཕྱིར་ཁོ་བོའི་ངོས་ནས་ཡིག་ནོར་དང་དོན་ནོར། ཚིག་ནོར། བཏགས་ནོར་ཅི་ཡོད་བཅོས་ན་དགའ་བསུ་ལས་ཨུ་ཚུགས་བྱས་ན། ཉིན་དེ་ནས་བཟུང་ངས་བོད་ཀྱི་སྐད་ཡིག་ལ་ངོ་རྒོལ་བྱས་པ་ཡིན། བརྡ་རྙིང་དང་འདམ་ག་འམ་འདམ་ང་ཅན། དེ་ནས་པྲ་སྟི་དང་སི་ཏུ་སོགས་ཀྱི་བཞེད་མཚམས། རྟགས་མཚུངས་དང་སྦྱོར་བདེ། པ་བའི་རྩོད་གླེང་སོགས་ལ་དམིགས་བསལ་གཏོང་གིན་ཡིན། དེ་ལས་གཞན་ཡིག་ནོར་ཡོད་ཚེ་བཅོས་རྒྱུ་གལ་ཆེ། འདིར་བདག་ལ་སེམས་ཤུགས་སྤར་མཁན་དང་ཕྲན་གྱི་སེམས་ལ་ཚིག་གི་མདུང་རྩེས་བསྣུན་མཁན་ཡོངས་ལ་དགའ་བསུ་ཞུ།
དེ་རིང་ནས་བཟུང་ངས་དྲ་ཐོག་གི་ཡིག་ནོར་དག་ལ་ཞུ་དག་གཏོང་གི་ཡིན། དེ་ཡང་བོད་ཀྱི་བརྡ་སྤྲོད་རིག་པའི་སྒྲིག་གཞི་དང་མ་མཐུན་ཚེ་ནོར་རྟགས་བརྒྱག་རྒྱུ་ཡིན། དེང་སང་གི་འབྲི་སྲོལ་ཡིན་ཞེས་རྒྱུ་མཚན་ཅི་ཡང་བཤད་ས་མེད། ཡིག་འབྲི་བ་ཚང་མས་ཐུགས་ལ་འཛིན་རོགས།
འབའ་སྲས་ལགས་ནི། དགེ་རྒན་སེམས་བཟང་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཅན་ཞིག་ཡིན་པར་གོ་མྱོང་བ་ལས། ཕན་ཚུན་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད། དེའི་ཕྱིར་ངོ་མི་ཤེས་པའི་རྒན་ལགས་ཀྱིས་བྱ་བ་འདི་མགོ་རྩོམས་དང་མཇུག་མཐུད་རོགས་བྱེད་ངེས་ཡིན། ངའི་ཡིག་ནོར་སོགས་བཅོས་རྒྱུ་མཁྱེན་མཁྱེན།
པེན་གྱི་ཚོགས་མི་ཨ་རིག་དགེ་མཐོང་ལགས་དང་འབའ་སྲས་ལགས་རྣམ་པ་གཉིས་ལ་བསྔགས་བརྗོད་ཞུ། ཞུ་དག་ཡག་པོ་རྒྱུན་བསྲིང་ཐུབ་ཚེ་དྲ་ཐོག་གི་དགེ་རྒན་ནམ་དྲ་ཐོག་གི་ཞུ་དག་པའི་མཚན་སྙན་ཡང་འབུལ་འོས། ད་དུང་དང་བླང་བྱེད་མཁན་སུ་ཡོད་ན་དགའ་བསུ་ཞུ།
དེ་རིང་༢༠༡༡ཟླ་༡༡་ཚེས་༧ཉིན་ལ་ཁ་བརྡ་དྲ་ཐོག་ནས་དྲ་ཐོག་བོད་ཡིག་དག་ཐེར་གྱི་ལས་གཞི་འདི་དངོས་སུ་དབུ་བརྩམས་པ་ཡིན་པས། མཆན་འགོད་པ་ཚང་མས་གཟབ་གཟབ་དང་རོགས་འདེགས་གང་ནུས་ཞུ་རོགས།
ང་ལ་མཚོན་ན་རང་ཉིད་ཡིག་ནོར་གྱི་རྫོབ་དོང་དུ་ལྷུང་ནས་ད་དུང་ཐར་མེད། ཡིན་ན་ཡང་། ཡིག་ནོར་གང་མཐོང་བཅོས་རྒྱུ་དང་རང་གི་ཡིག་ནོར་རིགས་གཞན་གྱིས་བཅོས་ན་ངོས་ལེན་བྱེད་རྒྱུའི་དམ་བཅའ་འཇོག་ཐུབ།
ཡ ཡ།
དེ་རིང་ནས་བཟུང་། དྲ་ཐོག་ན་དང་བླང་ཉེན་རྟོག་དཔོན་ཞིག་ཡོད་པས། ཚང་མས་སྒྲིག་གཞི་དམ་པོར་སྲུང་དགོས་གི་རེད། གལ་སྲིད་སྒྲིག་གཞི་དང་འགལ་ཚེ་ཉེན་རྟོག་དཔོན་ནས་ཉེས་ཆད་གཏོང་གི་རེད།
ཡིན་ནའི། ཉེན་རྟོག་དཔོན་ཁོང་ནི་ལག་ཏུ་ལྕགས་རྒྱུག་དང་མེ་མདའ་ཐོགས་པ་དེ་འདྲ་གང་མ་རེད། ཉེན་རྟོག་དཔོན་དཔོན་ཁོ་ནི་དྲ་ཐོག་གི་མཆན་འབྲི་བ་དང་ཟིན་བྲིས་སྤེལ་མཁན་དག་གི་བརྡ་སྤྲོད་དང་སུམ་རྟགས་དག་གསུམ་ལ་ཞུ་དག་གཏོང་མཁན་གྱི་ཉེན་རྟོག་དཔོན་ཡིན་ས་རེད།
སོང་ཙང་། ཉེན་རྟོག་པར་ཞེ་སྣང་ཡོད་མཁན་ཚོའང་དེ་འདྲ་སྐྲག་དགོས་ས་མ་རེད། ཧེཧེཧེ།
འདི་དཔེ་ཡག་པོ་རེད་དྲན་སོང་། ཨ་དགེ་ཡིས་གོང་གི་དག་ཆའི་རྩོད་རྙོག་དང་འབྲེལ་བའི་རྩོམ་དེ་དག་གི་དྲ་འབྲེལ་ཁ་བྱང་རྣམས་འདིར་འགོད་མི་ཐུབ་བམ། རྙོག་གཞི་དེ་དག་ལ་ཅིག་བལྟ་འདོད་ཆེ།
དེ་ནས་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆེན་པོ་གཉིས་ཀྱི་པོ་མོ་གཉིས་ཀྱི་ཚིག་གི་འགྲོ་སྟངས་ཅི་འདྲ་རེད་དམ། དག་ཆའི་མཁན་པོ་ཚོ་ལ་དྲིས་པ་ཡིན།
ནམ་མཁའ་ལགས། སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆེན་པོ་གཉིས་ལ་དོན་མ་འདྲ་བ་རེ་ཡོད། གནས་བབ་དང་གོ་གནས་བརྗོད་པའི་སྐབས་སུ་”ཆེན་མོ་”འབྲི་དགོས། དཔེར་ན། སློབ་གྲྭ་ཆེན་མོའི་སློབ་མ། སློབ་གྲྭ་ཆེན་མོ་མཐར་ཕྱིན་སོང་ལྟ་བུ་དང། བོང་ཚོད་དང་རྒྱ་ཁྱོན་བརྗོད་པར་”ཆེན་པོ་”འབྲི་བར་དཔེར་ན། དེ་ནས་ཕར་སོང་ན་སློབ་གྲྭ་ཆེན་པོ་ཞིག་ཡོད། སློབ་མ་གཅིག་སྟོང་ལྷག་ཡོད་པའི་སློབ་གྲྭ་ཆེན་པོ་དེ་རེད་ལྟ་བུ། དེ་བཞིན་དུ་མི་ཆེན་མོ་དང་། མི་ཆེན་པོ་སོགས་ཀྱང་དེ་བཞིན་ཡིན།
འབའ་སྲས་ལགས། ཁྱེད་ཀྱིས་ངའི་དྲི་བར་ལན་བཏབ་པར་ཐུགས་རྗེ་ཆེ། དེས་ན་འཕགས་པ་བརྒྱད་སྟོང་བ་ཆེན་མོ་ཟེར་བའི་སྐབས་སུ་ཆེན་མོ་ནི་བོངས་ཆེ་ཆུང་དང་གཏིང་ཟབ་ཚད་ལ་འཇུག་གི་ཡོད་མ་མ་རེད་དམ། འདི་ལ་མིང་མཐའ་འདྲེན་ཚུལ་ཟེར་བ་དེའི་འགྲོ་ལུགས་ཀྱི་ཐོག་ནས་འགྲེལ་རྒྱུ་ཞིག་མེད་དམ།
འབའ་སྲས་དང་ཨ་དགེ་གཉིས་ཀྱིས་་་་་་་ལྷག་བསམ་རྣམ་དག་གིས་ཡིག་ནོར་སོགས་བཅོས་རྒྱུའི་གོམ་སྟབས་ཡངས་པོ་མདུན་དུ་སྤོས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ། ལྷག་པར་དུ་ང་འདྲ་བའི་ཡིག་ནོར་རྐྱང་བྲིས་འདུག་མཁན་དག་ལ་ཏན་ཏན་ཕན་ཐོགས་པའི་ལས་འགུལ་རླབས་ཆེན་རེད་་་་་་་བཀའ་དྲིན་ཆེ། མཐར་དོན་རེ་བ་ཆུང་ཆུང་ཞུ་རྒྱུ་ཞིག་ལ། འདིར་ཕེབས་པའི་ཟིན་བྲིས་པ་དང་མཆན་པུ་བ་ཚང་མའི་སེམས་ཁམས་དང་སྙུག་རྩེ་མི་འདྲ་བས། སྐབས་རེར་ཚིག་ངན་དང་རྩོད་པ་ཡོང་སྲིད་པ་ལ་སེམས་རྒྱ་ཡངས་པོར་བྱས་ཏེ་སེམས་ཤུགས་མ་ཆགས་རོགས་ཞེས་ཞུའོ།
ནམ་མཁའ་ལགས། བརྒྱད་སྟོང་བ་ཆེན་མོའི་མཚན་ཟུར་གྱི་”ཆེན་མོ་”བོངས་ཚད་ཀྱི་ཆ་ནས་བཏགས་པ་མིན་པར། གཞུང་རྒྱ་ཆེ་བའི་ཆ་ནས་བཏགས་པ་ཡིན། དཔེར་ན། བསྟན་བཅོས་ཆེན་མོ། ལམ་རིམ་ཆེན་མོ་ཟེར་བ་ལྟ་བུ། མིང་མཐའ་འདྲེན་ཚུལ་གྱི་དབང་དུ་བྱས་ན། ཆེན་པོ་བརྗོད་དགོས་པའི་རིགས་དག་ལ་ཡང་ཆེན་མོ་ཞེས་”མོ་”སྦྱོར་དགོས་ཀྱི་དེ་ནི་མ་ཡིན་ནོ།།
རྩམ་དགའ་དང་ཨ་དགེ་གཉིས་ཀྱི་ཡིག་ནོར་གཅིག “བཅོས་རྒྱུ” འདིའི་སྐབས་སུ་མ་འོངས་ཡིན་པས་”བཅོ་རྒྱུ་ཞེས་བཅོ་”འབྲི་དགོས། དཔེར་ན། བཅོ་བྱའི་ཡིག་ནོར་བཅོ་རོགས་ཞུ། བཅའ་བཞིན་ཡོད། བཅོས་ཚར། ཁྱོད་ཀྱིས་ཆོས། ལྟ་བུའོ།
འབའ་སྲས་ལགས་ཀྱིས་འདིར་དོན་ཕན་ལྡན་པའི་དག་བཅོས་དང་། ཆེན་པོ་དང་། ཆེན་མོའི་ཁྱད་པར་གསལ་འགྲེལ་གནང་བ་ནི། བཀུར་བར་འོས་སོ། །
ཡང་འདིར་ཡིག་ནོར་བསམ་བཞིན་དུ་འབྲི་མཁན་མེད་ཀྱང་། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ཏེ་ཡིག་ནོར་ཤོར་གྱི་ཡོད། དེར་བརྟེན། ཡིག་ནོར་ཤོར་ཆོག་ལ། དག་བཅོས་ཀྱང་བྱས་ཆོག།
མདོར་ན། ང་ཚོ་ཐུན་མོང་ཐོག་བོད་ཡིག་ལ་གཅེས་ཉར་དང་། བོད་ཡིག་གི་ཚེ་སྲོག་ལ་འགན་ཁུར་དགོས་པ་ནི།
སྐབས་ཐོག་གི་ལུས་སྲོག་མེ་ལ་སྒྲོན་པའི་ལས་འགུལ་ལྟ་བུ་མ་ཡིན་ནའང་། མི་རིགས་ཤིག་གི་གསོན་གནས་ལ་ཐུག་པའི་ལས་འགུལ་མ་རེད་ཅེས་སུས་སྨྲ་ནུས།
ཁོ་བོ་བསེ་རུ་ཡང་ཡིག་ནོར་ཤོར་གྱིན་ཤོར་གྱིན། ཡིག་ནོར་སྐད་ཡིག་གི་དགྲ་རུ་ལྟ་མཁན་ཞིག་ཡིན་པས།
བསམ་ཚུལ་འདི་རིགས་ལ་ཡིད་སྤྲོའི་ངང་རྒྱབ་སྐྱོར་དང་། རང་ཉིད་ཀྱིས་ཀྱང་གང་ཐུབ་གང་འཇོན་འབད་ཆོག་པར་ཞུ།།
ཡིག་ནོར་བཅོས་བའི་བྱ་འགུལ་འདི་དཔེ་མི་སྲིད་པའི་ཡག་པོ་རེད་ལ་དེ་ལ་རྒྱབ་སྐྱོར་ཡོད་དང་ཡོད། རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནི་ཁ་བརྡའི་དྲ་བ་འདིར་ཞུ་དག་པའི་ཚོགས་གཙོ་བསྐོས་ན་འོས་མཚམས་འདུག་སྙམ། ཁོང་གིས་ད་བར་ལུང་ཚན་བྱེ་བྲག་ཙམ་མ་ཡིན་པར་བོད་སྤྱི་སྐད་དང་བྱེ་བྲག་བཀའ་བསྟན་གྱི་མིང་བརྡའི་སྐོར་ལ་དོ་སྣང་ཡོད་པའི་ཐོག་ནས་རྣམ་དཔྱད་བྱས་ཤིང་རང་སྣང་གང་དྲན་མ་ཡིན་པར་སྔོན་བྱོན་མཁས་པའི་དག་ཡིག་གི་སྲོལ་དང་མཐུན་པ། འགྲོ་ཅི་ཐུབ་བྱེད་པ་དེ་བོད་ཆོལ་ཁ་གསུམ་དུ་གཅིག་གྱུར་གྱི་སྐད་ཡིག་འདི་ལ་ངེས་ཤེས་ཐོབ་པ་ལོས་ཡིན་ལ་དགེ་མཚན་ཡང་ཆེ་བར་འདུག་སྙམ། དེ་མིན་གསར་བུ་མང་པོ་ཞིག་གིས་རང་རློམ་རང་ཤེད་ཀྱི་ལྟ་བ་གཙོ་བོར་བཟུང་ནས་སྔོན་གྱི་གླེགས་བམ་དག་གད་སྙིགས་ཀྱི་འདུ་ཤེས་ཤིག་ལས་མེད་པ་འདི་ཉེན་ཁ་ཆེན་པོ་རེད། གང་ལྟར་ལྟ་བ་མཐུན་མིན་ལ་མ་ལྟོས་བར་ཁ་བརྡ་དྲ་བ་འདི་བརྒྱུད་ནས་གངས་ཅན་བོད་དང་ཆོས་ལུགས་དང་ཆབ་སྲིད། རིག་གནས། རང་དབང་གི་གླེང་སྟེགས་གལ་ཆེན་ཞིག་ཏུ་གྱུར་འདུག་ལ། རང་རང་གི་བསམ་ཚུལ་ཅི་ཡོད་དྲ་བ་འདིར་སྤུངས་དང་ང་ཚོས་དེ་ལས་བྱུང་བའི་བསམ་ཚུལ་ལ་དཔྱད་པའི་སྒོ་འཕར་ཕྱེ་ཆོག
བསེ་རུའི་སེམས་པ་རྣམ་དག་རེད། དགའ་བསུ་ཞུ། སྐུ་ཉིད་ཀྱི་འདི་ན་ཡང་གཅིག་འདུག “བདག་ཉར” ནོར་བ་ཡིན། “བདག་གཉེར་”ཞེས་འབྲི་དགོས། བདག་གཉེར་དོ་དམ་པ་ལྟ་བུ།
སྤྱིར་སྟངས་ང་རང་ལ་ཡང་ཡིག་ནོར་ཡོད་པས་གཞན་གྱིས་བཅོ་རོགས།
ཆེན་པོ་བདུན་ནི། དམིགས་པ་ཆེན་པོ། ཡེ་ཤེས་ཆེན་པོ། བརྩོན་འགྲུས་རྩོམ་པ་ཆེན་པོ། ཐབས་ལ་མཁས་པ་ཆེན་པོ། ཡང་དག་སྒྲུབ་པ་ཆེན་པོ། ཕྲིན་ལས་ཆེན་པོ་སྟེ་ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་པ་ཡིན། འདི་ལ་ཆེན་པོ་དང་ཆེན་མོ་ནི་བརྗོད་བདེ་འདྲེན་པའི་དབང་གིས་ཡིན་ནམ་སྙམ། མོ་དང་མ་ཡིག་ནི་མཐའ་གཅིག་ཏུ་རྟགས་མཚོན་པ་ཡིན་མི་དགོས་ལ། དཔེར་ན། ཇ་མ། ཆང་མ་ལྟ་བུ་མིང་གི་ཆ་ཤས་དང་ཐེག་པ་ཆེན་པོ་དང་ལམ་རིམ་ཆེན་མོ་ལྟ་བུ་བརྗོད་བདེ་དང་། མིང་གཞི་དང་མིང་མཐའ་སྦྱར་ནས་མིང་གི་འཕེལ་སྲོལ་ཡོད་དེ། མིང་གང་ཡང་རུང་བ་ཞིག་གཞིར་བཟུང་ནས་མིང་མཐའ་མི་གཅིག་པ་སྦྱར་ནས་མིང་དུ་མ་བྱུང་བ་དང་འཕེལ་བ་ནི། དཔེར་ན། རི། ཞེས་པ་ལ་མིང་མཐའ་གང་འོས་སྦྱར་ནས། ས་འཛིན་ལ་རི་བོ། རི་ལ་འདུག་པ་ལ་རི་པ། ཆུ་མི་འདྲོང་བའི་ས་ཞིང་ལ་རི་མ། རི་དྭགས་རྣ་རིང་མཇུག་ཐུང་ཁ་ཤོ་ཅན་ལ་རི་བོང་། རིན་དུ་བྲིན་པ་ལ་རི་བ།་བྲིས་བའི་གཟུགས་རིས་ལ་རི་མོ་ཟེར་བ་ལྟ་བུ་རེད། ཐང་ལ་མིང་མཐའ་གང་འོས་སྦྱར་བ། རས་སམ་ཤོག་བུར་སྐུ་འདྲ་ལྟ་བུ་བྲིས་ཡོད་པ་ལ་ཐང་ཁ། ཟོ་མདོག་བདེ་བ་ལ་ཐང་བོ། འབྲུ་སོགས་བརྡལ་ནས་སྐེམ་པ་ལ་ཐང་མ། ཡང་མིང་མཐའ་གུ་ངུ་འུ་བུ་གང་འགྲིག་སྦྱར་ནས་ཆུང་ངུའི་དོན་དུ་འགྲོ་བའི་མིང་དུ་མ་བྱུང་བ། ལུག་དང་ལུ་གུ། སྨྱུག་མ་དང་སྨྱུ་གུ། འཇོར་དང་འཇོར་བུ། ཐག་པ་དང་ཐ་གུ། སྦུག་དང་སྦུ་གུ། བུག་དང་བུ་ག། ཆུང་ངུ། ཐུང་ངུ། རྫི་བོ་དང་རྫི་བུ། རྟ་དང་རྟེའུ། ར་དང་རེའུ། ཤ་བ་དང་ཤེའུ། གླ་དང་གླེའུ། སྤྲེལ་དང་སྤྲེའུ། ཉ་དང་ཉེའུ། བྱ་དང་བྱེའུ། སོ་དང་སེའུ། ཁྲི་དང་ཁྲིའུ།་རྫ་མ་དང་རྫེའུ། ཟོ་བ་དང་ཟེའུ། མདའ་དང་མདེའུ། སྒྲོ་བ་དང་སྒྲེའུ། རྒོ་བ་དང་རྒེའུ། མཚོ་དང་མཚེའུ། རྡོ་དང་རྡེའུ། སྒོ་དང་སྒེའུ། ལེའུ། སྤྱིལ་བོ་དང་སྤྱིལ་བུ། གཞོང་བ་དང་གཞོང་བུ། ནོར་དང་ནོར་བུ། ཁྲོལ་མ་དང་ཁྲོལ་བུ། དོལ་དང་དོལ་བུ། སྐོན་པ་དང་སྐོན་བུ། ཁེམ་དང་ཁེམ་བུ། རྨེན་དང་རྨེན་བུ། ལན་བུ། གདུ་བུ། གླེགས་བུ། གཙག་བུ། ཐོམ་བུ། གཟར་བུ། རིལ་བུ། སྲིན་བུ། རེང་བུ། ལྟ་བུ་སོགས་མང་ངོ། གང་གི་མིང་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་མིང་རྣམས་སྦྱར་བའི་མིང་གི་འཕེལ་སྲོལ། དཔེར་ན། ལག་ན་རྡོ་རྗེ། ལག་མཛུབ། ལག་མགོ། ལག་མཐུལ། ལག་རྡུམ། ལག་དམར། ལག་ལྡན། ལག་ཉལ། ལྟ་བུ་སོགས་མང་། འབྲེལ་གཞི་དང་འབྲེལ་ཆོས་སྦྱར་བ། འབྲེལ་གཞི་རི་བོ་ལ་འབྲེལ་ཆོས་རྣམས་སྦྱར་བ། དཔེར་ན། རི་རབ། རི་དེའུ། རི་མགོ། རི་གཉའ། རི་སྐེད། རི་ཞོལ། རི་ངོས། རི་གཟར། རི་སུལ། རི་བྲག །རི་ཁྲོད། རི་རྒྱུད། རི་ཉལ། རི་དབང་། རི་འཇོམས། རི་དྭགས་རྒྱལ་པོ། རི་དྭགས་མིག་ཅན། རི་བོང་འཛིན་པ། ལྟ་བུ་སོགས་མང།
ཨ་རིག་དགེ་མཐོང་ལགས་ནས་འཆི་ལ་ཉེ་བའི་བོད་ཡིག་གི་ཚེ་སྲོག་ལ་གསོན་ཤུགས་གསར་པ་རེ་སྦྱིན་པར་སྙིང་ནས་དགའ་ཡོད། འབའ་སྲས་ལགས་ནས་ཀྱང་ཁ་དན་ཚིག་ལ་གནས་པ་གནང་རོགས། ང་རང་ལ་མཚོན་ན་ཡང་ཡི་གེའི་དག་ཆ་ཞན་པོ་ཡིན་པས་སུས་ཡིག་ནོར་བཅོས་གནང་རུང་དགའ་བསུ་ཞུ་ངེས་ཡིན།
ཡིག་ནོར་ལ་ཞུ་དག་གི་ལས་འགན་ནི་རང་མི་རིགས་ལ་བཅངས་པའི་སེམས་ཤུགས་མཚོན་པའི་བྱ་བ་གལ་ཆེན་ཞིག་ལ་ཞུ་འོས་པ་ཡིན། དམིགས་བསལ་དུ་ཆེན་མ་དང་ཆེན་པོ་དབར་གྱི་ཁྱད་པར་སྐོར་ལ་གསལ་བཤད་བསྐྱོན་པ་ལ་དགའ་བསུ་ཞུ། ཡིན་ན་ཡང་། རྒྱུགས་སྤྲོད་ཆེན་མོ་ཟེར་དགོས་སམ། རྒྱུགས་སྤྲོད་ཆེན་པོ་ཟེར་དགོས། ཕལ་ཆེར་རྒྱུགས་སྤྲོད་ཆེན་མོ་ཟེར་དགོས་པའི་བཟོ་འདྲ་ཞིག་འདུག འོ་ན་དེའི་རྒྱུ་མཚན་གང་ལ་ཐུག་གམ།
ཚང་མས་ཐུགས་ཁུར་ཆེ་བཞེས་གནང་སྟེ་རང་ས་ནས་འབད་བརྩོན་གནང་རྒྱུ་དང་། ཡིག་ནོར་ཡོད་ཚེ་ངོས་ལེན་བྱེད་རྒྱུའི་དམ་བཅའ་ལ་སྙིང་ནས་དགའ་བསུ་ཞུ། གཞན། འབའ་སྲས་ཀྱིས་ངའི་ཡིག་ནོར་གཅིག་བཅོས་པར་བཀའ་དྲིན་ཆེ་ཞུ།
བཅོས་རྒྱུ། ནོར། དག་ཆ་བཅོ་རྒྱུ།
དྲ་ཐོག་བོད་ཡིག་དག་ཐེར་རམ་ཞུ་དག་ཁང་བཙུགས་པར་དགའ་བསུ་ཞུ། རང་གིས་ཀྱང་ཁོམ་སྐབས་ནམ་ཡིན་ལ་རོགས་འདེགས་ཞུ་ངེས་ཡིན། ང་ཚོས་ཞུ་དག་བྱེད་ས་རྩོམ་ཡིག་འདི་གཅིག་གི་མཆན་འདེབས་ག་ལ་ཡིན། རྩོམ་ཡིག་ཚང་མ་དང་དྲ་རྒྱ་ཚང་མ་ཀློག་ཞོར་ཉེས་ཅན་ཡི་གེ་རེ་རེ་འཛིན་དགོས། ལས་གཞི་རྒྱ་སྐྱེད་དགོས། དེ་བས་ཚང་མ་དྲ་ཐོག་བོད་ཡིག་དག་ཐེར་གྱི་ཉེན་རྟོག་པ་བྱེད་དགོས་ལ། ཉེན་རྟོག་པའི་ཉེན་རྟོག་པ་ཡང་ལོས་དགོས།
རྒྱུགས་སྤྲོད་ཆེན་མོ་ཟེར་དགོས། རྒྱུ་མཚན་ནི། བོངས་ཚད་ཀྱི་སྒོ་ནས་མ་ཡིན་པར་ཁྱབ་ཆེ་བ་དང་རྒྱ་ཆེ་བའི་དོན་གྱིས་ཡིན། འདིར་དཔྱད་དགོས་པ་ཞིག་ལ། གལ་ཆེན་པོ། གལ་ཆེན་མོ་ལྟ་བུའི་ཚིག་འགའ་འདུག
འོ་ན་མི་དམངས་མདུན་བསྐྱོད་ཆེན་པོ་ཟེར་དགོས་སམ། འདི་ནི་ལས་འགུལ་རྒྱ་ཆེ་བའི་དོན་ཡིན་པས་སོ་ཟེར་ན། འདི་ནི་རང་ཉིད་དོགས་པའི་ཁུང་བུར་ཚུད་པས་ན་འདྲི་བ་ཡིན།
མདུན་བསྐྱོད་ཆེན་མོ་ཟེར་དགོས། རྒྱུ་མཚན་གོང་དང་མཚུངས།
ཨ་རིག་དགེ་མཐོང་གི་རྩོམ་མཆན་ནང་འདི་ཙམ་བྱ། ད་གཞན་དུ་འགྲོ་རྒྱུ་ཡིན། ཉེན་རྟོག་པ་ཞིག་གནས་གཅིག་ཏུ་བསྡད་ན་ག་ལ་འགྲིག ཚང་མ་གཞན་དུ་ཕེབས་ཤོག
འབའ་སྲས་ཀྱིས་བཞག་པའི་ཆེན་པོ་དང་ཆེན་མོའི་ས་མཚམས་ནི་ཨུ་ཚུགས་ལྟ་བུ་ཞིག་ལས་རིག་པ་དང་ལྡན་པར་མ་མཐོང་ངོ་། ཅི་སླད་ཅེ་ན་གོང་དུ་དྲ་གྲོགས་ཤིག་གིས་བཀོད་མ་ཐག་པ་ཡིན་པ་ལྟར། ཐེག་པ་ཆེན་པོ་ཐེག་པ་ཆུང་ངུ་ལས་ཆེན་པོ་བདུན་གྱིས་འཕགས་པའི་ཆེན་པོ་བདུན་ཏེ་དམིགས་པ་ཆེན་པོ་སྒྲུབ་པ་ཆེན་པོ་རྣམས་བོངས་ཚད་ཀྱི་ཆེན་པོ་མིན་པར་རྒྱ་ཆེ་ཆུང་གི་ཆེན་པོ་ཡིན་བཞིན་དུ་དེ་ལ་ཆེན་པོ་ཞེས་བྲིས་པ་སྔོན་བྱོན་མཁས་པ་དག་གི་བསྟན་བཅོས་ལས་བྱུང་བའི་ཕྱིར་རོ།།
འོ་ན་ཆེན་པོ་དང་ཆེན་མོའི་ཁྱད་པར་ཇི་ལྟར་སྙམ་ན་བདག་གི་ལུགས་ལ་ནི་མིང་དང་རྒྱན་ཚིག་གི་ཁྱད་པར་རོ་ཞེས་བརྗོད་པར་འདོད་དོ། །དཔེར་ན་སློབ་གྲྭ་ཆེན་མོ་ཞེས་པའི་ཆེན་མོ་ནི་མིང་དང་། སློབ་གྲྭ་ཆེན་པོ་ཞེས་པའི་ཆེན་པོ་ནི་རྒྱན་ཚིག་ཡིན་པ་བཞིན་ནོ།། འོན་ཀྱང་ད་དུང་བརྟག་པར་བྱ་སྟེ། ཕོ་རབ་གཅིག་གི་བློ་རྩེ་ལས། །ཕོ་འབྲིང་གཉིས་ཀྱི་གྲོས་བསྡུར་དགའ། །ཞེས་གསུངས་འདུག་པའི་ཕྱིར་རོ། །
མ་བྲིས་པ་ལས་བྲིས་པའི་ཡིག་ནོར་བཟང་། །
བྲིས་ཚེ་ནོར་བ་སྲིད་པས་ཞུ་དག་རེམས། །
ཞུ་དག་བརྡ་དག་ཁུངས་དག་དག་ལ་བཅོལ། །
སྣོན་འཕྲི་གསར་གཏོད་པ་ལ་དམིགས་བསལ་རེད། །
གཡུ་འབྲུག་དཀར་པོས་ “ཆེན་མོ་ནི་མིང་དང་ཆེན་པོ་ནི་རྒྱན་ཚིག་” ཅེས་རྣམ་དབྱེ་ཕྱེས་པ་དེ་འགྲེལ་བཤད་ཡག་ཤོས་སུ་མཐོང་། དག་ཡིག་གསར་བསྒྲིགས་སུ། [ཆེན་པོ་] ནི་རྒྱན་ཚིག་དང་། རིགས་མཐུན་གཞན་ལས་བོངས་ཚོད་ཆེ་བའི་དོན་ཏེ། ལམ་ཆེན་པོ། ཤིང་སྡོང་ཆེན་པོ་ཞེས་པ་ལྟ་བུ། [ཆེན་མོ་] ནི་ཆེན་པོ་དོན་འདྲ་ཞིང་གཙོ་བོར་ཆེད་དུ་བཏགས་པའི་མིང་མཐར་སྦྱོར་ཏེ། གསོ་རིག་སློབ་གྲྭ་ཆེན་མོ། མི་རིགས་སློབ་གྲྭ་ཆེན་མོ། རྣམ་ཐར་ཆེན་མོ། རྟོགས་བརྗོད་ཆེན་མོ་ཞེས་པ་ལྟ་བུ། ཞེས་འཁོད་འདུག
འབའ་སྲས་ཀྱིས་གནས་བབ་དང་གོ་གནས་བརྗོད་པའི་སྐབས་སུ་”ཆེན་མོ་”དང། བོངས་ཚོད་དང་རྒྱ་ཁྱོན་བརྗོད་པར་”ཆེན་པོ་”ཞེས་འབྲི་དགོས་ཞེས་པའང་རིགས་ལམ་བཙུན་པོ་ཞིག་ཏུ་མཐོང་མོད། ཡིན་ནའང་ཁོང་གིས་བརྒྱད་སྟོང་བ་ཆེན་མོ་དང་ལམ་རིམ་ཆེན་མོའི་མཚན་ཟུར་གྱི་”ཆེན་མོ་”ནི་ གཞུང་རྒྱ་ཆེ་བའི་ཆ་ནས་བཏགས་པ་ཡིན་ཞེས་རྒྱ་ཆེ་ཆུང་གི་སྐད་ཆ་དེ་བཤད་རྒྱུ་དོར་ནས། “མཚན་ཟུར” དུ་ཇི་ལྟར་འགྲོ་ལུགས་བཤད་ཡོད་ཚེ། གོ་བདེ་བའི་རྒྱུ་མཚན་ཞིག་ཏུ་མཐོང་།
མདོར་ན། “ཆེན་མོ་ནི་མིང་དང་ཆེན་པོ་ནི་རྒྱན་ཚིག་” ཅེས་པའི་འགྲེལ་བཤད་འདིའི་རྗེས་སུ་འབྲང་གི་ཡིན་ཚེ། “བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་བརྗོད་” ཟེར་བའི་དཔེ་ཆ་འདིའི་མིང་ལས་ “སེམས་དཔའ་ཆེན་པོ་” ཞེས་པ་དེ་རྟག་ཏུ་ངུ་ཟེར་བའི་གང་ཟག་དེའི་མིང་གི་ཆ་ཤས་སུ་གོ་བ་མི་ལེན་པར་གང་ཟག་དེའི་ཁྱད་ཆོས་བརྗོད་པའི་རྒྱན་ཚིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཏུ་མཐོང་།
མིག་བརྒྱད་པ་ལགས་ཀྱི་འགྲེལ་བཤད་ལའང་ཞིབ་ཆ་དོད་པ་མ་ཟད། ཁོང་ནི་རྒྱུན་དུ་ནས་རྒྱུ་མཚན་གྱི་རྗེས་སུ་འབྲངས་མཁན་གྱི་དྲ་གྲོགས་ཞིག་ཏུ་བསམ་བཞིན་ཡོད།
གཡུ་འབྲུག་དཀར་པོ་འདི་ནི་རྡོ་རྗེ་རྒྱལ་མཚན་ཞེས་འབྲུག་ཡུལ་ལམ་འབྲུག་ཡུལ་གྱི་མངའ་ཁོངས་སུ་གཏོགས་མཁན་གྱི་དྲ་གྲོགས་རྙིང་པ་ཞིག་ཡིན་པ་ཞིག་དྲན་ངོགས་སུ་འདུག དེ་ལྟར་རེད་དམ། སྔར་ལྷོ་ཕྱོགས་ཀྱི་གདན་ས་གསུམ་དུ་འགྲོ་སྐབས་ཞིག་ལ་འབྲུག་གི་གྲྭ་བ་ལོ་གཞོན་ཞིག་དང་ཁ་བརྡ་བྱས་པ་ན། དཔེ་ཆའི་གཞུང་ལ་གོ་བ་ལེན་རྒྱུར་བོད་ཡིག་སྦྱོངས་རྒྱུ་ཁོ་ནའི་ཐོག་ལ་དུས་ཚོད་མང་པོ་ཤོར་འགྲོ་བའི་སྐད་ཆ་བཤད་སོང་། སྐད་ཆ་དེ་གོ་བ་དང་སོག་པོ་དགེ་བཤེས་ཆོས་གྲགས་དང་། ཨ་ལགས་ཤ་ངག་དབང་བསྟན་དར་སོགས་ཀྱི་བོད་ཡིག་གི་ཚིག་མཛོད་དང་སུམ་རྟགས་ཀྱི་དཔེ་དེབ་དེ་ཚོ་མིག་ལམ་ཤར་ནས་སླེབས། མཇུག་མཐར་དྲ་གྲོགས་རྙིང་པ་ཨ་རིག་དགེ་མཐོང་ལ་འཚམས་འདྲི་དང་བཅས་ཁོང་གིས་ཉེ་ཆར་སྤེལ་བའི་བོད་ཡིག་བཙོང་གི་ཡིན་ཟེར་བ་ཟིན་བྲིས་དེ་ནས་ཀྱང་། མི་རིགས་གཞན་ཚོའི་ཁྲོད་དུ་བོད་ཡིག་ལ་དོ་སྣང་བྱེད་མཁན་ཚོའི་ཐོག་ལ་རྗེས་སུ་ཡི་རངས་ཀྱི་ཚོར་བ་ཞིག་སླེབས་ཡོད་པའི་རྣམ་པ་བསྟན་པ་བཅས་ལ་སྤྱི་ཚོགས་དཔྱད་བརྗོད་ཀྱི་རིན་ཐང་ཆེ་བར་འདོད།
དེ་ནས་ད་ནི་དྲང་པོ་དང་དྲང་མོ་གཉིས་ཀྱི་ཁྱད་པར་ལ་ཇི་ལྟར་འགྲེལ་ལམ། དྲ་གྲོགས་ཚོ།
ཨ་ཁུ་ནམ་མཁས་་་་དྲང་བོ་དང་དྲང་མོ་གཉིས་ཀྱི་ཁྱད་པ་དྲིས་པའི་ལེན་གྱི་ཚུལ་དུ་བསམ་ཚུལ་ཞིག་ཞུས་ན།
ཆེན་པོ་དང་ཆེན་མོ་གཉིས་ཀྱི་རྒྱ་ཆེ་ཆུང་གི་ཁྱད་པ་གོང་ནས་རྣམ་པ་ཚོས་གསུངས་པ་ནང་བཞིན་ངས་ཀྱང་འདོད། ཡིན་ཡང་་་པོ་མོ་་་གཉིས་ཀྱི་འཇུག་སྟངས་ལ་སྐབས་སོ་སོའི་བརྗོད་བདེའི་དབང་གིས་ཁྱད་པར་ཕྱེ་དགོས་པ་ལས་རྒྱ་ཆེ་ཆུང་དང་དོན་ལ་མི་བལྟ། དཔེར་ན་་་ལམ་ཁ་འདི་ལ་དྲང་མོ་ཕེབས་་་་དྲང་བོ་ཕེབས་ལྟ་བུར་མཚོན་ན་་་་དྲང་མོ་ཕེབས་ཞེས་ན་་་ལམ་ཁ་གཞན་ལ་མ་འགྲོ་ཞེས་པ་ཙམ་ལས་དོན་གཞན་མི་སྟོན། དྲང་བོ་ཕེབས་ཞེས་དུས་་་་་གོ་བ་གཞན་ཞིག་ངང་གིས་སྟེར་ཡོང་བ་སྟེ་་་་སྤྱོད་ངན་རིགས་མ་བྱེད་ཅེས་གོ་བརྡ་སྤྲོད་ཀྱིན་འདུག་པ་ཚིག་གི་ཤུགས་ལས་ཀྱང་གོ་ཐུབ་རྒྱུ་འདུག་ག གཞན་ཡང་འདི་རིགས་བརྗོད་བདེ་འདྲེན་པའི་ཁོངས་སུ་བཞག་དགོས་པ་ལས། དོན་དང་རྒྱ་ཆེ་ཆུང་གི་ཁྱད་པ་ཕྱེས་ནས་ཚིག་རྙོག་མང་བོ་ཤོད་བསྡད་ན་སུམ་རྟགས་ལ་དང་བོར་འཇུག་མཁན་ཚོར་མགོ་ན་བྱེད་ལས་ཅང་མི་འདུག་བསམ་བྱུང་།
གོང་གི་རྩོམ་པ་བོ་གཙོ་བོར་གྱུར་བའི་མི་འདི་ཚོས་བོད་ཀྱི་ཡིག་ནོར་གླེང་བཞིན་དུ་རང་གིས་ཡིག་ནོར་རི་ལྟར་དུ་སྤུངས་ཡོད་པ་ལ་བལྟས་ན་ཞེ་རེ་མུག
དཀར་མཚོ་སྐྱིད་ལགས།
ཡིག་ནོར་འདི་དང་འདི་རེད་ཅེས་བཅོས་ན་རང་གཞན་ཚང་མར་ཕན་གྱིན་རེད། དེ་མིན་གཞན་གྱི་ལྷག་བསམ་ལ་གུས་བཀུར་གནང་མ་འདོད་ནའང་ཚིག་ངན་མ་ཤོད་རོགས་་་་་ཁ་དྲོ་བཀྲ་ཤིས།
གོང་གི་མི་འདི་ཚོས་བོད་ཡིག་བྲིས་པ་ལ་ཡིག་ནོར་མང་དྲགས་པའི་རྐྱེན་གྱིས་ང་རང་གི་མགོ་བོ་ལ་ན་ཚ་ཤིན་ཏུ་གཏོང་གི་འདུག ཡིན་ཡང་། ད་ཐེངས་རྩོམ་པ་བོའི་རྩོམ་ཡིག་ཁོ་ནའི་ནང་དུ་ཡོད་པའི་ཡིག་ནོར་རེ་འགའ་གསལ་སྟོན་བྱེད་ཀྱི་ཡིན། གཤམ་གྱི་འདི་དག་ནི་ནོར་ཡིག་སྟེ། དྲ་ཚིགས། འཚང་ཁ། གཏགས་ནོར། བཞུར་མཁན། ཤོར་འགྲོ རྨ་ཁ། རྩོམ་པ་པོ། འགེབས་བསྲུང་། ཡི་རངས། སྒོམ་རྒྱུ། བསྡུས་ལུང་། མི་གཞི། སྨྲ་པ། དྭང་ལེན། གན་ཉེས་ཆད། གླེང་མེད། དམའ་འབབ། བྱེད་རྒྱུ། འགྱོད་བཤགས། འཁྲམ་མཁན། བསམ་སྟེ། སྙུག་གུ གཏད་ངེས་ལ་སོགས་ཡོད་པ་རེད། འདི་འདྲའི་ཡིག་ནོར་ཙམ་ལ་མགོ་བོ་རྨོངས་པ་དག་གིས་གཞན་གྱི་ཡིག་ནོར་ཇི་ལྟར་དུ་དག་བཅོས་བྱེད་ཐུབ་བམ། རིགས་ཀྱི་བུ། ཐོག་མའི་ལས་རིམ་ལ་བརྩོན་པར་བྱའོ། །
་་་ཆེན་པོ་ནི། དག་པ་དང་། ཆེན་མོ་ནི། ལེགས་སྦྱར་ལ་དཔེ་བལྟས་ནས་ཚིག་འཆལ་རེད། དྲང་པོ་ནི་དག་ལ་དྲང་མོ་ནི་ཡུལ་སྐད་རེད། རྩོད་པ་རྒྱས་ཕྱིར་འདི་ལྟར་སྨྲ་སྙིང་འདོད་ནས་བྲིས།
དཀར་འཚོ་སྐྱིད་ལགས། ཡིག་ནོར་གང་མང་ཞིག་མཐོང་འདུག རྗེས་སོར་ཡང་ཉན་པར་རེ་ཞོག ཁྱེད་ཀྱི་ཚིག་དུམ་ཐུང་ཐུང་འདིའི་ནང་དུ་ཡང་། རྩོམ་པ་བོ་ཞེས་”བོ་”བྲིས་འདུག་པ་ནོར། “པོ”འབྲི་དགོས། “ནོར་ཡིག”ཅེས་བྲིས་འདུག་པ་ཡང་ཁྱད་གཞི་དང་ཁྱད་ཆོས་གོ་ལྡོག་ནས་བརྗོད་འདུག་པ་ཡང་བོད་སྐད་རང་ལ་དེ་འདྲ་མེད། “རྟ་དཀར་པོ་”ལ་”དཀར་པོ་རྟ་”ཞེས་བརྗོད་ན་མི་འགྲིག་ག
ད་དུང་ཁྱེད་ཀྱི་མིང་དེ་ལ་ཡང་གོ་རྒྱུ་ཞིག་མེད་པས་དཀར་འཚོ་སྐྱིད་ཅེས་”འ་འཚོ་”བྲིས་ན་ནང་དོན་ཕུན་སུམ་ཚོགས་པ་ཞིག་ལྡན་པ་མ་ཡིན་ནམ།
ཧ་ཧ་ཧ། འབའ་སྲས་ཡིན་ཡང་འབུ་སྲས་ཡིན་ཡང་སྐྱོན་ག་ལ་ཡོད། ཡི་གེ་ནོར་མི་འདུག ངས་གང་ཐུབ་ཐུབ་ཀྱིས་ཡིག་ནོར་མི་ཡོང་བའི་ཆེད་དུ། ཤེས་ཚོད་ཀྱིས་བདག་བཅོས་རེ་བྱེད་བཞིན་ཡོད་པ་ལས། རང་མཁས་གཞན་བླུན་གྱི་ང་རྒྱལ་མེད་ལ་གཞན་ལ་ཁྱད་གསོད་ཀྱི་ཚིག་ངན་ཡང་དེ་བས་ཀྱང་བརྗོད་མི་ཤེས། མིའི་ཀུན་སྤྱོད་གཙོ་བོར་འཛིན་མཁན་ཞིག་ཡིན། ཐུགས་དང་འགལ་བ་རེ་ཤོར་ཡོད་ན་སུ་ཡིན་ཡང་དགོངས་དག་ཞུ་ངེས་ཡིན།
མིང་ལ་འབུ་སྲས་སྐྱག་སྲས་ཅི་ཡང་རུང་།།
སེམས་ལ་འབུ་ཚང་མེད་ན་དེ་ཡིས་འགྲིག །
ཁྲག་ཅན་སྦལ་བས་སྦག་པའི་མཚོ་མོ་ལ།།
དཀར་མཚོ་བཏགས་ཀྱང་ནང་དོན་ཅི་ཞིག་ལྡན།།
དག་ཆ་མི་བཟང་བའི་དགེ་རྒན་ཞིག་ཡིན་ན་སློབ་མ་ཚོའང་དེ་དེ་བཞིན་ཡིན་པ་རེད།
ཞུ་དག་པ་ཞིག་ཡིན་ན་ཨ་ཅང་ཅང་། བརྗོད་མ་དགོས་པ་རེད།
