ཅོག་མྱི།
–༼ཡིག་ནོར་ལ་འཇིགས་ནས་ཡི་གེ་འབྲི་མི་ཕོད་པའི་སོ་སྐྱེ་རྣམས་ལ་གསོལ་བ།༽
མུན་པས་ཤིན་ཏུ་གཡོགས་པའི་སྨག་རུམ་གྱི་ཁྲོད་ནས།
ཟུམ་ལ་ཉེ་བའི་སྒྲོན་མེ་ཞིག་གཡོ་བཞིན་འདུག
ལམ་བོར་བའི་འཁྱམ་པོ་ཚོར་མཚོན་ན།
དེ་ནི་ཉི་མ་ཡིན།
སྒྲོན་མེ་ལ་སྐྱབས་སུ་མཆིའོ།
བཙན་དྲག་གི་སྟ་རེས་སྐད་ཡིག་གི་སྐྱེས་སྟོབས་བཅད་ཅིང་།
གཉའ་མནན་གྱི་མེ་དཔུང་གིས་བརྡ་སྤྲོད་ཀྱི་ས་བོན་བསྲེགས་སྐབས།
ང་ཚོས།
ཐར་མཁྱེན་གྱི་རྨི་ལམ་རྨིས་ནས།
རང་གཞིས་སྟོང་བར་ལུས་ཤིང་།
མཁས་བླུན་གྱི་རྩོམ་དམག་བཤམས་ཏེ།
སྐད་ཡིག་གི་མཛེས་སྡུག་བོར།
ཀྱེ་མ།
ང་ཚོས་རྐེ་ལ་རྐེ་ཐག་བསྐོན་ཡོད་པ་བརྗེད་སོང་བ་མིན་ནམ།
ཅིའི་ཕྱིར་མཆོངས།
ང་ནི་མུན་ནག་ནས་བོར་བའི་ལམ་པ་ལྟར།
ཅི་བྱ་གཏོལ་མེད།
བློང་བློང་བོར་གྱུར་བའི་ཚེ།
གློ་བུར་ཏུ་མཐོང་བའི་འོད་གསལ་ཕྲ་མོ་སྟེ།
ཡིག་ནོར་ནི་ང་ཡི་ཉི་མ་ཡིན།
མཛེས་སྡུག་གི་ས་བོན་ཡིན།
དེ་ག་རང་རེད། དཔེར་ན། སློབ་བཟང་སངས་རྒྱས། རྟེན་པ་ཚེ་རིང་ལྟ་བུའོ། རྡ་རམ་ས་ལས་ཡིག་ནོར་ཐག་གཅོད་བྱེད་ཐུབ་མེད་བཞིན་དུ་ད་དུང་ཆོས་རིག་སྲུང་སྐྱོབ་ཐད་ཀུ་ཅོ་སྒྲོག་དོན་ཅི། དེ་ནི་ཚོང་པའོ། བོད་གཞིས་པ་ཚོ་བཙོང་མཁན་ནོ། ཞབས་འདྲེན་དང་ཉེན་ཁ་ངོ་མ་ནི་འདི་དག་གོ ཁ་སྙིང་རྗེ་དང་ཁོག་གཞན་གནོད་དོ། བོད་ཕྱི་ནང་ཚང་མ་ལོ་སད་རན་ཡོད།
༅༅། ཀརྨ་བློ་གསལ་ལགས།
ཁྱོད་ནི་གཞན་ལ་སྐྱོན་མཚང་འདོན་མཁན་མཁས་པ་ཟེར་ན་འགྲིགས།)
གཞན་ལ་འཕྱ་གསུམ་འཕྱ་དགོས་ན།་ རང་ལ་འཛོམས་གསུམ་འཛོམས་ཤིག་དགོས། ཟེར་བ་བཞིན་
ཁྱོད་་་་སྐྱོན་ཀུན་སེལ་དང་། ཡོན་ལྡན་ཀུན་ལྡན་གྱི་མངའ་བདག་ཡིན་ན།་བོད་གངས་ཅན་ལྗོངས་ཀྱི་
རིག་གནས་ལྡ་དང་ཡང་ན་རིག་གནས་བཅུའི་སྐོར་ལ་རྩོམ་ཞིག་བྲིས་དང་ཀུན་ལ་ཕན་ངེས་སོ།