ངས་འདི་ནས་དོན་མེད་དུ་འདི་ཤོད་པ་མིན། གོང་ན་དག་ཆར་ཞུ་དག་པ་ཡིན་ཟེར་མཁན་ཞིག་གིས་༼ རྗེས་སོར་ཡང་ཉན་པར་རེ་ཞོག ༽ ཞེས་བྲིས་འདུག
ཞུ་དག་པ་ལགས། ཉན་པར་ཞོག་ཟེར་ན་ག་རེ་རེད། མཉམ་པར་ཞོག་མ་རེད་པས།
ཞུ་དག་པར་ཞུ་དག་གཏོང་རྒྱུ་ནི་ཅུང་མི་བདེ་བ་ཞིག་ཡིན་མོད། མིག་ལ་མི་བདེ་བའི་དག་ཆ་རེ་མིག་འོག་ཏུ་བསླེབས་ཚེ་རང་བཞིན་གྱིས་ཁ་ནས་ཐལ་འགྲོ་གི་འདུག ཧཧཧ
འབའ་དང་འབུ་ཡི་སྲས་སུ་གྱུར་བ་འདིས། །
རང་རེའི་སྲོག་གི་སྙིང་བོའི་ཡི་གེའི་སྲོལ། །
བཤིག་པར་མཛད་པའི་ལས་ཀྱི་འབྲས་བུ་ནི། །
མཚོ་མོའི་ཆུ་ཡི་ཐིགས་པའི་གྲངས་ལས་འདས། །
“རང་རེའི་སྲོག་གི་སྙིིང་བོའི་ཡི་གེའི་སྲོལ”ཞེས་པའི་ཚིག་རྐང་འདི་འབྲེལ་སྒྲའི་དཔེར་བརྗོད་དུ་བཞག་པ་མིན་ན། འབྲེལ་སྒྲ་ལྟ་བུའི་ཚིག་ཕྲད་དག་སྙན་ངག་གི་སྐབས་སུ་བསྡུ་དགོས་པ་ནི། སྔོན་གྱི་མཁས་པ་རྣམས་ཀྱིས་གཞུང་ལུགས་དག་ན་ཡང་ཡང་གསུངས་ཀྱང་། དེང་གི་དུས་ན་ང་མཁས་ཟེར་བ་རེ་ཟུང་གིས་དེ་ལས་ལྡོག་སྟེ་འབྲེལ་སྒྲ་མི་དགོས་སར་བཙན་གྱིས་སྦྱར་བ་ལ་ལྟོས་དང་། གོང་དུ་”སྙིང་བོའི་ཡི་གེའི”ཞེས་བྲིས་འདུག་པ་འདིར་འབྲེལ་སྒྲ་དགོས་དོན་ཅི་ཡིན་ནམ།
དཀར་མཚོ་འབོད་པའི་གང་ཟག་ཁྱོས། ཕྲན་གྱི་རྩོམ་ནང་གི་ཡིག་ནོར་ཐེར་འདོན་བྱེད་ཨུ་ཐུབ་ཀྱིས་ཕྱོགས་སུ་འབད་པ་དགའ་བསུ་ཞུ། འོན་ཀྱང་། མིང་ཚིག་དེ་དག་ཚང་མ་ཡིག་ནོར་ཡིན་པ་ཉིད་ཀྱིས་གང་ཞིག་ནས་ཚོར། དེ་ནི་རྩོད་མི་དགོས་པར་གཡུགས་ཤོག སུ་ཞིག་གིས་ཡིག་ནོར་བྲིས་ན་བཅོ་རྒྱུ་ཁྱེད་དང་ངེད་གཉིས་ཀྱི་འོས་འགན་རེད།
ཁོ་བོའི་ཟིན་བྲིས་འདི་གཅིག་པུ་ལ་མགོ་མི་འཁོར་བར་ཟིན་བྲིས་ཡོངས་ཀྱི་དག་ཆ་དང་མཆན་བུ་ཚོ་ལ་གཟིགས་རྒྱུ་མཁྱེན། དྲ་ཐོག་དགེ་རྒན་ཟེར་བ་དང་ཞུ་ཆེན་པ་ཟེར་བའི་གང་ཟག་ཅིག་ཡོད་ནི་མ་རེད། དེའི་ཐད་ནས་སྐྲག་མི་དགོས་ལ་དོགས་པ་ཡང་ཟ་མི་དགོས། སུ་ཞིག་དང་གང་གིས་ཡིག་ནོར་མཐོང་ཚེ་བཅོ་རོགས་ཞུ། ང་ཚོ་ཚང་མ་ཞུ་དག་པ་དང་ང་ཚོ་ཚང་མ་ཡིག་ནོར་འབྲི་མཁན་ཡིན།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །
རང་ཉིད་ལྟ་བའི་མེ་ལོང་དགོས། །ཅི་མ་བདེན།
སློབ་ཆུང་ལོ་རིམ་གསུམ་པའི་སྐབས་བློ་འཛིན་ལེགས་བཤད་ཅིག་རེད། ད་དུང་ཡིད་ན་གསལ་ལྷང་ངེར་བསྡད་འདུག
སྔོན་ཆད་ནས་རང་རེའི་སྤྱི་ཚོགས་ན་མི་འདི་འདྲ་བ་མང་པོ་ཡོད་ཙང་གཏམ་དཔེ་འདི་འདྲ་བ་ཤོད་དགོས་བྱུང་བ་རེད། རེད་མ་རེད།
ཞུ་དག་པ་འབའ་སྲས་དང་ཨ་རིག་དགེ་མཐོང་གཉིས།
རྣམ་པ་གཉིས་ནས་གོང་གི་མཆན་ཨང་ ༦༧ པའི་བརྗོད་དོན་མགོ་ཚོད་སོང་ངམ། ཅིག་བྱས་ན་རྒན་ལགས་རྣམ་གཉིས་ནས་མཆན་ཨང་༦༧ པའི་མཚམས་སུ་མིག་ལ་ཐལ་སྐྱ་འཛུལ་སོང་བ་ནི་ཡིན་རྒྱུ་མ་རེད་པྭ།
དེ་མིན་ན། གོ་ཡག་གྲག་ཡག་མེད་པ་ག་རེ་རེད། མ་མཐོང་བ་རེད་པས། མ་ཤེས་པ་རེད།
ཞུ་ཆེན་རྒན་ལགས།
མཆན་ཨང ༦༧ པ ༦༥ ལ་བཅོས།
འདོད་ལྷ་ཁམས་པ་ལགས། “མཉམ་རེ་ཞོག་” ཟེར་ནི་མ་རེད། “ཉན་རེ་ཞོག་”ཟེར་དགོས་ནི་རེད། སེམས་གཅིག་ཏུ་དམིགས་ནས་མཉམ་པར་བཞག་པ་དང་། གཏམ་རྣ་བས་ཉན་ནས་དོན་ཡིད་ལ་བཞག་པ་གཉིས་མི་འདྲ་བ་རེད། ཉན་འཇོག་བྱོས། ཉན་པར་ཞོག་ཟེར་དགོས་ནི་རེད། ཞིབ་ཏུ་དག་ཡིག་ཁག་ལ་གཟིགས་ཤིག
དཀར་མཚོ་སྐྱིད་ལགས། བསམ་བཞིན་དུ་ཀླེན་ཀ་འཚོལ་འདོད་པ་ཡིན་ན། ཁྱེད་ཀྱི་བསམ་དོན་རྒྱལ་གྱུར་ཅིག
ངས་བལྟས་ན་མཉམ་ཞོག་ཟེར་ན་འབྲོག་སྐད་རེད། ཉན་ཞོག་ཟེར་ན་རོང་སྐད་རེད། དེ་འདྲ་ཞིག་མ་རེད་དམ། ཧཧཧ
འབའ་སྲས་ལགས། ཀླེན་ཀ་མ་རེད། ཀླན་ཀ་རེད། དཀར་མཚོ་སྐྱིད་ནི་ཕོ་ལུས་མོ་མིང་བརྫུས་ནས་དོན་མེད་ཀླན་ཀ་འཚོལ་མཁན་ཞིག་རེད། མི་འདིའི་རིགས་ལ་ཁ་ཡ་མ་བྱེད་ན་ཡག་གི་རེད། ཁོག་ན་རྩྭ་མ་གཏོགས་ཅི་ཡོད།
མིག་བརྒྱད་པས་ནོར་བཅོས་གནང་བར་ཐུགས་རྗེ་ཆེ།
ཁ་བརྡའི་རྩོམ་སྒྲིག་པ་ལགས།
མི་ཁག་ཅིག་གིས་བོད་ཀྱི་རིག་གཞུང་དང་སུམ་རྟགས་དག་གསུམ་གྱི་གཞུང་གི་དགོངས་དོན་རྣམས་དང་མི་མཐུན་པར་ནོར་འཁྲུལ་དང་ཡིག་ནོར་བསྟན་པ་ལ་བདག་གིས་བསམ་པ་རྣམ་པར་དག་པའི་སྒོ་ནས་རྩོད་གླེང་དང་ཚར་གཅོད་བྱས་པའི་མཆན་བུ་རྣམས་ཁྱེད་རྣམས་ཀྱིས་བསུབས་ཚར་བ་འདི་ནི་ལུགས་མཐུན་དང་བོད་ཀྱི་རིག་གཞུང་ལ་ཕན་པ་ཞིག་མིན་ནོ། །དངོས་གནས་སུ་བདག་གིས་མཆན་བུ་བྲི་མི་ཆོག་ན་མཐའ་མའི་མཆན་བུ་འདི་བཀོད་པའི་རྗེས་སུ་བདག་གཏན་འགོག་བྱོས་ཤིག །གཞན་ཡང་། མིག་བརྒྱད་པ་ལགས། འདིར་ཡིག་ནོར་གྱི་རྩོད་གླེང་བྱེད་པའི་སྐབས་སུ་བོད་ཀྱི་རིག་གཞུང་དང་སུམ་རྟགས་ཀྱི་རིགས་པའི་བརྡར་ཤ་བཅད་པ་ལ་མི་དགའ་ན་དེ་ནི་སུ་ཞིག་གི་སྐྱོན་ཡིན་ནམ། བོད་ཐམས་ཅད་བླུན་རྨོངས་སུ་གནས་དགོས་པ་ཡིན་ནམ། བུད་མེད་ལ་ཤེས་ཡོན་ལྡན་མི་ཆོག་པར་བཤད་པ་འདི་ནི་བོད་ཀྱི་ཀླད་རྙིང་མཁྲེགས་བཟུང་གི་ལྟ་བ་ཡིན། བདག་ནི་སུ་ཞིག་ཡིན་པར་ཤེས་དགོས་ན་བོད་གཞུང་སྨན་རྩིས་ཁང་ལ་ཕེབས་དང་ཤེས་ངེས་རེད། བདག་ནི་བོད་ཀྱི་སུམ་རྟགས་ཀྱི་ནོར་འཁྲུལ་དང་ཡིག་ནོར་ལ་རིགས་པས་སུན་འབྱིན་པར་བྱེད་པའི་དཔའ་མོ་ཞིག་ཡིན།
དགེ་རྒན་འབའ་སྲས་སོགས་ལ་ཞུ་རྒྱུར། གྲོགས་པོ་ཚོ་ལ་འདྲི་རྒྱུ། དཔེ་ན་སུམ་ཅུ་པའི་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ཕྲད་ནས་དང་ལས་གཉིས་པོ་དེ་འབྱུང་ཁུངས་ལ་སྦྱོར་སྐབས་རྣམ་དབྱེ་དང་། དགར་སྡུད་ལ་སྦྱོར་སྐབས་ག་རེ་བྱས་ནས་ཚིག་ཕྲད་བཅུ་གཅིག་གི་ནང་གསེས་ཆགས་པ་ལས། རྣམ་དབྱེ་མ་ཆགས་པ་རེད། དེ་མཚུངས། ཚིག་ཕྲད་བཅུ་གཅིག་པོ་དང་། རྣམ་དབྱེ་གཉིས་ལ་སྤོམ་བཤད་ཙམ་མིན་པ། ཁྱད་པར་གཙོ་བོའམ། གནད་ཀ་འདི་རེད་ཟེར་བའི་ལན་ཞིག་གནང་མཁན་ཡོད་ན་ཐུགས་རྗེ་ཞུ་གིན་ཡོད།
ཡིག་ནོར་ལ་ཆེད་དུ་དམིགས་ཏེ་བྲིས་པའི་གོང་གི་ཡིག་ཚོགས་སུ་ཁྱོད་ཀྱི་ཚིག་གི་སྤྱོར་སྟངས་བདེ་མིན་བཤད་རྒྱུ་ཕར་བཞག ད་དུང་ཡི་གེ་ནོར་བ་དང་བརྡ་ཆད་པ། ཚིག་གི་འགོ་རྔ་མཐུད་མ་ཤེས་པ་དང་། དོན་གྱི་གནད་ལ་མ་སྨིན་པའི་ཉ་ཉོག་བསྲེས་པ་སོགས། མདོར་ན་ད་དུང་ཁྱོད་ཡི་གེ་འབྲི་བར་སྦྱོང་པའི་སྐབས་ཀྱི་གནས་ཚད་ཙམ་ལས། ཡི་གེ་ནོར་བར་བཅོས་པའི་ཚད་ལོངས་མི་འདུག་པས་དེ་དོན་བཞིན་འབད་པར་འཚལ།
དཀར་མཚོ་སྐྱིད་ལགས། རྩོམ་པ་བོ་ཞེས་པ་ཡིག་ནོར་ཡིན་པ་ཤེས་བཞིན་དུ་ངོས་ལེན་བྱེད་ཀྱི་མི་འདུག །རྒྱུ་མཚན་ཅི་ཡིན། མེད་པ་བཙལ་ནས་ཡོད་པ་བསུབ་འདོད་པ་ཡིན་ནམ། ཡང་ན་དགའ་རབ་དབང་ཕྱུག་གིས་ཁྱོད་ལ་བསླབས་པ་རེད། །བུད་མེད་ལ་ཤེས་ཡོན་ལྡན་མི་ཆོག་པར་སུས་ཀྱང་བཤད་མེད་ལ་བཤད་དགོས་དོན་ཡང་མེད། དྲི་བ་ཡོད་ན་ཕྲིས། དོགས་པ་ཡོད་ན་ཤོད། དོན་མེད་ལ་ཅ་ཅོ་མ་སྒྲོགས།
ང་ཁ་བརྡ་དྲ་བའི་ནང་གི་དགེ་སྐོས་ཡིན། ཉེན་རྟོག་པ་ཡང་ཡིན། ཞུ་དག་པ་ཡང་ཡིན། གཤིན་རྗེ་ཆོས་རྒྱལ་ཡང་ཡིན། ངའི་མིག་བརྒྱད་ཀྱིས་མ་མཐོང་བ་གང་ཡང་མེད། ད་དུང་མགོ་བཞི་ཡོད། གཟབ་གཟབ་བྱོས།
ཀླུ་ཚང་ལགས། ནས་ལས་ཀྱི་སྐོར་ཤེས་བྱའི་ལྡུམ་རེའི་དྲ་ཚིགས་སུ་གཟིགས་དང་། དེ་ན་སྟབས་བདེ་གོ་བདེ་ཞིག་གསུངས་འདུག
ཨུ་ཚུགས། ཨུ་ཚུགས་དང་ཡིག་ནོར། ཨུ་ཚུགས།
མཉམ་པར་ཞོག་ལ་ཉན་པར་ཞོག་བྲིས་པ་ནི་ཡིག་ནོར་དང་ཨུ་ཚུགས་ཁོ་ན་ཡིན།
མཉམ་པར་ཞོག་ཟེར་ན་བློ་རིག་སྒྲིམས་ཟེར་བའི་དོན་ཡིན།
དོན་འདི་ལ་འགྲེལ་བཤད་གཞན་མེད། གལ་ཏེ་འགྲེལ་བཤད་རྒྱག་ཡོད་ན་ཨུ་ཚུགས་ཁོ་ན་ཡིན།
ཉན་ཞེས་པའི་དོན་ནི་སྒྲ་ལ་རྣ་གཏད་པའི་དོན་ཡིན། དོན་འདི་ལའང་འགྱུར་བ་གཞན་མེད།
ཉན་དང་མཉམ་རྦད་དེ་དོན་གཞན་ཡིན། ཨུ་ཚུགས་མི་རྒྱག་པར་མཁྱེན།
འབའ་སྲ་ལགས།
འབའ་སྲས་ལགས། དེའི་ཁ་བྱང་ཞིག་འདིར་འཇོག་རོགས། ངས་སྒུག་ནས་འདུག
ཀླུ་ཚང་ལགས། གོ་གོལ་ནང་ས་སྐྱ་ལེགས་བཤད་ཅེས་བྲིས་ན་ཤེས་བྱའི་ལྡུམ་ར་ཞེས་ཤར་ཡོང་གི ཤེས་བྱའི་ལྡུམ་ར་ཞེས་བྲིས་ན་ཡང་ཤར་ཡོང་གི
མིག་བརྒྱད་པ་ལགས།
གོང་དུ་བདག་གིས་ཡིག་ནོར་མང་བོ་ཞིག་བསྟན་པའི་ནང་དུ་རྩོམ་པ་པོ་ཞེས་པ་ཡིག་ནོར་ཡིན་པར་བཤད་ཟིན་པའི་རིགས་པས་བདག་གི་རང་ལུགས་ནི་རྩོམ་པ་བོ་ཡིན་པར་ཡང་ཁྱེད་ཀྱིས་ཤེས་མེད་པ་རེད། ཁྱེད་ཀྱིས། ཡིག་ནོར་ཡིན་པ་ཤེས་བཞིན་དུ་ངོས་ལེན་བྱེད་ཀྱི་མི་འདུག་ཟེར་བ་ནི་གཞན་གྱི་རིགས་པ་ལ་བསམ་ཞིབ་མ་བྱས་པའི་སྐྱོན་རེད། བདག་གིས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་འདོད་པ་ལ་རིགས་པའི་རྒྱུ་མཚན་འདི་ཡོད་དེ། ཐོན་མིའི་རྟགས་འཇུག་གི་སྐབས་སུ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེས་ཡོད། ག་ད་བ་ས་བཞི་ནི་ཕོ་དང་། ང་མ་འ་གསུམ་ནི་མོ། ན་ར་ལ་གསུམ་ནི་མ་ནིང་ངོ། རྗེས་འཇུག་གི་འཇུག་པ་རྒྱས་པར་བཤད་པའི་སྐབས་སུ་གང་གིས་གང་ལ་ཚུལ་ཇི་ལྟར་དགོས་པ་ཅིའི་ཕྱིར་དུ་འཇུག་པའི་ནང་གསེས་གསུམ་པ་ལ་སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ཡོད་པའི་གཉིས་པ་དོན་གྱི་འཇུག་ཚུལ་གྱི་སྐབས་སུ་སྔ་མ་གང་ལྟར་འགྱུར་བ་དང་ཕྱི་མ་གང་ལྟར་འགྱུར་བ་བཤད་ཡོད། འདིར་སྐབས་སུ་བབ་པ་ནི་ཕྱི་མ་གང་ལྟར་འགྱུར་བའི་ཚུལ་ཡིན། དེ་ལ་གསུམ་དུ་ཡོད་པའི་མོ་ཡིས་མོ་ཡི་མིང་མཐའ་དྲང་ཞེས་པས་རྗེས་འཇུག་གི་མོ་ཡིག་འས་རྨང་གཞིའི་མོ་ཡིག་བ་དྲང་དགོས་ཞེས་པའི་དོན་ཡིན་པས། བདག་གིས་རྩོམ་པ་ཞེས་པའི་པ་ཡིག་གི་རྗེས་འཇུག་ནི་འ་ཡིན་པ་དང་། དེར་བརྟེན། རྗེས་འཇུག་མོ་ཡིག་འས་དེའི་མིང་མཐའ་གཞན་གྱི་རྨང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་བ་དྲང་དགོས་པའི་རིགས་པ་ལ་བརྟེན་ནས། བདག་གིས་རྩོམ་པ་བོ་ཞེས་པ་ཐོན་མིའི་བཞེད་དགོངས་དངོས་ཡིན་པར་བསམས་སོ། ད་དུང་དེ་ལས་རིགས་པ་གཞན་ཡང་ཡོད་པར་ངེས།
སྤྱིར་བཏང་རྩོམ་པ་པོ་དང་རྩོམ་པ་བོ་གཉི་ག་འབྲི་སྲོལ་འདུག ལྷག་པར་བོད་ནང་གི་ཨ་མདོའི་ཕྱོགས་དང་ཁམས་ཀྱི་རེ་ཟུང་གིས་རྩོམ་པ་བོ་འབྲི་གིན་འདུག་ལ། དེའི་ཐད་ནས་སོ་སོའི་འདོད་ཚུལ་ལྟར་བྱས་ན་མི་ཆོག་རྒྱུ་མི་འདུག་སྙམ།
ཁྱེད་ཀྱི་མཆན་བུའི་ནང་གི་༼ མོ་ཡིག་བ་དྲང་ཚུལ༽་ལས་འདྲེན་ཚུལ་ལབ་ན་བདེ།
ངས་ད་དུང་འདི་ནས། བོད་དགེ་ལྷ་མོ་སྐབས་དང་། བསེ་རུ། འབའ་སྲས་སོགས་ལ་ཞུ་རྒྱུ། ཚིག་ཕྲད་ཡིན་ན་འདི་འདྲ་དགོས་རེད། དེ་རྣམ་དབྱེ་བརྒྱད་ཀྱི་གོ་དོན་ལས་འདི་འདྲ་བྱས་ནས་མ་འདྲ་བ་ཡོད་རེད། རྣམ་དབྱེ་དང་ཚིག་ཕྲད་གཉིས་ལ་ཁྱད་པར་འདི་འདྲ་ཡོད་རེད་ད། གསུངས་པའི་ལམ་སྟོན་གསལ་པོ་ཞིག་གནང་རོགས་ཞུ་གིན་ཡོད།
འདིར་ད་རེས་བོད་ཡིག་སྲུང་སྐྱོབས་དང་། དེའི་གལ་ཆེན་རང་བཞིན་སྐོར་གསུང་གིན་འདུག་པས་ཁ་ལག་མཉམ་གཅིག་ཏུ་འགུལ་བའི་རེ་བ་གྱིས་ཞུ་གིན་ཡོད། དྲ་ཐོག་ནས་འགའ་རིག་སོང་སྟེ། དེ་ཙམ་ཁ་གསལ་མི་འདུག ང་ལ་དགོས་པའི་རོགས་པའམ། ཁ་གསལ་དགོས་པ་ནི་གོང་གི་དོན་དེ་ཡིན། ཐུགས་རྗེ་ཆེ།
མིག་བརྒྱད་པ་ལགས།
མིག་བརྒྱད་ཡོད་པར་ཡོངས་སུ་གྲགས་ན་ཡང་། །
མིག་གཅིག་ཅན་གྱིས་ཤེས་པའི་དངོས་པོ་ལ། །
མིག་གིས་མཐོང་བ་མེད་པའི་སྐྱེ་བུ་འདི། །
མིག་ལྡན་ཀུན་དང་མཐུན་ན་ཅིས་མ་ལེགས། །
ཨ་རིག་དགེ་མཐོང་ལགས།
བདག་གི་མཆན་བུའི་ནང་དུ་མོ་ཡིག་བ་དྲང་ཚུལ་ཞེས་པ་ཞིག་རྩ་བ་ནས་བྲིས་མེད། ཁྱེད་ཀྱི་མིག་གིས་དགེ་བ་ཞིག་མཐོང་གི་ཡོད་ས་མ་རེད། བདག་གིས་དྲང་དགོས་ཞེས་པ་བྲིས་ཡོད། དྲང་དགོས་ཞེས་པ་ཐོན་མིའི་དགོངས་པ་རེད། བདག་གིས་གི་གུ་དང་ཞབས་ཀྱུ་ཙམ་ལའང་ནོར་བ་གཏོང་སྲིད་ཀྱི་མ་རེད།
དཀར་མཚོ་སྐྱིད་ལགས། ཁྱེད་ཀྱིས་མིང་གཞི་ལ་རྨང་གཞི་ཞེས་ཐེངས་མ་གཉིས་བྲིས་པ་དེ་གཉིས་ནོར་འདུག
མིག་བརྒྱད་ཅན་པོ་ཉེན་དཔོན་ལ་བསྐོས་ན་ཏག་ཏག་རེད། ང་ཚོའི་མིག་གཉིས་འདིས་ཡིག་ནོར་མང་པོ་ཤོར་འགྲོ་གི
དཀར་མཚོ་སྐྱིད་ལགས། ཁྱོད་ཀྱི་རང་ལུགས་རྩོམ་པ་བོ་དེ་ལ་རིགས་པ་དང་རྒྱུ་མཚན་གང་ཡང་མེད་པ་རེ་རེ་བཞིན་ཁྱོད་ལ་ངོ་སྤྲོད་བྱེད་གི་ཡིན། ལེགས་པར་ཉོན་ཅིག །ཕྱི་མ་གང་ལྟར་འགྱུར་བ་ཞེས་པ་གཙོ་བོར་རྟགས་མཚུངས་འདྲེན་པ་དང་དེ་ཉིད་རང་གི་སྒྲ་མཐུན་པའི་ཞེས་པ་ལྟར་བརྗོད་བདེ་འདྲེན་པ་ཡང་མང་དུ་ཡོད་དེ། ཁྱོད་ཀྱིས་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་པའི་རྣམ་དབྱེ་མ་ཕྱེད་པར་རྟགས་མཚུངས་ཁོ་ནའི་རྗེས་སུ་འབྲངས་ནས་བཤད་འདུག དེ་སྐྱོན་ཆེན་པོ་རེད། དཔེར་ན་ལམ་རིམ་ཆེན་མོ་ཞེས་པ་ལྟ་བུ་བརྗོད་བདེ་འདྲེན་པ་མིན་ན་དེའི་རྗེས་འཇུག་མ་ནིང་གིས་མོ་ཡིག་ཇི་ལྟར་འདྲེན། དེ་བཞིན་དུ་རྩམ་པ་ལྟ་བུ་རྗེས་འཇུག་མོ་ཡིག་གིས་ཕོ་ཡིག་དྲངས་བ་དང་། ལྐོག་མ་ལྟ་བུ་རྗེས་འཇུག་ཕོ་ཡིག་གིས་མོ་ཡིག་དྲངས་བ་དང་། ཆར་བ་ལྟ་བུ་རྗེས་འཇུག་མ་ནིང་གིས་ཕོ་ཡིག་དྲངས་བ་དང་། སྨིན་མ་དང་དྲེད་མོ་ལྟ་བུ་སོགས་བརྗོད་བདེ་འདྲེན་པ་བགྲང་གིས་མི་ལང་བ་ཡོད་པ་ཧ་གོ་བ་གྱིས། གྲྭ་སའི་བསྡུས་ཆུང་གི་རིགས་ལམ་ལ་སྦྱངས་བ་ཞིག་གིས་ཀྱང་འདི་དག་ཤར་ཤར་བརྗོད་ཐུབ་པ་ལྟ་བུ་ཞིག་ཡོད་པ་རེད། སྨན་རྩིས་མཐོ་སློབ་ཀྱི་སློབ་མ་ཞིག་གིས་འདི་ལྟ་བུའི་འགྲོ་སྟངས་ཤིག་ཀྱང་ཆགས་མེད་ན་ཡིད་སྐྱོ་བ་རང་རེད། ད་དུང་ཉོན། ཕྱི་མ་གང་ལྟར་འགྱུར་བ་ཞེས་པ་དེའི་སྒང་ལ་ཨུ་ཚུགས་བྱས་ནས་སྡོད་ཀྱི་ཡིན་ཟེར་ན། ཁྱེད་རང་གི་འདོད་པ་གྱིས། དེ་མིན་སུམ་རྟགས་ཀྱི་གཞུང་དང་མཐུན་པའི་རྗེས་སུ་འབྲང་གི་ཡིན་ཟེར་ན། སུམ་ཅུ་བའི་སྡོམ་ཚིག་ལས། ན་རོ་ཡོད་མེད་པ་བ་མ།།བདག་པོའི་སྒྲ་སྟེ། ཞེས་གསུངས་པ་ལྟར་བདག་སྒྲ་དངོས་ཀྱི་དངོས་ཀྱི་དབང་དུ་བྱས་ནས་པ་པོ་བ་བོ་མ་མོ་སྟེ་དྲུག །པྲ་ཏིས་དངོས་སུ་བཞེད་པ་ནི་པ་བ་པོ་གསུམ། སི་ཏུས་དངོས་སུ་བཞེད་པ་ནི་པ་དང་པོ་གཉིས་ཁོ་ན་ཡིན། བོ་ཡིག་བདག་སྒྲ་ལ་འཇུག་པ་ཕར་ཞོག བ་ཡིག་ཀྱང་བདག་སྒྲར་མི་བཞེད་དེ་། མུ་ཏིག་ཕྲེང་མཛེས་ལས། བ་ཡིག་ནི་པུ་ལིང་གའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ།།ཞེས་གསུངས་པ་འདི་རྩོམ་པ་བོ་དཀར་མཚོ་སྐྱིད་ཀྱིས་བདག་གིར་བཞེས་རོགས། གང་ཡིན་ཟེར་ན། ཁྱོད་ཀྱིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་ཚུལ་སི་ཏུའི་ལུགས་ལྟར་དྲངས་བའི་ཕྱིར་རོ། །ངས་གོང་དུ་ལུགས་མི་འདྲ་བ་གསུམ་དྲངས་བ་ནི་བདག་སྒྲའི་ཐད་ལ་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་གསུམ་ཡོད་པས་ཡིན། གང་ལྟར་རྩོམ་པ་པོ་ཞེས་བརྗོད་ན་ལུགས་དེ་གསུམ་ག་དང་མཐུན་པ་རེད་ལ། ཆོས་སྐད་དང་ཡིག་སྐད་གང་གི་དབང་དུ་བྱས་ཀྱང་མཐུན་པ་རེད། བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།ཞེས་པ་ལྟར་རོ།། འོ་ན་བོ་ཡིག་བདག་སྒྲ་ལ་འཇུག་པ་མེད་དམ་ཟེར་ན། སྤྱང་བོ། རྟུལ་བོ། དམེ་བོ་ལྟ་བུ་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེས་བདག་སྒྲའི་དཔེ་ལ་བཞག་འདུག། གང་ལྟར་རྩོམ་པ་བོ་ཞེས་པ་རྟགས་མཚུངས་དང་བརྗོད་བདེ་གང་གི་དབང་དུ་བྱས་ཀྱང་འགྲིག་པར་དཀའ། ལུང་ཚན་བྱེ་བྲག་པའི་སྐད་དང་བསྟུན་རྒྱུ་མིན་ན་གང་ཤེས།
དཀར་མཚོ་སྐྱིད་ལགས།
སྨན་རྩིས་མཐོ་སློབ་ཁང་གི་རྩོམ་པ་བོ།།
མུན་ནག་རྡོ་འཕེན་བྱེད་པའི་རྩོམ་པ་བོ།།
དགེ་རྒན་དགེ་ཕྲུག་ཚང་མའི་མགོ་བོ་ལ།།
འཁོར་གསུམ་རྒྱན་གྱི་ཕྲེང་བ་ཕུལ་ཡོད་དོ།།
ཨོ་ཡ་དེ་འདྲ་དགོས་པ་རེད། མིག་བརྒྱད་པ་ངོ་འཇིགས་ཀི གནས་ལུགས་ཡོད་ཀི་ ངོ་སོ་བསྟོད། ཡིན་ནའང་མིང་མཐའི་པ་བ་དང་བདག་སྒྲ་པ་བ་འདི་ཚོ་ཧ་ཅང་རྙོག་འཛིང་རེད། སྔོན་ཆད་ཅིག་ལའང་པ་བའི་དོན་ལ་རྒན་ལ་དྭགས་པ་དང་ཧོར་འཇིགས་སོགས་མང་པོ་ཞིག་ཐུག་པ་རེད། ཁ་ཤས་ཀྱིས་དེ་སྐོར་སྐུ་སྒེར་ཡིག་ཚང་ལའང་བསྐྱལ་བ་རེད། སྐུ་ངོ་ཏ་རས་མིང་མཐའི་བ་ཡིག་དེ་བོད་ལ་མཁོ་བ་མེད་པ་ཞིག་ཡིན་སྐོར་ཡང་བཤད་རབས་འདུག དེ་ནས་མི་ཞིག་གིས་དེ་འདྲ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཞེས་པའི་ཚབ་ལའང་རྒྱལ་པ་རིན་པོ་ཆེ་འབྲི་དགོས་སམ་ཞེས་པས་ཁ་གྲག་རྒྱུ་མེད་པ་ཆགས་སྐད། བདག་སྒྲའི་སྐབས་པ་བ་པོ་གསུམ་འདོད་མཁན་དང་པ་པོ་ཁོ་ན་འདོད་མཁན། པ་པོ་བ་བོ་མ་མོ་དྲུག་འདོད་མཁན། མིང་མཐའ་འདྲེན་ཚུལ་སྐབས་རྟགས་མཚུངས་འདྲེན་ཚུལ་དང་བརྗོད་བདེ་འདྲེན་ཚུལ་མང་པོ་བྱུང་ཡོད་པས་མཐའ་གཅིག་ཏུ་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་རྒྱུའང་དཀའ་ལས་ཁག་སེ་རེད་འདུག་གྰ
དཀར་མཚོ་སྐྱིད་ཀྱིས་བདག་ནི་བོད་ཀྱི་སུམ་རྟགས་ཀྱི་ནོར་འཁྲུལ་དང་ཡིག་ནོར་ལ་རིགས་པས་སུན་འབྱིན་པར་བྱེད་པའི་དཔའ་མོ་ཞིག་ཡིན། ཟེར་གི། ཧ་ཧ།
བདག་གི་མིག
དོན་ལ་ཞུ་དག་གཏོང་བྱེད་མིག་བརྒྱད་ཡོད།།
ཡོད་ཚད་ལད་ཟློས་མི་བྱེད་མིག་བརྒྱད་ཡོད།།
མཐོང་རྒྱ་ཆེ་བའི་བདག་གི་མིག་བརྒྱད་པོ།།
མང་ཐོས་རྣ་བ་བརྒྱད་པའི་རོགས་ཟླ་ཡིན།།
ཡུལ་མདོ་སྨད་ཀྱི་མཁས་པའི་དབང་པོ་དགེ་བཤེས་ཤེས་རབ་དང་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་རྣམ་པ་གཉིས་ཀྱིས་ནན་ཏན་གྱིས་གསུངས་པ་ལྟར་བཀའ་བསྟན་གྱི་བརྡ་དང་ཐ་སྙད་ནི་གཙོ་བོ་འཛིན་དགོས་བ་རེད། གཙོ་བོ་དང་ཕལ་བའི་ཁྱད་པར་མ་ཕྱེ་བར་ལུང་ཚན་བྱེ་བྲག་པའི་ཕལ་སྐད་ཀྱི་རྗེས་སུ་འབྲངས་ནས་གང་དྲན་དྲན་བྱེད་པ་ཡིན་ན་བོད་སྤྱི་སྐད་ཀྱི་བརྡ་སྤྲོད་པའི་རྣམ་བཞག་དེ་དག་འཇིག་ཉེན་ཆེ། ད་ལྟའི་ཆར་བོད་ཆོལ་ཁ་གསུམ་གང་དུ་སོང་ཡང་ཀློག་ཐུབ་པ་དང་གོ་ཐུབ་པའི་སྐད་ཡིག་དེ་ལ་བོད་སྤྱི་སྐད་ཟེར་ཆོག །འདི་ཤེས་དགོས་པའི་གནད་འགག་ཅིག་རེད། བོད་མི་རིགས་ཀྱི་ཁྱད་རྟགས་ཀྱང་འདིའི་སྒང་ན་ཡོད་པ་རེད། བོད་མིའི་ཆིག་སྒྲིལ་གྱི་བློ་སྟོབས་ཀྱང་འདིའི་སྒང་ན་ཡོད་པ་རེད། ལུང་ཚན་བྱེ་བྲག་པའི་ཞེན་པ་ཨ་འཐས་སྤངས་ནས་བོད་སྤྱི་སྐད་དེ་སུམ་རྟགས་དག་གསུམ་གྱི་ལུགས་དང་མི་འགལ་བར་སྐྱོངས་ཤིག་ཅེས་པ་ཡིན།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་བདག་གི་རྩོམ་པ་བོ་ཞེས་པ་ནི་མི་འགྲིག་པ་དང་རིགས་པ་དང་རྒྱུ་མཚན་མེད་པའི་སྒྲུབ་བྱེད་དུ་གོ་ལྡོག་ལོག་ནས་བདག་ལ་རོགས་རམ་བྱས་ཏེ་རིགས་པའི་རྒྱུ་མཚན་ཡོད་པར་བསྒྲུབས་འདུག་པས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ཡང་ཡིན་ཏེ། ཕྱི་མ་གང་ལྟར་འགྱུར་བ་ཞེས་པ་གཙོ་བོར་རྟགས་མཚུངས་འདྲེན་པ་ཡིན་ཞེས་ཁྱེད་ཀྱིས་བཤད་འདུག གཙོ་བོར་རྟགས་མཚུངས་དྲང་དགོས་པ་ནི་ཐོན་མིའི་དགོངས་པ་ཡིན་ན་ང་ཚོ་ཚང་མས་གཙོ་ཆེ་བ་ལ་བསྟུན་དགོས་པ་ནི་རིགས་པའི་དཔའ་བོ་རྣམས་ཀྱི་ངག་ལ་རླུང་ལྟར་གྲགས་ཡོད། དེས་ན། བདག་གིས་བཤད་པ་ནི་ཐོན་མིའི་དགོངས་པ་དངོས་དང་གཙོ་ཆེ་བ་ལ་བསྟུན་ཡོད་པས་རིགས་པ་དང་རྒྱུ་མཚན་ལྡན་པ་རེད། དེ་ནི་ཁྱེད་ཀྱིས་བདག་ལ་རོགས་པ་བྱས་པའི་འབྲས་རྟགས་རེད། རང་གི་དབྱུག་པས་རང་གི་མགོ་ལ་གཞུས་ན་སྡུག་གྱོང་རེད། བདག་གིས་བརྗོད་བདེའི་དབང་གིས་སྒྲ་མཐུན་འདྲེན་པ་མེད་པའི་ཚིག་ཟུར་ཙམ་ཡང་ཐོན་མེད་པ་ཡིན། དེ་ནི་ཁྱེད་ཀྱིས་རྟོག་བཟོ་ཁོ་ན་རེད། རྩ་བ་བོར་ནས་ཡལ་ག་ལ་མི་འཇུ་བར་ཞུ། རྩ་བའི་ཚིག་ནི་རྩོམ་པ་བོ་ཞེས་པ་ཁོ་ན་ཡིན། དེ་མི་འགྲིག་པར་སྒྲུབ་བྱེད་ཡོད་ན་རིགས་ལམ་གྱི་མེ་ལྕེ་འབར་བར་ཞུ། དེ་ལས་གཞན་རྣམས་ཁྱེད་ལ་འཆད་རྒྱུ་མེད་པའི་ཉོག་ཚིག་ཡིན་པས་བདག་ལ་འབྲེལ་བ་མེད་དོ། །ཀརྨ་སི་ཏུ་དང་པྲ་ཏི་རིན་ཆེན་དོན་གྲུབ་དང་ཨ་ལགས་ཚེ་བརྟན་ཞབས་དྲུང་གསུམ་གྱི་སུམ་རྟགས་ཀྱི་གཞུང་རྣམས་བདག་ལ་ངོ་སྤྲོད་ཞུ་མི་དགོས། དེ་ནི་ཁྱེད་ལ་སྐུ་ཚེགས་ཆེ་བ་ཡིན།
ཐུགས་བདེན་ནོ་མད་དོ་མིག་བརྒྱད་པ།།
གལ་ཤིན་ཏུ་ཆེ་འོ་བརྡ་སྤྲོད་གཞུང་།།
ལུང་རིགས་པས་བྱི་དོར་ཡང་ཡང་མཛོད།།
བོད་ཁ་བ་ཅན་པའི་བླ་སྲོག་ཡིན།།
ཡིན་མིན་ཙམ་གྱི་དོན་ཡང་མི་གོ་ཞིང་། །
སྒྲུབ་བྱེད་འགོད་པའི་ཚུལ་ཡང་མི་ཤེས་པས། །
འཁོར་གསུམ་ཞེས་པའི་སྒྲ་ལ་རྨོངས་པ་འདིས། །
མིག་བརྒྱད་ཅན་གྱི་རང་འཚང་འདི་ན་བསྟན། །
ཡིན་མིན་ཙམ་གྱི་དོན་ཡང་མི་གོ་ཞིང་།།
སྒྲུབ་བྱེད་འགོད་པའི་ཚུལ་ཡང་མི་ཤེས་པ།།
འཁོར་གསུམ་ཞེས་པའི་དོན་ལ་རྨོངས་པ་ཡི།།
མིག་བརྒྱད་པ་ཡིས་རང་འཚང་འདི་ན་སྟོན།།
འབྲི་འདོད་པའི་དོན་ངོ་མ་འདི་ཡིན་པ་འདྲ་ཡང་། འབྲི་མ་ཤེས་པས་མི་གོ་ཞིང་། མི་ཤེས་པས། རྨོངས་པ་འདིས་ཞེས་རྐང་མཐའ་དག་ལ་ཕྲད་ཀྱིས་མི་མཛེས་པ་བྱས་འདུག་པ་མ་ཟད། “འདི་ན་སྟོན་”དང་”འདི་ནས་བསྟན་”ཅེས་འབྲི་དགོས་པའི་དོན་ཙམ་ལ་ཡང་ཤིན་ཏུ་རྨོངས་པའི་དབང་གྱུར་དག་གིས་ད་དུང་རང་གིས་ཤེས་སོ་སྙམ་ནས། “རིགས་པའི་བརྡར་ཤ་”ཡིན་ན་ཅིག་ཟེར་ནས་སྐད་ཆ་སྦོམ་པོ་བཤད་པ་དག་ནི་ཅི་འདྲས་སྙིང་རྗེ་ཨང་།
རང་དང་གཞན་གྱི་ཚིག་གི་དོན་ལ་རྨོངས་པའི་ལོ་ཆུང་བྱིས་པའི་ངང་ཚུལ་འཛིན། །
གང་ཡིན་འདི་ཡིན་མེད་པར་ལབ་ཟློས་བྱེད་པའི་རང་གཤིས་སྟོན་ལ་མཁས་པ་ཉིད། །
ཡོད་དང་མེད་པའི་རིག་པའི་གཞུང་ལ་ཕྱིན་ཅི་ལོག་གི་གོ་བའི་མཐའ་ལ་སོན། །
ཕོ་མོའི་རྟགས་ཀྱི་ཁྱད་པར་ཙམ་ཡང་མིག་བརྒྱད་ཅན་གྱིས་མཐོང་བའི་འོས་སུ་དབེན། །
དཀར་མཚོ་སྐྱིད་ཁྱོད་ཇི་འདྲའི་ཨུ་ཚུགས་ཚ་བོ་ཞིག་རེད། ཁྱོད་ལ་ཚིག་གི་ངོ་གདོང་ཙམ་ཞིག་མ་གཏོགས་དོན་དག་ངོ་འཕྲོད་པའི་མི་ཞིག་རྩ་ནས་རེད་མི་འདུག །བོང་བུའི་རྣ་ཅོག་ནང་དུ་གསར་བླུགས་པ་དང་འདྲ་བར་བདག་གི་ཁུངས་བཙུན་གྱི་སྒྲུབ་བྱེད་དེ་དག་ཆུད་ཟོས་ལ་བཏང་སོང་། ཁྱོད་ཀྱི་དགེ་རྒན་དང་དགེ་ཕྲུག་ཚང་མ་དེ་འདྲ་རྐྱང་རྐྱང་ཨེ་རེད། ངོ་མ་སེམས་སྐྱོ་ནི་ཟིག་རེད། ། ད་འོ་ན་ཁྱོད་ལ་ཐོག་མར་ཁྱོད་ལ་དྲི་བ་ཞིག་འདྲི། མུ་ཏིག་ཕྲེང་མཛེས་ལས། བ་ཡིག་ནི་པུ་ལིང་གའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ།།ཞེས་གསུངས་པའི་ལུང་འདི་ཁྱོད་ཀྱིས་ཁས་ལེན་རྒྱུ་ཨེ་ཡིན། རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་ན་གཞུང་འདི་དང་འགལ་འདུག་ཅེས་པ་ཡིན། གནད་འགག་ཅིག་དེ་ཡིན། འདི་ངའི་རྟོག་བཟོ་མ་རེད། གཉིས་པ། ཁྱོད་ཀྱིས་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་སྒྲུབ་བྱེད་དུ་ཕྱི་མ་གང་ལྟར་འགྱུར་བ་ཞེས་བཀོད་འདུག་པ་ར་མགོ་ལུག་ལ་སྦྱར་བ་རེད། རྟགས་མཚུངས་འདྲེན་པ་ཡིན་པའི་དབང་དུ་བཏང་ཀྱང་བདག་སྒྲ་ཡིན་པའི་སྒྲུབ་བྱེད་དུ་ནམ་ཡང་འགྲོ་གི་མ་རེད། ཨེ་གོ་ཐལ། གསུམ་པ། ཁྱབ་ཆེ་ཆུང་གི་ཆ་ནས་རྩོམ་པ་པོ་ཞེས་བརྗོད་པ་ཡིན་ན་བརྡ་སྤྲོད་པའི་གཞུང་ཀུན་དང་མཐུན་གྱི་འདུག་ཟེར་གི་ཡོད། དེ་མིན་ཨུ་ཚུགས་ནི་ཨུ་ཚུགས་རང་རེད།
བོང་བུའི་རྣ་ཅོག་ནང་དུ་གསེར་ཞེས་པར་བཅོས།
ཞུ་དག་གི་ལས་འགུལ་འདིར་རྒྱབ་སྐྱོར་དང་ཡི་རངས་ཞུ་རྒྱུ་ཡིན། རང་ངོས་ནས་ཀྱང་ཡིག་ནོར་ལ་གཟབ་མཁན་ཞིག་ཡིན་པའི་ཁུལ་ཡིན་མོད། སྐབས་རེར་ཤེས་བཞིན་དུ་ཤོར་འགྲོ་བ་དང་། སྐབས་རེར་མ་ཤེས་པར་བྲིས་པ་ཡང་མང་པོ་ཡོད་པ་རེད། དེ་བས་ལྷག་བསམ་དག་པས་ཞུ་དག་གཏོང་མཁན་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།
དེ་ནས་ང་ཚོ་བོད་ལ་ནད་ཚ་ཞིག་ཡོད་པ་ནི་རང་སྐྱོན་ངེས་ལེན་བྱེད་ཐུབ་པའི་གོམས་གཤིས་དེ་རེད། གལ་སྲིད་མི་ཞིག་གིས་རྒྱུ་མཚན་ལྡན་པའི་གོ་སྐོན་གསལ་བཤད་བྱས་ཀྱང་ལྡོག་ཕྱོགས་ཀྱི་རྒྱུ་མཚན་བགྲང་གི་རེད། དཔེར་ན། གོང་དུ་ཞུ་ཆེན་པ་འབའ་སྲས་དང་དཀར་འཚོ་གཉིས་ལྟ་བུ་རེད། འབའ་སྲས་ཀྱིས་མཉམ་རེ་ཞོག་ཅེས་པའི་ཡོངས་གྲགས་ཀྱི་དག་སྡེབ་དེ་ལ་ཉན་རེ་ཞོག་ཟེར་ནས་འབྲི་དགོས་ཚུལ་རྒྱུ་མཚན་ཕྱོགས་རེས་པ་ཞིག་བཤད་དེ་ནོར་བ་ངེས་མི་ལེན་པ་དང་། དེ་ནས་དཀར་འཚོས་ཀྱང་བརྗོད་བདེ་དང་རྟགས་མཚུངས་གཉིས་ཀ་ཡོད་བཞིན་དུ་རྟགས་མཚུངས་གཅིག་པུར་ཕྱོགས་འཛིན་བྱས་ཏེ་ཡོངས་གྲགས་ཀྱི་དག་སྡེབ་རྩོམ་པ་པོ་ཟེར་བའི་བརྗོད་བདེ་འདྲེན་པ་དེ་ཡོངས་གྲགས་མ་ཡིན་པའི་རྟགས་མཚུངས་ལ་ཨུ་ཚུགས་རྒྱག་དགོས་དོན་མི་འདུག
ནོར་འཁྲུལ་ཡོད་ན་དགོངས་སེལ་ཞུ། རེ་བར་ཚང་མས་མཉམ་རུབ་གནང་རོགས།
དགོངས་དག རང་སྐྱོན་ངེས་ལེན་བྱེད་མི་ཐུབ་ལ་བཅོ་རོགས།
ཡང་དཀར་འཚོའི་མཆན་ཨང་༡༠༤ པར་(མིག་བརྒྱད་པ་གཅིག་བུས་)ཞེས་པའི་གཅིག་བུ་དེ་ཡང་བརྡ་སྤྲོད་པའི་གཞུང་དང་བསྟུན་ནས་རྟགས་མཚུངས་དྲངས་པ་ཡིན་ནམ། དེ་ལབ་ན་ཡང་དཀར་འཚོས་བརྗོད་བདེ་དྲུད་ཡོང་གི་ཡོད་ཀྱི་རེད་ཀོ ཧ་ཧ་ཧ་ཧ་་ཧ་ དངོས་གནས་དཀར་འཚོ་འདི་བ་དད་ཅིག་ཆེ་གི
རང་གི་མདུན་གྱི་དོང་ཡང་མི་མཐོང་བའི།།
ལུས་ལས་མགོ་བོ་སྦོམ་པའི་གླེན་མ་སྐྱིད།།
དོན་མེད་གཡང་ལ་མཆོང་བ་མ་བཟོད་ནས།།
མིག་བརྒྱད་མིག་གིས་ཐར་བའི་ལམ་ལ་དྲངས།།
བརྡ་སྤྲོད་གཞུང་དང་མི་མཐུན་ཨུ་ཚུགས་ཀྱིས།།
རང་འདོད་ཤི་འཐམ་བྱེད་པའི་ངང་ཚུལ་ལ།།
ད་དུང་མཁས་པར་རློམ་པའི་ང་རྒྱལ་གྱི།།
རྩོམ་པ་བོ་ཡི་ཆོ་ལོ་ཁྱོད་ལ་འབུལ།།
དང་པོ་དགེ་རྒན་ཁ་ནས་བསླེབས་དང་གཅིག།
གཉིས་པ་རང་གིས་མ་འཁྱོངས་ཆལ་ཆོལ་གཉིས།།
གསུམ་པ་གཞན་ལ་ལོག་བཤད་སྤེལ་དང་གསུམ།།
བཞི་པ་ལྐུགས་པའི་གོ་འཕང་ཐོབ་དང་བཞི།།
རང་བཟོ་སྐྱག་དྲི་འཐུལ་བའི་རྩོམ་པ་བོ།།
མི་ཤེས་ཤེས་མདོག་སྟོན་པའི་རྩོམ་པ་བོ།།
ཡོད་ཚད་གཅིག་ཏུ་མཐོང་བའི་རྩོམ་པ་བོ།།
རྒུད་པའི་རྩ་བ་བརྙེད་པའི་རྩོམ་པ་བོ།།
སྤྱིར་བཏང་སྔོན་དང་བསྔུར་ན་ཡར་རྒྱས་རེད། །
ཡིག་ནོར་གཏགས་ནོར་ཡོད་ནི་སྲིད་པ་ཙམ། །
དགེ་མཐོང་བདག་ནི་ཧ་ཅང་དགའ་ནས་ཡོད། །
དགའ་བའི་སྟེང་དུ་སྡུག་ཅིག་རང་བཞིན་བསླེབས། །
འབུ་སྲས་སྐྱག་འཚོ་ཞེས་པའི་ཐ་སྙད་ཅིག །
སྤུན་ཟླའི་བར་ལ་འཕེན་པའི་སྲོལ་ངན་དར། །
གུ་ཡངས་མེད་པའི་དན་རྟགས་གསལ་བོ་རེད། །
བརྗོད་བདེ་རྟགས་མཚུངས་མ་རྩོད་དྲ་གྲོགས་ཚོ། །
ཁ་སང་ཁོ་བོའི་ཁས་ལེན་དམ་བཅའི་ནང་། །
བརྗོད་བདེ་རྟགས་མཚུངས་པ་བའི་ཁྱད་པར་དང་། །
འདམ་ང་ཅན་གྱི་རིགས་ལ་དམིགས་བསལ་ཞེས། །
སྔོན་ནས་བཤད་དོན་དེང་གི་སྐྱོན་འདིའི་སླད། །
ཁ་སང་དེ་རིང་ཁོ་བོ་བྲེལ་འཚུབ་ཆེ། །
དྲ་བར་ཞུགས་པའི་དུས་ཚོད་ཤིན་ཏུ་དཀོན། །
ཡིག་ནོར་བཅོ་བའི་ལས་ཀ་འཐུས་ཤོར་ཕྱིན། །
སྒེར་དོན་གཞུང་དོན་འདི་དག་རྫོགས་པ་ན། །
ཡིག་ནོར་རིག་ན་ལག་པ་གཡུག་རྐྱང་ཡིན། །
གཏགས་ནོར་མཐོང་ན་ཁ་ཐུག་སྟོན་ངེས་ཡིན། །
དོན་ནོར་རག་ན་མཛུབ་མོ་ཀེར་ངེས་ཡིན། །
ཁ་བཤད་འདི་དག་ལག་ལེན་བསྟར་ངེས་ཡིན། །
རང་གི་ཡིག་ནོར་བཅོ་ན་དགའ་བསུ་ཡོད། །
གཞན་གྱི་ཡིག་ནོར་གཤེད་མར་བལྟ་ངེས་ཡིན།
བོད་ཀྱི་བུ་ལགས་ཀྱིས་སྐད་ཆ་བཤད་པ་དེ་ཚོར་སྣང་བ་འགྲོ་བོ་བྱུང།
འོན་ཀྱང་ཁྱེད་ཀྱིས་་་་་་རང་སྐྱོན་ངེས་ལེན་ཞེས་བྲིས་འདུག་པས་དེ་བརྡ་སྤྲོད་དང་མཐུན་མིན་མི་ཤེས།
ནམ་རྒྱུན་སྐད་ཆ་ཤོད་དུས་ཚོགས་གཏམ་གཏོང་དུས་སོགས་སུ་་་་རང་སྐྱོན་ངོས་ལེན་བྱེད་དགོས་པ་རེད་ཅེས།
ཤོད་སྲོལ་ཡོད་འདུག་པས་དེ་ལའང་དྲྭ་འབུ་རྣམས་ཀྱིས་གནས་ལུགས་རྒྱུ་མཚན་མང་པོ་མི་འདྲེན་པའི་རེ་བ་ཡོད།
ཉན་པར་ཞོག་ལ་མཉམ་པར་ཞོག་འབྲི་མཁན་དག་གིས་དག་ཡིག་གསར་བསྒྲིགས་དང་ཆོས་གྲགས་དག་ཡིག་ལས་གཞན་མ་མཐོང་བའི་སྐྱོན་ཡིན། དག་ཡིག་གང་མང་མང་དུ་ཉན་འཇོག་བྱོས་བྲིས་འདུག
ལ་སྟོད་བུ་ལ་ཐུགས་རྗེ་ཆེ་ཞུ། དེ་ཡང་མཉམ་མ་བཞག་ས་ནས་ཤོར་སོང་བ་རེད།
དེ་ནས་འབའ་སྲས་འདི་ཡང་ཨུ་ཚུགས་ཅན་ཞིག་གི་བཟོ་ལྟ་འདུག གང་ཡིན་ཟེར་ན། མཉམ་འཇོག་བྱོས་དང་ཉན་འཇོག་བྱོས་ཟེར་བ་གཉིས་ཀྱི་དོན་དག་མི་འདྲ་བ་ཡིན་བཞིན་དུ་ད་དུང་གཞན་ལ་ལྟ་རྒྱ་མེད་པའི་སྦོམ་བཤད་བྱས་ཏེ་གཞན་གྱིས་མ་མཐོང་བ་ཞིག་རང་གིས་མཐོང་ཡོད་མདོག་སྟོན་པ་ཅི་ཞིག་གི་རྟགས་རེད།
མཉམ་ཞོག་གམ་མཉམ་འཇོག་བྱོས་ཟེར་ན་དོ་སྣང་བྱོས་ཟེར་བའི་དོན་དང་། ཉན་འཇོག་བྱོས་ཟེར་ན་བསླབ་བྱ་སོགས་ལ་ཉན་ཏེ་སེམས་ལ་ཟུངས་ཞེས་པའི་དོན་རེད། གོ་བདེ་བར་བཏང་ན་ཁ་ལེན་ཚིག་བརྩི་བྱོས་ཟེར་བའི་དོན། མཉམ་ཞོག་ཟེར་བ་འདི་ཨ་མདོའི་ཁུལ་དུ་བེད་སྤྱོད་མང་པོ་གཏོང་བ་ལས་དབུས་གཙང་ཁུལ་དུ་བེད་སྤྱོད་མི་གཏོང་། དེ་ནས་ཉན་འཇོག་ཟེར་བ་འདི་དབུས་གཙང་ཁུལ་དུ་བེད་སྤྱོད་མང་བ་ལས་ཨ་མདོ་ཁུལ་དུ་བེད་སྤྱོད་མི་བྱེད། དཔེར་ན། མི་དེས་ཉན་འཇོག་ཁྱོན་ནས་བྱེད་ཀྱི་མི་འདུག་ཟེར་བ་ལྟ་བུ་རེད།
དེ་ནས་ངས་མཉམ་མ་བཞག་པ་རེད་ཟེར་བ་ལས་ངས་ཉན་བཞག་པ་རེད་ཟེར་སྲོལ་ཞིག་མེད་ཀ འབའ་སྲས་ལོ་ལོ་ཨུ་ཚུགས་མ་རྒྱགས་དང་འདི་གཉིས་ཁྱད་པར་ཆེན་པོ་འདུག
གཅིག་གིས་གཅིག་ལ་དག་སེལ་བྱོས། གཅིག་གིས་གཅིག་ལ་དགའ་བ་སྒོམ།
གཅིག་ལས་གཅིག་ལྷག་མང་འདྲ་ཡང། དོན་ལ་ཚང་མ་འདྲ་མཉམ་འདྲ།
བོད་ཀྱི་བུ་དང་ལ་སྟོད་ཀྱི་བུ་ཟེར་བ་སོགས་ཀྱི་མཆན་དེ་དག་མཐོང་དུས་ལག་པར་ཟ་འཕྲུག་ལངས་ནས་མཆན་རེ་འབྲི་འདུན་སྐྱེས་མོད། འབའ་སྲས་འདིའི་ཨུ་ཚུགས་མཐོང་ན། ཡི་ག་བརླག་འགྲོ་གི།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་བསྒྲུབ་བྱ་སྒྲུབ་བྱེད་འགོད་ཚུལ་ཙམ་ཡང་མི་ཤེས་པར་ཕྱིན་ཅི་ལོག་གི་ལྟ་བ་བཟུང་ཡོད་པ་ནི་གོང་དུ་གསལ་བར་བསྟན་ཡོད། དེ་ནི་བདག་ཨུ་ཚུགས་ཚ་བ་རེད་དམ་ཁྱེད་རང་རྨོངས་པ་རེད། སྒྲུབ་བྱེད་འགོད་མི་ཤེས་ན་རང་བཞིན་གྱིས་ཆུད་ཟོས་སུ་འགྲོ་ངེས་རེད། ཁྱེད་ཀྱིས་ག་དུས་ཡིན་ཡང་གཞན་གྱིས་བཤད་པའི་དོན་མི་གོ་བར་རྟོག་བཟོ་གཅིག་བུ་བྱེད་པ་ནི་ཁྱེད་ཀྱི་རང་གཤིས་རེད། སྔོན་མར་ཁྱེད་ཀྱིས་བདག་གིས་སྒྲ་མཐུན་ཁས་ལེན་བྱེད་ཀྱི་མི་འདུག་ཅེས་པ་དེ་ཡང་ཁྱེད་ཀྱི་རྟོག་བཟོ་དང་ད་ཐེངས་ཀྱང་བདག་གིས་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་སྒྲུབ་དུ་ཕྱི་མ་གང་ལྟར་འགྱུར་བ་ཞེས་བཀོད་འདུག་ཅེས་པ་ཡང་ཁྱེད་ཀྱི་རྟོག་བཟོ་གཉིས་པ་རེད། ར་མགོ་ལུག་སྦྱར་གྱི་རྟོག་བཟོ་བྱེད་པ་ནི་སྨྱོན་པའི་ལུགས་རེད། སི་ཏུ་དང་པྲ་ཏིའི་གཞུང་ལུགས་ནི་བདག་གིས་མཐོང་གི་ཡོད་པས་ཁྱེད་ཀྱིས་བདག་ལ་ལབ་དགོས་ཀྱི་མ་རེད་ཅེས་ཐེངས་མང་བཤད་ཡོད། ཁྱེད་ཀྱིས་སྒྲུབ་བྱེད་འགོད་མི་ཤེས་ན་ད་ལྟ་བདག་གིས་ཁྱེད་ལ་དྲི་བ་གཏོང་གི་ཡིན། རྩོམ་པ་བོ་ཞེས་པ་མི་འཐད་དེ། བ་དང་བོ་བདག་སྒྲ་ལ་མི་འཇུག་པའི་ཕྱིར་ཟེར་གྱི་ཡོད་དམ། ཡང་ན། དེ་མི་འཐད་དེ། རྟགས་མཚུངས་ཁས་མི་ལེན་པ་དང་སྒྲ་མཚུངས་གཅིག་བུ་འདོད་པའི་ཕྱིར་ཟེར་གྱི་ཡོད་དམ། དང་བོ་ལྟར་ན་ཁྱེད་ཀྱིས་བ་དང་བོ་བདག་སྒྲར་མི་འདོད་པ་ནི་ཁྱེད་ཀྱི་ཞེ་འདོད་མཐར་ཐུག་ཡིན་ནམ། དེ་ལྟར་དུ་ཡིན་ན་སྔོན་བྱོན་མཁས་པའི་གསུང་གང་ཞིག་ཁས་ལེན་པ་དང་གང་ཞིག་ཁས་མི་ལེན་པ་བཅས་ཐོག་མར་གསལ་བཤད་བྱོས་ཤིག གཉིས་པ་སྒྲ་མཚུངས་གཅིག་བུ་ཁྱེད་ཀྱི་རང་ལུགས་འཐད་ལྡན་ཡིན་ན་རྟགས་མཚུངས་མི་འདོད་པའི་རིགས་པ་སྨྲོས་ཤིག ལུང་ནི་ཐོན་མིའི་གཞུང་ན་གསལ་བོ་ཡོད་པས་བདག་གིས་ཁྱེད་ལ་འཆད་མི་དགོས་པ་ཡིན། གཞན་ཡང་ཁྱེད་ཀྱིས་རྟོག་བཟོ་དང་འབྲེལ་མེད་ཀྱི་ཚིག་ཉོག་མང་བོ་འཐོན་བཞིན་ཡོད་པས་དེ་ལ་གཟབ་པར་ཞུ། དེ་ནས་རྩོད་པའི་ལས་ལ་འཇུག་པར་བྱའོ། །
བགྲོ་གླེང་བཟང་བྱུང་། ད་དུང་རྩོད་ཅིག མར་གྱི་ཉིང་ཁུ་ཐོན་ངེས་ལགས།
ལས་མང་གིས་ལྷན་རྒྱས་ཀྱི་རྩོམ་ཡིག་དང་། མཆན་མང་ལ་ལྟ་རྟོག་ལེགས་པ་ཞིག་མ་བྱུང་། གཞན་མང་པོ་ཞིག་ལ་རྟོག་དཔྱོད་མ་བྱུང་། ཡིན་ཀྱང་བདག་སྒྲ་ལ་མ་མཐའ་གཅིག་ཏུ་ཕོ་ཡིན་ན་པ་ཡིག་དང་། མོ་་ཡིན་ན། མའམ་མོ་ཡིན་པར་བཀའ་བསྟན་གསུང་འབུམ་དག་གི་སྐད་ཡིག་དང་མཐུན་པར་མཐུན་པར་ཆོས་རྗེ་ས་པཎ་གྱིས། མིང་གང་གི་ནི་མ་ཐ་ན། ཕོ་ཡི་རྟགས་ཀྱི་སྒྲ་བྱུང་ན། །བདག་པོའི་སར་ནི་ཤེས་པར་བྱའོ། །ཞེས་དང་། སུམ་ཅུ་པ་མཛད་པ་པོས། གང་མིང་གི་ནི་མ་མཐའ་རུ། །ཕོ་ཡི་རྟགས་ཀྱི་སྒྲ་མེད་པ། །དེ་ལ་ཕོ་ཡི་རྟགས་སྦྱར་ན། བདག་པོའི་སར་ནི་ཤེས་པར་བྱ།། ཞེས་གསུངས།
ཧོར་གཙང་འཇིགས་མེད་ཀྱིས། སྐུ་ཞབས་ཁོང་གིས་བོད་ཀྱི་རིག་གཞུང་ལ་ཁ་མིན་སེམས་ཀྱི་ཤ་ཚ་དང་གཞེན་བསྐུལ་གནང་འདུག་པ་ལ་ངོ་སོ་ཅུང་ཟད་ཀྱང་བཏང་ནས་ཚིག་གི་ཁ་སྤུ་གཅིག་ཀྱང་མ་བཏོག་པར་བཏང་སྙོམས་སུ་བཞག་སྟེ། ་ ་ ཞེས་བྲིས་པ། ནོར་མཛོད། དུས་དེབ་ཏུ་། ༡༩༩༩ལོར་བཏོན་འདུག་པ་ལྟར་ན། སོ་སོའི་ཡིག་ནོར་འདོན་པ་ནི་བློ་ཕམ་དགོས་པ་ཞིག་ཏུ་རྩི་བ་དང་། ཡིག་ནོར་ཡོད་བཞིན་བཏོན་མ་སོང་སྙམ་དགའ་མོས་བྱེད་པ་ནི་རང་གི་མ་རིག་པ་སེལ་བ་ལ་གནོད་པས། དེ་ལྟར་མི་བྱེད་པར་གཅིག་གིས་གཅིག་ལ་ཡིག་ནོར་བཤད་པ་ནི་འབྲི་བ་པོ་ལ་ཕན་ཐོགས་པའི་བསམ་པས་རང་རེས་བྱེད་དགོས། དམའ་འབེབས་ཀྱི་སྒོ་ནས་བྱེད་མ་ནི་བྱེད་པོ་རང་་ཐ་ཤལ་དུ་འགྱུར། བདག་གིས་ནི་ཡིག་ནོར་འདོན་པ་པོ་རྣམས་ལ་རྟག་ཏུ་དགའ་བསུས་བཀའ་དྲིན་ཆེ། ཞེས་ཞུས་དང་ཞུ་་བཞིན་པས་བོད་སྤྱིའི་ཡི་གེ་སྲུང་བ་ལ་བློ་ལྡན་རྣམས་ཀྱིས་འབད་པ་མཛད་དགོས་ཞེས་ཞུ་བ་ལགས་སོ།།
ཨ་རོགས། ལ་དྭགས་པ། ཁྱེད་ཀྱིས་རྟག་པར་ བཀའ་བསྟན་གསུང་འབུམ་ཞེས་བཤད་ཡོང་གི དེས་ན་བཀའ་འགྱུར་ ཟེར་བ་འདི་ལས་ འགྱུར་ དེ་ལ་འགྲེལ་བཤད་ཅིག་གནོང་དང་། བཀའ་དེ་དག་ཚུར་བོད་ཡིག་ཏུ་བསྒྱུར་བའི་ཆ་ནས་བཏགས་པ་ཡིན་ན། བཀའ་བསྒྱུར་ ཞེས་མི་འབོད་པར་ བཀའ་འགྱུར་ ཞེས་ བྱེད་མེད་ལས་ཚིག་ཅིག་འབྲི་དོན་ཅི་རེད།
ཀ་ཡི་ཕྲེང་བའི་དོན་གྱིས་དབེན་ན་ཡང་། །
ཁ་ནས་མིག་བརྒྱད་ཡོད་ཅེས་ཀུན་ལ་བསྒྲགས། །
ག་ལེར་བསམ་ན་རང་ལུགས་མི་འདུག་པས། །
ང་ཡི་རིགས་པའི་ཚུལ་ལ་འགྲན་འདི་མཚར། །
ཅ་རིལ་བཞིན་དུ་བསམ་པ་གུ་དོག་པས། །
ཆ་ལུགས་ངན་པའི་རང་གཤིས་སྟོན་པ་ལ། །
ཇ་དང་ཆང་གི་དབྱེ་བ་མི་ཤེས་པར། །
ཉ་དང་ཉུང་མ་བསྲེས་པའི་ཚུལ་ལ་ལྟོས།
ཏ་ལའི་འདབ་བཞིན་སྨྱོན་པའི་རང་མཚང་སྟོན། །
ཐ་མལ་མི་ཡི་ལུས་ལ་འབད་པ་འདིས། །
ད་ལྟ་འགྱོད་པའི་ལས་ལ་མ་ཞུགས་ན། །
ན་ཚའི་ལས་ཀྱི་འབྲས་བུ་ཡོང་ལ་ངེས། །
པ་སངས་ལྟ་བུའི་ང་རྒྱལ་མཐོ་ན་ཡང་། །
ཕ་ཡིས་བཞག་པའི་རིག་པའི་གཅེས་ནོར་ལ། །
བ་གླང་ཟོག་གི་སྤྱོད་པ་བསྟེན་པ་འདིས། །
མ་ཡུམ་དམ་པའི་བསམ་དོན་སྟོང་ལ་ཉེ། །
ཙ་རིའི་ཡུལ་ཀྱི་མིག་བརྒྱད་གདོན་འདྲེ་ཞིག །
ཚ་བའི་གནས་སུ་བསླེབས་པའི་གནས་ཚུལ་དག །
ཛ་ལང་སྤྱོད་པ་རྣམས་ཀྱིས་བསྒྲགས་ན་ཡང་། །
ཝ་མོའི་གཡོ་སྒྱུའི་ཚུལ་དང་མཚུངས་པ་ཉིད། །
ཞྭ་ལྟར་གུས་པའི་མཁས་པའི་གསུང་ལ་ཡང་། །
ཟ་འོག་རི་མོ་ལྟ་བུའི་ནོར་འཁྲུལ་འཛིན། །
འ་ཅག་ཤེས་ལྡན་རྣམས་ཀྱི་མིག་ལམ་དུ། །
ཡ་མ་ཟུང་གི་ཚིག་ལས་གཞན་ཅི་འབྱུང་། །
ར་ལུག་དག་གི་མཚན་ཉིད་ལྡན་པ་འདི། །
ལ་ལུང་གང་དུ་སོང་ཡང་རིག་པས་དབེན། །
ཤ་དང་ཁྲག་ལ་དགའ་བའི་མིག་བརྒྱད་པ། །
ས་ཆ་གང་དུ་བསྡད་ཀྱང་གདོན་འདྲེ་ཉིད། །
ཧ་ཧ་དགོད་པའི་ངག་གི་ཕྲེང་བ་འདི། །
ཨ་རིག་གླེན་པ་ཚོ་ལ་ཞིབ་ཏུ་བྲིས། །
ཁ་སྟོང་པ་ཙམ་བཤད་མ་འདུག ལོ། སྐད་ཆ་དྲིས་ན་ལན་སྦྱིན་མཁན་ནི་མི་འདུག ད་དུང་སྐད་ཡིག་སྲུང་སྐྱོབ་དང་། དེ་ཉིད་ལ་ཞུ་དག་གི་ཁ་ཕོ་ངོམ་གྱིན་འདུག
ང་དྲ་ཐོག་ཡོང་རྒྱུ་དུས་ཚོད་མང་པོ་མེད། ད་དུང་རྩིས་འཕྲུལ་གྱི་ཆ་རྐྱེན་ཡང་མེད། འོན་ཀྱང་ཁ་སང་འདིར་དྲི་བ་འགའ་དྲིས་མོད། མཐའ་ད་དུང་ལན་ཏག་ཏག་གནང་མཁན་མ་བྱུང་། འབའ་སྲས་ཀྱིས་ག་ཤེས་ན་ཡོད་རེད་ཟེར་བ་ཙམ་རེད། ངས་འདིར་གསལ་གསལ་ཞིག་འབྲི་རོགས་བྱས་མོད། སུའང་ལབ་མཁན་མི་འདུག ཁྱོད་ཚོས་མ་ཤེས་ན་མི་ཤེས་གསུང་རོགས། སྤོམ་མདོག་སྟོན་རྒྱུ་ཡོད་མ་རེད་ལོ། ངས་ད་དུང་འདིར་སྐྱར་འགོད་དང་དྲིས་ལན་ལ་ཐེངས་གཅིག་སྒུག་གི་ཡིན།
(ངས་ད་དུང་འདི་ནས། བོད་དགེ་ལྷ་མོ་སྐབས་དང་། བསེ་རུ། འབའ་སྲས་སོགས་ལ་ཞུ་རྒྱུ། ཚིག་ཕྲད་ཡིན་ན་འདི་འདྲ་དགོས་རེད། དེ་རྣམ་དབྱེ་བརྒྱད་ཀྱི་གོ་དོན་ལས་འདི་འདྲ་བྱས་ནས་མ་འདྲ་བ་ཡོད་རེད། རྣམ་དབྱེ་དང་ཚིག་ཕྲད་གཉིས་ལ་ཁྱད་པར་འདི་འདྲ་ཡོད་རེད་ད། གསུངས་པའི་ལམ་སྟོན་གསལ་པོ་ཞིག་གནང་རོགས་ཞུ་གིན་ཡོད།
འདིར་ད་རེས་བོད་ཡིག་སྲུང་སྐྱོབས་དང་། དེའི་གལ་ཆེན་རང་བཞིན་སྐོར་གསུང་གིན་འདུག་པས་ཁ་ལག་མཉམ་གཅིག་ཏུ་འགུལ་བའི་རེ་བ་གྱིས་ཞུ་གིན་ཡོད། དྲ་ཐོག་ནས་འགའ་རིག་སོང་སྟེ། དེ་ཙམ་ཁ་གསལ་མི་འདུག ང་ལ་དགོས་པའི་རོགས་པའམ། ཁ་གསལ་དགོས་པ་ནི་གོང་གི་དོན་དེ་ཡིན། ཐུགས་རྗེ་ཆེ།)
གླེན་མ་སྐྱིད། ད་ཨུ་ཚུགས་མ་བྱེད། རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་ཁུངས་སྣེ་གཅིག་ཀྱང་སྟོན་རྒྱུ་མེད་ཁར། རང་མ་གཏོགས་མི་མེད་སྙམ་པའི་ཨུ་ཚུགས་རང་བྱེད་ནས་སྡོད་ཨ། རྩོམ་པ་བོའི་ཆོ་ལོ་དེ་ཁྱོད་ལ་ཕུལ་ཟིན། ངས་ཁྱོད་ལ་དེ་བས་རྩོམ་པ་པོ་ཞེས་པའི་པོ་ཡིག་བདག་སྒྲ་ལ་བཞག་ན་བརྗོད་བདེ་འདྲེན་པར་མ་ཟད། བརྡ་སྤྲོད་པའི་གཞུང་ཀུན་དང་མཐུན་གྱི་འདུག་ཅེས །དགེ་རྒན་གྱིས་དགེ་ཕྲུག་ལ་ཀ་ཁ་བསླབས་པ་ནང་བཞིན་ཁུངས་སྣེ་རེ་རེ་བཞིན་ཁྱོད་ལ་བསླབས་ན་ཡང་ཁྱོད་ཀྱིས་དེ་ལས་ལྡོག་ནས་དྲིན་ལན་ལོག་འཇལ་བྱེད་གི །བོང་བུའི་རྣ་ཅོག་ནང་དུ་གསེར་བླུགས་པ་དང་འདྲ་བར་རྣ་བ་སྤྲུག་སྤྲུག་བྱེད་གི །ངོ་མ་ཡ་མཚན་རེད། །ད་ཁྱེད་རང་གི་བསམ་བསམ་འདོད་འདོད་བྱོས། ང་ལ་ཁྱད་པར་མེད། མདོར་བསྡུས་ན་རྩོམ་པ་པོ་ཞེས་བརྗོད་ན་ཁུངས་བཙུན་པ་དང་བརྗོད་བདེ་འདྲེན་པ། བརྡ་སྤྲོད་པའི་གཞུང་ཀུན་དང་མཐུན་གྱི་འདུག་སྟབས་དེ་ག་རང་འདེམས་པ་ཡིན། ཁྱོད་ཀྱིས་ཕྱི་མ་གང་ལྟར་འགྱུར་བ་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་སྒྲུབ་བྱེད་དུ་བཀོད་པ་ནི་ར་མགོ་ལུག་སྦྱར་རང་མིན་ན་ཅི་རེད། ཁ་ནང་དུ་བསྐོར་ནས་བསམ་བློ་ཅུང་ཟད་ཐོངས་། སྤྱིར་བོ་ཡིག་བདག་སྒྲ་ལ་འཇུག་པའི་དཔེ་རྟུལ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་སྒྲུབ་བྱེད་ཅི་རེད།
ཧ་གོ་ངེས་རེད། གླེན་མ་སྐྱིད། ཨེ་གོ་ཐལ། །
མིག་བརྒྱད་པ་ལགས།
བདག་གི་དྲི་བ་དག་ལ་ལན་བརྒྱག་མི་ཐུབ་པར་སྐུ་རླུང་བཞེངས་ནས་བསྡད་ན་ངོ་ཚ་དང་ཞབས་འདྲེན་རེད། ཁ་ནས་མིག་བརྒྱད་ཡོད་པར་བཤད་དེ་ཞུ་དག་གཏོང་བའི་ཉེན་རྟོག་པ་ཡིན་ཟེར་བ་ཡང་སྟོང་བ་རེད།
མིག་བརྒྱད་པ་ལགས།
བདག་གིས་ཨུ་ཚུགས་སྤུ་རྩེ་ཙམ་ཡང་བྱེད་ཀྱི་མེད། ཁྱེད་ལ་འཆད་རྒྱུ་མེད་པའི་འུ་ཐུག་པ་རང་རེད། བདག་གིས་རྩོམ་པ་བོ་ཞེས་པའི་པ་ཡིག་གི་རྗེས་འཇུག་འས་རྟགས་མཚུངས་བོ་དྲང་དགོས་པ་བཤད་ཡོད། དེ་ནི་བདག་གི་རྩ་བའི་དམ་བཅའ་ཡིན། དེ་བདག་སྒྲ་ཡིན་མིན་གྱི་སྐོར་བདག་གིས་ཚིག་ཟུར་ཙམ་ཡང་གླེང་མེད། ཡོད་ན་ཚིག་འདྲེན་པར་ཞུ།
མིག་བརྒྱད་པ་ལགས།
རྩོམ་པ་བོ་ལས་འཕྲོས་པའི་བ་དང་བོ་གཉིས་བདག་སྒྲ་ཡིན་མིན་གྱི་རྩོད་པ་ནི། ད་དུང་ཁྱེད་ཀྱི་རྩ་བའི་དམ་བཅའ་གསལ་བོ་མེད་པས་འགོ་བརྩམ་ཡོད་པ་མ་རེད།
བོད་ཀྱི་བུ་དང་ལ་སྟོད་བུ། མདའ་འབེན་ལ་ཕོག་པར་སྤྲོ།
མ་དག་པ་དག་པར་གཏོང་རྒྱུ་དང་། ནོར་བ་བཅོས་རྒྱུ་ནི་བྱ་བ་བཟང་བོ་ཞིག་ཡིན་ན། དོན་དག་དེ་མི་རྣམས་ཀྱིས་ཡི་གེ་འབྲི་བའི་སྐབས་གཅིག་པུ་མ་ཡིན་པར། མི་རྣམས་ཀྱིས་བསམ་བློ་གཏོང་བའི་སྐབས་ནི་ཡི་གེ་འབྲི་བའི་སྐབས་ལས་ཀྱང་གལ་ཆེ།
གལ་ཏེ་མི་ཞིག་གིས་ཡི་གེ་འབྲི་དུས་ཐུགས་མཉམ་མ་བཞག་པར་དག་ཆ་ནོར་བ་ཡིན་ན་རྗེས་ཕྱོགས་ནོར་བཅོས་བྱེད་རྒྱུ་དང་བསླར་ཡང་མི་ནོར་བ་བྱེད་རྒྱུ་ནི་མཉམ་འཇོག་དགོས་པའི་གནད་འགག་ཅིག་ཡིན་ལ་བྱེད་ཐུབ་པ་ཞིག་ཀྱང་ཡིན།
མི་ཞིག་གི་བསམ་བློའི་དམིགས་ཡུལ་ནོར་བའི་ལྟ་ཚུལ་ལ་ཞུ་དག་གཏོང་རྒྱུ་ནི་ཡིག་ནོར་ལས་ཀྱང་གལ་ཆེ་བ་ནི། དཔེར་ན། རང་གིས་མ་ཤེས་པ་གཞན་ལ་འདྲི་ཞིང་གཞན་གྱིས་བསྟན་པ་དང་དུ་ལེན་སྤྲོ་བའི་མི་དག་ནི་གཞུང་དྲང་ཤེས་རིག་ལྡན་པ་ཡིན་ལ། གཞན་གྱིས་ནོར་བ་ཤུགས་ཀྱིས་བརྗོད་ཅིང་རང་གིས་ནོར་བ་ཡོ་སྲིང་མི་བྱེད་ཁར་ད་དུང་འགྲེལ་ལོག་རྒྱག་རྩིས་བྱེད་མཁན་དག་ནི་ཙི་ཙིའི་མཁན་པོའི་དཔེ་ཟླ་ཡིན། ཕྱི་མ་འདིའི་རིགས་ནི་ཀླད་རྩར་སླད་ཞུགས་ཡོད་ཙང་ཞུ་དག་བཏང་ཡང་བཟོ་བཅོས་རྒྱག་རྒྱུ་ཁག་སེ་ཡོད་ལ།ཨུ་ཚུགས་གཡག་ལས་ཆེ་ཞིང་གཡག་ཀོ་ངོ་ལ་གོན་ཡོད།
མ་ཟད་རང་གི་མཐོང་ཚད་གཞན་ལས་མང་རབས་སོགས་དགོད་བྲོ་བའི་ཅ་ཅོ་ཡང་མང་ཙམ་འདོན་པ་རེད།
མི་སུ་ཡིན་ཡང་། མཉམ་བཞག་ནས་སྐད་ཆ་ཤོད་རྒྱུ་དང་། མཉམ་བཞག་ནས་ཡི་གེ་འབྲི་རྒྱུ། ཡི་གེ་འབྲི་དུས་དག་ཆ་ལ་མཉམ་འཇོག་དགོས་པ་མ་ཟད། ནང་དོན་ལའང་མཉམ་འཇོག་དགོས་པ་སོགས་ནི་ཟིན་བྲིས་སྤེལ་མཁན་དང་མཆན་འབྲི་མཁན་ཡོངས་ཀྱིས་དོ་སྣང་བྱེད་དགོས་པ་དང་། བློ་རིག་སྒྲིམ་དགོས་པ། མཉམ་འཇོག་བྱ་དགོས་པའི་གནས་གལ་ཆེན་པོ་ཅིག་རེད།
མིག་བརྒྱད་པ་ལགས།
སྤྱིར་ཁྱེད་ཀྱི་ལན་དེ་ཤིན་ཏུ་དཀོན་པོ་རེད། ཡིན་ཡང་། བདག་གིས་དྲི་བ་ཞིག་གཏོང་གི་ཡིན། རྩོམ་པ་པོ་ཞེས་པ་བརྗོད་བདེ་བའི་སྒྲ་མཚུངས་འདྲེན་པ་དེ་ཁྱེད་ཀྱི་རང་ལུགས་ཡིན་ན། རྩོམ་པ་པོ་ཞེས་པའི་སྒྲ་མཚུངས་དེ་མདོ་དབུས་ཁམས་གསུམ་གྱི་སྐད་གང་ལ་བརྟེན་ནས་སྒྲ་མཚུངས་དྲངས་པ་ཡིན་ནམ། སྐུ་རླུང་མ་བཞེངས་པར་ཐུགས་ལྷོད་པོའི་སྒོ་ནས་ལན་ཞིག་གསུང་བར་ཞུ།
རྩོམ་པ་པོ།
རྩོམ་པ་བོ་པོ་ལ་རྟགས་མཚུངས་མི་འདུག་ཟེར། །
རྩོམ་པ་པོ་འདི་མཚུངས་ཀྱང་ནོར་འདུག་ཟེར། །
རྩོམ་བ་བོ་ཡི་ཚིག་འདི་དེ་བས་ནོར། །
རྩོམ་པ་པོ་ཡི་འབྲི་སྟངས་དྲིས་བྱུང་ན། །
རྩམ་པ་པོ་ཉིད་མི་འཐད་མེད། །
རྩམ་པ་པོ་འདི་སྤྱི་མིང་དང་། །
རྩོམ་པ་མོ་དེ་བུད་མེད་དང་། །
རྩོམ་པ་ཕོ་དེ་སྐྱེས་པར་འོས། །
རྟགས་མཚུངས་བ་ལས་རྗོད་བདེ་གཙོ། །
རྗོད་བདེ་དེ་ཡང་མནའ་མི་ལས། །
ད་ལྟའི་གསོན་བཞུགས་བོད་མིའི་ཚོའི། །
ལྕེ་ལ་བརྟགས་ནས་བྲིས་ཤིང་ཤོད། །
དཀར་མཚོ་སྐྱིད།
ཀྭ་ཡེ་གསོན་དང་གླེན་མ་འབུ་སྐྱག་མཚོ། །
ཁ་ནས་བོ་ཡིག་བདག་སྒྲ་ཡིན་ཞེས་བསྒྲགས། །
ག་ལེར་བསམ་ན་སྒྲུབ་བྱེད་མི་འདུག་པས། །
ང་རྒྱལ་རི་ལས་མཐོ་བ་ཡ་མཚར་རེད། །
ཅ་རིལ་བཞིན་དུ་འཁུམས་ནས་མི་སྡོད་པར།།
ཆ་ལུགས་ངན་པས་ཡོད་ཚད་བཙོག་པ་བཟོས། །
ཇ་ལ་གཅིན་ལན་འཇལ་བའི་སྒྲུབ་བྱེད་ཀྱིས། །
ཉ་དང་ཉུང་མ་བསྲེས་པའི་ཚུལ་ལ་ལྟོས།
ཏཱ་ལའི་བླ་མ་བཞུགས་པའི་ཉེ་འདབས་ནས། །
ཐ་ཤལ་སྐྱག་འབུའི་ལས་ལ་གོམས་གྱུར་བས། །
ད་ལྟ་འགྱོད་པའི་ལས་ལ་མ་ཞུགས་ན། །
ན་ཚའི་འབྲས་བུ་ཀུན་ལ་ཡོང་བར་ངེས། །
པ་སངས་ལྟ་བུའི་རབ་དཀར་སེམས་སྟེང་ནས། །
ཕ་ཡིས་བཞག་པའི་རིག་པའི་གཅེས་ནོར་ལ། །
བ་གླང་བརྟུལ་ཞུགས་སྤངས་ནས་བསྟེན་པ་འདིས། །
མ་ཡུམ་ཁང་ཁྱིམ་དྲོན་མོ་འདི་ན་སྐྱིད། །
ཙ་རིའི་ཡུལ་གྱི་འདྲེ་མོ་མིག་མེད་མ །
ཚ་བའི་གནས་སུ་བསླེབས་པའི་གནས་ཚུལ་དག །
ཛ་ལང་སྤྱོད་ངན་ཐན་ལྟོས་སྒྲོག་དུས་ན། །
ཝ་ལེ་མིག་བརྒྱད་མིག་གིས་དམ་ལ་བཏགས། །
ཞྭ་ལྟར་བཀུར་འོས་བརྡ་སྤྲོད་གཞུང་ལུགས་ལ། །
ཟ་ཉལ་འགྲོ་འདུག་ཙམ་ཡང་མི་ཤེས་པའི། །
འ་ཆད་འུ་ཐུག་འུག་སྐད་སྒྲོག་བཞིན་དུ། །
ཡ་ཡོ་གཡོ་སྒྱུ་ཆེ་བའི་མཁས་ཚུལ་སྟོན། །
ར་མ་ལུག་གི་སྤྱོད་ངན་བསྟེན་བསྟེན་ནས། །
ལ་ལུང་གང་དུ་སོང་ཡང་རིག་པས་དབེན། །
ཤ་དང་ཁྲག་ལ་དགའ་བའི་མིག་མེད་མ། །
ས་ཆ་གང་དུ་བསྡད་ཀྱང་འདྲེ་མོ་ཉིད། །
ཧ་ཧ་དགོད་པའི་ངག་གི་ཕྲེང་བ་འདི། །
ཨ་ཧོ་གླེན་མ་སྐྱིད་ལ་ཞིབ་ཏུ་བྲིས། །
ཀ་ཡེ་འཇིགས་རུང་ཁྲོ་བའི་རལ་བ་འབར། །
ཁ་ནས་ཁྲག་ཞག་དམར་པོའི་འཁོར་ལོ་སྐོར། །
ག་ཤལ་ནོར་བུའི་མཚོན་ཆ་དགུང་ལ་འཕྱར།
ང་རོའི་སྒྲ་ཆེན་སྒྲོག་པའི་མིག་བརྒྱད་པ། །
རིགས་པའི་ལམ་ནས་བསྟན་པའི་དངོས་དོན་ལ། །
རིགས་པས་དཔྱོད་པའི་བློ་མིག་མི་ལྡན་ཞིང་། །
རིགས་མཐུན་སྐྱེ་བོའི་ཚོགས་ཀྱི་རིག་གཞུང་ལ། །
རིགས་པ་མེད་པར་སྨྲ་བ་འདི་བླུན་ནོ། །
དང་བོར་གཞུང་ལུགས་ཡོད་པར་དམ་བཅས་ནས། །
བར་དུ་རིགས་པའི་དགག་སྒྲུབ་མི་སྟོན་པར། །
ཐ་མར་ལྐུགས་པའི་རྟུལ་ཞུགས་འཛིན་པ་འདི། །
རྨོངས་པའི་སྐྱེ་བོ་རྣམས་ཀྱི་རང་གཤིས་ཡིན།
ཕོ་ལུས་མོ་མིང་བརྫུས་བའི་འདྲེ་མོ་མ།།
དགའ་རབ་དབང་ཕྱུག་སྲོལ་དུ་འོངས་བ་ན།།
ལུང་དང་རིགས་པ་ཟུང་གི་གཞུ་སྦྱར་ནས།།
མིག་བརྒྱད་མིག་གི་མདའ་མོས་ཐལ་བར་བསྲེགས།།
དོན་དང་ལྡན་པའི་སྒྲུབ་བྱེད་གཅིག་ཀྱང་མེད།།
དོན་ལ་སྐུར་འདེབས་སྟོང་བཤད་དོན་གྱིས་དབེན།།
དོན་མེད་དོན་ལོག་སྤྱོད་ལམ་ཡ་མ་ཟུང་།།
དོན་མེད་ལོག་ལམ་འཕྱན་པའི་འབྲས་བུ་ཉིད།།
ཝ་མོ་ནག་པོ་གདོན་གྱི་ཆོ་འཕྲུལ་ལས།།
མཁས་མིན་མཁས་པའི་སྲོལ་དུ་བརྫུས་ནས་འོངས།།
མཁས་པའི་ལེགས་བཤད་དོན་མེད་ལོག་འགྲེལ་ཀྱིས།།
ཁ་སྟོང་ཚིག་སྟོང་བརྗོད་ནས་ཆུད་ཟོས་བཏང་།།
མགྲིན་བཟང་བོང་བུའི་རྣ་བ་རིང་མོ་ལ།།
ཤ་ཚས་མ་བཟོད་ལམ་བཟང་བརྗོད་ཙ་ན།།
དོན་ཡོད་གཏམ་དང་རིང་དུ་ཁ་བྲལ་ནས།།
དོན་མེད་བོང་སྐད་བརྒྱབ་པ་ཡ་རེ་ང་།།
ཟོལ་དུ་འོངས་བ་ཞེས་པར་བཅོས།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་དངོས་གནས་ཡིག་ནོར་གྱི་རྩོད་པ་བྱེད་འདོད་ན་ལྐུགས་པའི་བརྟུལ་ཞུགས་མི་འཛིན་པར་ཞུ། སྐུ་མཁྱེན། ལན་ཞིག་གསུངས་དང་རྩོད་པའི་ལས་ལ་འཇུག་པར་བྱའོ། །
མིག་བརྒྱད་པ་ལགས།
བདག་གི་དྲི་བ་དག་ལ་ལན་བསྐྱོན་མི་ཐུབ་ན་འགྲིག་གི་རེད། ཁྱེད་ཀྱི་འདོད་པ་ལྟར་རྩོད་པ་བྱེད་ནའང་མི་ཆོག་པ་མེད་དོ། བསམ་ཚུལ་གསུང་བར་ཞུ། འདི་ནི་ང་ཚོའི་མི་རིགས་ཀྱི་བླ་སྲོག་ཡིན།
ཡིག་ནོར་ཁག་ཅིག་འདུག་ཀྱང་བཅོ་རྒྱུའི་དུས་ཚོད་དཀོན། རྩ་བའི་གླེང་མོལ་ཡག་པོ་བྱས་འདུག་པས་དགའ་བསུ་ཞུ། འོན་ཀྱང་། ཕན་ཚུན་གྱི་མི་གཞི་དང་བཏགས་མིང་སྣ་ཚོགས་བེད་སྤྱོད་མི་གཏོང་རྒྱུའི་རེ་སྐུལ་ཞུ།
ཉན་འཇོག་དང་མཉམ་འཇོག་གི་རྩོད་རྙོག རྩོམ་པ་པོ་དང་རྩོམ་པ་བོ་གཉིས་ཀྱི་ཁྱད་པར། འདི་དག་ནི་ཐེངས་འདིའི་བགྲོ་གླེང་བྱེད་སའི་གཞི་རེད། བགྲོ་གླེང་བ་དཀར་མཚོ་སྐྱིད་དང་མིག་བརྒྱད་པ། འབའ་སྲས་སོགས་རེད།
སྤྱིར་བཏང་ཉན་འཇོག་དེ་ཡོངས་གྲགས་མ་རེད། ཐོབ་ཐང་ངམ་འབྲི་སྲོལ་དང་འབོད་སྲོལ་དེ་འདྲ་ཞིག་ཡོད་ཀྱང་སྲིད། ཡིན་ནའང་གནས་སྐབས་མཉམ་འཇོག་གི་ཕྱོགས་སུ་མོས་འཐད་ཡོད། འོན་ཀྱང་། འབའ་སྲས་ཀྱིས་ནོར་འཆུག་རེད་དྲན་གྱིན་མི་འདུག
དེ་ནས་ཕྲན་གྱིས་འདྲི་རྒྱུ་ཞིག་ལ། གདན་ས་དང་གཞུང་གི་དཔེ་མཛོད་ཕལ་ཆེ་བར་མཉམ་བཞག་དང་མཉམ་གཞག་གཉིས་ལས་མཉམ་གཞག་འདི་མང་བོ་འབྲི་མཁན་འདུག དེའི་ཐད་ནས་གསུངས་དང་། སྟོང་ཉིད་དང་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ལབ་ན་འགྲིག་མོད། དེ་ལས་གཞན་ལ་གཞག་འདི་བེད་སྤྱོད་ཀྱིན་འདུག་པས་དེའི་ཐད་ནས་དགོངས་འཆར་གནང་རྒྱུ་མཁྱེན།
མིག་བརྒྱད་པ།
བདག་གིས་ཡུན་རིང་དུ་ཁྱེད་ཀྱི་ལན་ལ་བསྒུགས་ནས་བསྡད་པ་ཡིན། ལན་མི་བསྐྱོན་ན་འདི་ནས་མཚམས་འཇོག་རྒྱུ་ཡིན། བདག་གི་མིང་དང་གནས་བབ་སོགས་ཤེས་འདོད་ན་གསོ་རིག་དྲྭ་རྒྱ་ལ་གཟིགས་ན་གསལ་བོ་ཡོད།
ཀ་ཡི་རིག་པའི་གནས་ལ་ཁ་ནས་སྦྱངས་པ་མཛད་ཀྱང་ག་ལེར་ཤེས་པ་མེད་པའི་མིག་བརྒྱད་ཁྱེད་ཀྱིས་ང་ལ་ཉོན། །
ཅ་ཅོའི་གཏམ་ངན་དག་ལ་ཆ་རྒྱུས་ཀུན་ནས་ཟབ་ཅིང་ཇ་དང་ཆང་ལ་རོལ་བའི་ཉ་མོའི་འཁྱུག་འདྲའི་དགའ་བ་འཛིན། །
ཏ་ཐ་ག་ཏའི་རིགས་པའི་ཐ་སྙད་དག་ལ་ཤེས་རྒྱ་མེད་ཀྱང་ད་དུང་རྟོགས་པའི་ཁུལ་གྱིས་ན་གཞོན་བདག་ལ་རྒོལ། །
པ་སངས་ལྟ་བུའི་དྲེགས་པས་ཕ་མེས་གཞུང་ལ་བ་གླང་བཞིན་དུ་ཡོངས་སུ་བརྙས་ཤིང་མ་མ་མེད་པའི་ངང་ཚུལ་འཛིན། །
ཙ་རིའི་གནས་ཀྱི་ཚ་གྲང་ལྟ་བུའི་ལས་ལ་སྦྱོར་ཅིང་ཛ་ཡའི་བསྟན་ལ་ཝ་མོའི་གཡོ་སྒྱུ་ལྡན་པའི་ཉེས་པ་ཅན། །
ཞ་སྨྱུག་བཟུང་བའི་མཁས་པའི་གྲལ་དུ་འཚངས་ནས་ཟ་ཟིའི་ཚིག་གིས་འ་ཅག་རྣམས་ཀྱི་ཡ་མཚན་གཞུང་ལ་ཀུན་ནས་བོར། །
རྭ་ཅན་ཟོག་གི་ལ་རྒྱ་བཟུང་ནས་ཤ་རུས་གཅིག་པའི་རིགས་ལ་ས་དང་ལམ་གྱི་ཤེས་བྱ་མེད་པའི་རང་མཚང་སྟོན། །
ཧ་ཧ་དགོད་པའི་གཏུམ་པོའི་ཁྲོ་གཉེར་ལྡན་ཞིང་མིག་བརྒྱད་ཡོད་ཅེས་ཨ་མའི་ལུས་ལས་ཡོངས་སུ་བྲལ་པའི་འགོངས་བོ་ཉིད། །
འདོད་ལྷ་ལགས། ཁྱེད་ཀྱིས་མཆན་ཨང་ ༡༢༤ པའི་ནང་་”བསླར་ཡང་མི་ནོར་བ་བྱེད་རྒྱུ་ནི”ཞེས་བྲིས་འདུག་པ་འདི་༼སླར་ཡང་མི་ནོར་བ་བྱ་རྒྱུ་ནི་༽ཞེས་བྲི་དགོས་པ་འདྲ་ལགས། དེ་ནས་ཡང་”ཡོ་སྲིང་”ཞེས་བྲིས་འདུག་པ་འདི་ཡང་༼ཡོ་བསྲང་༽ལ་བཅོ་དགོས་འདུག་ལགས། དེ་ནས་ད་དུང་”ཤོད་རྒྱུ་”དང་”འབྲི་རྒྱུ་”ཞེས་པ་འདི་གཉིས་ཀྱང་༼བཤད་རྒྱུ་༽དང་༼བྲི་རྒྱུ་༽ཞེས་བྲིས་ན་གང་འདྲ་འདུག་ལགས། དེ་ནས་ཨུ་ཚུགས་ཅན་དག་ནི་གཡག་སྣ་ཁུ་ཚུར་རང་ཡིན་པས་བྱ་ཐབས་མེད་པས་རང་འདོད་དུ་བཞག་པ་ཡིན། ཁྱེད་རང་དེ་འདྲ་མིན་པའི་རེ་བ་ཡོད། ཁ་བྲོ།
གུས་པས་མཉམ་མ་བཞག་པར་ཡིག་ནོར་འགའ་ཤོར་བ་ཨ་མའི་བུས་དག་བཅོས་ཞུས་པར་ཐུགས་རྗེ་ཆེ།
ཨོ ཨ་མའི་བུ་མ་རེད། བོད་ཀྱི་བུ་རེད། ཅིག་ཅིག་མིན་ན།
དཀར་མཚོ་སྐྱིད་ལགས། གསལ་བོར་བཤད་ན། ད་དུང་དགེ་རྒན་ཡག་པོ་ཞིག་བརྟེན་ནས་སུམ་རྟགས་དག་གསུམ་ཡག་པོ་ཞིག་སྦྱང་ན་རེད། སློབ་ཆུང་ཞིག་གི་ཤེས་ཚད་ཀྱང་ཡོད་མེད་ཐེ་ཚོམ་རེད། ཁྱོད་ལ་ཡོད་པ་ནི་ཨུ་ཚུགས་རང་རེད། རྩོམ་ཆལ་ཆོལ་ཞིག་འབྲི་ཁུལ་བྱེད་མོད། བརྗོད་བྱ་ལ་མ་རེག་པའི་ཚིག་སྟོང་བ་ཙམ་ཞིག་རེད། སྨན་རྩིས་མཐོ་སློབ་ཁང་ནས་དེ་འདྲ་ཞིག་ལས་མ་བྱུང་ན་ཡིད་སྐྱོ་བ་རང་རེད། ཁྱོད་ཀྱིས་མཆན་བུ་མགོ་བཙུགས་པ་ནས་ཀླན་ཀ་འཚོལ་བ་དང་མཚང་འདྲི་བ། ཟུར་གྱིས་འཕྱ་བ་རྐྱང་རྐྱང་རེད། སྟག་ལ་མེ་འབར་སྙིང་ལ་ཞུགས་པའི་རྟགས་མཚན་གསལ་བོ་རེད།
རྩོམ་པ་བོ་ཞེས་བོ་ཡིག་བདག་སྒྲ་ལ་འཇུག་པའི་ཁུངས་སྟོན་ཞོག །སྒྲུབ་བྱེད་བཀོད་ཞོག །དེ་ནས་གསལ་བོ་ཆགས་ངེས་རེད། ཁུངས་ལུང་དང་རྒྱུ་མཚན་ཡོད་ན་ཁས་ལེན་དང་ལེན། ཁྱོད་ལྟར་ཨ་ཚུགས་རྒྱག་གི་མིན། ངས་ཁྱོད་ལ་རྩོམ་པ་པོ་ཞེས་པའི་པོ་ཡིག་བདག་སྒྲ་ལ་འཇུག་པའི་ཁུངས་ལུང་ཚད་ལྡན་གསུམ་དང་སྒྲུབ་བྱེད་བཅས་བཀོད་ཟིན་པ་དེ་ག་རང་ཡིན། །
བོད་ཀྱི་བུ་ལགས། ཤོད་རྒྱུ་བཤད་རྒྱུར་བཅོས་པ་ལེགས་ཀྱང་འབྲི་རྒྱུ་བྲི་རྒྱུར་བཅོས་པ་ཅུང་མི་བདེ་སྙམ་པས་རྒྱུ་མཚན་ཞིག་གསུང་ཐུབ་བམ། སྤྱིར་བྱ་ཚིག་བྱེད་ཚིག་གཉིས་ལྟ་བུ་ཡིན་ན་བྲི་བྱ་དང་འབྲི་བྱེད་གཅད་བྱ་གཅོད་བྱེད། གསད་བྱ་གསོད་བྱེད། བསྐྱབ་བྱ་སྐྱོབ་བྱེད། གདོན་བྱ་འདོན་བྱེད་ཅེས་འབྲི་བ་ཡིན་ཀྱང་། བྱ་ཞེས་པ་ལས་གཞན་པའི་འགྱུར་དང་རྒྱུ་ལྟ་བུ་བཀོལ་ནས་དུས་མ་འོངས་པ་སྟོན་སྐབས་རིམ་པ་བཞིན། འབྲི་བར་འགྱུར། འབྲི་རྒྱུ གཅོད་པར་འགྱུར། གཅོད་རྒྱུ གསོད་པར་འགྱུར། གསོད་རྒྱུ འདོན་པར་འགྱུར འདོན་རྒྱུ་སོགས་བྱེད་ཚིག་གམ་ད་ལྟ་བ་བཀོལ་བ་ལས། བྲི་བར་འགྱུར བྲི་རྒྱུ གཅད་པར་འགྱུར གཅད་རྒྱུ གསད་པར་འགྱུར གསད་རྒྱུ གདོན་པར་འགྱུར གདོན་རྒྱུ བསྐྱབ་པར་འགྱུར བསྐྱབ་རྒྱུ་སོགས་སྔོན་གྱི་ཡི་གེ་དག་པ་རྣམས་སུ་མི་འབྱུང་བར་སེམས། བརྡ་སྤྲོད་གཞུང་དུ་བྱ་ལས་མ་འོངས་བྱེད་ལས་ད་ལྟ་གསུངས་པ་དེས་མང་པོ་ཞིག་གི་མགོ་འཐོམ་པར་བྱས་འདུག་སྙམ། བྱ་ལས་ཡིན་ན་མ་འོངས་པ་ཡིན་ཀྱང་མ་འོངས་པ་ཡིན་ན་བྱ་ལས་ཁོ་ན་ཡིན་མི་དགོས་པ་འདྲ། རྒྱུ་མཚན་ཡོངས་གྲགས་ཀྱི་འབྲི་སྲོལ་གོང་དུ་བཀོད་པ་བཞིན་ཡིན་པས། འགྲིག་མིན་ཀུན་གྱིས་དཔྱད་པར་འཚལ།
མིག་བརྒྱད་པ་ལགས།
རྩོམ་པ་བོ་དང་རྩོམ་པ་པོ་གཉིས་ནི་བདག་སྒྲ་ཡིན་མིན་ལ་རྩོད་པ་ཡོད་ཀྱི་མ་རེད། རྩོད་པའི་གཞི་ནི་བོ་དང་པོ་འཐོབ་ཚུལ་ལ་རྩོད་ཀྱི་ཡོད། ཁྱེད་ཀྱི་འདོད་པ་ནི་རྩོམ་པ་པོ་ཡིན་ན་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་ཅིག་འགོད་པར་ཞུ།
བདག་གིས་རྩོམ་པ་བོ་ཞེས་པ་ཡང་དག་ཡིན་པའི་སྒྲུབ་བྱེད་ནི་སྔོན་ལ་བཀོད་ཟིན་ཡོད། ད་དུང་མི་ཤེས་ན་ཡང་བསྐྱར་འགོད་རྒྱུ་ཡིན།
གོང་དུ་བདག་གིས་ཡིག་ནོར་མང་བོ་ཞིག་བསྟན་པའི་ནང་དུ་རྩོམ་པ་པོ་ཞེས་པ་ཡིག་ནོར་ཡིན་པར་བཤད་ཟིན་པའི་རིགས་པས་བདག་གི་རང་ལུགས་ནི་རྩོམ་པ་བོ་ཡིན་པར་ཡང་ཁྱེད་ཀྱིས་ཤེས་མེད་པ་རེད། ཁྱེད་ཀྱིས། ཡིག་ནོར་ཡིན་པ་ཤེས་བཞིན་དུ་ངོས་ལེན་བྱེད་ཀྱི་མི་འདུག་ཟེར་བ་ནི་གཞན་གྱི་རིགས་པ་ལ་བསམ་ཞིབ་མ་བྱས་པའི་སྐྱོན་རེད། བདག་གིས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་འདོད་པ་ལ་རིགས་པའི་རྒྱུ་མཚན་འདི་ཡོད་དེ། ཐོན་མིའི་རྟགས་འཇུག་གི་སྐབས་སུ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ལ་ཕོ་མོ་མ་ནིང་གསུམ་དུ་ཕྱེས་ཡོད། ག་ད་བ་ས་བཞི་ནི་ཕོ་དང་། ང་མ་འ་གསུམ་ནི་མོ། ན་ར་ལ་གསུམ་ནི་མ་ནིང་ངོ། རྗེས་འཇུག་གི་འཇུག་པ་རྒྱས་པར་བཤད་པའི་སྐབས་སུ་གང་གིས་གང་ལ་ཚུལ་ཇི་ལྟར་དགོས་པ་ཅིའི་ཕྱིར་དུ་འཇུག་པའི་ནང་གསེས་གསུམ་པ་ལ་སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ཡོད་པའི་གཉིས་པ་དོན་གྱི་འཇུག་ཚུལ་གྱི་སྐབས་སུ་སྔ་མ་གང་ལྟར་འགྱུར་བ་དང་ཕྱི་མ་གང་ལྟར་འགྱུར་བ་བཤད་ཡོད། འདིར་སྐབས་སུ་བབ་པ་ནི་ཕྱི་མ་གང་ལྟར་འགྱུར་བའི་ཚུལ་ཡིན། དེ་ལ་གསུམ་དུ་ཡོད་པའི་མོ་ཡིས་མོ་ཡི་མིང་མཐའ་དྲང་ཞེས་པས་རྗེས་འཇུག་གི་མོ་ཡིག་འས་རྨང་གཞིའི་མོ་ཡིག་བ་དྲང་དགོས་ཞེས་པའི་དོན་ཡིན་པས། བདག་གིས་རྩོམ་པ་ཞེས་པའི་པ་ཡིག་གི་རྗེས་འཇུག་ནི་འ་ཡིན་པ་དང་། དེར་བརྟེན། རྗེས་འཇུག་མོ་ཡིག་འས་དེའི་མིང་མཐའ་གཞན་གྱི་རྨང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་བ་དྲང་དགོས་པའི་རིགས་པ་ལ་བརྟེན་ནས། བདག་གིས་རྩོམ་པ་བོ་ཞེས་པ་ཐོན་མིའི་བཞེད་དགོངས་དངོས་ཡིན་པར་བསམས་སོ། ད་དུང་དེ་ལས་རིགས་པ་གཞན་ཡང་ཡོད་པར་ངེས།
ནམ་མཁའ་ལེགས།
བཀའ་འགྱུར་གྱི་དཔེ་ཆ་བོད་ལ་དྭགས་ལྟ་བུ་ཞིག་ལ་མཚོན་ན། བཀའ་འགྱུར་མ་བཞུགས་པའི་གྲོང་ཡུལ་ཆུང་བ་ཞིག་ཀྱང་པླ་ཆེར་མེད་པ་ལྟ་བུ་ཡིན། མང་ཆེ་བས་ཕྱག་དང་མཆོད་འབུལ་བྱེད་པ་མ་གཏོགས་ཀློག་པ་མེད། གལ་ཏེ་ཀློག་ན་བོད་ཀྱི་སྐད་ཡིག་དག་ཆ་དངོས་མ་དེ་དག་དེ་ན་མཆིས། བྱ་བ་གཉིས་ཡོད། བྱ་ཡུལ་ཡོད་པ་དང་། བྱ་ཡུལ་མེད་པ་གཉིས་ཡིན། སྒྲ་སྒྱུར་མཁན་པོ་རྣམས་ཀྱིས་བསྒྱུར་ནས། བུ་སྟོན་རིན་པོ་ཆེས་བསྡུས་པའི་བོད་ཀྱི་གླེགས་བམ་རྒྱལ་བའི་བཀའ་གང་ཡིན་པ་དེ་དག་ལ་བཀའ་འགྱུར་དང་། དེའི་བསྟན་བསྟན་བཅོས་གང་ཡིན་པ་དེ་དག་ལ་བསྟན་འགྱུར་ཞེས་མཚན་ཆགས་པ་ཡིན་འདུག བོད་ཀྱི་འབྲི་བ་པོ་སུ་ཡིན་རུང་བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་ལ་སྦྱངས་ཏེ་འབྲི་ན། བོད་པ་ཡིན་པའི་མགོ་ཆོད། དེ་མིན་བོད་ཡིག་དག་ཆ་ལ་ལྟོས་མེད་བྱས་ཏེ། འབྲི་ན་བོད་སྤྱི་སྐད་ལ་གནོད། ལོ་སྔོན་མ་ལ་དྭགས་ལྗོངས་སུ་༧གོང་ས་ཆེན་པོ་བཞུགས་པའི་མི་མངས་ན་བོད་ཀྱི་ཡི་གེ་དག་ཆ་ལེགས་པར་འབྱུང་བ་ལ་ཚིག་ཁ་ཤས་ཞུ་སྐབས་༧གོང་ས་མཆོག་གིས་འབྲི་ན་དག་ཆ་ལེགས་པར་བྱས་ཏེ། འབྲི་དགོས། དེ་མིན་མ་འབྲི་བ་འདུག་ན། ལེགས་པ་ཡིན་ཞེས། དེའི་༧གོང་ས་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་ལ་གསུངས་པ་དེ། ཁྲི་རིན་པོ་ཆེས་བདག་ལ་གསུངས། དེས་ན་ཁྱེད་ཀྱིས་ཀྱང་འབྲི་བ་ཡོད་ན། བཀའ་འགྱུར་གྱི་དཔེ་ཆ་ཞིག་གཟིགས་ཏེ། འབྲི་ན་བོད་ཡུལ་ལ་ཞབས་འདེགས་ཞུ་བའི་རྒྱུར་འགྱུར་བ་ངེས་པའོ། །སློབ་གྲྭ་ལ་འགྲོ་རན་པ་འདུག མཇུག་ལ་མཇལ་འོང་།
མིག་བརྒྱད་པ་ལགས།
རྩོམ་པ་པོ་ཞེས་པ་བདག་སྒྲ་མ་རེད་ཟེར་མཁན་མེད་བཞིན་དུ་དེ་ལ་སྒྲུབ་བྱེད་འགོད་མི་དགོས་པ་ཡིན། ཡིན་ཡང་། ཁྱེད་ཀྱིས་སྔོན་མར་དེ་འདྲ་ཞིག་བཀོད་ཡོད་ན་ཡང་བསྐྱར་འགོད་པར་ཞུ།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་བོད་ཀྱི་མཁས་དབང་པྲ་ཏི་དང་ཚེ་ཏན་ཞབས་དྲུང། སི་ཏུ། ངྷརྨ་བྷ་དྲ་སོགས་ཀྱི་སུམ་རྟགས་ཀྱི་གཞུང་ཁས་ལེན་བྱེད་ཀྱི་ཡིན་ནམ། འདི་ལ་ལན་ཞིག་གནང་བར་ཞུ།
དཀར་འཚོ་སྐྱིད་ཀྱི་རིགས་པ་སླར་ཡང་བཏང་བྱུང་། མདོར་བསྡུས་ན་རྩོམ་པ་བོ་ཞེས་པ་རྟགས་མཚུངས་འདྲེན་ཚུལ་རེད། ད་མིག་བརྒྱད་པའི་བརྗོད་བདེ་འདྲེན་པའི་རིགས་པའང་ཡང་བསྐྱར་གཏོང་དགོས་པ་མིན་ནམ། དེ་གཉིས་ཀའང་རྟགས་འཇུག་གཞུང་གི་དངོས་བསྟན་རེད། དེ་ལྟར་ཡང་འགོད་བསྐྱར་འགོད་བྱས་ན་ཚར་རྒྱུ་ཞིག་གང་ན་ཡོད། དེ་མ་ཡིན་པའི་རིགས་པ་གསར་པ་རེ་ཡོད་ན་ཤོད། ཡང་འགོད་བསྐྱར་འགོད་བྱས་ན་ཆོ་ཅང་མི་འདུག་ག
བརྡ་སྤྲོད་པའི་གཞུག་ལུགས་ཁག་ནི་གཙོ་བོ་རྩ་གཞུང་ཕུག་བཏུག་ས་དགོས་ཀྱི་ཡོད་རེད། དེ་ཡང་བདག་སྒྲ་ལྟ་བུར་མཚོན་ན། དག་ཡིག་གི་རྩ་ཚིག་ནང། བདག་སྒྲ་པ་བ་པོ་དང་གསུམ། ཞེས་གསུངས་ཡོད་པ་ཡོད། རྒྱུ་མཚན་དེའི་ཕྱིར་བོ་དེ་བདག་སྒྲ་ཡིན་པ་ཅི་ལྟར་ཁས་ལེན་ཐུབ་བམ། ལུང་པ་སོ་སོའི་སྐད་ལུགས་དང་བསྟུན་ནས་ཡི་གེ་འབྲི་གནང་གི་ཡོད་པ་ཡིན་ན་དམིགས་གསལ་བ་ཡིན་གྱི་རེད། ངས་ནི་མི་རིགས་ལ་བསམ་ན་་་ཕ་ཡུལ་གྱི་སྐད་་་དང་་་་ཡི་གེའི་དག་ཆ་་་་གཉིས་ཀྱི་ནང་ནས་ཕ་ཡུལ་གྱི་སྐད་དེ་གལ་ཆེ་བར་འཛིན། ཕ་ཡུལ་གྱི་སྐད་ལུགས་གཙང་མ་ལ་ཚད་གཞི་མཐོན་པོའི་སྲུང་སྐྱོབས་དང་ཡར་རྒྱས་གཏོང་དགོས་པ་རེད། གལ་སྲིད་སྐད་ལུགས་དེ་ནམ་ཞིག་མེད་པར་ཡལ་སོང་བ་ཡིན་ན་མི་རིགས་ཤིག་གི་འབུར་དུ་ཐོན་པའི་རྣམ་པ་མཐུན་མོང་མ་ཡིན་པ་ཞིག་ས་སྟེང་འདི་རུ་མེད་པར་གྱུར་སོང་བ་རེད། ཕ་ཡུལ་གྱི་སྐད་དེ་ནི་སོ་སོའི་ལུང་པ་མ་གཏོགས་གཞན་ནས་སློག་སྦྱོང་བྱེད་རྒྱུ་རགས་གི་མ་རེད་བ། རྒྱ་ཆེ་གཏིང་ཟབ་ཀྱི་གཞུང་ལུགས་སོགས་ཤོད་སྐབས་ནི་ཡི་གེའི་དག་ཆ་དེ་ཡང་ཤིན་ཏུ་གལ་ཆེ་བར་འདུག། བྱས་གཙང་གནས་ཚུལ་འདི་གཉིས་ལ་དབྱེ་འབྱེད་དགོས་ས་རེད་བསམ་པ་བྱུང།
དགེ་མཐོང་ལགས་ཀྱི་གསུང་པ་ལ་ཡི་རངས་ཡོད།
སྤྱིར་རྟགས་མཚུངས་དང་བརྗོད་བདེ་གཉིས་ལས་རྟགས་མཚུངས་ལ་བརྗོད་པའང་བདེ་ན་དེ་ག་རང་ཡིན། རྟགས་མཚུངས་ཀྱང་བརྗོད་པ་མི་བདེ་ན་བརྗོད་བདེ་གཙོ་བོར་བྱེད་པ་ཡིན།
ལ་དྭགས་བློ་བཟང་འཇམ་དཔལ་གྱི་ཡིག་ནོར།
༼ནམ་མཁའ་ལེགས།༽ལེགས་མ་རེད་ལགས་རེད།
༼ བཀའ་འགྱུར་མ་བཞུགས་པའི་གྲོང་ཡུལ་ཆུང་བ་ཞིག་ཀྱང་པླ་ཆེར་མེད་པ་ལྟ་བུ་ཡིན།༽ པླ་ཆེར་མེད་པ་ཞེས་པའི་དོན་གོ་མ་སོང་ལ། ཚོད་དཔག་བྱས་ན་ཕལ་ཆེར་མེད་པ་ཟེར་དགོས་པ་འདྲ།
༼ བོད་པ་ཡིན་པའི་མགོ་ཆོད། ༽ མགོ་ཆོད་ཡིན་རྒྱུ་མ་རེད། གོ་ཆོད་ཡིན་པ་འདྲ། གཅིག་ཐེངས་ན་ཁོང་གི་ཕ་སྐད་ཡིན་ཡང་སྲིད། ༼འབྲི་ན་བོད་སྤྱི་སྐད་ལ་གནོད། ༽ འདིའི་བར་དུ་འབྲེལ་སྒྲ་ཆད།
༼༧གོང་ས་ཆེན་པོ་བཞུགས་པའི་མི་མངས་ན་བོད་ཀྱི་ཡི་གེ་དག་ཆ་ལེགས་པར་འབྱུང་བ་ལ་ཚིག་ཁ་ཤས་ཞུ་སྐབས་།༽ མི་མངས་ན་ཟེར་བ་ཁྱོན་ནས་མེད་པས་མི་མང་ན་ཡིན་པ་འདྲ། མཇུག་ཏུ་ཤད་ཆད་པའི་སྐྱོན་འདུག
༼ ༧གོང་ས་མཆོག་གིས་འབྲི་ན་དག་ཆ་ལེགས་པར་བྱས་ཏེ། འབྲི་དགོས། དེ་མིན་མ་འབྲི་བ་འདུག་ན།༽ མ་འབྲི་བ་མ་ཡིན་པར་མ་བྲིས་པ་ལེགས་ན་ཟེར་དགོས་པ་འདྲ།
སྤྱིར་བཏང་ཁོང་གི་མཆན་བུ་འདི་ལ་ཚིག་སྦྱོར་མི་བདེ་བས་ཀློག་རྒྱུ་དཀའ། ཀློག་རྒྱུ་དཀའ་བས་དོན་དཀའ། དེའི་ཕྱིར་ཁོང་གི་ཡིག་ནོར་དག་བཅོས་པ་ལས་ལ་དྭགས་པ་ཁོང་ལ་དམིགས་བསལ་སྤྲད་དགོས་པ་འདྲ། ཁོང་ལྟ་བུས་བོད་ཡིག་དག་མ་བྲིས་ན་དངོས་གནས་དགའ་འོས་པའི་དོན་དག་ཅིག་རེད་སྙམ། ཁོང་ལ་གནོད་དེ་ཁྲོ་མི་ཉན་ལགས། གལ་སྲིད་ཕྲན་གྱིས་ནོར་འཆུག་འདྲ་ཤོར་ཡོད་ཚེ་སྟོན་དང་ངོས་ལེན་བྱ་ངེས་ཡིན།
ཨ་ར་དཀར་པོ་ལགས། ཤོད་རྒྱུ་བཤད་རྒྱུར་བཅོས་པ་ནང་བཞིན་འབྲི་རྒྱུ་ཡང་བྲི་རྒྱུར་བཅོས་ན་ལེགས། དེ་ཡང་བྲི་རྒྱུ་ཡིན། འབྲི་བཞིན་ཡོད། བྲིས་པ་ཡིན་ཟེར་བའི་སྐབས་ཀྱི་རྒྱུ་དང་། བཞིན། པ་གསུམ་དུས་གསུམ་སྟོན་པའི་ཚིག་གྲོགས་དམིགས་བསལ་ཅན་འགའ་རེད། དེ་ཡང་དབུས་གཙང་གིས། བྲི་ཡག་ཡིན། འབྲི་ཡིན་ཡོད། བྲིས་པ་ཡིན་ཞེས་ཡག་དང་ཡིན། པ་གསུམ་རྒྱུགས་ཆེར་བེད་སྤྱོད་གཏོང་ཞིང་། ཨ་མདོས་རྒྱུ་དང་བཞིན་། པ་གསུམ་བེད་སྤྱོད་ཆེར་གཏོང་སྲོལ་འདུག ཡང་ཁ་ཤས་ཀྱིས་བྲི་བགྱི་ཡིན། འབྲི་བགྱིད་ཡོད། བྲིས་པ་ཡིན་ཟེར་ནས་བྲིས་ན་གཞུང་ལུགས་དང་ཡིག་སྐད་རང་ཡིན་པར་བཤད་པས་དེ་ལུགས་ཀྱང་བདེན་པར་སྣང་ལགས། གཞན་ཡང་དེང་སྐབས་མི་རིགས་གཞན་ལ་བོད་ཀྱི་སྐད་ཡིག་སློབ་མཁན་འགའ་རེས་དུས་གསུམ་གྱི་ཁྱད་པར་གཙོ་བོ་ཡིན་དང་། ཡོད་། པ་ཡིན་གསུམ་གང་ཟག་དང་པོའི་དུས་གསུམ་སྟོན་པའི་ཚིག་གྲོགས་དམིགས་བསལ་བ་དང་། རེད་དང་། འདུག པ་རེད་གསུམ་གང་ཟག་གཉིས་གསུམ་གྱི་དུས་གསུམ་སྟོན་པའི་ཚིག་གྲོགས་དམིགས་བསལ་བ་ཡིན་པ་ཙམ་གཅིག་པུ་ལས་རྒྱུ་དང་བཞིན་སོགས་སྣང་མེད་བྱེད་བཞིན་འདུག་པ་ཅུང་བློ་བདེ་བོ་མ་བྱུང་ལགས།
དེ་ནས་ཁྱེད་ཀྱིས་” བྲི་བར་འགྱུར བྲི་རྒྱུ གཅད་པར་འགྱུར གཅད་རྒྱུ གསད་པར་འགྱུར གསད་རྒྱུ གདོན་པར་འགྱུར གདོན་རྒྱུ བསྐྱབ་པར་འགྱུར བསྐྱབ་རྒྱུ་སོགས་སྔོན་གྱི་ཡི་གེ་དག་པ་རྣམས་སུ་མི་འབྱུང་བར་སེམས།”ཟེར་བའི་སྐབས་ཀྱི་འགྱུར་ནི་ཁྱེད་ཀྱིས་འདིར་བཀོད་པ་བཞིན་ཡིག་ཆ་རྙིང་པ་རྣམས་སུ་མང་དུ་སྣང་ལ། རྒྱུ་ནི་མ་སྣང་ཡང་དེ་དང་བགྱི་གཉིས་དོན་གཅིག་ཡིན་པས་ནོར་འཁྲུལ་མེད་པར་འདོད། དཔེར་ན། ཨ་མདོ་གཉིས་འཁྲུག་འཛིང་ཤོར་དུས་”ངས་ཁྱོད་གསོད་རྒྱུ་ཡིན་”ཟེར་བ་ལས་གསད་རྒྱུ་ཡིན་མི་ཟེར་མོད། དབུས་པ་ཡིན་གསད་ཡག་ཡིན་ཟེར་བ་ལས་གསོད་ཡག་མི་ཟེར་བ་འདི་ཚོའི་ཐོག་ནས་ཀྱང་དཔྱད་རྒྱུ་རེ་འདུག་སྙམ།
དེ་ནས་ཁྱོད་ཀྱིས་གནས་ལུགས་ལ་དཔྱད་རྒྱུ་ཡིན་ཟེར་རམ་དཔྱོད་རྒྱུ་ཡིན་ཟེར། དེ་ནས་འགྱུར་དང་རྒྱུ་གཉིས་མཐའ་གཅིག་ཏུ་སྟོབས་མཚུངས་ཡིན་མི་དགོས་པ་མ་ཟད། དེ་གཉིས་བར་ན་ཉེ་རིང་དང་བྱེད་པོ་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་ཞིག་ཀྱང་མི་མངོན་པའི་ཚུལ་དུ་ཡོད་པ་ཡང་ཞིབ་པར་དཔྱོད་དང་མཁྱེན་ངེས་རེད། གང་ལྟར་ང་ཚོས་དུས་གསུམ་སྟོན་པའི་ཚིག་གྲོགས་དང་ལྷན་དུས་གསུམ་གྱི་དག་སྡེབ་ཀྱང་དག་དག་བྲིས་ན་གཅིག་གྱུར་དང་གཞུང་ལུགས་དང་མི་འགལ་པར་སེམས་ལགས།
དེ་ནས་
མཆན་བུ་བརྒྱ་དང་ཞེ་བཞི་བའི་ཡིག་ནོར།
༼ རྩ་གཞུང་ཕུག་བཏུག་ས་དགོས་ཀྱི་ཡོད་རེད། ༽ ཕུག་བཏུག་ས་མ་རེད་གཏུག་ས་རེད།
༼ དམིགས་གསལ་བ་ཡིན་གྱི་རེད། ༽ ཡིན་གྱི་མ་ཟེར་ཡིན་རྒྱུ་རེད་ཅེས་ལབ་ན་བདེ།
༼ གཞན་ནས་སློག་སྦྱོང་བྱེད་རྒྱུ་རགས་གི་མ་རེད་བ། ༽ སློག་སྦྱོང་མ་རེད་སློབ་སྦྱོང་རེད། རགས་གི་མ་རེད་རག་རྒྱུ་མ་རེད་ཟེར་དགོས།
༼ མ་རེད་བ༽ གོང་དུ་ཉིད་ཀྱིས་པ་བའི་སྐོར་གསུངས་པའི་མཇུག་ཏུ་མ་རེད་བ་ཞེས་པ་ནོར་འཆུག་རེད། མ་རེད་པ་ཟེར་དགོས། འདི་ནི་ཡོངས་གྲགས་ཀྱི་རིགས་ཡིན།
༼ ཡི་གེའི་དག་ཆ་དེ་ཡང་ཤིན་ཏུ་གལ་ཆེ་བར་འདུག། ༽ འདིའི་མཇུག་ལ་ཤད་མི་ཐོབ།
༼ བྱས་གཙང་གནས་ཚུལ་འདི་གཉིས་ལ་དབྱེ་འབྱེད་དགོས་ས་རེད་བསམ་པ་བྱུང།༽ བྱས་གཙང་ཟེར་བ་འདི་ཅི་ལྟར་འབྲི་དགོས་མི་ཤེས། སོ་སོ་ལ་མཚོན་ན་ཞེ་ཚང་ཞེས་འབྲི་གྱིན་ཡོད། དེའི་ཐད་ནས་དབུས་པ་དང་དེ་ལ་རྒྱུས་ཡོད་ཚོས་ལམ་སྟོན་གནང་རྒྱུ་གལ་ཆེ།
ཨ་རིག་དགེ་མཐོང་ལགས་་་་ཁྱེད་ཀྱིས་ཡིག་ནོར་དང་གཏགས་ནོར་ཆེས་མང་པོ་འདུག་བྲིས་པ་བཞིན་ཁ་ཙམ་དང་ལག་ཙམ་གྱིས་བྲིས་མིན་པར་གང་དང་ག་རེ་ནོར་ཡོད་མེད་གསལ་པོ་བཟོ་ན་ཀུན་ལ་ཕན་ཐོགས་ཆེན་པོ་བྱུང་སྲིད་
ཡིག་ནོར་དང་གཏགས་ནོར་མང་པོ་འདུག་ལབ་ཡས་གཅིག་པོས་ཅི་ཕན་
ཀླུ་ཚང་ལགས། ཁྱེད་ཀྱི་དྲི་བར་བདག་པོ་རྒྱག་མཁན་ཞིག་མི་འདུག་པས་ངས་འདི་ནས་སྐལ་མེད་སར་སྐེ་བསྲིངས་ཏེ་ཚིག་ཁ་ཤས་བཤད་ན་བཀའ་བཀྱོན་མ་གནང་ཨ།
རྣམ་དབྱེ་ནི་ཆོས་གང་ཞིག་གང་དང་མ་འདྲེས་པར་སོ་སོར་དབྱེད་པར་བྱེད་པའི་ནུས་པ་ཅན་ཞིག་ལ་ཟེར་ཞིང་། ཕྲད་ནི་ཚིག་སྔ་ཕྱི་གཉིས་མཚམས་སྦྱོར་བར་བྱེད་པའི་སྐྱེན་ནམ་ནུས་པ་ཅན་ཞིག་ལ་ཟེར་བ་རེད། རྣམ་དབྱེས་རང་གི་ངོ་བོ་གཞན་དང་། བྱ་ཡུལ་དང་བྱ་བ། བྱེད་པོ་དང་བྱ་བ། བྱ་བ་དང་དགོས་པ། འབྱུང་གཞི་འབྱུང་ཆོས། བདག་པོ་དང་ཡུལ་སོགས། རྟེན་གཞི་བརྟེན་ཆོས་སོགས་མ་འདྲེས་པར་འབྱེད་པར་བྱེད་པ་རེད། ཕྲད་ཀྱིས་ཚིག་སྔ་ཕྱི་མཚམས་མི་ཆད་པར་སྦྱོར་བར་བྱེད་པ་སྟེ་དཔེར་ན། སྦྱར་རྩི་ལྟ་བུ་རེད།
དེ་ཡང་རྣམ་དབྱེ་དང་ཕྲད་གཉིས་འགལ་བ་ལྟག་སྤྲོད་དུ་ངོས་འཛིན་མི་རུང་། འདི་ལ་ཕྲད་དང་རྣམ་དབྱེ་གཉིས་ཀ་ཡིན་པ། ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པ། རྣམ་དབྱེ་ཡིན་ལ་ཕྲད་མ་ཡིན་པ་སོགས་ཡོད་པས་ཕྲད་ཁ་ཤས་ལ་རྣམ་པར་དབྱེ་བ་དང་མཚམས་སྦྱོར་བའི་བྱེད་ལས་གཉིས་ཡོད་པ་རེད། དཔེར་ན། རྣམ་དབྱེ་དང་པོ་ལྟ་བུར་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་སྟོན་ནུས་པ་ཙམ་ལས་མཚམས་སྦྱོར་སོགས་ཀྱི་ནུས་པ་མེད་པ་རེད། དེ་ལྟར་ཞིབ་པར་གཟིགས་དང་མཁྱེན་ངེས་ཡིན་པས་མང་པོ་འབྲི་བའི་ངལ་བ་མི་བྱ།
ཨོ་ཧོ་ཧོ་་་་་་་་་་ རྣམ་པ་ཚོས་དྲ་ཐོགས་ནས་བགྲོ་གླེང་ཡག་པོ་ཞེ་བོ་ཞིག་གནང་འདུག ཡི་རངས་ཞུ། ཡི་རངས་ཞུ། འདིར་བཀའ་འདྲི་ཞུ་རྒྱུ་ཞིག་ལ། སྒྲོགས་སྦྱང་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད། སྒྲོག་སྦྱང་ལ་གོ་བ་ཨེ་རེད། ཡིག་ཆ་སོགས་སྒྲོག་པའི་སྒྲོག་སྦྱང་། དེ་ཡིག་ནོར་ཡིན་ན་ད་སྐབས་གང་ཡིན་སར་སྒྲོགས་སྦྱང་བྲིས་འདུག དེ་འབྲི་མཁན་དེར་རང་ཉིད་ཀྱི་ནོར་འཁྲུལ་ལ་ནོར་བཅོས་བྱེད་པའི་སྙིང་སྟོབས་མེད་སོང་བ་ཨེ་རེད། དེ་ཡིན་ན། ཁོང་གིས་ད་དུང་རང་ཉིད་ཀྱིས་ཞེ་བོ་ཅིག་བཤད་ཀྱི་ཡོད་ཅེས་བསྒྲགས་ཀྱིན་འདུག ག་རེ་བཤད་ཀྱི་ཡོད་ཟེར། ཨོ་རེད་རེད། མྱི་སྐད་ཡིན་ན་ཅིག་བཤད་ཀྱི་ཡོད་ཟེར། ཁོང་གིས་ཟེར་ན། གཞན་གྱི་མྱི་སྐད་བཤད་ཤེས་ཀྱི་མི་འདུག་ཟེར། དོན་ངོ་མ་ག་རེ་ཡིན་ན།
ཨ་རིག་དགེ་མཐོང་ལེགས།
པླ་ཆེར་ཞེས་པ་ནོར། ཕལ་ཆེར་ཡིན། ཁྱེད་ཀྱི་བཟོ་བཅོས་བདེན།
མགོ་ཆོད་ཡིན་ནམ་གོ་ཆོད་ཡིན་ད་ལྟ་ང་ལ་ཏན་ཏན་མེད། ཚིག་མཛོད་ལྟར་ཁྱེད་བདེན ༼འབྲི་ན་བོད་སྤྱི་སྐད་ལ་གནོད། ༽ འདིའི་བར་དུ་འབྲེལ་སྒྲ་ཆད། བདེན་ནོ།
མི་མངས་ན་ཟེར་བ་ཁྱོན་ནས་མེད་པས་མི་མང་ན་ཡིན་པ་འདྲ། ཁ་ནས་མ་འཐོན་པའི་དབང་གིས་མ་བྲིས་པ་ཡིན་གྱི། མེད་པ་མ་ཡིན། སྒོ་མང་ཞེས་མ་གཏོགས་མི་འབྲི་ཡང་གཞུང་དཔེ་མང་པ་སྒོ་མངས་ཞེས་བྲིས་སོ། མཇུག་ཏུ་ཤད་ཆད་པའི་སྐྱོན་འདུག འདི་ངོས་མ་ཟིན། དེ་མིན་མ་འབྲི་བ་འདུག་ན། ཞེས་པར་ཁྱེད་ཀྱི་འདས་ཚིག་བཀོད་ཀྱང་། དག་པར་བཟོ་ན། མ་འབྲི་བར་འདུག ཅེས་དགོས་སོ་སྙམ།
ངས་བཀའ་བསྟན་དང་གསུང་འབུམ་རྣམས་ཀྱི་བརྗོད་པ་ལྟར་འབྲི་བ་ལ་འབད་ཅིང་། དེ་བཞིན་དུ་འབྲི། བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་ཞིག་ཀློག་པ་ན་ཁྱེད་ལ་དཀའ་ངལ་ཡོད་མེད་གཟུ་བོར་གནས་པའི་སྒོ་ནས་དྲང་པ་ཤོད། དེ་དག་ཀློག་པ་ཁྱེད་ལ་དཀའ་ངལ་མེད་པ་ཡིན་ན། བདག་རང་གི་སྡེབ་སྦྱོར་ལ་ལེགས་པར་མ་སྦྱངས་པའི་སྐྱོན་དུ་རྩིས་ཏེ། ད་དུང་བོད་སྤྱིའི་སྐད་ཀྱི་སྡེབ་སྦྱོར་སྦྱང་དགོས་ངེས།
ཁྱེད་ཀྱི་ཡིག་ནོར་འགའ་ཞིག་བརྗོད་ན། མིང་མཐར་སྦྱོར་ཏེ། ཞེས་པར་སྦྱར་ཏེ། བདེན་པ་དགོས་རབས་སྨྲ་པའི་ སྨྲ་པའི་ཞེས་པ་སྨྲ་བའི་ཞེས་དགོས། དམའ་འབབ་དང་དང་།་དམའ་འབེབས་ཞེས་བྱ་ཚིག་གཉིས་ལ་ཁྱད་ཡོད་དམ་མེད། ང་ལྟར་ན། ཡུལ་ཡོད་བྱ་ཚིག་ལ་འབེབས་དང་། ཡུལ་མེད་བྱ་ཚིག་ལ་འབབས་འབྲི། ཁྱེད་ལ་ས་ཡང་འཇུག་ཡིག་ནོར་དུ་ངོས་འཛིན་ངེས། ད་ ནིང་ཞིག་ལ་ཞེས་པའི་དོ་མ་གོ་བ་ཡིན། ཞེས་སོ།།
སྤྱིར་བཏང་ཁོང་གི་མཆན་བུ་འདི་ལ་ཚིག་སྦྱོར་མི་བདེ་བས་ཀློག་རྒྱུ་དཀའ། ཀློག་རྒྱུ་དཀའ་བས་དོན་དཀའ། དེའི་ཕྱིར་ཁོང་གི་ཡིག་ནོར་དག་བཅོས་པ་ལས་ལ་དྭགས་པ་ཁོང་ལ་དམིགས་བསལ་སྤྲད་དགོས་པ་འདྲ། ཁོང་ལྟ་བུས་བོད་ཡིག་དག་མ་བྲིས་ན་དངོས་གནས་དགའ་འོས་པའི་དོན་དག་ཅིག་རེད་སྙམ། ཁོང་ལ་གནོད་དེ་ཁྲོ་མི་ཉན་ལགས། གལ་སྲིད་ཕྲན་གྱིས་ནོར་འཆུག་འདྲ་ཤོར་ཡོད་ཚེ་སྟོན་དང་ངོས་ལེན་བྱ་ངེས་ཡིན།
ཚེ་རིང་ལགས། སྒྲོགས་སྦྱང་དང་སྒྲོག་སྦྱང་གཉིས་ཀ་འབྲི་སྟངས་ཡོད་པ་རེད། དེའི་ནང་ནས་ཀྱང་སྒྲོགས་ས་མཐའ་ཅན་རྒྱུགས་ཆེ་བ་རེད། སྤྱིར་བྱ་ཚིག་མིང་དུ་གྲུབ་སྐབས་ད་ལྟ་བ་གཙོ་ཆེ་ཡང་མཐའ་གཅིག་ཏུ་ད་ལྟ་བ་ལས་གྲུབ་མི་དགོས་ལ་གྲུབ་ཀྱང་མི་ཐུབ། གོང་གི་སྒྲོགས་སྦྱང་ནི་སྐུལ་ཚིག་དང་མ་འོངས་པ་གཉིས་ལས་གྲུབ་པའི་མིང་རེད། འོ་ན་ཁྱེད་ཀྱིས་སྒྲོགས་སྒྲོག་ལ་བཅོས་པ་ནང་བཞིན་སྦྱང་ཡང་སྦྱོང་ལ་བཅོ་དགོས་འདུག་ཟེར་ན་ཁྱེད་ཀྱིས་ལན་ཅི་ཞིག་འདེབས། སྒྲོག་སྦྱོང་ཟེར་ན་བརྗོད་པ་མི་བདེ་ཀཱ
སྤྱིར་བྱ་ཚིག་གཉིས་མིང་དུ་གྲུབ་སྐབས་ད་ལྟ་བ་ལས་གྲུབ་པ་གཙོ་ཆེ་ཞིང་བརྗོད་པ་བདེ་མིན་གྱི་དབང་གིས་འདས་པ་དང་། མ་འོངས་པ། སྐུལ་ཚིག དེ་བཞིན་བྱེད་འབྲེལ་དང་བྱེད་མེད་ལྷན་སྦྱར་སོགས་ཡོང་གི་ཡོད་པས་འདི་ལ་འབྲི་ཀློག་སྦྱང་གསུམ་མང་ཙམ་བྱས་ན་རང་བཞིན་གྱིས་ཡོང་རྒྱུ་ཞིག་ཡོད་ཡ། དཔེར་ན། སྦྱངས་བརྡུངས་བྱས་ལྟ་བུ་འདས་པ་དང་། སློབ་སྦྱོང་བྱས་ལྟ་བུ་ད་ལྟ་བ། དགག་བྱ་བྱས་ལྟ་བུ་མ་འོངས་པ། དྲིལ་སྒྲོགས་བྱས་ལྟ་བུ་སྐུལ་ཚིག དག་བཅོས་ལྟ་བུ་བྱེད་མེད་དང་བྱེད་འབྲེལ་ལྷན་སྦྱར་སོགས་རེད། ད་དུང་སྐུལ་ཚིག་དང་མ་འོངས་པ་ལྷན་སྦྱར་སོགས་དུས་མ་འདྲ་བ་གཉིས་མཉམ་སྦྱར་གྱི་མིང་མང་པོ་ཡོད་པ་རེད།
དེ་ནས་ཉིད་ཀྱིས་བསྒྲགས་ཀྱིན་འདུག་ཅེས་བྲིས་པ་དེ་༼སྒྲོག་གིན་འདུག་༽ཟེར་དགོས་པ་རེད། གིན་ཀྱིན་གྱིན་ཡིན་བཞིན་སོགས་ད་ལྟ་བ་སྟོན་པའི་ཚིག་གྲོགས་དམིགས་བསལ་བ་རེད། དེ་ཚོའི་མཉམ་དུ་དག་སྡེབ་ཀྱང་དག་དག་བྲི་རྒྱུ་གལ་ཆེ། དཔེར་ན། དང་སྒྲ་སྐུལ་ཚིག་ལ་འཇུག་སྐབས་དང་གི་སྔོན་དུ་ཡོང་རྒྱུའི་བྱ་ཚིག་དེ་སྐུལ་ཚིག་གི་དག་སྡེབ་མ་བྲིས་ན་དང་སྒྲ་གཅིག་པུས་སྐུལ་མི་ཐུབ་པ་ལྟ་བུ་རེད།
ད་དུང་ཚེ་རིང་ལགསཁྱེད་ཀྱིས་དྲ་ཐོགས་ནས་ཟེར་བ་དེ་༼དྲ་ཐོག་ནས་༽ཞེས་ཐོག་ས་མཐའ་མེད་པ་བྲི་དགོས་པ་རེད།
ལ་དོན་དང་འབྲེལ་སྒྲ་དང་བྱེད་སྒྲ་དང་ནས་ལས་ཀྱིས་སྟོན་པའི་འབྱུང་ཁུངས་སོགས་ཀྱི་ཚིག་རྣམས་ལ་རྣམ་དབྱེ་ཞེས་དང། དེ་མ་ཡིན་པའི་གཞན་དག་ལ་ཕྲད་ཅེས་ངོས་བཟུང་ན་གོ་བདེ་བའི་ཁྱད་ཡོད། ཡིན་ན་ཡང་རྣམ་དབྱེ་ཞེས་པ་གཙོ་བོ་ལེགས་སྦྱར་གྱི་སྐད་ལ་རིགས་བསྒྲེས་ཏེ་ཕྱེ་བས་དང་པོ་ངོ་བོ་ཙམ་སྟོན་པ་དང་བརྒྱད་པ་འབོད་སྒྲ དེ་སྒྲ་སོགས་ཁག་ཅིག་ནི་འདི་གཉིས་ཀྱི་ཁོངས་སུ་འཇོག་མི་འོས་པ་འདྲ་ཞིག་ཡིན།
མདོ་དོན་འབྲི་དུས་བརྡ་སྤྲོད་ཀྱི་གཞུང་ལྟར་སྦྱོར་ཤེས་ཤིང་བཤད་དུས་ཡུལ་སྐད་ལྟར་བཤད་ཐུབ་ན་བོད་ཡིག་དང་བོད་སྐད་ཤེས་ཀྱིན་ཡོད་ཟེར་ཆོག ང་ཚོས་ལས་སླ་མོ་ཞིག་དཀའ་ལས་ཁག་ཏུ་བཏང་ནས་འགྲེལ་དགོས་དོན་མེད་སྙམ།
བོད་ཀྱི་བུ་ལ་བོད་ཡིག་སྐྱབས་ཀྱིས་བསམ་ཚུལ་ཙམ་སྨྲས་པ་ལགས།
བདག་གིས་བཏབ་པའི་མཆན་ཨང་ ༡༥༡ པའི་ནང་སྐྱེན་ནམ་ནུས་པ་ཞེས་པ་༼རྐྱེན་ནམ་ནུས་པ་༽ཞེས་བཅོ་རྒྱུ་དང་། དེ་ནས་མཆན་ཨང་༡༥༤ པའི་ནང་དག་སྡེབ་དག་དག་ཅེས་པ་༼ ཏག་ཏག་༽ ལ་བཅོ་རོགས་ཞུ། དགོངས་དག་མཉམ་མ་བཞག་ས་ནས་ཤོར་འདུག ད་དུང་ཡོད་ངེས་པས་ཞུ་དག་གཏོང་རོགས།
བོད་ཡིག་སྐྱབས་ལགས། ཁྱེད་ཀྱིས་གསུངས་པ་ལྟར་ངོ་ཐོག་ནས་ལྟ་དུས་འདྲ་བོ་ཞིག་ཡོད་རེད་དེ། དོན་ལ་དེ་ལྟར་བཤད་ན་དཀའ་ངལ་ཡོད་རེད། འོ་ན་ཁྱོད་ཀྱིས་བཤད་པའི་རྣམ་དབྱེ་དེ་ཚོ་ཕྲད་མ་རེད་དམ་ཟེར་ན་ཕྲད་མ་རེད་ཟེར་མི་ཐུབ། དེ་ཚོར་ཕྲད་དང་རྣམ་དབྱེ་གཉིས་ཀའི་ནུས་པ་ཡོད་པ་རེད། དེ་ནས་ཁྱེད་ཀྱིས་ལེགས་སྦྱར་ལ་རིགས་བསྒྲེས་ཏེ་ཟེར་བ་ཡང་མཐའ་གཅིག་ཏུ་ཁས་ལེན་མི་ཐུབ། ལེགས་སྦྱར་ལ་རྣམ་དབྱེ་བདུན་ལས་བརྒྱད་མེད། རྣམ་དབྱེ་བདུན་དེ་ཡང་གཅིག་ཚིག་དང་ཉིས་ཚིག མང་ཚིག་གསུམ་གྱིས་བསྒྱུར་བས་ཉེར་གཅིག་ཏུ་འགྱུར། ང་ཚོས་འབོད་སྒྲའམ་བོད་སྒྲ་ལོགས་སུ་བཀར་ཏེ་རྣམ་དབྱེ་བརྒྱད་པར་བཞག་པ་མ་གཏོགས་དོན་ལ་རྣམ་དབྱེ་དང་པོ་ལས་འདའ་མེད། དེ་ནས་ང་ཚོ་བོད་ལ་རྣམ་དབྱེ་དང་པོ་སྟོན་བྱེད་ཀྱི་རྐྱེན་དམིགས་བསལ་སྦྱར་རྒྱུ་མེད་ཀྱང་བརྡ་སྤྲོད་པའི་གཞུང་དང་དམ་པ་གོང་མ་རྣམ་པའི་ཕྱག་སྲོལ་ལྟར་བྱས་ན་དགེ་མཚན་ཆེ་བར་མཐོང་ལགས།
དཀར་མཚོ་སྐྱིད། རྩོམ་པ་བོ་ཞེས་པ་ཡིག་ནོར་རེད། དེ་བས་རྩོམ་པ་པོ་ཞེས་བཅོས་ན་བོད་ཀྱི་མཁས་དབང་པྲ་ཏི་དང་ཚེ་ཏན་ཞབས་དྲུང། སི་ཏུ། ངྷརྨ་བྷ་དྲ་སོགས་ཀྱི་སུམ་རྟགས་ཀྱི་གཞུང་ཀུན་དང་མཐུན་གྱི་འདུག་ཟེར་གི་ཡོད། ངས་གཞུང་དེ་དག་ཁས་ལེན་དང་ལེན་། རྒྱུ་མཚན་མེད་པ་ཞིག་ཡིན་ན་ཁས་མི་ལེན། ཁྱོད་ལ་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་ཁུངས་ལུང་བརྙེད་སོང་ངམ། སྤྱིར་བཏང་གི་དབང་དུ་བྱས་ན་བོ་ཡིག་བདག་སྒྲ་ལ་མི་འཇུག་པ་པྲ་ཏི་དང་སི་ཏུ་སོགས་ཀྱིས་བཞེད་པ་ལྟར་ཁས་བླངས་ན་བོད་སྤྱི་སྐད་དང་མཐུན་གྱི་འདུག་ཅེས་བརྗོད་པ་ཡིན། མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར་ལུང་ཚན་བྱེ་བྲག་པའི་སྐད་དང་བསྟུན་ན་བོད་ཀྱི་བརྡ་སྤྲོད་པའི་རྣམ་བཞག་འཇིག་ཉེན་ཆེ་བར་གསུངས་པ་ལྟར་རེད། འདི་ཁྱོད་ཀྱིས་སེམས་ལ་བཟུང་། ཁྱོད་ཀྱི་སྒྲུབ་བྱེད་ནི། རྩོམ་པ་བོ་ཞེས་པའི་བོ་ཡིག་ཆོས་ཅན། བདག་སྒྲ་ཡིན་ཏེ། རྟགས་མཚུངས་འདྲེན་པའི་ཕྱིར། དེར་ཐལ། ཕྱི་མ་གང་ལྟར་འགྱུར་བ་ཞེས་གསུངས་པའི་ཕྱིར་ཟེར་བ་འདྲ་བོ་རེད། ར་མགོ་ལུག་སྦྱར་ཟེར་ན་འདི་འདྲ་ལ་ལབ་གི་ཡོད་པ་རེད། འདི་ཡང་བདག་སྒྲ་ཡིན་མིན་གྱི་ཐད་ནས་མིན་ན་རྩོད་གཞི་གང་ཡང་མེད་དོ། །ཁྱོད་ཀྱིས་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་ཁུངས་ལུང་ཡོད་མདོག་མདོག་བྱས་ནས་ཁ་ནས་ཐོན་ཡ་གཅིག་ཀྱང་མེད་པ་འདི་ལ་ལྐུགས་པའི་རྟགས་ཟེར་བ་རེད།
རྩོམ་པ་པོ་དཀར་མཚོ་སྐྱིད་དང་ངེད་གཉིས་ཀྱིས་གླེང་སློང་འདི་དག་ཡིག་ནོར་དང་ཨུ་ཚུགས་ཞེས་པའི་བརྗོད་གཞི་དང་མཐུན་པ་སྟབས་ངས་ཤུགས་ཆེ་ཙམ་རྒྱག་གི་ཡོད། དེ་མིན་གང་ཟག་སྒེར་ལ་ལྟ་ཚུལ་གང་ཡང་མེད་པ་དགོངས་འཇགས་ཞུ། དྲ་གྲོགས་ཚོས་དོ་སྣང་གང་འཚམས་གནང་ཡོད་པ་ཐུགས་རྗེ་ཆེ།
མིག་བརྒྱད་གཙོ་བོར་གྱུར་པའི་དྲྭ་གྲོགས་ཚོ།
བདག་གི་རང་ལུགས་ནི་རྩོམ་པ་བོ་ཞེས་པ་འདི་ཡིན། འདི་འཐད་ལྡན་དུ་འདོད་པ་ལ། དང་བོ་ནི། ཐོན་མིའི་སུམ་རྟགས་ཀྱི་གཞུང་དུ་གཙོ་བོར་དངོས་བསྟན་དུ་རྟགས་མཚུངས་བསྟན་པ་དང་ཞོར་དུ་སྒྲ་མཚུངས་བསྟན་ཡོད། དེ་ཡང་ཡིན་ཏེ། པྲ་ཏིའི་སུམ་རྟགས་སུ། རང་ཉིད་གཞིར་བཟུང་ཁྱད་པར་དོན། །ཞེས་དང་། སི་ཏུའི་སུམ་རྟགས་སུ། ཕོ་མོའི་རྟགས་ཕལ་ཆེར་གྱིས་དེ་ལྟར་འདྲེན་པས་གཙོ་ཆེ་བ་ཙམ་ལ་དགོངས་སྟེ། ཞེས་དང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་དུ། རྟགས་མཚུངས་ཀྱི་འདྲེན་ཚུལ་རྩ་བར་དངོས་སུ་བསྟན་པའི་སྤྱིར་བཏང་གཙོ་ཆེ་བའི་ཚུལ་ཏེ། ཞེས་གསུངས་པ་དག་ལ་བརྟེན་ན་རྟགས་མཚུངས་གཙོ་བོར་འཛིན་དགོས་པ་ནི་ཐོན་མིའི་དགོངས་པ་དངོས་ཡིན་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་པ་དང་བོའོ། གཉིས་པ་ནི། སི་ཏུས་བདག་སྒྲའི་ཐོབ་ཐང་ནི་ཕྲད་རང་དབང་ཡིན་པར་འདོད་ཡོད་ནའང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གིས་རིགས་པའི་སྒོ་ནས་དེ་ནི་གཞན་དབང་ཅན་ཡིན་པར་གསུངས་ཡོད། དེ་ཡང་བདག་སྒྲ་འདི་རྗེས་འཇུག་ལ་མ་བལྟོས་པའི་ཕྲད་རང་དབང་ཅན་ཡིན་ཞེས་གསུངས་པའི་དམ་བཅའ་ཡང་ངང་ངམ་ཤུགས་ཀྱིས་རང་ཡལ་དུ་སོང་བ་ཤེས་པར་མཛོད་ཅིག ཅེས་གསུངས་སོ། །དེས་ན་འདི་ནི་ཕྲད་གཞན་དབང་ཅན་ཡིན་པས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །གསུངས་པ་ལྟར་རྩོམ་པ་བོ་ཞེས་པའི་པ་ཡིག་ནི་མཐའ་མེད་ཡིན་པས་དེའི་རྗེས་སུ་བ་དང་བོ་སྦྱོར་དགོས་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་ཡོད་པ་གཉིས་པའོ། གསུམ་པ། བ་དང་བོ་བདག་སྒྲ་ཡིན་པ་ནི་སྔོན་བྱོན་མཁས་པའི་གསུང་ཁ་ཤས་ཡོད་ཀྱང་། འདིར་གནད་ཆེ་བ་ནི་ཨ་ལགས་ཚེ་བརྟན་ཞབས་དྲུང་གི་གསུང་ལས། འདིར་མཁས་པ་སོ་སོའི་ལེགས་བཤད་ཀྱི་སྙིང་བོ་བསྡུས། ཁ་སྐད་ཀྱི་འཇུག་པ་དང་མཐུན་པར་བྱས་པའི་རང་ལུགས་ནི། པ་པོ་བ་བོ་མ་མོ་སྟེ་བདག་སྒྲ་དངོས་ཀྱི་དབང་དུ་བཏང་བའི་དྲུག ཅེས་གསུངས་པས་བ་དང་བོ་བདག་སྒྲ་དངོས་ཡིན་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་པ་གསུམ་པའོ། །
གཞན་ལུགས་རྩོམ་པ་པོ་ཞེས་པ་དགག་པ་ལ། གོང་གི་རང་ལུགས་འཐད་ལྡན་དུ་བསྒྲུབས་ཟིན་པའི་ལྡོག་ཕྱོགས་སུ་རང་བཞིན་གྱིས་རྩོམ་པ་པོ་ཞེས་པ་དགག་འགྲོ་བའི་ཞོར་དུ། རྩོམ་པ་པོ་ཞེས་པ་བརྗོད་བདེའི་དབང་གིས་སྒྲ་མཚུངས་དྲངས་པ་ཡིན་ན་མདོ་དབུས་ཁམས་གསུམ་གྱི་ལུང་ཚན་བྱེ་བྲག་གང་གི་སྐད་ལ་བསྟུན་ནས་སྒྲ་མཐུན་བཟོས་པ་རེད་དམ། བོད་ཀྱི་ཡི་གེ་འདི་ལུན་ཚན་བྱེ་བྲག་པ་སོ་སོའི་སྐད་ལ་བསྟུན་ནས་འགྲོ་དགོས་ན་སྐད་རིགས་ཁ་ཐོར་དུ་འགྲོ་བའི་ཉེན་ཁ་ཆེན་པོ་དང་ད་དུང་སུམ་རྟགས་ཀྱི་གཞུང་བརྒྱ་ཕྲག་གསར་དུ་བརྩམ་དགོས་ངེས་རེད། དེ་ལྟར་དུ་བོད་ཀྱི་མཁས་པ་རྣམས་ཀྱིས་དེ་ལ་དགག་པ་མཛད་ཡོད།
སློབ་དཔོན་ཐོན་མིའི་དགོངས་པ་དང་། །
སྔོན་བྱོན་མཁས་པའི་གསུང་གི་བཅུད། །
དངོས་ཡོད་བདེན་པའི་ལག་ལེན་གསུམ། །
ཟུང་དུ་སྦྲེལ་བའི་ལེགས་བཤད་ཡིན། །
མིག་བརྒྱད་པ་ལགས།
རྩོམ་པ་པོ་ཞེས་པ་མི་འཐད་དེ། ལུང་ཚན་བྱེ་བྲག་པའི་སྐད་ཡིན། ལུང་ཚན་བྱེ་བྲག་པའི་སྐད་ཡིན་ན་ཡིད་བརྟན་མེད་པ་དང་ནོར་འཁྲུལ་ཡིན་པར་ཁྱེད་ཀྱི་འདོད་པ་མཐར་ཐུག་ཡིན་ནོ། ཁྱེད་ལ་ལན་མེད་པས་འཁོར་གསུམ་མོ།
ངས་ཀྱང་དཀར་མཚོ་སྐྱིད་ལྟར་་་་རྩོམ་པ་བོ་་་ཞེས་བྲི་གིན་ཡོད། བྲི་བ་བོ་་་་ལྟ་བ་བོ་་་འགྲོ་བ་བོ་་་སོགས་འདི་དག་ལ་བདག་སྒྲ་སྟོན་པར་བོ་ཡིག་འདི་བཀོད་སྤྱོད་མ་གནང་ན་་་གཞན་བོ་ཡིག་འདི་བདག་པོའི་སྒྲ་ལ་འཇུག་པའི་སྐབས་ཤིག་རྙེད་ཁག་པོ་རེད།
མིག་བརྒྱད་པ་ལགས།
རྩོམ་པ་བོ་ཞེས་པའི་བོ་ཡིག་ཆོས་ཅན། བདག་སྒྲ་ཡིན་ཏེ། རྟགས་མཚུངས་འདྲེན་པའི་ཕྱིར་ཞེས་པའི་ཡི་གེ་ཞིག་བདག་གིས་བྲིས་མེད། དེ་ཡང་ཁྱེད་ཀྱི་རྟོག་བཟོ་གསུམ་པ་རེད། བདག་གིས་དེ་ལྟར་དུ་བཀོད་ཡོད་ན་ཁྱེད་ཀྱིས་ལན་ཞིག་བརྒྱབ་ཡོད་ཀྱི་རེད། ལན་གང་དུ་བྲིས་ཡོད་དམ། སྐྱག་རྫུན་རྐྱང་རྐྱང་གིས་མཐའ་ཆོད་ཀྱི་མ་རེད།
ཁྱེད་ཀྱིས་རྩོམ་པ་བོ་ཞེས་པའི་བོ་ཡིག་ཐོབ་མིན་ཀྱི་རྩ་བའི་རྩོད་པ་བོར་ནས། བ་དང་བོ་བདག་སྒྲ་ཡིན་མིན་ལ་རྩོད་པ་བྱེད་འདོད་ཡོད་ས་རེད། དངོས་གནས་ཡག་པོ་རེད། བ་དང་བོ་གཉིས་ནི། བདག་སྒྲ་ཡིན་ཏེ། སློབ་དཔོན་ཐོན་མིའི་དགོངས་པ་མཐར་ཐུག་ཡིན་ནོ། ཁྱེད་ཀྱིས་འདི་ལ་ལན་རྒྱོབས་ཤིག
ཁ་བརྡ་ཚང་གིས་ངའི་མཆན་གཅིག་བསུབ་འདུག དེའི་ནང་ངས་གནས་ལུགས་ཏོག་ཙམ་བཤད་པ་མ་གཏོགས་གཞན་ཅང་མེད། ཡིན་ནའང་བཤད་ཡུལ་བོད་ཀྱི་བུས་གཟིགས་ཟིན་འདུག་པས་དགའ་བོ་བྱུང་། དེ་ནས་བོད་ཀྱི་བུ་ལགས། སྐུ་ཉིད་ཀྱིས་བཀའ་མོལ་དོན་སྙིང་ཅན་མང་པོ་གསུངས་འདུག་པར་ཡི་རང་ཞུ། ཁྱེད་ཀྱིས་གསུངས་པ་ལྟར་ངས་ཀྱང་བརྡ་སྤྲོད་དང་མཐུན་པར་འགྲོ་སྟངས་གཅིག་གྱུར་ཅིག་བྱུང་ན་སྙམ་པའི་རེ་བ་ཆེ་ཡང་། རྟགས་གཞུང་ནས་གསུངས་པའི་དུས་གསུམ་གྱི་དབྱེ་བ་ཅི་བཞིན་ལག་ལེན་ཐོག་དངོས་ཐོག་དཀའ་ངལ་འཕྲད་འདུག་པ་གསལ་བོ་རེད། བྱེད་ཚིག་གམ་ད་ལྟ་བའི་རྗེས་སུ་དེ་གསལ་བྱེད་ཀྱི་ཚིག་གྲོགས་བཞིན་སོགས་ཐོབ་ཚུལ་ཐད་མ་མཐུན་པ་མེད་པར་སྣང་བས་མ་བཤད་པ་ཡིན་པ་ལས་མཐོང་ཆུང་གང་ཡང་མིན། མི་མཐུན་ས་གཙོ་བོ་དེ་བྱ་ལས་མ་འོངས་པའི་ཐད་ལ་རེད། ཚིག་གྲོགས་དང་འབྲེལ་ནས་བརྗོད་ཚུལ་སྔར་ཞུས་ལྟར་ཡིན་པས་བསྐྱར་ཞུ་མི་བྱེད། བྱེད་འགྱུར་གྱི་བྱ་བ་གང་ཞིག་བརྗོད་སྐབས་བྱ་བའི་ཡུལ་དེ་གཙོ་བོ་དམིགས་སུ་བཟུང་ནས་བརྗོད་ཚུལ་ཞིག་དང་བྱེད་པ་པོ་དེར་གཙོ་བོར་དམིགས་ནས་བརྗོད་ཚུལ་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་འདོད། སྔ་མ་དེར་བྱ་ལས་མ་འོངས་པ་ཟེར། དཔེར་ན་བྱ་ལས་དང་འབྲེལ་ནས་དུས་མ་འོངས་པ་སྟོན་པ། ཤིང་གཅད་པར་བྱ་སོགས་ལྟ་བུ། ཕྱི་མ་དེར་བྱེད་ལས་མ་འོངས་པ་ཟེར། དཔེར་ན་བྱེད་ལས་དང་འབྲེལ་ནས་དུས་མ་འོངས་པ་སྟོན་པ། ཚེ་རིང་གིས་གཅོད་པར་འགྱུར་ལྟ་བུ། ཡིན་ནའང་བརྡ་སྤྲོད་གཞུང་ནས་ཕྱི་མ་དེ་རིགས་དངོས་སུ་མ་བསྟན་པའི་དབང་གིས་དུས་གསུམ་རྣམ་བཞག་དང་ལག་ལེན་དངོས་ཀྱི་བར་ལ་ཧེ་བག་ཆེན་པ་བྱུང་བར་སེམས། འདིའི་སྐོར་ཨ་ལགས་དོར་ཞི་ཚང་གིས་ཅུང་ཁ་གསལ་པོ་ཞིག་གསུངས་འདུག གལ་སྲིད་ཕྱི་མ་དེ་ཁས་མ་བླངས་ན། དཔེ་ཆ་སོགས་འདོན་པར་འགྱུར་ལ་གདོན་པར་འགྱུར་སོགས་ཡོངས་གྲགས་མ་ཡིན་ཞིང་བརྗོད་མི་བདེ་བ་མང་པོ་ཞིག་ཡོང་ངེས་པས་ད་དུང་འདིའི་སྐོར་ལ་ལེགས་བཤད་གང་མང་སྤེལ་རོགས་ཞུ།
ཁ་བརྡ་ཚང་གིས་ངའི་མཆན་གཅིག་བསུབ་འདུག དེའི་ནང་ངས་གནས་ལུགས་ཏོག་ཙམ་བཤད་པ་མ་གཏོགས་གཞན་ཅང་མེད། ཡིན་ནའང་བཤད་ཡུལ་བོད་ཀྱི་བུས་གཟིགས་ཟིན་འདུག་པས་དགའ་བོ་བྱུང་། དེ་ནས་བོད་ཀྱི་བུ་ལགས། སྐུ་ཉིད་ཀྱིས་བཀའ་མོལ་དོན་སྙིང་ཅན་མང་པོ་གསུངས་འདུག་པར་ཡི་རང་ཞུ། ཁྱེད་ཀྱིས་གསུངས་པ་ལྟར་ངས་ཀྱང་བརྡ་སྤྲོད་དང་མཐུན་པར་འགྲོ་སྟངས་གཅིག་གྱུར་ཅིག་བྱུང་ན་སྙམ་པའི་རེ་བ་ཆེ་ཡང་། རྟགས་གཞུང་ནས་གསུངས་པའི་དུས་གསུམ་གྱི་དབྱེ་བ་ཅི་བཞིན་ལག་ལེན་ཐོག་དངོས་ཐོག་དཀའ་ངལ་འཕྲད་འདུག་པ་གསལ་བོ་རེད། བྱེད་ཚིག་གམ་ད་ལྟ་བའི་རྗེས་སུ་དེ་གསལ་བྱེད་ཀྱི་ཚིག་གྲོགས་བཞིན་སོགས་ཐོབ་ཚུལ་ཐད་མ་མཐུན་པ་མེད་པར་སྣང་བས་མ་བཤད་པ་ཡིན་པ་ལས་མཐོང་ཆུང་གང་ཡང་མིན། མི་མཐུན་ས་གཙོ་བོ་དེ་བྱ་ལས་མ་འོངས་པའི་ཐད་ལ་རེད། ཚིག་གྲོགས་དང་འབྲེལ་ནས་བརྗོད་ཚུལ་སྔར་ཞུས་ལྟར་ཡིན་པས་བསྐྱར་ཞུ་མི་བྱེད། བྱེད་འགྱུར་གྱི་བྱ་བ་གང་ཞིག་བརྗོད་སྐབས་བྱ་བའི་ཡུལ་དེ་གཙོ་བོ་དམིགས་སུ་བཟུང་ནས་བརྗོད་ཚུལ་ཞིག་དང་བྱེད་པ་པོ་དེར་གཙོ་བོར་དམིགས་ནས་བརྗོད་ཚུལ་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་འདོད། སྔ་མ་དེར་བྱ་ལས་མ་འོངས་པ་ཟེར། དཔེར་ན་བྱ་ལས་དང་འབྲེལ་ནས་དུས་མ་འོངས་པ་སྟོན་པ། ཤིང་གཅད་པར་བྱ་སོགས་ལྟ་བུ། ཕྱི་མ་དེར་བྱེད་ལས་མ་འོངས་པ་ཟེར། དཔེར་ན་བྱེད་ལས་དང་འབྲེལ་ནས་དུས་མ་འོངས་པ་སྟོན་པ། དེ་ཚེ་རིང་གིས་གཅོད་དགོས། གཅོད་པར་འགྱུར་ལྟ་བུ། ཡིན་ནའང་བརྡ་སྤྲོད་གཞུང་ནས་ཕྱི་མ་དེ་རིགས་དངོས་སུ་མ་བསྟན་པའི་དབང་གིས་དུས་གསུམ་རྣམ་བཞག་དང་ལག་ལེན་དངོས་ཀྱི་བར་ལ་ཧེ་བག་ཆེན་པོ་བྱུང་བར་སེམས། འདིའི་སྐོར་ཨ་ལགས་དོར་ཞི་ཚང་གིས་ཅུང་ཁ་གསལ་པོ་ཞིག་གསུངས་འདུག གལ་སྲིད་ཕྱི་མ་དེ་ཁས་མ་བླངས་ན་པེ་ཆ་འདོན་པར་འགྲུར་ལ་གདོན་པར་འགྱུར་སོགས་ཡོངས་གྲགས་མ་ཡིན་ལ་བརྗོད་པ་མི་བདེ་བ་མང་པོ་ཞིག་ཡོང་ངེས་པས་འདིའི་སྐོར་ལ་ད་དུང་ལེགས་བཤད་གང་མང་སྤེལ་རོགས་ཞུ།
རྩམ་དགས་ བྲི་བ་བོ་ཞེས་པ་ནོར། འབྲི་བ་བོ་ཡིན་སྙམ།
པ་བ་པོ་བོའི་སྐོར་དེ་རྙོག་དྲ་ཚ་སེ་འདུག
རྩམ་དགའ་ལགས། རེད་ལགས། སྔོན་བྱོན་མི་སྣ་ཁ་ཤས་ཀྱིས་རང་གི་ལུང་ཚན་བྱེ་བྲག་པའི་སྒྲ་མཐུན་ལ་བསྟུན་ནས་འགྲེལ་བཤད་ཁོ་ན་བྱས་པས། རྟགས་འཇུག་གི་སྐབས་ཀྱི་སྒྲ་གདངས་དྲག་ཞན་གྱི་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་ལ་མི་མཐུན་པ་བྱུང་ནས་བོད་ཡོངས་ལ་གཅིག་གྱུར་ཀྱི་སྒྲ་གདངས་ཤིག་བྱུང་མེད་པ་དང་ད་ལྟའི་བར་དུ་རྟགས་འཇུག་ལ་དཀའ་ངལ་འཕྲད་ནས་བསྡད་ཡོད་པ་གསལ་བོ་རེད། སྒྲ་མཐུན་ལ་བསྟུན་དགོས་ན་བོད་ལ་ལུང་ཚན་བྱེ་བྲག་པའི་སྐད་གདངས་སྟོང་ཕྲག་མང་བོ་ཡོད་པས་བོད་ཀྱི་བརྡ་སྤྲོད་རིག་པ་འཐོར་བཤིག་ཏུ་འགྲོ་ངེས་རེད། དེར་བརྟེན། ང་ཚོས་ཐོན་མིའི་དགོངས་པ་གཙོ་བོ་ལ་བརྟེན་ནས་རྟགས་མཚུངས་དྲངས་ཏེ་བོད་ཀྱི་གཅིག་གྱུར་ཀྱི་རིག་གཞུང་ལ་འབད་བརྩོན་བྱེད་དགོས།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་ལན་བརྒྱག་མི་ཐུབ་ན་བདག་གིས་ཁྱེད་ལ་སློབ་ཁྲིད་བྱ་རྒྱུ་ཡིན། བ་དང་བོ་བདག་སྒྲ་ཡིན་ཏེ། སློབ་དཔོན་ཐོན་མིས། གང་མིང་གི་ནི་མ་མཐའ་ན། །པུ་ལིང་ག་ཡི་སྒྲ་མེད་པ། །དེ་ལ་པུ་ལིང་ག་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་གསུངས་སོ། །དེའི་དོན་མི་གོ་ན་བདག་གིས་འགྲེལ་བཤད་ཞུ་རྒྱུ་ལ། གང་ཡང་རུང་བའི་མིང་གི་མ་མཐའ་སྟེ་མིང་གི་མཐའ་མ་པུ་ཞེས་པ་པ་སྡེ་དང་ལིང་ག་ཞེས་པ་རྟགས་ཏེ་པ་སྡེ་ནས་འབྱུང་བའི་པ་པོ་བ་བོ་མ་མོ་སོགས་སྐྱེས་པའི་མིང་གིས་བཏགས་པའི་བདག་སྒྲ་མེད་པ་དེ་ལ་པུ་ལིང་གའི་སྒྲ་གང་ཡང་རུང་བ་སྦྱར་བ་ན། དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱའོ། །ཞེས་པ་ནི་སློབ་དཔོན་ཐོན་མིའི་དགོངས་པ་མཐར་ཐུག་ཡིན་ནོ། །
དཀར་མཚོ་སྐྱིད། ཕྱོགས་སྔའི་ནམ་མ་ལངས་བར་དགག་བཞག་གི་ཉི་མ་ཤར་ཟེར་བའི་དཔེ་དེ་ཁྱོད་ལ་འོས། ཁྱོད་ཀྱིས་བསྡུས་གྲྭའི་འགྲོ་སྟངས་ཅུང་ཟད་ཤེས་རྒྱུ་ན་དེ་འདྲའི་མགོ་འཐོམ་དགོས་དོན་ཡོད་པ་མ་རེད། ད་དུང་བསྒྲུབ་བྱ་དང་སྒྲུབ་བྱེད་གང་ཡིན་ངོས་ཟིན་གྱི་མི་འདུག །ཁྱོད་ཀྱིས་རྩོམ་པ་བོ་ཞེས་པ་བདག་སྒྲའི་དོན་དུ་བཀོད་པ་མིན་ན་ཅི་ཡིན། བདག་སྒྲ་ཡིན་མིན་ལ་རྩོད་པ་མེད་ཅེས་ཁས་བླངས་ནས་རྟགས་མཚུངས་འདྲེན་པ་ཡིན་ཞེས་བརྗོད་ན་ནང་འགལ་མ་རེད་དམ། ཁྱོད་ཀྱིས་རྩོམ་པ་བོ་ཞེས་པའི་པ་ཡིག་ནི་མཐའ་མེད་ཡིན་པས་དེའི་རྗེས་སུ་བ་དང་བོ་སྦྱོར་དགོས་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་ཡོད་པ་གཉིས་པའོ། །འོ་ན་མཐའ་མེད་ཀུན་ལ་བ་དང་བོ་སྦྱོར་དགོས་ན་ཙོང་ཁ་བ། འཆད་པ་བོ། བསྐོར་བ་བོ། འཁུར་བ་བོ། སྨྲ་བ་བོ་སོགས་སྦྱོར་ན་འགྲིག་གམ། སེམས་རྣལ་དུ་ཕབ་ནས་ལན་ཕྲིས།
ཁྱོད་ཀྱིས་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ལ་འཇུག་པའི་ཁུངས་ལུང་དང་སྒྲུབ་བྱེད་གང་ཡང་བཀོད་ཐུབ་མི་འདུག །རང་གིས་མི་ཤེས་ན་གཞན་ལ་སྐད་ཆ་འདྲི་རྒྱུ་ལོས་ཤེས། །རྩ་བ་ལས་རྟགས་མཚུངས་འདྲེན་པ་གཙོ་བོར་བསྟན་ཀྱང་ལག་ལེན་གྱི་སྐབས་སུ་གང་ལ་གང་འོས་སྦྱོར་དགོས་བ་རེད། ཁྱོད་ལྟར་ར་མགོ་ལུག་སྦྱར་རྐྱང་བྱེད་ན་འགྲིག་གི་ཨེ་འོང་མི་ཤེས།
དཀར་མཚོ་སྐྱིད་ལགས། ཡང་ཁྱིད་ཀྱི་ལོག་བཤད་ཅིག་བསླེབས་སོང་། ཁྱོད་ཀྱིས། བ་དང་བོ་བདག་སྒྲ་ཡིན་ཏེ། སློབ་དཔོན་ཐོན་མིས། གང་མིང་གི་ནི་མ་མཐའ་ན། །།པུ་ལིང་ག་ཡི་སྒྲ་མེད་པ། །དེ་ལ་པུ་ལིང་ག་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་ཟེར་ན། བ་དང་བོ་ལ་པུ་ལིང་གའི་སྒྲ་ཇི་ལྟར་ཡོད་མཉམ་པར་ཞོག །གཞུང་དེས་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། དེ་ལ་སྐྱེ་བའི་རྟགས་སམ་ཕོ་རྟགས་ཀྱི་སྒྲ་མེད་པའི་ཕྱིར། དེར་ཐལ། མུ་ཏིག་ཕྲེང་མཛེས་ལས། བ་ཡིག་ནི་པུ་ལིང་གའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འཇུག་པའི་ཕྱིར་རོ།།ཞེས་གསུངས་པའི་ཕྱིར་རོ།།
མིག་བརྒྱད་པ་ལགས།
རྟགས་མཚུངས་ཡིན་ན་བདག་སྒྲ་ཡིན་དགོས་ན། དཔྱིད་ཀ་དང་སྙིང་ག་དང་དགུན་ཁ་སོགས་ནི། བདག་སྒྲ་ཡིན་པར་འགྱུར་ཏེ། རྟགས་མཚུངས་དྲངས་པའི་ཕྱིར། འཁོར་གསུམ། རྟགས་མཚུངས་ཡིན་ན་བདག་སྒྲ་ཡིན་དགོས་པ་ནི། ཁྱེད་ཀྱི་ཞེ་འདོད་ཡིན་ཏེ། ཁྱེད་ཀྱིས་རྟགས་གསལ་བཀོད་ཡོད།
གཞན་ཡང་། ཙོང་ཁ་བ་དང། འཆད་པ་བོ། བསྐོར་བ་བོ་སོགས་བདག་གི་རང་ལུགས་འཐད་ལྡན་དུ་འདོད་པའི་ཕྱིར། རྡོ་རྗེ་བྲག་རིའི་དམ་བཅའ་ཡིན།
དེའི་ནང་གི་བསྐོར་བ་བོ་ནི་ཁྱེད་ཀྱིས་དུས་གསུམ་དང་བདག་གཞན་གྱི་ཁྱད་པར་མི་ཤེས་པའི་ནོར་འཁྲུལ་གྱི་རང་མཚང་བསྟན་པ་རེད།
བ་དང་བོ་ལ་པུ་ལིང་གའི་སྒྲ་ཇི་ལྟར་ཡོད་ཟེར་ན། དེ་ཡང་ཡིན་ཏེ། ཨ་ལགས་ཚེ་བརྟན་ཞབས་དྲུང་ལགས་ཀྱིས། སི་ཏུའི་དངོས་སློབ་མཁས་པའི་དབང་བོ་དངུལ་ཆུ་ངྷརྨ་བྷ་དྲས་མཛད་པའི་སི་ཏུའི་ཞལ་ལུང་དང་། དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ཞེས་པ་གཉིས་སུ་གསལ་བ་ལྟར་རྗེ་ཀརྨ་བ་ཞྭ་དམར་བས་འགྲེལ་ཚུལ་ལྟར་དངུལ་ཆུ་རིན་པོ་ཆེས་གསལ་བར་མཛད་པ་དེ་ནི་བདག་གིས་བརྟེན་སའི་ཁུངས་སོ། །དེ་ཇི་ལྟར་འགྲེལ་ཞེ་ན། སྒྲ་པཱ་ཎི་དང་ཙཱནྡྲ་པ་གཉིས་ཀར། ཨུཏའི་སྡེ་དང་བཅས་པའོ། །ཞེས་དང་། སྒྲ་དབྱངས་ཅན་མར། ཀུ་ཙུ་ཏུ་ཏུ་པུ་སྡེ་བ་རྣམས་སོ། །ཞེས་པ་ལྟར་པུ་ནི་པ་སྡེ་ལ་གོ་དགོས་པས་དེའི་ནང་གི་པ་བ་མ་གསུམ་དང་། དེའི་ཤུགས་ལ་བསྟན་པའི་པོ་བོ་མོ་གསུམ་སྟེ་དེ་དྲུག་ཀ་བདག་སྒྲར་འདོད་དོ། །ཞེས་གསུངས་པས་མུ་ཏིག་ཕྲེང་མཛེས་ལ་དགག་པ་མཛད་ཡོད། ད་ལྟ་ཁྱེད་ལ་ཁ་གྲགས་རྒྱུ་ཞིག་ཡོད་དམ།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་བདག་གིས་བསྡུས་གྲྭའི་འགྲོ་སྟངས་ཤེས་ཀྱི་ཡོད་པ་མ་རེད་ཟེར། ཡིན་ནའང་། ཁྱེད་ལས་ང་བཟང་གི་རེད། བདག་གིས་སྒྲོལ་མ་གླིང་དུ་ནང་ཆོས་དེ་ཙམ་སྦྱངས་པ་ཡིན། དེར་བརྟེན། ཁྱེད་ལ་འཁོར་གསུམ་མང་བོ་བསྐོར་ཐུབ་ཀྱི་འདུག
དཀར་མཚོ་སྐྱིད། ཁྱོད་ཀྱིས་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེའི་ཐོན་མིའི་ཞལ་ལུང་ཇི་བཞིན་དུ་དྲངས་འདུག་མོད། རེ་ཞིག་སི་ཏུའི་ལུགས་ལྟར་བརྗོད་ན། འདིར་པུ་ལིང་ག་ཞེས་པའི་པུ་ཞེས་པ་པ་སྡེའི་ནང་གི་པ་ཡིག་ཁོ་ན་བདག་སྒྲ་ཡིན་པར་བསྟན་པ་སི་ཏུས་བཞེད་པ་དེ་དོན་ལ་གནས་ཤིང་བདག་གིས་ཀྱང་དེ་ལྟར་འདོད་དོ།། རྒྱུ་མཚན་ཡོད་དེ། བདག་སྒྲ་ཡིན་པ་ནི་པ་ཡིག་གི་མིང་གིས་བསྟན་པའི་ཕྱིར་རོ། གལ་ཏེ་བ་དང་མ་ཡིག་པ་སྡེ་ཡིན་པའི་རྒྱུ་མཚན་གྱིས་བདག་སྒྲར་འདོད་ན་ཕ་ཡིག་ཡང་བདག་སྒྲ་མི་འདོད་པའི་རྒྱུ་མཚན་ཅི། རྩོམ་པ་ཕོ་དང་རྩོམ་པ་མོ་ཞེས་ཡོང་ཆོག་པའི་ཕྱིར། ཕོ་ཡིག་བདག་སྒྲ་ཡིན་ན་སྐྱོན་ཅི་ཡོད། ལན་ཐོབས། རིགས་པས་དབུལ་བ་ཁོ་ནའོ།། བ་དང་མ་པུ་ལིང་གའི་རྟགས་སམ་སྐྱེས་པའི་རྟགས་ཇི་ལྟར་ཡོད་སོམས་ཤིག །རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ཡིན་པའི་སྒྲུབ་བྱེད་དུ་བཀོད་འདུག་མོད་རྩ་བ་དང་རྒྱང་ཐག་རིང་དུ་སོང་བའི་ཕྱིར། དེར་ཐལ། བ་དང་བོ་ཡིན་ཚད་བདག་སྒྲ་མ་ཡིན་པའི་ཕྱིར། མུ་མཐུད་ཡིན་ད།
པ་བའི་སྐོར་ལ་རྩོད་པ་ངས་མི་རྒྱག །
གཅིག་པུའི་པུ་ལ་བུ་ཡིག་ངས་མི་འབྲི། །
རྟགས་མཚུངས་གཙོ་ན་འདི་ཡང་རྟགས་མཚུངས་ཉིད། །
རྩོམ་པོ་བྱེད་པོ་སྒྲུབ་པོ་ལ་སོགས་པར། །
པོ་ཡིག་རྒྱུགས་ཆེར་བཀོལ་པས་བཟང་མོད་ཀྱང་། །
བོ་ཡིག་མི་གློད་ཟེར་ན་རང་འདོད་བྱོས། །
དང་པོ་གཉིས་པ་གསུམ་པ་ལ་སོགས་པ། །
གྲངས་མཐའ་ཡིན་ཚེ་པ་པོ་སྦྱོར་བ་ལེགས། །
ཨ་མདོ་བ་དང་དབུས་གཙང་བ་ལ་སོགས། །
བ་ཡིག་འབྲི་བ་ཤིན་ཏུ་ལེགས་པ་ཉིད། །
དགའ་བོ་མཛའ་བོ་དམེ་བོ་ལ་སོགས་པར། །
བོ་ཡིག་འབྲི་བ་གཞུང་དང་མཐུན་པ་ཡིན། །
མིག་བརྒྱད་པ་ལ་བདེན་ཁ་མང་འདུག་ཀྱང་། །
དཀར་འཚོའི་ཨུ་ཚུགས་འདི་ལ་མཐའ་མི་འདུག །
ཡང་འགོད་བསྐྱར་འགོད་ངལ་བ་མ་བྱེད་པར། །
སྔོན་མེད་ལེགས་བཤད་སྐྱུག་ན་ལྟ་འདོད་ཆེ། །
འོ་ཡ་ རྩོམ་པ་བོ་ཞེས་པ་དག་པ་དང་དེའི་རྒྱུ་མཚན་རྟགས་མཚུངས་འདྲེན་པ་རེད་ཟེར། འོ་ན་རྩ་ཤེས་ལས། འགྲོ་བ་པོ་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །ཞེས་བྱུང་བ་ནོར་བ་ཡིན་ནམ། དེ་བཞིན་ཟ་བ་པོ་དང་ལོངས་སྤྱོད་པ་པོ། ཞེས་པ་ལ་སོགས་པའི་ཚིག་བསྟན་འགྱུར་དག་གི་ཁྲོད་དུ་མ་ཞིག་མཇལ་རྒྱུ་འདུག་པས་དེ་ལས་ལྡོག་སྟེ་ཟ་བ་བོ་སོགས་འབྲི་ན་བོད་སྐད་གཅིག་འགྱུར་ཡོང་བར་ཕན་ཐབས་ཇི་ལྟར་ཡོང་སོམས་ཤིག
ཡང་རྩོམ་པ་པོ་ཞེས་པ་ཐུ་མིའི་དགོངས་པ་ཡིན་ཚུལ་དང་སུམ་ཅུ་པའི་འགྲེལ་བཤད་མཁན་པོ་གཅིག་གཅིག་མིག་མིག་གི་དགོངས་པ་ཡིན་པ་བཤད་སོང་། ངས་ནི་སུམ་ཅུ་པ་དང་རྟགས་འཇུག་མི་ཤེས་མོད། སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་དུ། བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་ཞིག་གསུངས་ཡོད་ཚོད་རེད། སུམ་ཅུ་པའི་འགྲེལ་བཤད་མཁན་པོ་དག་གི་རྗེས་སུ་འབྲེངས་ཤིང་དེ་དག་གི་དགོངས་པ་ལོན་པ་རྣམས་ཀྱིས་སུམ་ཅུ་པའི་སྙིང་པོ་དེ་མ་གཟིགས་པ་ཨེ་ཡིན།
ཡང་རྩོམ་པ་པོ་ཞེས་པ་རྟགས་མཚུངས་འདྲེན་ཚུལ་ཡིན་པའི་རྒྱུ་མཚན་འགྲེལ་བརྗོད་སྐབས་པ་ཡི་རྗེས་སུ་རྗེས་འཇུག་མ་ཡིག་ཡོད་པས་མིང་མཐའ་མོ་ཡིག་ལས་གྲུབ་པའི་བོ་དྲངས་པ་ཡིན་ཟེར། མ་གཞི་དེ་འདྲའི་བཤད་ལུགས་ནི་འདིར་མཆན་འཁོད་པ་པོའི་དགོངས་པ་འབའ་ཞིག་མིན་པར་སྤྱིར་སུམ་རྟགས་མཁན་པོ་ཀུན་གྱི་དགོངས་པ་ཡིན་མོད། དེ་ཡང་མིང་གཞི་ཀུན་གྱི་རྗེས་སུ་རྗེས་འཇུག་གཞན་མེད་ཚེ་རྗེས་འཇུག་འ་ཞིག་ངེས་པར་དུ་འབྲི་དགོས་ཟེར་ལ། རྗེས་སུ་དེ་ཡིག་ཟོར་ཡངས་པའི་ཆེད་དུ་ཕྲི་ནས་མེད་པར་བཟོས་ཀྱང་དོན་ཐོབ་ཏུ་ཡོད་པར་གོ་དགོས་ཟེར་བཤད་སྲོལ་འདུག
ངས་བལྟས་ན་མིང་གཞི་ཀུན་གྱི་རྗེས་སུ་རྗེས་འཇུག་འ་ཞིག་ངེས་པར་དུ་ཡོད་པ་ཡིན་ན་དེ་ལ་རྗེས་འཇུག་གི་མིང་ཇི་ལྟར་ཐོབ་སྙམ། དཔེར་ན་གསལ་བྱེད་སུམ་ཅུ་ཀ་ནས་ཨའི་བར་དུ་རེ་རེ་ནས་འབྲི་དུས་དེ་དག་རེ་རེ་དང་མཉམ་དུ་འ་རེ་འབྲི་དགོས་ན་དེ་ནི་མིང་གཞིའི་ཆ་ཤས་ཡིན་པ་ལས་རྗེས་འཇུག་གི་གོ་ཇི་ལྟར་ཆོད་སྙམ་སྟེ། གང་གིས་ཕྱིར་ན་མིང་གཞི་དང་ལྷན་སྐྱེས་སུ་འདུག་པའི་ཕྱིར་རོ། དེ་ཡང་སྔོན་འཇུག་རྗེས་འཇུག་ཡང་འཇུག་ཅེས་པ་རྣམས་མིང་གཞིའི་རྗེས་སུ་སྔར་མེད་གསར་དུ་སྦྱར་དགོས་པ་ཞིག་གོ་སྙམ་མོ།
དེར་མ་ཟད་རྗེས་འཇུག་གཞན་མེད་པའི་མིང་གཞིའི་རིགས་ལ་རྗེས་འཇུག་དངོས་སུ་མེད་ཀྱང་དོན་ཐོབ་ཀྱི་ཡོད་པར་འདོད་ན། བརྡ་སྤྲོད་པའི་གཞུང་དུ་མཐའ་མེད་ཅེས་པ་ཞིག་ཡང་ནས་ཡང་དུ་གསུངས་པ་མཇལ་རྒྱུ་འདུག་པས་མཐའ་མེད་དེ་གང་ལ་ངོས་འཛིན། འདིར་མཆན་འཁོད་པ་པོས་ཀྱང་རྩོམ་པ་པོ་ཞེས་པའི་པའི་མཐར་རྗེས་འཇུག་འ་ཡོད་ཚུལ་གསུངས་ཤིང་དེ་མཐའ་མེད་ཡིན་ཚུལ་ཡང་གསུངས་འདུག་པས་མཐའ་ཅན་དང་མཐའ་མེད་གཉིས་ནི་འགལ་བ་མ་ཡིན་ནམ། གལ་ཏེ་འགལ་བ་ཡིན་ན་འགལ་བ་གཉིས་གཞི་གཅིག་ཏུ་བསྡུ་བར་ཇི་ལྟར་འཐད། ཐ་དད་གང་ཞིག་གཞི་མཐུན་མི་སྲིད་པའི་ཆོས་འགལ་བའི་མཚན་ཉིད་ཟེར་བ་མ་ཡིན་ནམ། ལེགས་པར་སོམས་ཤིག
ཀརྨ་བ་ ཞྭ་དམར་བ་ འདི་ཅི་རེད། ཀརྨ་པ་དང་ཞྭ་དམར་པ་ལ་ནོར་བཅོས་བྱས་པ་རེད་པས། དེ་ལྟར་ན་སྔར་གྱི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཤིང་སྤར་མ་དག་ཚང་མ་ནོར་བཅོས་གཏང་དགོས་པར་འགྱུར་བས་དེ་འདྲའི་སྐུ་ངལ་མ་བསྐྱོན་རོགས། རིན་པོ་ཆེ། རིན་ཕོ་ཆེ། གླིང་པ་བརྒྱད། གླིང་བ་བརྒྱད། རྒྱལ་པོ། རྒྱལ་ཕོ། བཙུན་མོ། བཙུན་ཕོ། ལ་སོགས་པ་བཀའ་བསྟན་ཚང་མ་སྐད་གསར་བཅད་ཀྱི་གཏན་ལ་འབེབས་དགོས་པར་འདུག་གོ
དཀར་མཚོ་སྐྱིེད་ཀྱིས་”རྩོམ་པ་པོ་ཞེས་པ་བརྗོད་བདེའི་དབང་གིས་སྒྲ་མཚུངས་དྲངས་པ་ཡིན་ན་མདོ་དབུས་ཁམས་གསུམ་གྱི་ལུང་ཚན་བྱེ་བྲག་གང་གི་སྐད་ལ་བསྟུན་ནས་སྒྲ་མཐུན་བཟོས་པ་རེད་དམ། “‘འདི་ནི་གནད་འགག་ཅིག་ཏུ་མཐོང་། བརྗོད་བདེ་འདྲེན་པ་ཟེར་དུས་བརྗོད་བདེ་མི་བདེ་གང་ལ་བརྟག་དགོས་སམ། བརྗོད་པ་པོ་སོ་སོའི་ངག་ལ་བརྟག་དགོས་ན་ནི་འདྲ་མི་འདྲ་མང་པོ་ཡོང་ཐག་ཆོད། ལུང་ཚན་གྱི་སྐད་ལ་བསྟུན་དགོས་ཟེར་ན་ཡང་མཐར་ཐུག་གང་ཟག་ལ་བསྟུན་དགོས་པར་འགྱུར་བས། བརྗོད་པ་པོ་སོ་སོའི་ངག་ལ་བསྟུན་པ་དང་ཁྱད་པར་མ་མཆིས། དེས་ན་དེའི་སྐོར་ཞིག་གསུངས་ཐུབ་ན་ང་ལ་ཕན་ཁྱད་ཆེན་པོ་འབྱུང་བར་གདའ་བས་ང་དང་ང་འདྲ་གཞན་ལ་ཡང་ཕན་ཐོགས་ངེས།
ད་དུང་དཀར་མཚོ་སྐྱིད་ཀྱིས་གི་གུ་ཞབས་ཀྱུ་འགྲེང་བོ་ཙམ་ཡང་ནོར་མི་སྲིད་གསུངས་འདུག་པས་ཁྱེད་ཀྱིས་མཆན་ཆེ་གེ་མོ་ཞིག་གི་ནང་དུ་”ལྟར་དུ་”ཟེར་བ་ཞིག་བྲིས་འདུག དེ་ནོར་བ་ཡིན་ནམ་མིན། ངས་བལྟས་ན་ལྟར་གྱི་མཐར་ལ་དོན་གྱི་ཕྲད་སྦྱར་དགོས་དོན་མ་མཐོང་སྟེ་ལྟར་གྱི་ར་དེ་ཉིད་ལ་དོན་གྱི་ཕྲད་ཡིན་པས་སོ་སྙམ་མོ།
བརྗོད་བདེ་འདྲེན་པ་ཞེས་པའི་གོ་དོན། བོད་རྒྱ་ཚིག་མཛོད་ལས། མིང་གང་རུང་གི་མཐར་སྦྱར་བའི་རྗེས་འཇུག་དེས་རང་མིང་གི་ཆ་ཤས་སུ་འདྲེན་རྒྱུའི་ཡི་གེ་དེ། རང་དང་ཕོ་མོ་མ་ནིང་སོགས་ཀྱི་རྟགས་མི་མཚུངས་ཀྱང་ངག་ཐོག་ནས་བརྗོད་བདེའི་དགོས་པ་གཙོ་བོ་བྱས་ནས་སྐབས་སུ་གང་བབ་ཀྱི་མིང་གཞིའི་ཡི་གེ་སྒྲ་མཐུན་པ་ཞིག་འདྲེན་ཚུལ་ཏེ། དཔེར་ན། འདའ་ཁ་ལྟ་བུ།
དཀར་མཚོ་སྐྱིད་ཀྱིས། ཙོང་ཁ་བ་དང། འཆད་པ་བོ། བསྐོར་བ་བོ་སོགས་བདག་གི་རང་ལུགས་འཐད་ལྡན་དུ་འདོད་པའི་ཕྱིར། རྡོ་རྗེ་བྲག་རིའི་དམ་བཅའ་ཡིན། ཞེས་ཟེར། དཔེ་ཆ་ལ་བལྟས་ཡོད་ན་ཙོང་ཁ་པ་རེད། འཆད་པ་པོ། རེད། ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་ཚང་གི་ཐོན་མིའི་ཞལ་ལུང་ལས། པོ་ཡིག་བདག་སྒྲ་ལ་འཇུག་པའི་དཔེ། འཁུར་བ་པོ། སྨྲ་བ་པོ་ཞེས་བྲིས་འདུག འདི་གཉིས་རྟགས་མཚུངས་འདྲེན་པ་རེད་དམ་བརྗོད་བདེ་འདྲེན་པ་རེད། ཁྱོད་ཀྱི་དམ་བཅའ་བྲག་རི་གང་དུ་སོང་།
ཨ་རོ། དཀར་མོ་སྐྱིད། ཁྱོད་ཀྱི་སྐད་ཆ། ༼ཁྱེད་ཀྱིས་བདག་གིས་བསྡུས་གྲྭའི་འགྲོ་སྟངས་ཤེས་ཀྱི་ཡོད་པ་མ་རེད་ཟེར། ཡིན་ནའང་། ཁྱེད་ལས་ང་བཟང་གི་རེད། བདག་གིས་སྒྲོལ་མ་གླིང་དུ་ནང་ཆོས་དེ་ཙམ་སྦྱངས་པ་ཡིན། དེར་བརྟེན། ཁྱེད་ལ་འཁོར་གསུམ་མང་བོ་བསྐོར་ཐུབ་ཀྱི་འདུག༽ཞེས་མང་བོ་ཟེར། མང་པོ་མ་རེད་དམ། འདི་ཡང་ཁྱོད་ལ་ནང་འགལ་ཡིན་པ་ཧ་གོ་བར་གྱིས། ལུང་ཚན་བྱེ་པའི་བརྡ་དང་ཐ་སྙད་ལ་ཞེན་ཆེ་བའི་དབང་གིས་བརྡ་སྤྲོད་པའི་གཞུང་ཚད་ལྡན་རྣམས་རྡོག་རྫུས་བཏང་ཞོག་ཨ། །
ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ།།
ཤེས་བྱའི་གནས་ལ་གདེངས་ཆེ་ན།།
རང་མགོ་རྨས་པ་ཨ་ཙ་མ།
རྒན་འཇམ་དཔལ་ལེགས་དང་། ཨ་རིག་འབའ་སྲས་ལགས་སོགས་ནས་ཁ་བརྡའི་རྩོམ་མཆན་ལ་བརྡ་དག་དག་བཅོས་ལ་དགའ་བསུ་ཡོད། སུམ་རྟགས་གཉིས་དང་། བརྡ་དག་ཚིག་མཛོད་ཚད་ལྡན་དང་མི་མཐུན་པ་མེད་པའི་མིང་ཚིག་གཅིག་ལ་འབྲི་སྟངས་གཉིས་ཐོན་སོང་ན་འདམ་ང་ཅན་དུ་བཞག་ན་ཕན་ཐོགས་མེད་པ་མིན།
མིག་བརྒྱད་པ་ལགས། སྐུ་ཉིད་ཀྱིས་བརྗོད་བདེ་འདྲེན་པ་ཞེས་པའི་གོ་དོན་རྒྱ་བོད་ཚིག་མཛོད་ཆེན་མོ་ལས་ལུང་འདྲེན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ད་དུང་ངའི་དོགས་པ་བསལ་མ་སོང་བས་སླར་དྲི་བ་ཞིག་དྲི་རྒྱུའི་གོ་སྐབས་གནང་བར་ཞུ། དེ་ཡང་ངག་ཐོག་ནས་བརྗོད་བདེའི་དགོས་པ་གཙོ་བོ་བྱས་ནས་ཟེར་དུས། ངག་ཐོག་ནས་བརྗོད་བདེ་མི་བདེ་གང་ལ་བརྟག་དགོས་ཞེས་པ་དེ་ངའི་དྲི་བ་ཡིན།
དཔེར་ན་དཀར་མཚོ་སྐྱིད་ཀྱིས་རྩོམ་པ་བོ་ཞེས་པ་དག་པར་འདོད་ལུགས་ལ་བལྟས་ན་ཁོ་མོའི་ངག་ལ་རྩོམ་པ་བོ་ཞེས་བརྗོད་དུས་བརྗོད་བདེ་བར་སྣང་། དེས་ན་ཁོ་མོའི་ལུགས་ལ་དེ་ཉིད་རྟགས་མཚུངས་འདྲེན་པ་ཡང་ཡིན་ལ་བརྗོད་བདེ་འདྲེན་པ་ཡང་ཡིན་པར་མངོན།
ཁྱེད་ཀྱིས་རྩོམ་པ་པོ་ཞེས་པ་བརྗོད་བདེ་འདྲེན་པ་ཡིན་པར་འདོད་ཚེ་རྩོམ་པ་བོ་ཞེས་པ་བརྗོད་བདེ་འདྲེན་པ་མིན་པར་འདོད་དགོས་པས། བརྗོད་བདེ་འདྲེན་པ་མིན་པ་ཇི་ལྟར་འགྲུབ།
དཀར་མཚོ་སྐྱིད་ཀྱིས་ཀྱང་རྩོམ་པ་བོ་ཞེས་པ་རྟགས་མཚུངས་འདྲེན་པ་ཡིན་པའི་སྒྲུབ་བྱེད་མང་དུ་གསུངས་ཀྱང་བརྗོད་བདེ་ཡིན་པར་གསུངས་པ་ནི་མ་མཐོང་། གལ་ཏེ་བརྗོད་བདེ་མིན་པར་འདོད་ན་ནི་རྟགས་མཚུངས་ཀྱང་བརྗོད་མི་བདེ་ན་བརྗོད་བདེ་གདམ་དགོས་པ་ཐུ་མིའི་དགོངས་པ་ཡིན་ལ། རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་པ་གཉིས་བྱུང་བ་ཡང་རྒྱུ་མཚན་དེ་ལ་ཐུག
གོང་དུ་དཀར་མཚོ་སྐྱིད་ཀྱིས་རྩོམ་པ་པོ་ཞེས་པ་བརྗོད་བདེ་ཡིན་ན་ལུང་ཚན་གང་གི་སྐད་དང་བསྟུན་ཞེས་པའི་དྲི་བ་དྲིས་པར་བརྟགས་ཚེ་ཁོ་མོའི་ལུགས་ལ་བརྗོད་བདེ་ཞེས་པ་ལུང་ཚན་ག་གེ་མོའི་ཁ་སྐད་དང་མཐུན་པ་ཞིག་ལ་འདོད་པ་འདྲ། དེ་ལྟར་ན་དྲ་གྲོགས་འགའ་ཞིག་གིས་ཨ་མདོ་བ་རྣམས་ཀྱིས་ཙོང་ཁ་བ་དང་དབུས་གཙང་པ་རྣམས་ཀྱིས་ཙོང་ཁ་པ་ཞེས་སོ་སོར་བརྗོད་ཚུལ་མང་དུ་བྲིས་པ་མཐོང་བས་དེ་གཉིས་ལས་གང་ཞིག་བརྗོད་བདེ་འདྲེན་པ་ཡིན་ཞེས་དྲི་ན། ཨ་མདོ་བའི་ངོར་དང་པོ་དང་དབུས་གཙང་པའི་ངོར་ཕྱི་མ་ཡིན་ཞེས་ལན་ལྡོན་པར་བྱེད་དམ་ཅི།
ཉག་ཉོག་མང་པོར་བྲིས་ཤོར་བས་དགོངས་དག་ཞུ
བོད་ཀྱི་བུ་ལ་རེ་བ་ཞིག་བྱས་ཀྱང་ལན་མི་འདུག
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་པ་ཡིག་ཁོ་ན་བདག་སྒྲ་འདོད་པ་ཁྱེད་ཀྱི་རང་ལུགས་ཡིན་ན། བྱེད་པ་མོ་དང་། ལྷ་མ། ཆོས་མ། ལྷ་ས་བ། སེ་ར་བ་སོགས་ནི། བདག་སྒྲ་མ་ཡིན་པར་འགྱུར་ཏེ། དེའི་བདག་སྒྲ་པ་ཡིག་མ་ཡིན་ཕྱིར། འདོད་ན། དེ་དག་ནི་བདག་སྒྲ་ཡིན་པར་སི་ཏུས་འདོད་པའི་ཕྱིར། དེ་ལས། དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱའོ། །གསུངས་སོ། འཁོར་གསུམ་མོ། །
ཁྱེད་ཀྱིས། གལ་ཏེ་བ་དང་མ་ཡིག་པ་སྡེ་ཡིན་པའི་རྒྱུ་མཚན་གྱིས་བདག་སྒྲར་འདོད་ན་ཕ་ཡིག་ཡང་བདག་སྒྲ་མི་འདོད་པའི་རྒྱུ་མཚན་ཅི། ཞེས་དྲི་བ་བཀོད་འདུག དེ་ལ་བདག་གི་ལན་ནི། པ་སྡེ་ཡིན་ན་བདག་སྒྲ་ཡིན་པའི་ཁྱབ་པ་བདག་གིས་རྩ་བ་ནས་བཤད་མེད་དོ། རྟོག་བཟོ་མ་བྱེད། ཚིག་གི་ཞིབ་ཆ་ཡོད་པར་ཞུ། གཞན་ཡང་། ཕ་དང་ཕོ་བདག་སྒྲ་ཡིན་པར་ཐོན་མིའི་དགོངས་པ་མིན་ཏེ། སྐབས་དེར་བོད་ཀྱི་སྤྱི་སྐད་དང་བྱེ་བྲག་གི་སྐད་གང་ལའང་མ་གྲགས་པའི་ཕྱིར།
ཁྱེད་ཀྱིས་བ་དང་མ་པུ་ལིང་གའི་རྟགས་སམ་སྐྱེས་པའི་རྟགས་ཇི་ལྟར་ཡོད་ཅེས་བཀོད་འདུག དེ་ལ་གོང་དུ་སི་ཏུའི་གསུང་བཀོད་ཡོད། སི་ཏུའི་གསུང་ཁྱེད་ཀྱིས་ཁས་ལེན་བྱེད་པའི་ཕྱིར།
གཞན་ཡང་།ཁྱེད་ཀྱིས་བ་དང་བོ་ཡོད་ཚད་བདག་སྒྲ་མ་ཡིན་པའི་ཕྱིར། ཞེས་བཀོད་འདུག བདག་གིས་བ་དང་བོ་ཡོད་ཚད་བདག་སྒྲ་ཡིན་པར་གང་དུ་བཤད་འདུག སོ་སོ་ལ་འཆད་རྒྱུ་མེད་ན་རྟོག་བཟོ་མི་བྱེད་པར་ཞུ།
གཡུ་འབྲུག་དཀར་བོ་ལགས།
ཀརྨ་བ་དང་ཞྭ་དམར་བ་དང་དཀར་བོ་དང་དཀར་བ་སོགས་ནི་འཐད་ལྡན་དུ་འདོད་དེ། ཐོན་མིའི་ཞལ་ལུང་དུ་དེ་ལྟར་དུ་གསུངས་ཡོད།
ལྟར་དུ་ཞེས་པ་ནི་མཁས་དབང་ཚང་མའི་གཅིག་མཐུན་གྱི་འདོད་པ་རེད། དེ་ལ་རྩོད་པ་མེད་དོ།
མིག་བརྒྱད་པ་ལགས།
ཙོང་ཁ་པ་དང་འཆད་པ་པོ་ནི་ལུང་ཚན་བྱེ་བྲག་པའི་སྐད་རེད། ཡིད་རྟོན་བྱེད་དཀའ་བས་འཐད་པར་མ་མཐོང་ངོ་། །ཐོན་མིའི་ཞལ་ལུང་དུ། འཁུར་བ་པོ་དང་སྨྲ་བ་པོ་ནི་ཨ་ལགས་ཚེ་བརྟན་ཞབས་དྲུང་ཚང་གི་རང་ལུགས་མ་རེད། ཁ་ཅིག་གི་འདོད་པ་བཀོད་པ་རེད། རྡོ་རྗེ་བྲག་རིའི་དམ་བཅའ་ལ་བསྐལ་བརྒྱའི་བར་དུ་འགྱུར་བ་མེད་དོ། །
མིག་བརྒྱད་པ་ལགས།
མང་བོ་ནི་རང་ལུགས་འཐད་ལྡན་ཡིན་ཏེ། མིང་མཐའི་པ་བའང་ཕལ་ཆེར་འདྲ། །ཞེས་གསུངས་སོ། །རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ནོར་བར་བཤད་པ་ནི་གཏན་ནས་མི་འགྲིག་གོ །བདག་གི་ཚིག་རེའི་རྒྱབ་ན་རིགས་པ་སྟོང་ཕྲག་རེ་ཡོད།
མིག་བརྒྱད་པ་ཡི་རིགས་པའི་འབྲུག་གྲགས་ཤིང་།
བོད་ཀྱི་བུ་ཡིས་བདེན་པའི་དུང་བཏང་ཡང་།།
དཀར་མོ་མཚོ་སྐྱིད་རྗེས་འབྲངས་རྣ་འོན་པས་།།
བོད་རྒྱ་ཞི་མོལ་ཚར་དགུའི་དཔལ་དང་མཚུངས།།
སྤྱིར་ན་ཕལ་སྐད་མཐའ་དག་གི་རྗེས་འདེད་བྱེད་རྒྱུ་ཁག་པོ་ཡིན་ཡང་ཁྱབ་ཆེ་ཆུང་དང་གཙོ་ཆེ་ཆུང་གི་ཆ་ནས་ཁ་སྐད་ལ་རུང་ཡང་ཡིག་སྐད་ལ་བརྗོད་མི་རུང་བ་དཔེར་ན་ཙོང་ཁ་བ་ལྟ་བུ། ཡིག་སྐད་ལ་ཙོང་ཁ་པ་ཞེས་འབྲི་དགོས་པ་ཨ་མདོའི་མཁས་པ་ཀུན་གྱིས་འདོད། སྨྲ་བ་བོ་ཞེས་ཁ་སྐད་ལ་བརྗོད་རུང་ཡང་ཡིག་སྐད་ལ་བརྗོད་མི་རུང་བ་དང་། བརྡ་སྤྲོད་པའི་ལུགས་ལ་སྨྲ་བ་པོ། འཆད་པ་པོ། འཁུར་བ་པོ། ལྟ་བུ།
པ་དང་བའི་ཐོབ་ཐང་རྩོད་མཐར། ཀརྨ་པ་མཁྱེན་ནོ། ཞེས་རྒད་མོ་ཡིག་རྨོངས་པའི་ཁ་ནས་སྦྱོངས་དགོས་ཚོད་ལ་བསླེབས་འདུག ཧ་ཧ་སྐུ་རྩེད་ཡིན་གདའ། ངས་ཅང་མི་ཤེས།
གླེང་མོལ་ཡག་པོ་བྱས་འདུག་པས་དགའ་བསུ་ཞུ། ད་དུང་ཡིག་ནོར་ཕྱོགས་ནས་ཀྱང་ཡིད་སྨོན་སྐྱེ་དགོས་པའི་ཚད་རེད། དཀར་མཚོ་ལ་ཁ་སང་ངས་དེ་ཙམ་དོ་སྣང་བྱས་མེད། འོན་ཀྱང་། བུ་མོ་དང་བུ་གང་ཡིན་རུང་བོད་ཡིག་ཕྱོགས་ནས་བལྟ་རྒྱ་དང་ཐོས་ལོ་རེ་འདུག་པས་དགའ་བསུ་ཞུ། མིག་བརྒྱད་པ་ནི་ང་ཚོ་དང་བསྡུར་ཐུབ་བྲལ་ཏེ། ང་ཚོས་མིག་ཟུང་གིས་བལྟ་དུས་ཁོས་མིག་བརྒྱད་ཀྱིས་བལྟ་སྲིད་པས་གླགས་ཁེལ་བ་མ་རེད།
དཀར་མོ་སྐྱིད། ལབ་མ་རྒྱག །ཁྱོད་ཀྱི་རིགས་པ་ནི་གྲངས་ག་མང་ཡང་རྣོ་དབལ་ཅི་ཡང་མི་འདུག །སྔོན་ཇོ་མོ་ཞིག་གིས། སངས་རྒྱས་ཀྱི་འཕྲིན་ལས་ཆོས་ཅན། རྟག་པ་ཡིན་པར་ཐལ། མངོན་རྟོགས་རྒྱན་ལས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། ཞེས་གསུངས་པའི་ཕྱིར་ཟེར་བ་ལ། གྲྭ་བ་ཞིག་གིས་མ་ཁྱབ་ཟེར་བ་ལ་ཇོ་མོ་ཁ་གྲག་ཡ་མེད་པར་བཟོས་བ་ལྟ་བུ་རེད། ། ཁྱོད་ཀྱིས་སྒྲོལ་མ་གླིང་ནས་སྦྱངས་བའི་རིགས་ལམ་དང་སྒྲུབ་བྱེད་དེ་འདྲ་རེད། བོད་རྒྱ་ཚིག་མཛོད་གཅིག་བུ་ལ་ལྟོས་དང་མང་པོ་ཞེས་པ་ལས་མང་བོ་ཞེས་པ་ཞིག་མི་འདུག
ཡ་དཀར་མཚོ་ལགས། ཁྱོད་ཀྱིས་འདོད་པ་རྩོམ་པ་བོ་དང་མིག་བརྒྱད་ཀྱིས་འདོད་པ་རྩོམ་པ་པོ་རེད། དེ་ང་ཚོས་གསལ་བོ་ཤེས་ཡོད། ཡིན་ནའང་ཁྱེད་ཀྱིས་ཁུངས་གཏུགས་ཡུལ་ཨ་ལགས་ཚེ་ཞབས་ཚང་གིས་རྟགས་མི་མཚུངས་པ་འཁུར་བ་པོ་དང་སྨྲ་བ་པོ་ལྟ་བུ་དང་རྟགས་མཚུངས་པ་སྤྱང་བོ མཛའ་བོ་སོགས་ཀྱང་བཀོད་འདུག་མོད། རྩོམ་པ་བོ་ཞེས་བཀོད་པ་མི་སྣང་བས་ཨ་ལགས་ཚང་གི་ཐོན་མིའི་ཞལ་ལུང་གིས་ཁྱེད་ཀྱི་འདོད་པ་ཡོངས་སུ་སྐོང་ཐབས་བྲལ་འདུག་སྙམ།
ཨ་རིག་དགེ་མཐོང་གི་ལན་ལ་བསྒུགས་ཀྱང་ལན་མི་འདུག འདི་ཉིད་ཀྱི་རྩོམ་ཡིག་དེ་ཡང་། གཞན་དག་དཔེ་ཆ་གཟིགས་མྱོང་མཁན་རྣམས་ཀྱི་རྩོམ་ཡིག་ལས་ཆེས་གྱོང་པོ་ཞིག་ཏུ་མཐོང་། གཤམ་གསལ་གྱི་ཚིག་དེ་དག་ངས་གསལ་པོར་མ་ཤེས། ཁྱེད་ཀྱི་ཁ་སྐད་ཡིན་ཤས་ཆེ། འདི་ལྟར། གཅིན་པ་བཞུར་མཁན་ རྫོབ་ རྫ་ནེ་རྫུན་ནེ། ཁ་ཤོམ་དང་སྤོམ་བཤད། ་སྦྲེལ་ལད་ ད་ ནིང་ཞིག་ལ་ ་བསྡུས་ལུང་བསྡུས་ཏེ། ཞེས་པ་སོགས་སོ།
གཤམ་གསལ་རྣམས་བོད་སྤྱིའི་སྐད་ལྟར་ན། གྲྭ་བ་ལ་གྲྭ་པ། མིག་ལྷོག་བལྟ་མཁན་ལ་མིག་ལོག་ལྟ་མཁན། མི་གཅིག་གིས་མི་བརྒྱ་ནད་པའི་མི་གཏོང་བའི་ངེས་པ་ག་ལ་ཡོད་ཅེས་པར་མི་གཅིག་གིས་མི་བརྒྱ་ནད་པར་མི་གཏོང་བའི་ངེས་པ་ག་ལ་ཡོད། ནོར་འཆུག་ལ་ནོར་འཕྱུགས། འདི་ལ་འདམ་ང་ཞེས་སྒྲ་གདངས་ཉམས་པར་འབོད་པས་འཕྱུགས་ཞེས་པ་ལས་འཆུག་ཆགས་པ་ལ་དཔྱོད་ཤེས་ན། ཚིག་རྣམས་ཀྱི་ལོ་རྒྱུས་ཤེས་པ་ཕན།
སྒྲོག་མཁན་ སྒྲོག་ཅེས་པ་སྡོམ་པའི་དོན་ཏེ། ལྷམ་སྒྲོག་ཅེས་པ་ལྟུ། སྒྲོགས་ཞེས་ཆེས་དག་པ་རྣམས་སུ་མཐོང་སྟེ། འབྲུག་ལྟར་ཆེར་སྒྲོགས་ཞེས་པ་ལྟ་བུ། འདི་ལ་ཁྱེད་ཀྱི་སྐྱོན་ཅི། ད་ལྟར་མང་ཆེ་བས་སྐད་སྒྲོགས་པ་ལ་སྐད་སྒྲོག་ཅེའོ།
ཁྱེད་ཀྱིས་བདག་གིས་ལེགས་ཞེས་བྲིས་པ་ལ་ལགས་དགོས་ཞེས་པ་ནི་ཁུངས་མེད་ཀྱི་གཏམ་སྟེ། ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས།
ཡོན་ཏན་ལོག་པར་སྦྱངས་པ་འགས།
ལེགས་པར་སྦྱངས་པ་ཁྱད་དུ་གསོད།
ལྦ་བ་མེད་ན་གླིང་ཕྲན་འགར།
ཡན་ལག་ཉམས་པའི་སྐྱོན་དུ་བྱེད།། ༡༩ །། ས་སྐྱ་ལེགས་བཤད། ལེ་ ༣
གཞན་གྱིས་ཁྱིམ་དུ་སྐྱག་པ་གཏོང་ན་ཁྱེད་ཀྱིས་ཀྱང་དེ་ལྟར་བྱེད་རྒྱུ་ཡིན་ནམ། ཞེས་པ་དང་དོན་མཚུངས་སོ།།
དཀར་མཚོ་སྐྱིད་ལགས། ཀརྨ་པ་དང་ཞྭ་དམར་པ་ལས་ཀརྨ་བ་དང་ཞྭ་དམར་བ་འཐད་ལྡན་ཡིན་ན་ཀརྨ་བཀའ་བརྒྱུད་ཀྱི་གྲྭ་སའི་གྲྭ་པ་ཁག་དང་དེའི་བརྒྱུད་འཛིན་ཚོས་རང་གི་བསྟན་པའི་བདག་པོའི་མཚན་ལ་ཡང་རྨོངས་པར་ཁས་འཆེས་དགོས་པར་འགྱུར་ཏེ། ཁོང་རྣམ་པས་ཀརྨ་པ་དང་ཞྭ་དམར་པ་ཞེས། འདས་པའི་བརྒྱུད་འཛིན་རྣམས་ཀྱིས་གསུངས་ཤིང་མ་འོངས་རྣམས་ཀྱང་གསུང་བར་འགྱུར་ལ། ད་ལྟར་འབྱུང་བའི་ཀར་བརྒྱུད་པས་ཀྱང་ཡང་དང་ཡང་དུ་གསུང་བཞིན་པའི་ཕྱིར་རོ།།
གལ་ཏེ་དེ་དག་ནོར་བར་འདོད་ན་དཀར་ཚོ་སྐྱིད་ཀྱིས་ཀརྨ་བཀའ་བརྒྱུད་ཀྱི་གྲྭ་ས་ཁག་ཏུ་ཕེབས་ནས་ནོར་བཅོས་ཡོ་བསྲང་གནང་དགོས་ཏེ། ནོར་བ་དེ་ནི་ཀརྨ་བཀའ་བརྒྱུད་གཅིག་པུའི་ནོར་བ་མིན་པར་རང་ཅག་བོད་པ་ཀུན་གྱི་ནོར་བ་ཡིན་པའི་ཕྱིར་རོ།།
ལྟར་དུ་ཞེས་པ་ནོར་བ་མིན་ཏེ་མཁས་པ་ཀུན་གྱི་དགོངས་པ་ཡིན་པའི་ཕྱིར་ཟེར།
འོ་ན་ཀརྨ་པ་ཞེས་པ་ཡང་ནོར་བ་མ་ཡིན་པར་ཐལ་ཏེ། མཁས་པ་ཀུན་གྱི་དགོངས་པ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ་ཀར་མ་རིལ་ནག་སྒྲུབ་པའི་ཚེ་ཀརྨ་པ་མཁྱེན་ནོ་ཞེས་འདོན་པ་ལས་ཀརྨ་བ་མཁྱེན་ནོ་ཞེས་འདོན་པ་མེད་པའི་ཕྱིར། དཔལ་ཁང་ཆོས་མཛད་ལོ་ཙཱ་བས་ངག་སྒྲོན་དུ་ཡང་། ཀུན་མཁྱེན་ཤཱཀྱ་ཀརྨ་པ། །ཞེས་གསུངས་པ་ལས་ཀུན་མཁྱེན་ཤཱཀྱ་ཀརྨ་བ། །ཞེས་གསུངས་པ་མཐོང་ངོ་།།
ཀརྨ་བ་ཞེས་པ་འཐད་ལྡན་ཡིན་ཏེ་ཐོན་མིའི་ཞལ་ལུང་གི་དགོངས་པ་ཡིན་པའི་ཕྱིར་ཟེར། ཐོན་མིའི་ཞལ་ལུང་ལས་ཀརྨ་བ་ཞེས་པ་འཐད་ལྡན་ཡིན་པར་གསུངས་པའི་ལུང་ཞིག་ཡོད་ན་འདིར་དྲང་བར་རིགས་སོ།།
དཀར་མཚོ་སྐྱིད་ལགས། ཀརྨ་པ་དང་ཞྭ་དམར་པ་ལས་ཀརྨ་བ་དང་ཞྭ་དམར་བ་འཐད་ལྡན་ཡིན་ན་ཀརྨ་བཀའ་བརྒྱུད་ཀྱི་གྲྭ་སའི་གྲྭ་པ་ཁག་དང་དེའི་བརྒྱུད་འཛིན་ཚོས་རང་གི་བསྟན་པའི་བདག་པོའི་མཚན་ལ་ཡང་རྨོངས་པར་ཁས་འཆེས་དགོས་པར་འགྱུར་ཏེ། ཁོང་རྣམ་པས་ཀརྨ་པ་དང་ཞྭ་དམར་པ་ཞེས། འདས་པའི་བརྒྱུད་འཛིན་རྣམས་ཀྱིས་གསུངས་ཤིང་མ་འོངས་རྣམས་ཀྱང་གསུང་བར་འགྱུར་ལ། ད་ལྟར་འབྱུང་བའི་ཀར་བརྒྱུད་པས་ཀྱང་ཡང་དང་ཡང་དུ་གསུང་བཞིན་པའི་ཕྱིར་རོ།།
གལ་ཏེ་དེ་དག་ནོར་བར་འདོད་ན་དཀར་ཚོ་སྐྱིད་ཀྱིས་ཀརྨ་བཀའ་བརྒྱུད་ཀྱི་གྲྭ་ས་ཁག་ཏུ་ཕེབས་ནས་ནོར་བཅོས་ཡོ་བསྲང་གནང་དགོས་ཏེ། ནོར་བ་དེ་ནི་ཀརྨ་བཀའ་བརྒྱུད་གཅིག་པུའི་ནོར་བ་མིན་པར་རང་ཅག་བོད་པ་ཀུན་གྱི་ནོར་བ་ཡིན་པའི་ཕྱིར་རོ།།
ལྟར་དུ་ཞེས་པ་ནོར་བ་མིན་ཏེ་མཁས་པ་ཀུན་གྱི་དགོངས་པ་ཡིན་པའི་ཕྱིར་ཟེར།
འོ་ན་ཀརྨ་པ་ཞེས་པ་ཡང་ནོར་བ་མ་ཡིན་པར་ཐལ་ཏེ། མཁས་པ་ཀུན་གྱི་དགོངས་པ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ་ཀར་མ་རིལ་ནག་སྒྲུབ་པའི་ཚེ་ཀརྨ་པ་མཁྱེན་ནོ་ཞེས་འདོན་པ་ལས་ཀརྨ་བ་མཁྱེན་ནོ་ཞེས་འདོན་པ་མེད་པའི་ཕྱིར། དཔལ་ཁང་ཆོས་མཛད་ལོ་ཙཱ་བས་ངག་སྒྲོན་དུ་ཡང་། ཀུན་མཁྱེན་ཤཱཀྱ་ཀརྨ་པ། །ཞེས་གསུངས་པ་ལས་ཀུན་མཁྱེན་ཤཱཀྱ་ཀརྨ་བ། །ཞེས་གསུངས་པ་མ་མཐོང་ངོ་།།
ཀརྨ་བ་ཞེས་པ་འཐད་ལྡན་ཡིན་ཏེ་ཐོན་མིའི་ཞལ་ལུང་གི་དགོངས་པ་ཡིན་པའི་ཕྱིར་ཟེར། ཐོན་མིའི་ཞལ་ལུང་ལས་ཀརྨ་བ་ཞེས་པ་འཐད་ལྡན་ཡིན་པར་གསུངས་པའི་ལུང་ཞིག་ཡོད་ན་འདིར་དྲང་བར་རིགས་སོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་འཚམས་འདྲི་དང་བཅས་ཞུ་རྒྱུར།
གུས་ཉིད་ལ་ལན་མ་ཕུལ་བ་སྣང་ཆུང་བྱས་པ་གཏན་ནས་མིན་པར་ད་ལྟ་ཁོ་བོ་ལ་ཁོམ་པ་ཆེར་མེད། འོན་ཀྱང་། ཡིག་ནོར་ཕྱོགས་ནས་ཕྲན་གྱིས་ཉེ་ཆར་རང་བཅོ་རྒྱུའི་དམ་བཅའ་ཕུལ་ཟིན་པས། ཁ་བཤད་སྟོང་བར་མི་འགྲོ་བའི་ཐབས་སུ་ལན་རེ་བཅོ་ཁུལ་བྱེད་ཀྱིན་ཡོད། དེ་ནི་གསལ་བཤད་ཙམ་ཡིན།
ལ་དྭགས་པ་ཉིད་ཀྱི་ཐུགས་ལ་མི་བརྙེས་པའི་མིང་ཚིག་འདི་དག་ནི་ལུང་སྐད་བྱེ་བྲག་པ་ཞིག་ནི་མ་ཡིན་ནོ། །
༼ཁྱེད་ཀྱི་ཁ་སྐད་ཡིན་ཤས་ཆེ། འདི་ལྟར། གཅིན་པ་བཞུར་མཁན་ རྫོབ་ རྫ་ནེ་རྫུན་ནེ། ཁ་ཤོམ་དང་སྤོམ་བཤད། ་སྦྲེལ་ལད་ ད་ ནིང་ཞིག་ལ་ ་བསྡུས་ལུང་བསྡུས་ཏེ། ཞེས་པ་སོགས་སོ།༽ འདི་ཚོ་ཉིད་ཀྱིས་ཟུར་དུ་བཏོན་འདུག
གཅིན་པ་ལབ་ན་ཕོ་ཡིན་ཚེ་ཕོ་མཚན་ནང་ནས་བཞུར་བའི་དྲི་ཆུའི་མིང་། མོ་ཡིན་ཚེ་སྟུ་དང་མཚན་མ་ལས་བཞུར་བའི་དྲི་ཆུའི་མིང་རེད། དེ་ཙམ་མི་ཤེས་ན་དངོས་གནས་བོད་ཡིག་མི་ཤེས་པ་དང་བོད་སྐད་མི་ཤེས་པ་ེད་རེད། ཞེ་སའི་སྟེང་ནས་ཁ་ཐུག་བྲིས་ན་ཆབ་གཙང་འམ་གཙང་ཆབ་ལབ་ཀྱིན་འདུག
རྫོབ་ལབ་ན་སྤུས་གཙང་མིན་པའི་དོན་རེད། མི་ཤེས་ན་གཞན་ལ་དྲིས།
རྫ་ནེ་རྫུན་ནེ་ཞེས་པ་ནི་ཡོངས་སུ་གྲགས་པས་འགྲེལ་བཤད་རྒྱག་པ་ལ་ངལ་བ་མི་བརྟེན།
ཁ་ཤོམ་ནི་སྐད་ཆ་ཆེན་པོ་རྐྱང་རྐྱང་བཤད་པ་ལ་གོ ད་དུང་དེ་ཁྱེད་དང་ཁྱེད་ལྟ་བུ་ཚོས་གོ་རྒྱུ་མ་རེད་སྙམ་ནས་ཁ་ཇེ་གསལ་དུ་བཏང་སྟེ་སྤོམ་བཤད་ཅེས་ལབ་ཡིན། སྤོམ་གི་དོན་ནི་འདུལ་བའི་གླེགས་བམ་ནང་དུ་མང་བས་ཁྱེད་ཚོ་བླ་རྒན་དག་གིས་མ་ཤེས་ན་ངོ་ཚ་རེད།
ལ་བསྡུས་ལུང་བསྡུས་ཞེས་པའི་དོན་ནི། ཕྱོགས་ག་ས་གང་ནས་བསྡུ་བའམ་བསྡུས་པའི་དོན་རེད། དེ་ལ་མི་གོ་རྒྱུའི་ཡུལ་སྐད་ཅིག་གཏན་ནས་བྲིས་མེད།
སྦྲེལ་ལད་ཅེས་པའི་དོན་ནི།ངོ་དགའ་སྦྲེལ་ལད་མ་འཁྲབ་ཅེས་རྒྱུན་དུ་གྲགས་ཡོད་པས་དེ་ལས་ལོགས་སུ་འགྲེལ་བཤད་ཅིག་ངས་མ་རྙེད་པས་དགོངས་སེལ་ཞུ།
གྲྭ་བ་དང་གྲྭ་པ་ནི་གོང་དུ་དཀར་མཚོ་དང་མིག་བརྒྱད་སོགས་ཀྱི་རྩོད་རྙོག་ལྟ་བུ་རེད། འདམ་ང་ཅན་ལ་དམིགས་བསལ་ལས་རྩོད་རྒྱུ་མིན་ཞེས་ཁ་སང་ནས་ལབ་ཟིན། དེ་ལུགས་ཐུགས་ལ་འཛིན་རྒྱུ་མཁྱེན། དེ་ཚོ་གླེང་ན་གང་ཟག་ཁག་ཅིག་ཁྱད་མཚར་ཡིན་པས་ཆོལ་ཁའི་ཁ་སྐད་ཆ་བཤད་ཡོང་།དེ་ལྟར་བྱས་ན་ཡག་པོ་མི་འདུག་བསམ་ནས་འདམ་ངའི་གྲས་སུ་བཞག་སྟེ་དམིགས་བསལ་སྤྲད་པ་ཡིན། དངོས་གནས་དེང་སང་ཁོ་བོ་ལས་བྲེལ་ཡིན། རྗེས་སུ་རིམ་གྱིས་གླེང་མོལ་བྱ་ཆོག ཨ་རིག་དགེ་མཐོང་གིས་གུས་ཞབས་དང་བཅས། ནོར་འཆུག་ཡོད་ན་ངོས་ལེན་བྱེད་རྒྱུའི་སྤོབས་པ་ལྡན།
ལ་དྭགས་པ་ཞིག་ཡིན་པས་གསལ་བཤད་ཏོག་ཙམ་བརྒྱབ་པ་ཡིན།དེ་མིན་འདི་དང་འདི་ལྟ་བུའི་རིགས་མི་གོ་ཚེ་གང་ཟག་དེ་ལ་བོད་ཡིག་ཨེ་ཤེས་ཞེས་དྲི་བ་ཞིག་ལས་ལན་སློག་འདོད་མེད།
ཕོ་ལུས་མོ་མིང་བརྫུས་བའི་དཀར་མོ་སྐྱིད། ཉོན། མ་དང་མོ་བདག་སྒྲ་ཡིན་ཆོག་ན། ཕ་དང་ཕོ་བདག་སྒྲ་ཡིན་མི་ཆོག་པ་ཅི། ཁྱོད་ཀྱིས་ཁུངས་བསྟེན་ས་དངུལ་ཆུ་རིན་པོ་ཆེའི་ཞལ་ལུང་ཡིན་པའི་དབང་དུ་ཆུག་ཀྱང་པུ་ནི་པ་སྡེ་ལ་གོ་དགོས་པས་དེའི་ནང་གི་པ་བ་མ་གསུམ་དང་། དེའི་ཤུགས་ལ་བསྟན་པའི་པོ་བོ་མོ་གསུམ་སྟེ་དེ་དྲུག་ཀ་བདག་སྒྲར་འདོད་དོ། །ཞེས་སྡེ་བ་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་མིན་ན། པུ་ལིང་ག་ཞེས་པའི་པུ་ནི་པ་སྡེ་ལ་གོ་དགོས་པས་ཞེས་རྒྱུ་མཚན་འདྲེན་པ་ལ་དགོས་པ་ཅི་ཡོད། གཞན་ཡང་པུ་ཞེས་པ་པ་སྡེ་ལ་གོ་དགོས་བའི་རྒྱུ་མཚན་གྱིས་བ་མ་གཉིས་བདག་སྒྲར་བསྟན་དགོས་པ་ཅི་ཡིན། དེ་མིན་ན་བ་མ་གཉིས་རྩ་བ་འདིས་བདག་སྒྲར་བསྟན་ཚུལ་ཁུར་ཞོག །གཞན་ཡང་། རྩོམ་པ་ཕོ་ཞེས་པའི་ཕོ་ཡིག་ཆོས་ཅན། བདག་སྒྲ་ཡིན་པར་ཐལ། པུ་ལིང་གའི་སྒྲ་ཡོད་པ་གང་ཞིག །གསར་དུ་སྦྱར་བ་ཡིན་པའི་ཕྱིར། ཞེས་ཟེར་ན་ཁྱོད་ཀྱིས་ལན་ཅི་འདེབས། ངས་བལྟས་ན་སི་ཏུས་བཞེད་པ་ནི་རྩ་བ་དང་མཐུན་ཚབས་ཆེ། ཁྱོད་ཀྱི་དགེ་རྒན་དང་ཁུངས་དང་བཅས་པ་ཞབས་བརྡོལ་བ་མ་ཡིན་ནམ། ཁྱོད་ཀྱིས་། འཁུར་བ་པོ། སྨྲ་བ་པོ་ཞེས་པ་ཁ་ཅིག་གིས་འདོད་པ་རེད་ཟེར། ཧ་ཧ། འ་ཆད་འུ་ཐུག་གི་བྱ་བ་རེད།
རང་གིས་ནོར་བ་ངོས་ཟིན་པ།
གུས་པས་ཉིད་ལ་ལན་མ་ཕུལ།
སྐད་མི་ཤེས་པ་རང་རེད།
ཆོལ་ཁའི་སྐད་ཆ་བཤད་ཡོང་ཞེས་སོགས་སུ་བཅོ་རོགས།
སྤྱིར་ན་སི་ཏུའི་ལུགས་གྲགས་ཆེ་བའི་རྒྱུ་མཚན་གཅིག་ནི། ཁོང་བོད་ཀྱི་ཡུལ་ལུང་སོ་སོར་ཕེབས་ནས་བོད་སྐད་ཀྱི་གདངས་ལ་ཞིབ་འཇུག་མཐའ་ཆོད་པ་གནང་སྟེ། མི་ལོ་བཅྭོ་ལྔ་ལྷག་ཅིག་ལ་མུ་ཏིག་ཕྲེང་མཛེས་ཞེས་པའི་བརྡ་སྤྲོད་པའི་གཞུང་དེ་བོད་གངས་ཅན་ཡོངས་ལ་འབུས་བར་མཛད། མཁས་པ་སོ་སོའི་འདོད་ཚུལ་བཀོད་ནས་དགག་བཞག་མཛད་པ་དང་ཁྱབ་ཆེ་བ་དང་ཁུངས་བཙན་པ་སོགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་པ་དང་། ཐུའུ་བཀན་གྲུབ་མཐར་གསུངས་པ་ལྟར་བོད་དུ་བརྡ་སྤྲོད་པའི་གཞུང་ལ་མཁས་པ་སི་ཏུ་ལས་ལྷག་ཅིག་བྱུང་མེད་པར་གསུངས་པ་ལྟ་བུ་རེད། སྔོན་དང་ཕྱིས་ཀྱི་མཁས་པ་མང་པོས་མུ་ཏིག་ཕྲེང་མཛེས་ལ་བརྟེན་ནས་བརྡ་སྤྲོད་ཀྱི་མྱུ་གུ་འབུས་ཤིང་། རིགས་ལམ་གྱི་འོད་སྣང་རྒྱས་པ་ནི་སྨོས་མ་དགོས་བ་ཞིག་རེད། ང་དགུ་ལོའི་རྗེས་ཀྱི་དུས་འགྱུར་ཟིང་འཁྲུག་གི་ཁྲོད་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཕལ་མོ་ཆེ་མེར་བསྲེགས་ཆུར་བསྐྱུར་གྱི་ཆགས་འཇིག་ཡ་ང་བའི་གནས་སུ་གྱར་ཏེ་མཐོང་དཀོན་པའི་ཚད་དུ་བསྐྱལ་མོད། བསྟན་པ་ཡང་དར་གྱི་བོད་ཀྱི་མཁས་པ་མི་གསུམ་ཞེས་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་དང་མཁས་དབང་མུ་དགེ་བསམ་གཏན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རྣམ་གསུམ་གྱི་བཀའ་དྲིན་ཐུགས་རྗེ་དང་མཁྱེན་རབ་ཀྱི་ཉི་འོད་ལས་སླར་ཡང་བོད་གངས་ཅན་ཡོངས་ལ་བརྡ་སྤྲོད་རིག་གནས་ཀྱི་མྱུ་གུ་འབུས་ཤིང་བོད་ཀྱི་མི་རབས་གསར་བའི་རྩོམ་པ་པོ་དང་རིག་གནས་པ་སོགས་སྤང་ཐང་གི་ཤ་མོ་བརྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་དུ་ཐོན། མདོར་ན་བོད་ཀྱི་སྐད་ཡིག་ནི་བོད་མིའི་བླ་སྲོག་ཡིན་ལ། འདི་ཡོད་ན་བོད་ཡོད་ལ། འདི་མེད་ན་བོད་མེད་པས་འདི་ནམ་ཡང་དུམ་བུར་གཏོང་མི་རུང་། ལུང་ཚན་བྱེ་བྲག་པའི་དབང་དུ་མི་འགྲོ་བར་སྐད་ཡིག་གཅིག་གྱུར་གྱི་སྒང་ལ་འབད་པ་དང་སྔར་ཡོད་བརྡ་སྤྲོད་ཀྱི་གཞུང་ལ་གཅེས་ནོར་དུ་ངོ་ཤེས་བར་འཚལ། བོད་སྤྱི་སྐད་རྒྱལ་བར་ཤོག །
མིག་བརྒྱད་ལགས་ཀྱིས་མཆན་བུ་༡༩༩ར།
༼བསྟན་པ་ཡང་དར་གྱི་བོད་ཀྱི་མཁས་པ་མི་གསུམ་ཞེས་ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་དང་མཁས་དབང་མུ་དགེ་བསམ་གཏན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རྣམ་གསུམ་གྱི་བཀའ་དྲིན་ཐུགས་རྗེ་དང་མཁྱེན་རབ་ཀྱི་ཉི་འོད་ལས་སླར་ཡང་བོད་གངས་ཅན་ཡོངས་ལ་བརྡ་སྤྲོད་རིག་གནས་ཀྱི་མྱུ་གུ་འབུས་་་༽གསུངས་པ་ལྟར།
བསྟན་པ་རྒྱུན་གནས་ཀྱི་བྱེས་འབྱོར་བ་བདག་རང་ལ་རིག་གནས་ཀྱི་སྐོར་ལ་བཀའ་དྲིན་ཤིནད་ཏུ་ཆེ་བ་མཁས་དབང་བར་གཞི་སྐུ་ངོ་ཕུན་ཚོགས་དབང་རྒྱལ་མཆོག་དང་། བརྒྱུད་ནས་བཀའ་དྲིན་ཆེ་བ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་དང་། ཡང་ད་ལྟའང་ནུབ་ཕྱོགས་སུད་སྭིར་འཚོ་བཞུགས་པ་དགེ་ཆོས་ལགས་ཀྱི་དངོས་སློབ་མཁས་དབང་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་རིན་པོ་ཆེ་མཆོག་ཁོང་རྣམས་ཀྱིས་བརྡ་དག་གི་སྐོར་ལ་གསུངས་པའི་གསུང་གི་ཉིང་ཁུ་རྣམས་མྱང་ཐུབ་ན་དགེ་མཚན་ཆེ་བར་མཐོང་ལགས།
མདོར་ན་བོད་གཞིས་བྱེས་གཉིས་ཀའི་མཁས་དབང་ཉམས་མྱོང་ཅན་ཚོས་གསུངས་པའི་གསུང་ལ་སློབ་སྦྱོང་དང་ཉམས་ཞིབ་མཐར་ཕྱིན་གྱིས་ཕྱོགས་ལྷུང་མེད་པར་དེང་དུས་སུ་མཁོ་བའི་དགག་བྱ་ལས་དགོས་པ་གཙོ་བོར་བཟུང་བའི་གསར་གཏོད་ཕན་ཐོགས་ཅན་རྣམས་བོད་གཞིས་བྱེས་གཉིས་ཀའི་ན་གཞོན་ཚོའི་ཁ་དང་སྙུག་རྩེར་འཇགས་ཐུབ་པར་བཟོ་དགོས་པ་ནི། ད་ལྟའི་སྨྱུག་ཐོགས་པ་ཚོས་ལེན་འགན་དུ་མཐོང་ནས་སྨྲས་པས། དགེའོ། དགེའོོ། དགེའོོོ། །
མིག་བརྒྱད་པ་ལགས།
ཙོང་ཁ་བ་དང་། སེ་ར་བ། ལྷ་ས་བ། སྨྲ་བ་བོ་སོགས་ཆོས་ཅན། བདག་སྒྲ་ཡིན་པར་ཐལ། ཁ་སྐད་ཀྱི་བདག་སྒྲ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཁ་སྐད་ལ་བརྗོད་རུང་བའི་བདག་སྒྲ་ཡིན་པར་ཁྱེད་ཀྱིས་འདོད་པའི་ཕྱིར། མ་ཁྱབ་ན། ཁྱེད་ཀྱིས་ཁ་སྐད་གཙོ་བོར་བཟུང་ནས་བརྗོད་བདེ་འདྲེན་པ་ནི་ཁྱེད་ཀྱི་རང་ལུགས་ཡིན་པའི་ཕྱིར། འདོད་ན། འཁོར་གསུམ་མོ། །
ཡང་དག་དགེ་བསྙེན་ལགས།
རྒད་མོ་ཡིག་རྨོངས་པ་རྣམས་ཀྱི་ཁ་སྐད་ལ་བརྟེན་ནས་སུམ་རྟགས་སྦྱང་དགོས་ན་གད་མོ་འཆོར་བའི་གནས་རེད། ཧ་ཧ་ཧ། ཀུ་རེ་ཡིན།
མིག་བརྒྱད་པ་ལགས།
བདག་གིས་མང་བོ་ཞེས་པ་འཐད་ལྡན་ཡིན་པར་སུམ་རྟགས་ཀྱི་གཞུང་གིས་བསྒྲུབས་ཟིན་པ་ལ་ཁྱེད་ཀྱིས་དེ་མ་ཡིན་པར་བོད་རྒྱ་ཚིག་མཛོད་དྲངས་པ་ནི་རང་རེའི་བོད་ཡིག་གི་ཚིག་གི་དག་ཆ་གཏན་ལ་འབེབས་བྱེད་ཀྱི་ཐོན་མིའི་གཞུང་ལ་རྡོག་རྫི་བཏང་བ་རེད།
ཨ་ར་དཀར་བོ་ལགས།
ཨ་ལགས་ཚེ་བརྟན་ཞབས་དྲུང་ཚང་གིས་སྨྲ་བ་པོ་ཞེས་པ་ཁོང་གི་རང་ལུགས་ཡིན་ན་ཁོང་གིས་བདག་སྒྲའི་སྐབས་སུ་རྣོ་ངར་ཆེན་པོས་སི་ཏུ་ལ་དགག་པ་མཛད་ནས་བདག་སྒྲ་ནི་ཕྲད་གཞན་དབང་ཅན་ཡིན་པར་གསུངས་པ་དང་ནང་འགལ་བྱུང་ཡོད་པ་མ་ཡིན་ནམ། རིགས་པས་གཏན་ལ་དབབ་དགོས་པ་ལས་ངོ་གདོང་གི་ཚིག་ཟིན་ལ་ཡིད་རྟོན་མི་བྱའོ། །
༢༠༢༽ དཀར་མཚོ་སྐྱིད་ལགས།
སེམས་པ་༼དཀར་༽བ་ཁྱེད་དང་། །
༼མཚོ་༽འབྱུང་ལྷ་མོ་དྲན་བགྱིད། །
བགྲོ་གླེང་༼སྐྱིད་༽ཉམས་དོད་པར། །
༼ལགས་༽སོ་མི་ཞུ་རང་ཞུ། །
གཡུ་འབྲུག་དཀར་བོ་ལགས།
ཀརྨ་བཀའ་བརྒྱུད་ཀྱི་གྲྭ་བ་དང་དེའི་རྗེས་འབྲངས་པ་རྣམས་ཀྱི་ངག་བཅོས་བསྒྱུར་གཏོང་དགོས་ན་བདག་ལྟ་བུ་ལ་དེའི་ནུས་པ་ཕར་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་དཀའ་ལས་ཁག་པོ་ཡིན་རྒྱུ་རེད། ཧ་ཧ་ཧ།
ཁྱེད་ཀྱིས་ཐོན་མིའི་ཞལ་ལུང་གི་བདག་སྒྲའི་མཐའ་དཔྱད་པ་ལ་གཟིགས་ན་གསལ་བོ་ཡོད། ཀརྨ་བ་ཞྭ་དམར་བ་ཞེས་གསུངས་ཡོད།
ཨ་རིག་དགེ་མཐོང་གིས་སྤྲེལ་ལད་ལ་སྦྲེལ་ལད་ཅེས་བྲིས་འདུག ཕལ་ཆེར་མཉམ་མ་བཞག་པ་ཡིན་རྒྱུ་རེད། ཡང་མཆན་གཞན་ཞིག་ཏུ་ཉེན་ཕྲེང་ཞེས་པ་ད་ལྟའི་ཚགས་ཤོག་རྣམས་སུ་དུས་ཚོད་གཉན་འཕྲང་ཅན་ཞེས་ཡོངས་གྲགས་ཡིན་ཀྱང་དག་གསར་དང་བོད་རྒྱ་ཚིག་མཛོད། སྨོན་ལམ་ཚིག་མཛོད་སོགས་གང་དུའང་མི་འདུག་པས་གསལ་བཤད་ཅིག་གནང་ཐུབ་ན་བཟང་།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས། ཕ་དང་ཕོ་ཡིག་ཆོས་ཅན། བདག་སྒྲ་ཡིན་པར་ཐལ། པུ་ལིང་གའི་སྒྲ་ཡོད་པ་གང་ཞིག གསར་དུ་སྦྱར་བ་ཡིན་པའི་ཕྱིར། ཞེས་བཀོད་འདུག དེ་ལ་བདག་གིས་རྟགས་མ་གྲུབ་ཅེས་ལན་བཏབ་ཡོད། དེ་ཡང་། ༼ ཁྱེད་ཀྱིས། གལ་ཏེ་བ་དང་མ་ཡིག་པ་སྡེ་ཡིན་པའི་རྒྱུ་མཚན་གྱིས་བདག་སྒྲར་འདོད་ན་ཕ་ཡིག་ཡང་བདག་སྒྲ་མི་འདོད་པའི་རྒྱུ་མཚན་ཅི། ཞེས་དྲི་བ་བཀོད་འདུག དེ་ལ་བདག་གི་ལན་ནི། པ་སྡེ་ཡིན་ན་བདག་སྒྲ་ཡིན་པའི་ཁྱབ་པ་བདག་གིས་རྩ་བ་ནས་བཤད་མེད་དོ། རྟོག་བཟོ་མ་བྱེད། ཚིག་གི་ཞིབ་ཆ་ཡོད་པར་ཞུ། གཞན་ཡང་། ཕ་དང་ཕོ་བདག་སྒྲ་ཡིན་པར་ཐོན་མིའི་དགོངས་པ་མིན་ཏེ། སྐབས་དེར་བོད་ཀྱི་སྤྱི་སྐད་དང་བྱེ་བྲག་གི་སྐད་གང་ལའང་མ་གྲགས་པའི་ཕྱིར། ༽ཞེས་པ་འདི་ལ་གཟིགས།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་ཨ་ལགས་ཚེ་བརྟན་ཞབས་དྲུང་གི་སུམ་རྟགས་རང་ལུགས་སུ་བཟུང་ནས་བདག་ལ་ལུང་འདྲེན་བྱས་ཡོད་ཀྱང་ད་ལྟ་ཁྱེད་ཀྱིས་སི་ཏུ་ཁོ་ན་ལས་གཞན་ཅི་ཡང་ཁས་ལེན་མི་བྱེད་པ་འདི་ནི་གནད་འགག་གང་ལ་ཐུག་པ་ཡིན་ནམ། ཁྱེད་རང་འུ་ཐུག་ཐབས་ཟད་དུ་གྱུར་ཡོད། འདི་ནི་ཁོ་ན་བདེན་གྱི། གཞན་ནི་གཏི་མུག་པའོ། །ཞེས་བཟུང་ན་བློ་གྲོས་གྱི་རྟ་ཕོའི་སུག་པ་ཕྱོགས་ལྷུང་གི་སྒྲོག་གིས་བཅིངས་པ་ལས་གཞན་དུ་ཅི། ཞེས་གསུངས་སོ། །
བདག་གིས་ཁྱེད་ལ་རིགས་ལམ་གྱི་རྟགས་གསལ་མང་བོ་བཀོད་པ་ལ་ཁྱེད་ཀྱིས་ལན་གཅིག་ཀྱང་འདེབས་མ་ཐུབ་པར་རྟོག་བཟོ་དང་འབྲེལ་མེད་ཀྱི་ཚིག་ལ་མགོ་བསྐོར་ནས་བསླུ་ཐབས་བྱས་པའི་རང་མཚང་ངན་པ་ལ་ལྟོས་དང་། ཁྱེད་ཀྱིས་དངོས་གནས་རྩོད་པ་བྱེད་འདོད་ན་རྩ་བའི་དམ་བཅའ་མི་འདོར་བར་ཞུ།
བོད་ཀྱི་སྤྱི་སྐད་ལ་འབད་དགོས་ན་སྔོན་བྱོན་མཁས་པ་རྣམས་ཀྱི་ལེགས་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ལུང་ཚན་བྱེ་བྲག་པའི་སྐད་རྣམས་ལ་མ་བསྟུན་པར་བདག་གི་རང་ལུགས་ཏེ་གཙོ་བོར་རྟགས་མཚུངས་ཀྱི་རིག་པ་འབད་དགོས་སོ། །
བདག་ནི་ཕོ་མོ་གང་ཡིན་ལ་དོགས་པས་ཁེངས་ཏེ་བསྡད་ཡོད་ན་ངོ་དེབ་ཏུ་facebook/Kartso Kyi Nengtsang ཞེས་པར་གཟིགས་ནའང་བདག་གི་གནས་ཚུལ་དང་གཞན་དང་མཉམ་དུ་བགྲོ་གླེང་བྱས་པའི་སྐོར་ཡང་ཡོད།
དཀར་མཚོ་སྐྱིད་ལགས།
ཁྱེད་ཀྱིས་༼རིགས་པས་གཏན་ལ་དབབ་དགོས་པ་ལས་ངོ་གདོང་གི་ཚིག་ཟིན་ལ་ཡིད་རྟོན་མི་བྱའོ། །༽ཟེར། དེ་མ་བྱས་ན་ག་ལ་འགྲིག ཨ་ལགས་ཚང་རང་གིས་པོ་ཡིག་བདག་སྒྲར་འཇུག་པའི་དཔེར་བརྗོད་དུ་བཞག་པ་རེད་ལ་དེ་ལྟར་བཞག་པས་ནང་འགལ་ཆགས་པའང་མ་ཡིན་ཏེ། ཨ་ལགས་ཚང་གིས་རྟགས་མཚུངས་བརྗོད་བདེ་གཉིས་ཀ་ཁས་ལེན་པའི་ཕྱིར།
ཨ་རིག་དགེ་མཐོང་ལེགས། ལན་སྩལ་པར་ཐུགས་རྗེ་ཆེ། སྐབས་ཐོབ་ཀྱིས་གོ་བ་རྒྱབ་ན་ཤེས་ཐུབ་ཙམ་ཡོད་ཀྱང་། ནམ་རྒྱུན་ལ་དྭགས་སོགས་སུ་དེ་འདྲ་བཀོལ་བ་མེད་པས། རྗེས་སུ་གཞན་གྱིས་གོ་བ་ཡོད་དམ་མེད་ཅེས་བསམ་པ་གལ་ཆེ། བདག་གིས་བྲིས་པ་དེ་དག་ཁྱེད་ཀྱིས་གོ་དཀའ། ཁྱེད་ཀྱིས་བྲིས་པ་དེ་རྣམས་བདག་གིས་གོ་དཀའ་བས། རང་རེ་སུ་ཡིན་རུང་། བོད་སྤྱིའི་སྐད་དུ་གོ་བ་ཞིག་ལ་ཐབས་ཤེས་དགོས་པ་འདུག ཁྱེད་བཞིན་ང་ལ་ཡང་ལས་མང་བྱེད་དགོས་པ་ཞིག་ཡོད་ཀྱང་། བོད་ཀྱི་སྐད་ཡིག་དེ་གཅིག་འགྱུར་འབྱུང་བ་ལ་འབད་དགོས། དིང་སང་ཕལ་ཆེ་བས་འབྲི་བ་ན། སོ་སོའི་ལུང་སྐད་མ་འདྲེས་པ་ཞིག་དཀོན་པར་སྣང་། སྔོན་མ་ན་ཡང་དེ་འདྲ་ཡིན་པས། ཆོས་རྗེ་ས་པཎ་གྱིས། ཆོས་ཀྱི་སྐད་དང་མཐུན་པ་ཡིས། རང་ཡུལ་སྐད་ངན་སྤང་བར་བྱ། མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ལྟ་བུས་བོད་ཡོངས་ཡོངས་ཀྱི་སྐྱེ་བོ་དག་གིས་གོ་བ་ལ་དམིགས་ཏེ། རང་ཉིད་ཀྱི་ཡིག་ཆ་དག་ལ་ཐུགས་ཡིད་དམིགས་བསལ་གཏད་ཡོད་པར་མངོན།
ང་ཚོའི་ ཕ་ཡུལ་ སྐད་དུ། སྤྲེའུ་ལ་ སྤིའུ་ དང་། སྤྲེལ་ལད་ལ་ སྤེལ་ལད་ ཟེར། ཉེན་ཕྲེང་ནི། ཉེན་ཁ་ གཅིག་རྒྱབ་ གཉིས་མཐུད་ ཕྲེང་བ་ ལྟར་ གནས་པ་ དང་། གཉན་འཕྲང་ ནི། བཙན་ གནས་སའི་ ས་གཉེན་ རྩུབ་ཆེ་ལ། ལམ་འཕྲང་ གུ་ དོག་པོ་ལ་ ལྟ་བུ་ལ་ གོ་དགོས།ཡང་འགའ་ཅིག་གིས། བདག་སྒྲ་ཕྲད་རང་དབང་ཅན་རེད་ཟེར།
ཡང་། གཅིན་པ་ བཞུར་༼གཏོང་༽མཁན། སྐྱུག་བྲོ་བའི་ངོ་གདོང་ རྫོབ་༼པོ༽རོ། པོ་ཞེས་ བྲིས་ན་ རྫུན་དང་ གཡོ་ཅན་གྱི་ གདོངས་ལ་ གོ་ཡང་༼རོ༽རང ་བྲིས་ དགོས་ན་ ངས་ མི་ཤེས། ཛ་རེ་ཛ་རེ་ ལས། རྫ་ནེ་རྫུ་ནེའི་ ཚིག་འདི་འདྲ་ མཐོང་ཐོས་ མ་མྱོང་། ཁ་ཤོམ་ ནི། འུད་ཤོབ་དང་ དོན་གཅིག སྤོམ་བཤད་ ནི། སྤམ་བཤད་དང་ མཚུངས། ད་དུང་ དཔྱད་རྒྱུ་ ག་རེ་ ལྷག་འདུག
དཀར་མཚོ་སྐྱིད། ཁྱོད་ཀྱིས། རྒན་ལ་དྭགས་པས་ལུང་འདྲེན་བྱས་པའི། ཆོས་རྗེ་ས་པཎ་གྱིས། ཆོས་ཀྱི་སྐད་དང་མཐུན་པ་ཡིས། རང་ཡུལ་སྐད་ངན་སྤང་བར་བྱ། །ཞེས་པ་འདི་ཁྱོད་ཀྱིས་སེམས་ལ་ཡག་པོ་ཞིག་ཉར་ཐུབ་ན་དེ་ལས་ལྷག་ཁྱོད་ལ་བསྒྲུབ་དང་སྒྲུབ་བྱེད་ཀྱི་རྣམ་བཞག་བཀོད་པའི་དགོས་པ་གང་ཡང་མི་འདུག །འབྲོམ་སྟོན་པས། མི་ཉན་པ་ལ་ཁ་བརྡ་བྱེད་པ་མཚང་།།ཞེས་པའི་བསླབ་བྱ་འདི་མགོ་ཐོག་ཏུ་བབས། ཨ་ཕའི་ཁ་ཕོར་གཙང་ཞེན་གྱིས་ལུང་བ་ཁུག་ཀྱོག་གི་སྐད་ལ་ཤི་སྤམ་འཐམས་པ་འདི་གཟུ་བོར་གནས་པ་ཞིག་གཏན་ནས་མ་རེད། ཨེ་གོ་ཐལ།
ངེད་ཀྱིས་ཁྱོད་ལ་ཨ་ལགས་ཚེ་བརྟན་ཞབས་དྲུང་གི་སུམ་རྟགས་ལུགས་སུ་བཟུང་ནས་ཁྱོད་ལ་ལུང་འདྲེན་བྱས་ཡོད་པ་ནི་ཁྱོད་ལ་ནང་འགལ་བསྟན་པ་ཁྱོད་ཀྱིས་ཧ་གོ་མི་འདུག །འདི་ནི་གཡག་ཞར་གྱིས་རྩ་ཟོས་བ་དང་འདྲ་བོ་རེད། ད་ལྟ་ངེད་ཀྱིས་སི་ཏུ་ཁོ་ན་ལས་གཞན་ཅི་ཡང་ཁས་ལེན་མི་བྱེད་ཟེར་བ་འདི་ནི་དོན་མེད་ལ་སྙོན་འཛུགས་རང་རེད། གནད་འགག་གཞན་གང་ཡང་མིན་པར་ཁྱེད་རང་འུ་ཐུག་ཐབས་ཟད་དུ་གྱུར་ཡོད་པའི་རྟགས་མཚན་གསལ་བོ་རེད། ཁྱེད་ཀྱི་བློ་གྲོས་གྱི་རྟ་ཕོའི་སུག་པ་ལུང་ཞེན་གྱི་སྒྲོག་གིས་བཅིངས་ནས་ས་འོག་རིམ་པ་དགུའི་འོག་ནས་ནམ་ཡང་ཐར་ས་མ་རེད། །ཁྱོད་ཀྱིས་དཔེ་ཆ་དེ་ཚོ་མིག་གིས་མཐོང་ཡོད་རྒྱུ་ན་དེ་འདྲའི་མགོ་འཐོམས་དགོས་དོན་ཡོད་པ་མ་རེད། རྩོམ་པ་ཕོ་ཞེས་པའི་ཕོ་ཡིག་ཆོས་ཅན། བདག་སྒྲ་ཡིན་པར་ཐལ། པུ་ལིང་གའི་སྒྲ་ཡོད་པ་གང་ཞིག །གསར་དུ་སྦྱར་བ་ཡིན་པའི་ཕྱིར། ཞེས་ངེད་ཀྱིས་རིགས་པ་བཏང་བ་ལ། ཁྱོད་ཀྱིས་མ་བརྟགས་མ་དཔྱད་པར་ལམ་སང་རྟགས་མ་གྲུབ་ཟེར། ད་འོ་ན་ཕོ་ཡིག་ལ་པུ་ལིང་གའི་སྒྲ་མེད་ན་མོ་ཡིག་ལ་པུ་ལིང་གའི་སྒྲ་ཡོད་དགོས་དོན་ཅི། པུ་ལིང་ག་ཞེས་པ་སྐྱེས་པའི་རྟགས་སམ་ཕོ་རྟགས་མ་ཡིན་ནམ། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཞེས་བཀོད་ན་ཁྱོད་ཀྱིས་རྟགས་མ་གྲུབས་ཟེར་བ་དང་འདྲ་བོ་རེད། ཨེ་གོ་ཐལ།
སྨན་རྩིས་མཐོ་སློབ་ཁང་གི་ཨུ་ཚུགས་ཆེན་མོ་མ། དཀར་མོ་སྐྱིད། གཞན་ཡང་ཉོན། དགེ་སློང་ཕ་དང་དགེ་སློང་མ་ཞེས་པའི་ཕ་དང་མ་གཉིས་བདག་སྒྲ་ཨེ་རེད། དེའི་སྐོར་གྱི་དཔེ་ཆ་མཐོང་ཨེ་མྱོང་། དེ་མིན་ན་ཇ་མ། ཆང་མ། གསར་མ། རྙིང་མ་ཞེས་པའི་མ་ཡིག་བདག་སྒྲ་ཡིན་དོན་ཅི། ཨ་མ་ཞེས་པའི་མ་ཡིག་བདག་སྒྲ་ཨེ་རེད། དེ་མིན་ན་གསར་མ་ཞེས་པའི་མ་ཡིག་བདག་སྒྲ་ཡིན་དོན་ཅི། རྩོམ་པ་མོ་བདག་སྒྲ་ཡིན་ཆོག་ལ་རྩོམ་པ་ཕོ་བདག་སྒྲ་ཡིན་མི་ཆོག་པ་ཅི། དོགས་སློང་ཡིན། ལན་གྱིས་དབུལ་བ་ཁོ་ནའོ།།ཁྱོད་ཀྱིས་རིགས་ལམ་གྱི་འགྲོ་སྟངས་ཅང་མི་ཤེས་པས་གྲྭ་སའི་བསྡུས་ཆུང་འཛིན་གྲྭའི་བྱིས་པ་ཞིག་དགེ་རྒན་དུ་བསྟེན་ན་རེད། སྨན་རྩིས་མཐོ་སློབ་ཁང་དང་སྒྲོལ་མ་གླིང་གི་རིགས་ལམ་གྱིས་ཁུངས་ཆོད་ཀྱི་མ་རེད།ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་།།བོང་བུས་མ་བགྲོད་ལམ་འཕྲང་མང་།།
ཨ་ར་དཀར་བོ་ལགས།
ཨ་ལགས་ཚེ་བརྟན་ཞབས་དྲུང་ཚང་གིས་པོ་ཡིག་བདག་སྒྲའི་དཔེར་བརྗོད་དུ་བཞག་པ་བདེན་པ་རེད། བདག་གིས་བཞག་མི་འདུག་ཅེས་བཤད་ཀྱི་མེད། ཡིན་ཡང་། དེ་ནི་ཁོང་གི་རང་ལུགས་འཐད་ལྡན་མིན་པ་དང་། ཞོར་དུ་ཁ་ཅིག་གིས་དེ་ལྟར་བཀོད་པ་ལ་ཁོང་གིས་དགག་པ་རྒྱག་གི་མེད་པ་དང་དེ་དག་མཐའ་གཅིག་ཏུ་ཐག་བཅད་ནས་འཆད་རྒྱུ་དཀའ་ལས་ཁག་པོ་ཡིན་པར་གསུངས་ཡོད།
མིག་བརྒྱད་པ་ལགས།
ས་པཎ་གྱིས། ཆོས་ཀྱི་སྐད་དང་མཐུན་པ་ཡིས། །རང་ཡུལ་སྐད་ངན་སྤང་བར་བྱ། །ཞེས་པ་ནི། བདག་གི་རང་ལུགས་འཐད་ལྡན་དུ་བསྒྲུབ་པའི་ལུང་རེད། རྩོམ་བ་བོ་ནི་རྟགས་མཚུངས་རེད། རྩོམ་པ་པོ་ནི་སྒྲ་མཚུངས་རེད། རྟགས་མཚུངས་ནི་ཆོས་སྐད་ཀྱི་ཡི་གེའི་འགྲོ་ལུགས་དང་མཐུན་པར་རྟགས་དྲང་དགོས་པའི་དོན་རེད། ཡུལ་ལུང་སོ་སོའི་སྐད་དང་མཐུན་པར་བརྗོད་པ་རེད། ད་དུང་ཁྱེད་ཀྱིས་རང་གི་རང་ལུགས་ངོས་ཟིན་གྱི་མེད་པ་རེད།
ཁྱེད་ཀྱིས་བདག་ལ་སྨྲ་བ་པོ་སོགས་ནང་འགལ་བསྟན་པ་ནི་བདག་གིས་ཧ་མ་གོ་བ་ཞིག་རྩ་བ་ནས་མེད། བདག་གིས་བཤད་པ་ནི་ཁྱེད་ཀྱིས་སྔོན་མའི་མཆན་ཁ་ཤས་སུ་ཐོན་མིའི་ཞལ་ལུང་ཁས་ལེན་བྱེད་ཀྱི་ཡིན་ཞེས་ལབ་པ་དང་ད་ལྟ་ཁས་ལེན་མི་བྱེད་པར་སི་ཏུ་ཁོ་ན་ཁས་ལེན་བྱེད་པའི་རྒྱུ་མཚན་ག་རེ་ཡིན་ནམ།
སི་ཏུ་ཁོ་ན་ཁྱེད་ཀྱི་རང་ལུགས་བྱེད་པ་མིན་ན། ཁྱེད་ཀྱི་ཚིག་འདི་ག་རེ་རེད་དམ། པ་ཡིག་ཁོ་ན་བདག་སྒྲ་ཡིན་པར་བསྟན་པ་སི་ཏུས་བཞེད་པ་དེ་དོན་གནས་ཤིང་བདག་གིས་ཀྱང་དེ་ལྟར་འདོད་དོ། །ཞེས་བཤད་ཡོད། བདག་འུ་ཐུག་པ་རེད་དམ་ཁྱེད་རང་འུ་ཐུག་པ་རེད།
བདག་གིས་ཁྱེད་ཀྱི་ཁྱབ་མཐའ་ལ་རྟགས་མ་གྲུབ་སྟེ་ཕོ་ཡིག་ཐོན་མིས་བོད་ཡིག་གསར་བཟོ་བྱེད་པའི་སྐབས་སུ་བོད་ཀྱི་སྐད་ལ་བདག་པོ་སྟོན་བྱེད་ཀྱི་ཚིག་ཕྲད་དུ་མ་གྲུབ་པའི་ཕྱིར། ཞེས་ཐེངས་མང་ལབ་ཡོད། མོ་ཡིག་ལ་པུ་ལིང་ག་སྟེ་སྐྱེས་པའི་རྟགས་ཀྱི་མིང་གིས་བཏགས་ཡོད་པ་ནི་ཨ་ལགས་ཚེ་བརྟན་ཞབས་དྲུང་དང་སི་ཏུ་གཉིས་ཀྱི་ལུགས་ཡིན་ནོ། འདི་སྔོན་མར་ཡང་བདག་གིས་དྲངས་ཡོད། དེ་ལ་ལན་རྒྱོབས།
བདག་གིས་རིགས་པའི་ཁྱབ་མཐའ་བཀོད་པ་ལ་ལན་མི་བརྒྱག་པར་འབྲེལ་མེད་ཀྱི་ཁྱབ་མཐའ་བཀོད་པ་ལ་དགོས་པ་མེད་དོ།
མིག་བརྒྱད་པ་ལགས།
ཁྱེད་ཀྱིས་རྩ་བ་བོར་ནས་ཡལ་ག་དག་ལ་བརྟེན་ཏེ་དགེ་སློང་ཕ་དང་དགེ་སློང་མ་བདག་སྒྲ་ཡིན་མིན་གྱི་དྲི་བ་དྲིས་འདུག དེ་ལ་བདག་གིས་བདག་སྒྲ་མིན་པར་འཆད་རྒྱུ་ཡིན། དེ་ནི་ཕོ་མོའི་ཁྱད་པར་སྟོན་པའི་སྒྲ་ཡིན། བདག་གིས་ཁྱེད་ལ་མི་ཚེའི་བརྒྱ་ལ་སློབ་ཁྲིད་བྱས་ཀྱང་རྫོགས་མཐའ་མེད་དོ། །རྩ་བའི་རྩོད་གཞི་རྩོམ་པ་བོ་དང་རྩོམ་པ་པོ་གཉིས་ཀྱི་རྟགས་མཚུངས་དང་སྒྲ་མཚུངས་རྩོད་པའི་སྐབས་སུ་ཁྱེད་ཀྱིས་དེ་དོར་ནས་བདག་སྒྲའི་སྐོར་གླེང་གི་འདུག ད་ལྟ་ཡང་དེ་ལས་གཞན་དུ་འགྲོ་བ་ནི་ཅི་རེད།
བདག་གི་རང་ལུགས་རྩོམ་པ་བོ་ཞེས་པར་བདག་གིས་རིགས་པ་གསུམ་གྱི་སྒོ་ནས་སྒྲུབ་བྱེད་བཀོད་ཡོད། ཁྱེད་ཀྱི་རང་ལུགས་རྩོམ་པ་པོ་ཞེས་པར་ད་ལྟའི་བར་དུ་ཁྱེད་ཀྱིས་སྒྲུབ་བྱེད་གཅིག་ཀྱང་བཀོད་མེད་པར་མ་ཟད། བདག་གི་གཤམ་གྱི་དྲི་བ་དག་ལ་ལན་བརྒྱག་ཐུབ་མེད། དེ་དག་ལ་ལན་བསྐྱོན་པར་ཞུ།
༡ ཁྱེད་ཀྱི་འདོད་པ་ནི་རྩོམ་པ་པོ་ཡིན་ན་དེ་ཡང་དག་ཡིན་པའི་སྒྲུབ་བྱེད་ཅིག་འགོད་པར་ཞུ།
༢ རྩོམ་པ་པོ་ཞེས་པ་མི་འཐད་དེ། ལུང་ཚན་བྱེ་བྲག་པའི་སྐད་ཡིན། ལུང་ཚན་བྱེ་བྲག་པའི་སྐད་ཡིན་ན་ཡིད་བརྟན་མེད་པ་དང་ནོར་འཁྲུལ་ཡིན་པར་ཁྱེད་ཀྱི་འདོད་པ་མཐར་ཐུག་ཡིན་ནོ། ཁྱེད་ལ་ལན་མེད་པས་འཁོར་གསུམ་མོ།
༣ རྩོམ་པ་བོ་ཞེས་པའི་བོ་ཡིག་ཆོས་ཅན། བདག་སྒྲ་ཡིན་ཏེ། རྟགས་མཚུངས་འདྲེན་པའི་ཕྱིར་ཞེས་པའི་ཡི་གེ་ཞིག་བྲིས་མེད། དེ་ཡང་ཁྱེད་ཀྱི་རྟོག་བཟོ་གསུམ་པ་རེད། བདག་གིས་དེ་ལྟར་དུ་བཀོད་ཡོད་ན་ཁྱེད་ཀྱིས་ལན་ཞིག་བརྒྱབ་ཡོད་ཀྱི་རེད། ལན་གང་དུ་བྲིས་ཡོད་དམ། སྐྱག་རྫུན་རྐྱང་རྐྱང་གིས་མཐའ་ཆོད་ཀྱི་མ་རེད།
༤ ཁྱེད་ཀྱིས་རྩ་བ་བོར་ནས་བ་དང་བོ་བདག་སྒྲ་ཡིན་མིན་ལ་རྩོད་པ་བྱེད་འདོད་ཡོད་ས་རེད། དངོས་གནས་ཡག་པོ་རེད། བ་དང་བོ་གཉིས་ནི། བདག་སྒྲ་ཡིན་ཏེ། སློབ་དཔོན་ཐོན་མིའི་དགོངས་པ་མཐར་ཐུག་ཡིན་ནོ། ཁྱེད་ཀྱིས་འདི་ལ་ལན་རྒྱོབས་ཤིག
༥ རྟགས་མཚུངས་ཡིན་ན་བདག་སྒྲ་ཡིན་དགོས་ན། དཔྱིད་ཀ་དང་སྙིང་ག་དང་དགུན་ཁ་སོགས་ནི། བདག་སྒྲ་ཡིན་པར་འགྱུར་ཏེ། རྟགས་མཚུངས་དྲངས་པའི་ཕྱིར། འཁོར་གསུམ། རྟགས་མཚུངས་ཡིན་ན་བདག་སྒྲ་ཡིན་དགོས་པ་ནི། ཁྱེད་ཀྱི་ཞེ་འདོད་ཡིན་ཏེ། ཁྱེད་ཀྱིས་རྟགས་གསལ་བཀོད་ཡོད།
༦ དེའི་ནང་གི་བསྐོར་བ་བོ་ནི་ཁྱེད་ཀྱིས་དུས་གསུམ་དང་བདག་གཞན་གྱི་ཁྱད་པར་མི་ཤེས་པའི་ནོར་འཁྲུལ་གྱི་རང་མཚང་བསྟན་པ་རེད།
༧ ཁྱེད་ཀྱིས་པ་ཡིག་ཁོ་ན་བདག་སྒྲ་འདོད་པ་ཁྱེད་ཀྱི་རང་ལུགས་ཡིན་ན། བྱེད་པ་མོ་དང་། ལྷ་མ། ཆོས་མ། ལྷ་ས་བ། སེ་ར་བ་སོགས་ནི། བདག་སྒྲ་མ་ཡིན་པར་འགྱུར་ཏེ། དེའི་བདག་སྒྲ་པ་ཡིག་མ་ཡིན་ཕྱིར། འདོད་ན། དེ་དག་ནི་བདག་སྒྲ་ཡིན་པར་སི་ཏུས་འདོད་པའི་ཕྱིར། དེ་ལས། དེ་དག་ལ་སྐྱེས་པའི་རྟགས་དང་བུད་མེད་ཀྱི་རྟགས་ཀྱི་མིང་གིས་བསྟན་པར་ཤེས་པར་བྱའོ། །གསུངས་སོ། འཁོར་གསུམ་མོ། །
༨ གཞན་ཡང་། ཁྱེད་ཀྱིས་བ་དང་བོ་ཡོད་ཚད་བདག་སྒྲ་མ་ཡིན་པའི་ཕྱིར། ཞེས་བཀོད་འདུག བདག་གིས་བ་དང་བོ་ཡོད་ཚད་བདག་སྒྲ་ཡིན་པར་གང་དུ་བཤད་འདུག སོ་སོ་ལ་འཆད་རྒྱུ་མེད་ན་རྟོག་བཟོ་མི་བྱེད་པར་ཞུ།
༩ མང་བོ་ནི་རང་ལུགས་འཐད་ལྡན་ཡིན་ཏེ། མིང་མཐའི་པ་བའང་ཕལ་ཆེར་འདྲ། །ཞེས་གསུངས་སོ། །རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ནོར་བར་བཤད་པ་ནི་གཏན་ནས་མི་འགྲིག་གོ །བདག་གི་ཚིག་རེའི་རྒྱབ་ན་རིགས་པ་སྟོང་ཕྲག་རེ་ཡོད།
༡༠ ཙོང་ཁ་བ་དང་། སེ་ར་བ། ལྷ་ས་བ། སྨྲ་བ་བོ་སོགས་ཆོས་ཅན། བདག་སྒྲ་ཡིན་པར་ཐལ། ཁ་སྐད་ཀྱི་བདག་སྒྲ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཁ་སྐད་ལ་བརྗོད་རུང་བའི་བདག་སྒྲ་ཡིན་པར་ཁྱེད་ཀྱིས་འདོད་པའི་ཕྱིར། མ་ཁྱབ་ན། ཁྱེད་ཀྱིས་ཁ་སྐད་གཙོ་བོར་བཟུང་ནས་བརྗོད་བདེ་འདྲེན་པ་ནི་ཁྱེད་ཀྱི་རང་ལུགས་ཡིན་པའི་ཕྱིར། འདོད་ན། འཁོར་གསུམ་མོ། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཕེབས་པར་དགའ་བསུ། ལེགས་དང་ལགས་གཉི་ག་འབྲི་སྲོལ་ཡོད་པ་གཞིར་བཞག་ནས་རྩོད་གླེང་མི་བྱེད། ཁྱེད་ཀྱིས་གསུངས་པ་ལྟར་དངོས་གནས་ཁོ་བོས་ཀྱང་རྒྱུན་དུ་རྩོམ་ཡིག་བྲི་སྐབས་ལུང་སྐད་ཤུགས་ཆེན་བེད་སྤྱོད་གཏོང་བཞིན་པ་འདྲ། ད་དུང་ན་ནིང་ཞིག་ལ། ངས་བོད་ལ་ད་ལྟ་སྤྱི་སྐད་མེད་ཅེས་པའི་འབོལ་རྩོམ་ཐུང་ངུ་ཞིག་དྲ་ཐོག་ཏུ་སྤེལ་བ་ཡིན། སྐབས་དེ་དུས་ངས་བོད་ལ་སྤྱི་སྐད་མེད་པས་སྤྱི་སྐད་ཅིག་བཤད་མི་ཤེས་ལ་འབྲི་ཡང་མི་ཤེས་ཞེས་ལབ་ཡིན། དེ་ནས་བཟུང་རྩོམ་པ་པོ་གང་མང་གིས་རྩོད་རྙོག་གམ་གླེང་མོལ་ཤུགས་ཆེན་བྱས་པ་རེད། སྐབས་དེར་ངའི་མིང་ལ་ཁ་སྐད་མཁན་པོ་ཞེས་བཏགས་པ་རེད། དེ་ནི་ངས་ཁ་སྐད་གསོག་ནས་སྤྱི་སྐད་ཆགས་དགོས་ཀྱིན་འདུག་ལབ་པས་བཏགས་པ་རེད། ད་ལོ་ནས་བཟུང་ང་ལ་འགྱོད་པ་ཞིག་སྐྱེས་ཏེ་ཡིག་ནོར་དང་གཏགས་ནོར། དོན་ནོར་དང་བརྡ་རྙིང་རིགས་ཡག་པོ་མི་འདུག་སྙམ་པའི་ཚོར་སྣང་ཐན་ཐུན་ཞིག་གིས་རྐྱེན་ལས་ད་ལྟ་བོད་སྤྱི་སྐད་ཀྱི་ཕྱོགས་སུ་འབད་བཞིན་ཡོད་ལ། ཡིག་ནོར་གང་རིགས་བཅོ་རྒྱུ་དང་གཏགས་ནོར་དང་དོན་ནོར་རིགས་མཐོང་ཚེ་སྟོན་རྒྱུའི་དམ་ཙམ་བཞག་ཡོད། རང་ལ་མཚོན་ན་ནང་ཆོས་རྐྱང་བ་ལས་རིག་གནས་སྐོར་བསླབ་མྱོང་མེད། དེའི་ཕྱིར་དྲ་ཐོག་ཏུ་ཡོང་སྟེ་ཤུགས་བརྒྱབ་ནས་སྐད་ཆ་རེ་ལ་རྩོམ་ཟེར་བའི་ཐ་སྙད་ཆེན་པོ་ཞིག་སྦྱར་ཏེ་ཟིན་བྲིས་སུ་འཇོག་ཁུལ་བྱས། དེ་ལ་རྩོམ་པ་པོ་རྒན་རབས་པ་དང་ལྷག་བསམ་ཅན་མང་བོ་ཞིག་གིས་སྔ་ཕྱིར་དག་བཅོས་གནང་བས་ཧ་ཅང་ཕན་སོང་། དེའི་ཕྱིར་ངས་གཞན་ལ་ཏོག་ཙམ་རེ་ཨེ་ཕན་གྱི་ཕྱིར་ཏུ་ཡིག་ནོར་བཅོ་རྒྱུའི་ལས་ཀ་འདི་དང་ལེན་བྱས་ཡིན།
གོང་དུ་ཉིད་ཀྱིས་༼ དིང་སང་ཕལ་ཆེ་བས་འབྲི་བ༽ཞེས་བྲིས་འདུག དིང་སང་གི་དེང་ལ་དུས་རྒྱུན་དེང་འདི་བེད་སྤྱད་མཁན་ཧ་ཅང་མང་། ཉིད་ཀྱི་དེ་ལ་དམིགས་བསལ་གོ་རྒྱུ་མེད་ཚེ་ནོར་བ་ཡིན་པ་འདྲ།
ཤིན་ཏུ་བཀུར་བར་འོས་པའི་དྲ་གྲོགས་མིག་བརྒྱད་པ་དང་དཀར་མཚོ་སྐྱིད་ལགས།
ཁྱེད་རྣམ་པ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། མིང་མཐའ་འདྲེན་ཚུལ་དང་བདག་སྒྲ་པོ་བོ་སོགས་ཀྱི་སྐོར་ལས་འཕྲོས་པའི་ལུང་རིགས་ཀྱི་སྒྲུབ་བྱེད་རིན་ཐང་ཅན་མི་ཉུང་བ་ཞིག་ཀློག་མཁན་རྣམས་ཀྱི་སྤྱན་སྔར་བཤམས་པ་རེད། ཏན་ཏན་ཀློག་མཁན་གང་མང་ཞིག་གི་བློ་སྒོ་འབྱེད་པར་ཕན་ཐོགས་བྱུང་ཡོད་ངེས། སྤྱིར་བདག་སྒྲའི་སྐོར་དེ་སྔོན་ཆད་ཅིག་ལའང་མང་པོ་ཞིག་གིས་བརྩད་པ་རེད། རང་རང་གི་ཞེ་འདོད་ལྟར་ལས་མཐའ་མའི་གྲུབ་དོན་འདི་རེད་ཟེར་བ་ཞིག་བྱུང་ཐུབ་མེད། ད་ཁྱེད་གཉིས་ཀྱིས་བཤད་དགོས་པ་ཕལ་ཆེར་བཤད་ཚར་བ་རེད། ད་དུང་མུ་མཐུད་བརྩད་ན་ཡང་འགོད་བསྐྱར་ལྟ་བུ་ཞིག་ཆགས་རྒྱུ་ལས་གཞན་མེད་པ་འདྲ་བས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད་ན་གང་འདྲ་འདུག རྣམ་པ་གཉིས་ནས་ཞུ་ཧམ་དུ་མ་དགོངས་རོགས།
ཨ་རིག་དགེ་མཐོང་ལགས་ཀྱིས་གུས་པའི་མཆན་ལ་དག་བཅོས་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། འདིར་ཁྱེད་ལ་དྲི་བ་ཁ་ཤས་ཤིག་ཡོད། དཔེར་ན་་་བཀའ་དྲིན་ཆེ་་་་་སྐུ་དྲིན་ཆེ་་་་་་ཐུགས་རྗེ་ཆེ་་་་་འོར་ཆེ་་་་་ཚེ་རིང་་་་་ལ་ཡོག་མ་རྒྱག་་་་་ཟེར་བ་འདི་ཚོའི་ནང་ནས་་་་བོད་སྤྱིའི་སྐད་་་ཅེས་པ་དེ་གང་ཡིན་ནམ། ཨ་མདོའི་སྐད་ལ་་་་ལོག་སྐད་མི་འདྲ་བ་དེ་འདྲ་་་་བརྒྱབ་རྒྱུ་ཡོད་རེད་དམ། དཔེར་ན་་་སྟོད་པའི་་་སྐད་ཀྱི་ལོག་སྐད་མི་འདྲ་བ་གཉིས་ངོས་ཀྱིས་རྒྱག་ཤེས་ཀྱི་ཡོད། དེ་ཡང་དཔེར་ན། ཁྱེད་རང་ག་བ་འགྲོ་གི་ཡིན་པས་་་ལབ་ན། སྟོད་པའི་ལོག་སྐད་་༡་་ཁྱ་ཁེ་རང་ག་ཁ་བ་འགྲ་ཁོ་གི་ཡ་ཁིན་པས། ༢ ཁྱིམ་ཁྱ་རིམ་རང་གིམ་ག་བིམ་བ་འགྲིམ་འགྲ་ག་གི་ཡིམ་ཡ་པིམ་པ། འདི་ཁྱེད་ཚོས་གོ་ས་རེད་དམ།
བོན་པོ་ལགས་ཡ་ཧྲ་དང་ཐ་གོ ངོ་མ་བཟོ་ལེ་ཡིན་ ཡག་མོ་དྲག་མོ་འགུ གོ་སོང་ངམ།
དམག་རྒྱག་མཁན་ཕྱོགས་གཉིས་གི་ལག་རྩལ་དང་འཐབ་རྩད་འདྲ་མཉམ་ཡིན་ན་དམག་མཚམས་ལས་སླ་བོར་འཇོག་ཐུབ་གི་མ་རེད། ཡིན་ནའང་རིག་པའི་རྩལ་དང་རྩ་བ་གང་ཡང་མེད་པར་དམག་རྒྱག་གི་ཡིན་ཟེར་ནས་ཁ་ཤོམ་དང་ཨུ་ཚུགས་ག་ཚད་རྒྱབ་ཀྱང་མཐའ་མར་རང་ཉིད་གྲག་འགུལ་མེད་པ་བཟོ་གི་རེད།
དཔེར་ན། འབའ་སྲས་ཞུ་བའི་ཨུ་ཚུགས་མཁན་པོ་དེ་ལྟ་བུ་རེད། ཐོག་མར་ཨུ་ཚུགས་གི་གཡག་རྭ་བསྟན་ནས་ངར་ངར་བྱས་པ་རེད། དེང་སང་ག་སོང་ཡང་མེད་པར་ཆགས་པ་རེད། དམག་ལས་སླ་བོར་མཇུག་བསྡུས་པ་རེད།
མིག་བརྒྱད་པ་དང་དཀར་མཚོ་སྐྱིད་གཉིས་གི་དམག་འཐབ་འདི་དུས་ཡུན་གང་འཚམ་འགོར་བའི་བཟོད་འདུག རྒྱུ་མཚན། ཕྱོགས་གཉིས་ལ་བདེན་ཁ་ཡོད་པ་རེད། བསམ་ཤེས་དང་ཡིད་མཐུན་བྱེད་མ་བྱེད་ཙམ་རེད། འདི་ལྟར་དམག་ཡུན་རིང་དྲག་ན་ཕྱོགས་གཉིས་ཀ་ཐང་ཆད་ནས་ཕམ་ཁ་ཉོ་གི་རེད། རྒྱལ་ཁ་དེ་ལྟད་མོ་བ་ཚོར་ཡོད་པ་རེད། དེ་ལས་མཚམས་འདིར་གཉིས་ཕན་དབུ་མའི་ལམ་དུ་ཞུགས་འགོ་ཚུགས་ན་ཡག་གི་རེད།
དབུ་མའི་ལམ་དུ་འགྲོ་ན་འགྲོ་སའི་གཞི་ཞིག་དགོས་པ་རེད། གཞི་དེ་གངས་ཅན་མཁས་པའི་སུམ་རྟགས་གཙུག་རྒྱན་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གི་དགོངས་པའི་ལམ་དུ་ཞུགས་ན་ས་ཡ་དྲུག་གི་རྒྱབ་སྐྱོར་ཡོང་གི་རེད། དེ་ན་ཁོང་གིས་བདག་སྒྲ་བཞེད་ཚུལ་འདི་ལྟར་རེད་༼ ང་འ་ར་ལ་མཐའ་མེད་ལ་བདག་སྒྲ་ཡར་གྱུར་བ་དང་ནི་ཆ་ལ་པ་ཉིད་སྦྱོར་བ་ལེགས། མིང་མཐའི་པ་བའང་ཕལ་ཆེར་འདྲ། མ་ནི་ངེས་མེད་སྐབས་དང་སྦྱར། ༽ འདི་འདྲ་བའི་ལམ་བདེ་མོ་ཞིག་ཡོད་བཞིན་དུ་རང་ལམ་ཀྱག་ཀྱོག་ནང་སྐེ་འཐེན་ནས་ས་ལ་རྐང་འབྲད་ལག་འབྲད་བྱེད་དགོས་དོན་ཨེ་ཡོད་ཀི།
ད་ཁ་བརྡའི་ནང་གི་ཁ་དམག་དམག་ཆེན་གཉིས་པ་འདི་མཇུག་བསྡུ་དགོས་ན་དབུ་མའི་ལམ་མ་གཏོགས་འགྲོ་ས་གཞན་མེད། ཨ་ལ་ལ་མོ་ངག་གི་འགུག་ལུགས་རེད། ཧཧཧ
༼ BONPO ༽མིང་ཅན་ལགས། རྗེས་སུ་རང་མིང་བོད་ཡིག་སྟེང་བྲི་རྒྱུ་རེ་བ་ཆེ
གཞན་ཉིད་ཀྱིས་བྲིས་པའི༼ སྟོད་པའི་་་སྐད་ཀྱི་ལོག་སྐད་མི་འདྲ་བ་གཉིས་ངོས་ཀྱིས་རྒྱག་ཤེས་ཀྱི་ཡོད། དེ་ཡང་དཔེར་ན། ཁྱེད་རང་ག་བ་འགྲོ་གི་ཡིན་པས་་་ལབ་ན། སྟོད་པའི་ལོག་སྐད་་༡་་ཁྱ་ཁེ་རང་ག་ཁ་བ་འགྲ་ཁོ་གི་ཡ་ཁིན་པས། ༢ ཁྱིམ་ཁྱ་རིམ་རང་གིམ་ག་བིམ་བ་འགྲིམ་འགྲ་ག་གི་ཡིམ་ཡ་པིམ་པ། འདི་ཁྱེད་ཚོས་གོ་ས་རེད་དམ།༽ཅེས་པ་འདི་དག་དངོས་གནས་གོ་ས་མ་རེད།
དེ་བཞིན་ཨ་མདོའི་སྐད་ལ་ཡང་མི་གོ་བ་མང་། མ་ཟད་ཨ་མདོ་བ་ཚོའི་ནང་དུ་ལུང་སྐད་འདྲ་མིན་ཡོད་པས་དེ་དག་ཕན་ཚུན་གྱིས་མི་གོ དཔེར་ན། རྒྱལ་རོང་གི་སྐད། རེབ་གོང་སེང་གེ་གཞུང་གི་སྐད། དཔའ་རིས་སྐད། དོར་དོའི་སྐད་བཅས་མི་གོ་བ་མང་།
ཨ་མདོའི་སྐད་དུ། འགྲོ་ལ་འགྱོ། ཟེར། ཕེབས་རྒྱུ་ཡིན་ནམ་ལ་འགྱོ་རྒྱུ་ཨེ་ཡིན། དེར་མ་ཟད་ཨ་མདོའི་ནང་གི་ཨ་རིག་གི་སྐད་ལ་ཡང་ཁྱེད་ཀྱིས་མི་གོ་བ་གྲངས་ལས་འདས། ཡིན་ནའང་། རེ་རེ་བཞིན་ངོ་སྤྲོད་རྒྱུའི་དུས་ཚོད་མི་འདུག་དགོངས་སེལ་ཞུ། རྗེས་སུ་རིམ་གྱིས་གླེང་མོལ་བྱེད་ཆོག
དྲ’གོྲགས’རྣམས’ལ’ཞུ’རྒྱུར། བོད’ནང’དུ’རང’ལུས’མེར’སྲེག’གི’ལས’འགུལ’མུ’མཐུད’སྤེལ’དང’སྤེལ’བཞིན’པ’རེད།དེས’ན’ང’ཚོ’རང’དབང’ལུང’བ’རུ’སྡོད’པའི’བོད’མི’རྣམས’ཀྱིས’ཁོང’ཚོར’རྒྱབ’སྐྱོར’གྱི’ལས’འགུལ’ག’རེ’སྤེལ’ན’དགའ’ས’རེད།
ཨུ་ཚུགས་མ། ཉོན། ཁྱེད་ཀྱིས་ད་བར་རྩོམ་པ་བོ་ཞེས་པའི་བོ་ཡིག་བདག་སྒྲ་ལ་འཇུག་པའི་ཁུངས་ལུང་དང་སྒྲུབ་བྱེད་ཡང་དག་ཅིག་གང་ཡང་བཀོད་ཐུབ་མ་སོང་། ད་ནི་ངས་ཁྱོད་ལ་རྩོམ་པ་པོ་ཞེས་པའི་པོ་ཡིག་བདག་སྒྲ་ལ་འཇུག་པའི་ཁུངས་ལུང་དང་སྒྲུབ་བྱེད་ཡང་དག་འགོད་གི་ཡིན། ལེགས་པར་ཉོན་ལ་ཡིད་ལ་རབ་ཏུ་ཟུངས་ཤིག །
དང་པོ། བདག་སྒྲ་ཡིན་མིན་གྱི་ཐད་ནས་ངེད་གཉིས་ལ་རྩོད་པ་མེད་པ་ཁྱེད་ཀྱིས་ཁས་བླངས་བ་དེ་ག་རང་རེད། ཁྱབ་ཆེ་ཆུང་གི་ཆ་ནས་བོད་གངས་ཅན་གྱི་བརྡ་སྤྲོད་པའི་གཞུང་ལུགས་སྟེ་སི་ཏུ་དང་པྲ་ཏི། དངུལ་ཆུ་རིན་པོ་ཆེའི་ལུགས་གསུམ་ག་དང་མཐུན་པ་ཡིན་སྟབས་དེ་ལྟར་བྲིས་ན་ཡག་པོ་འདུག་ཟེར་གི་ཡོད། མ་ཟད་བཀའ་བསྟན་གསུང་རབ་ཐམས་ཅད་དང་མཐུན་གྱི་འདུག་ལ་མདོ་དབུས་ཁམས་གསུམ་གྱི་སྐད་དང་ཡང་མཐུན་པས་སོ།། རྗེ་ཙོང་བས་མཛད་པའི་ལེགས་བཤད་སྙིང་པོ་ལས་ཀྱང་། ད་ལྟར་གྱི་རྩོམ་པ་པོ་གཅིག་གིས་བརྩམས་པའི་བསྟན་བཅོས་ཞེས་པ་ལྟར་པོ་ཡིག་འབྲི་དགོས་དགོས་པ་འདིས་ཀྱང་མཚོན་ཐུབ། དེ་བཞིན་དུ་གཞུང་དེར་བྱེད་པ་པོ། སྨྲ་བ་པོ། གསུང་བ་པོ་ཞེས་སོགས་པོ་ཡིག་རྐྱང་རེད། དེ་བཞིན་དུ་པྲ་ཏིའི་བདག་སྒྲའི་དཔེ་བརྗོད་དུ། མྱོང་བ་པོ། ལྷ་ས་པ། སེ་ར་པ། བུམ་པ་བ། ཞེས། པ་བ་པོ་གསུམ་མ་གཏོགས་བོ་ཡིག་བདག་སྒྲ་ལ་མ་བཞག་པའི་རྒྱུ་མཚན་པོ་ཡིག་བདག་སྒྲ་ལ་འཇུག་པ་ཁྱབ་ཆེ་བའི་རྒྱུ་མཚན་གྱིས་རེད། ད་ནི་ཁྱོད་ཀྱིས་ལུང་ཞེན་གྱི་དབང་གིས་བཞག་པའི་རྩོམ་པ་བོ་ཞེས་ཡི་གེ་འདི་འདྲ་ཞིག་བཀའ་བསྟན་གསུང་རབ་གང་དུའང་མེད་ལ་མདོ་དབུས་ཁམས་གསུམ་གྱི་སྐད་དང་ཡང་མི་མཐུན་པར་མ་ཟད། བརྡ་སྤྲོད་པའི་གཞུང་དང་ཡང་མི་མཐུན་པ་ཡིན་སྟབས་ཡིག་ནོར་རེད་ཅེས་བརྗོད་པ་ཡིན། བོད་སྤྱི་སྐད་དང་མཐུན་གྱི་མི་འདུག་ཟེར་བ་ཡིན། ཡི་གེ་མ་རེད་ཟེར་བ་མིན། དེས་རྒྱུ་མཚན་གྱིས་ཁྱོད་ཀྱིས་ཡོད་པ་བཞག་ནས་མེད་པ་བཙལ་དགོས་དོན་ཅི་ཡིན་ནམ་ཞེས་ངའི་རྩ་བའི་དམ་བཅའ་ཡོང་དོན་འདི་ཡིན། ད་དུང་ཁྱོད་ཀྱིས་རྩོམ་པ་བོ་ཞེས་པ་བདག་སྒྲ་ཡིན་པའི་རྒྱུ་མཚན་བ་དང་བོ་ཡིག་བདག་སྒྲ་ལ་འཇུག་པ་ཡོད་པར་བསམ་ནས་བྲིས་བ་འདྲ། སྤྱི་བཏང་བོ་ཡིག་བདག་སྒྲ་ལ་འཇུག་པ་ཡོད་ཀྱང་ཁྱབ་ཆུང་བའི་ཕྱིར། ཁྱོད་ཀྱི་དེ་ནི་རང་བཟོ་ཁོ་ནའོ།།ད་ཁྱོད་ལ་གནས་ལུགས་དང་མཐུན་པའི་ཁ་གྲག་རྒྱུ་ཨེ་ཡོད། །
འདི་ན་དཀར་མོ་སྐྱིད་ཀྱི་འུག་ཚང་གིས།།
ཡོད་པ་བཞག་ནས་མེད་པ་བཙལ་བའི་མཐར།།
ཐན་ལྟོས་སྒྲོག་པ་སེམས་ཀྱིས་མ་བཟོད་ནས།།
བཀའ་བསྟན་གཞི་ལ་བཞག་ནས་དཔྱོད་པ་བྱས།།
གོང་གི་དྲ་གྲོགས་སྒྲོན་མེ་ལགས་སུ་ཞུ་རྒྱུ། ང་ཚོས་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད། འོན་ཀྱང་། བཀའ་སྤྱི་ཟུང་འབྲེལ་གྱིས་སྤེལ་བའི་ལས་འགུལ་འདི་ལས་ལྷག་ཅིག་བཙན་བྱོལ་བ་ཚོ་ལ་མེད་པ་གསལ་གསལ་ཐང་ཐང་རེད།
ཡང་ལས་འགུལ་ནི་སྟབས་བསྟུན་གྱིས་སྤེལ་རྒྱུ་ལས། ག་དུས་ཡིན་ན་ལས་འགུལ་སྤེལ་ན་མི་མང་ཉོབ་སྲིད་ལ། ཕྱོགས་གཞན་དཔལ་འབྱོར་གྱིས་འགྲོ་སོང་གིས་ཀྱང་འདང་དཀའ།
དེ་ཙམ་ཡིན།
ཞོར་ནས། མིག་བརྒྱད་ལགས་དང་དཀར་མཚོ་སྐྱིད་ཀྱི་གླེང་མོལ་ལ་རྗེས་སུ་ཡི་རང་ཡོད།
མིག་བརྒྱད་ཀྱི་༼ འུག་ཚང་གིས༽ ནོར་འདུག
མིག་བརྒྱད་པ་ལགས།
བདག་གིས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་བསྒྲུབས་ཟིན་པས། ད་དུང་ཁྱེད་ཀྱིས་མཐོང་མེད་ན་སྔོན་མར་བཀོད་པ་འདི་དག་ལ། ཁྱེད་ཀྱི་རང་ལུགས་པ་ཡིག་ཁོ་ན་བདག་སྒྲ་ཡིན་པའི་རྩ་བའི་དམ་བཅའ་གཞིར་བཟུང་ནས་ལན་སྨྲོས་ཤིག
མིག་བརྒྱད་གཙོ་བོར་གྱུར་པའི་དྲྭ་གྲོགས་ཚོ།
བདག་གི་རང་ལུགས་ནི་རྩོམ་པ་བོ་ཞེས་པ་འདི་ཡིན། འདི་འཐད་ལྡན་དུ་འདོད་པ་ལ། དང་བོ་ནི། ཐོན་མིའི་སུམ་རྟགས་ཀྱི་གཞུང་དུ་གཙོ་བོར་དངོས་བསྟན་དུ་རྟགས་མཚུངས་བསྟན་པ་དང་ཞོར་དུ་སྒྲ་མཚུངས་བསྟན་ཡོད། དེ་ཡང་ཡིན་ཏེ། པྲ་ཏིའི་སུམ་རྟགས་སུ། རང་ཉིད་གཞིར་བཟུང་ཁྱད་པར་དོན། །ཞེས་དང་། སི་ཏུའི་སུམ་རྟགས་སུ། ཕོ་མོའི་རྟགས་ཕལ་ཆེར་གྱིས་དེ་ལྟར་འདྲེན་པས་གཙོ་ཆེ་བ་ཙམ་ལ་དགོངས་སྟེ། ཞེས་དང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་དུ། རྟགས་མཚུངས་ཀྱི་འདྲེན་ཚུལ་རྩ་བར་དངོས་སུ་བསྟན་པའི་སྤྱིར་བཏང་གཙོ་ཆེ་བའི་ཚུལ་ཏེ། ཞེས་གསུངས་པ་དག་ལ་བརྟེན་ན་རྟགས་མཚུངས་གཙོ་བོར་འཛིན་དགོས་པ་ནི་ཐོན་མིའི་དགོངས་པ་དངོས་ཡིན་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་པ་དང་བོའོ། གཉིས་པ་ནི། སི་ཏུས་བདག་སྒྲའི་ཐོབ་ཐང་ནི་ཕྲད་རང་དབང་ཡིན་པར་འདོད་ཡོད་ནའང་། ཨ་ལགས་ཚེ་བརྟན་ཞབས་དྲུང་གིས་རིགས་པའི་སྒོ་ནས་དེ་ནི་གཞན་དབང་ཅན་ཡིན་པར་གསུངས་ཡོད། དེ་ཡང་བདག་སྒྲ་འདི་རྗེས་འཇུག་ལ་མ་བལྟོས་པའི་ཕྲད་རང་དབང་ཅན་ཡིན་ཞེས་གསུངས་པའི་དམ་བཅའ་ཡང་ངང་ངམ་ཤུགས་ཀྱིས་རང་ཡལ་དུ་སོང་བ་ཤེས་པར་མཛོད་ཅིག ཅེས་གསུངས་སོ། །དེས་ན་འདི་ནི་ཕྲད་གཞན་དབང་ཅན་ཡིན་པས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །གསུངས་པ་ལྟར་རྩོམ་པ་བོ་ཞེས་པའི་པ་ཡིག་ནི་མཐའ་མེད་ཡིན་པས་དེའི་རྗེས་སུ་བ་དང་བོ་སྦྱོར་དགོས་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་ཡོད་པ་གཉིས་པའོ། གསུམ་པ། བ་དང་བོ་བདག་སྒྲ་ཡིན་པ་ནི་སྔོན་བྱོན་མཁས་པའི་གསུང་ཁ་ཤས་ཡོད་ཀྱང་། འདིར་གནད་ཆེ་བ་ནི་ཨ་ལགས་ཚེ་བརྟན་ཞབས་དྲུང་གི་གསུང་ལས། འདིར་མཁས་པ་སོ་སོའི་ལེགས་བཤད་ཀྱི་སྙིང་བོ་བསྡུས། ཁ་སྐད་ཀྱི་འཇུག་པ་དང་མཐུན་པར་བྱས་པའི་རང་ལུགས་ནི། པ་པོ་བ་བོ་མ་མོ་སྟེ་བདག་སྒྲ་དངོས་ཀྱི་དབང་དུ་བཏང་བའི་དྲུག ཅེས་གསུངས་པས་བ་དང་བོ་བདག་སྒྲ་དངོས་ཡིན་པས་བདག་གི་རང་ལུགས་རྩོམ་པ་བོ་ཞེས་པ་འཐད་ལྡན་དུ་གྲུབ་པ་གསུམ་པའོ། །
གཞན་ཡང་། ངེད་གཉིས་ཀྱི་རྩོད་པ་ནི་རྩོམ་པ་བོ་དང་རྩོམ་པ་པོ་ཞེས་པའི་བོ་དང་པོའི་ཐོབ་ཐང་རེད། པོ་ཡིག་བདག་སྒྲ་ཡིན་མིན་ལ་ངེད་གཉིས་རྩོད་པ་བྱེད་ཀྱི་ཡོད་པ་མ་རེད། པོ་ཡིག་ཡིན་ན་བདག་སྒྲ་ཡིན་པས་ཁྱབ་པ་བདག་གིས་ཁས་ལེན་བྱེད་ཀྱི་མེད། ཚིག་གི་ཞིབ་ཆ་ཡོད་པར་ཞུ།
དེ་ཡང་། ཁྱེད་ཀྱིས་རྩོམ་པ་པོ་ཞེས་པའི་པོ་ཡིག་ནི་བརྗོད་བདེ་བའི་སྒྲ་མཚུངས་འདྲེན་པ་དང་པ་ཡིག་ཁོ་ན་བདག་སྒྲར་འདོད་པ་ནི་ཁྱེད་ཀྱི་རང་ལུགས་མཐར་ཐུག་རེད། དེ་ལ་ནང་འགལ་འདི་ཡོད་དེ། རྩོམ་པ་པོ་ཞེས་བརྗོད་པའི་པོ་སྒྲ་ཆོས་ཅན། བདག་སྒྲ་མ་ཡིན་པར་ཐལ། པོ་ཡིག་བདག་སྒྲ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱེད་ཀྱིས་འདོད་པའི་བདག་སྒྲ་ནི་པ་ཡིག་ཁོ་ན་ཡིན་པའི་ཕྱིར། དེར་ཐལ། པ་ཡིག་ཁོ་ན་བདག་སྒྲ་ཡིན་པར་བསྟན་པ་སི་ཏུས་བཞེད་པ་དེ་དོན་གནས་ཤིང་བདག་གིས་ཀྱང་དེ་ལྟར་འདོད་དོ་ཞེས་ཁྱེད་ཀྱིས་བཤད་པའི་ཕྱིར། འདི་ལ་ལན་སྨྲོས་ཤིག
ད་ལྟ་ཁྱེད་ཀྱིས་སི་ཏུ་དང་པྲ་ཏི། དངུལ་ཆུ་གསུམ་ག་ཁས་ལེན་བྱེད་ཀྱི་ཡོད་ན་པ་ཡིག་ཁོ་ན་བདེན་ནོ་ཞེས་པ་དེ་ག་རེ་ཡིན་ནམ། སི་ཏུ་དང་པྲ་ཏི། དངུལ་ཆུ་གསུམ་གྱིས་པ་ཡིག་ལས་གཞན་པའི་བདག་སྒྲ་ཁས་ལེན་པའི་ཕྱིར། སི་ཏུས་པ་དང་པོ། པྲ་ཏིས་པ་བ་པོ་ཅན། དངུལ་ཆུས་པ་པོ་བ་བོ་མ་མོ་རྣམས་འདོད་པའི་ཕྱིར། ལན་སྨྲོས།
ཁྱེད་ཀྱིས་རྩོམ་པ་པོ་ཞེས་པ་ལེགས་བཤད་གསེར་ཕྲེང་སོགས་སུ་ཡོད་པ་དང་མདོ་དབུས་ཁམས་གསུམ་གྱི་སྐད་དང་མཐུན་པས་སོ། །ཞེས་བཤད་ཡོད། དེ་ནི་ཁྱེད་ཀྱིས་ད་བར་དུ་ཉོག་བཤད་བྱས་པའི་མཐར་ཐུག་གི་རིགས་པ་རེད། དེ་ལ་རྒྱུ་མཚན་གྱི་རིགས་པ་གང་ཡང་མེད་དོ། །
དང་བོ། གལ་ཏེ་ལེགས་བཤད་གསེར་ཕྲེང་སོགས་སུ་དེ་ལྟར་གསུངས་ཡོད་ནའང་དེ་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རིགས་པ་དང་མ་མཐུན་ན་དག་བཅོས་བྱེད་དགོས་ངེས་རེད། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །ཞེས་གསུངས་སོ།
གཉིས་པ། དེ་ནི་མདོ་དབུས་ཁམས་གསུམ་གྱི་སྐད་དང་མཐུན་པ་ཡིན་པར་ཁྱེད་ཀྱིས་ཇི་ལྟར་ཤེས་ཀྱི་ཡོད་དམ། ཁྱེད་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་ནམ། ཡིད་ཤེས་ཀྱིས་མཁྱེན་པ་ཡིན་ནམ། ཁྱེད་ཀྱི་བཤད་སྟངས་ལྟར་དུ་བྱས་ན་མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཀྱིས་རྩོམ་པ་བོ་ཞེས་བརྗོད་པའི་ཕྱིར། དེར་ཐལ། ་བདག་གི་བློས་ཐག་བཅད་པའི་ཕྱིར། ལན་རྒྱོབས།
དྲྭ་གྲོགས་རྣམ་པ་ཚོ།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །ཞེས་གསུངས་པ་ལྟར་དུ་འདིར་རྩོད་གླེང་གི་ཆེད་དུ་བྲིས་པའི་བོ་དང་པོའི་ཐོབ་ཐང་ལ་རྟགས་འཇུག་གི་རིགས་པས་རེ་ཞིག་དཔྱད་ཁུལ་དུ་སོང་བ་རྣམས་ཀྱི་ཉིང་བཅུད་དང་དུ་བླངས་ནས་མ་འོངས་པའི་བོད་ཀྱི་སྤྱི་སྐད་གཅིག་གྱུར་ཡོང་བ་ལ་ཚང་མས་ཧུར་བརྩོན་གནང་བར་བྱོས་ཤིག །
ངའི་ཞེ་འདོད། འུག་པས་མུན་པ་རུབ་ན་འདོད།།བྱ་ཕོས་ནམ་མཁའ་ལངས་ན་འདོད།། ཞེས་པ་ལྟར་འུག་པ་ཟེར་བ་ཉིན་མོ་ལོང་བའི་བྱ་ཞིག་ཡིན། འུག་པ་དང་བྱ་རོག་གཉིས་ལྷན་ཅིག་མི་གནས་འགལ་གྱི་དཔེ་ལ་འཇོག་གི་ཡོད་པ་ལྟར། དཀར་མོ་སྐྱིད་ཀྱི་རྩོམ་པ་བོ་ཞེས་པའི་གཏམ་རྙོག་དེ་དག་སྤྱི་ཡོངས་དང་མི་མཐུན་པ་ཡིན་སྟབས། འུག་པའི་ཚང་གི་གཟུགས་སུ་བཀོད་པ་ཡིན། འདི་འགྲིག་གི་ཡོད་མེད་མི་ཤེས། དྲ་གྲོགས་ཚོས་དཔྱད་པར་ཞུ།
ད་ནི་རྩོམ་པ་པོ་དཀར་མཚོ་སྐྱིད་ལ་ཞུ་རྒྱུ། པོ་དང་བོ་ཡིག་གི་ངེད་གཉིས་ཀྱི་རྩོད་གླེང་འདི་ནས་མཚམས་འཇོག་བྱེད་ན་མ་རེད་དམ། ཡང་དང་བསྐྱར་དུ་བཀོད་ན་དགོས་པ་རྒྱུ་མཚན་ཅང་མི་འདུག །དེ་མིན་ཁྱེད་ལ་བསྔགས་བརྗོད་ཞུ་འོས་བ་ཞིག་ལ་ཁྱེད་ནི་བརྡ་སྤྲོད་རིག་གནས་ཀུན་ལ་མཐོང་རྒྱ་ཡོད་པ་ངའི་མིག་བརྒྱད་ཀྱིས་མཐོང་ཐུབ་ཀྱི་འདུག །བོད་པ་ཞིག་ཡིན་ན་ཨུ་ཚུགས་དེ་གལ་ཆེན་པོ་རེད། དོན་ངོ་མས་བཤད་ན་རང་ཚུགས་ཟེར་བ་དེ་རེད། རང་ཚུགས་མེད་པའི་མི་ནི་ག་དུས་ཡིན་ཡང་ཆུ་སྣ་གར་ཁྲིད་ལོས་ཡིན། དེའི་ཐད་ནས་ཁྱེད་ལ་བོད་དྲི་བྲོ་ཞིང་། རྩམ་པ་དང་གཡག་དང་མར་གྱི་དྲི་མ་ཡང་བྲོ་གི་འདུག། སྐུ་ཚེ་རིང་བར་སྨོན། ད་ང་རང་མང་ཇ་ལ་འགྲོ་རན་སོང་།
འོ་ངས་གཅིག་བརྗེད་ཞག །རང་ཚུགས་མ། ཁྱོད་ཀྱིས། ༼ དེ་ལ་ནང་འགལ་འདི་ཡོད་དེ། རྩོམ་པ་པོ་ཞེས་བརྗོད་པའི་པོ་སྒྲ་ཆོས་ཅན། བདག་སྒྲ་མ་ཡིན་པར་ཐལ། པོ་ཡིག་བདག་སྒྲ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱེད་ཀྱིས་འདོད་པའི་བདག་སྒྲ་ནི་པ་ཡིག་ཁོ་ན་ཡིན་པའི་ཕྱིར། ༽དེ་ལ་ནང་འགལ་འདི་ཡོད་དེ། རྩོམ་པ་བོ་ཞེས་བརྗོད་པའི་བོ་སྒྲ་ཆོས་ཅན། བདག་སྒྲ་མ་ཡིན་པར་ཐལ། བོ་ཡིག་བདག་སྒྲ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱེད་ཀྱིས་འདོད་པའི་བདག་སྒྲ་ནི་བ་ཡིག་ཁོ་ན་ཡིན་པའི་ཕྱིར། ཧ་ཧ་
རྩོད་པའི་མགོ་བོ་བཟུང་སྟངས་ཡག་དང་གཅིག །
རིག་པས་ལ་དྲུད་ལུང་དྲུད་བྱས་དང་གཉིས། །
རྒྱབ་ལྗོངས་མཁས་པའི་གཞུང་མང་དྲངས་དང་གསུམ། །
མཁས་པའི་འགྲོ་ལུགས་གནང་བར་བཀའ་དྲིན་ཆེ། །
བསེ་རུས་སྔ་ལོར་འདི་འདྲ་ཞིག་བཤད་འདུག
“དེས་ན། བོད་ཀྱི་སྐད་ཡིག་འདི་ཉིད་འོ་མ་ལྟ་བུ་ཞིག་ཡིན་ན། ཡིག་ནོར་ནི་ཁྲག་ཐིགས་ལྟ་ བུ་ཞིག་དང་། བོད་ཀྱི་སྐད་ཡིག་འདི་ཉིད་ལང་ཚོའི་ལུས་ སྟོབས་རྒྱས་པའི་སེང་ཆེན་ཞིག་ཡིན་ན། ཡིག་ནོར་ནི་ལང་ཚོའི་ལུས་སྟོབས་ཉམས་བྱེད་ཀྱི་འགོས་ནད་ལྟ་བུ་ཞིག་ཡིན། ཡང་ན། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཞིག་ཡིན་ན། ཡིག་ ནོར་ནི་མི་དེའི་ཚེ་སྲོག་འཕྲོག་བྱེད་ཀྱི་སྐྲན་ནད་ལྟ་བུ་ཞིག་ཡིན་པའི་སེམས་ ཚོར་ཁྱད་པར་བ་འདི་ནི་དྲ་ངོས་དང་ཤོག་ངོས་གང་གིའང་འབྲེལ་ཡོད་ང་ཚོར་ཡོད་ དགོས་པ་ཞིག་ཅིས་ཀྱང་མ་ཡིན་ནམ།”
དེར་བརྟེན་ཚང་མས་དོ་ཁུར་གནང་བཞིན་པའི་སྐབས་འདིར་ཁོ་བོ་ཡང་གཉིད་ལས་སད་བྱུང་། ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་དུས་ཁོམ་ནམ་ཡོད་ལ་བཅར་ཆོག།
འདི་འབྲེལ་གྱི་སྐད་ཆ་མང་པོ་ཞིག་དྲ་ཐག་འདིར་http://www.khabdha.org/?p=14807བསྣུན་དང་།