སྐྱོ་བྲག་དགའ་དབང་།
གནའ་བོའི་དུས་ནའང་ཡིག་བསྐུར་གྱི་ལམ་ལུགས་ཡོད་མོད། བར་ལམ་ཞིག་ཏུ་འཛམ་གླིང་རང་བཞིན་དར་ཁྱབ་བྱུང་བ་བཞིན་བོད་དུའང་དར་འཕེལ་བྱུང་བ་ན། ཡིག་བསྐུར་གྱི་ཐ་སྙད་མང་པོ་བྱུང་བ་སྟེ།
བསྐུར་ཡིག་ལ་སྦྲག་ཟེར་བ་ནི། རྒྱ་གར་སྐད། ཌཱཀ །སྒྲ་སྒྱུར་བྱས་པ་ཡིན་ཅིང་། འབྲི་ཚུལ་ལ། སྦྲག་དང་སྦྲགས་ཏེ། བོད་ལ་དུས་འགྱུར་མ་བྱུང་བའི་སྔོན་དུ།བོད་གཞུང་སྦྲཊ་གླ། ཞེས་བྲིས་པ་ལྟ་བུའོ། །
ཡིག་སྐོགས་དང་ཡིག་ཤུབས་ནི། ཡི་གེའི་ཕྱི་ཤུབས་སོ། །
སྦྲག་ཁང་ནི། ཡིག་བསྐུར་གྱི་ལས་ཁུངས་སོ། །
སྦྲག་གླ་ནི། ཡི་གེ་སྐྱེལ་བའི་གླའོ། །
སྦྲག་རྟགས་ནི། སྦྲག་གླ་སྤྲད་ཟིན་པ་མཚོན་པའི་རྟགས་སོ། །
སྦྲག་ཐམ་ནི། སྦྲག་ཁང་གི་ཐམ་གའོ། །
ཡིག་སྒམ་ནི། ཡི་གེ་བླུག་སའི་སྒམ་མོ། །
ཡིག་སྣོད་ནི། ཡི་གེ་འཇོག་སའི་སྣོད་དོ། །
སྦྲག་པ་ནི། ཡི་གེ་སྐྱེལ་མཁན་ནོ། །
སྦྲག་འཁོར་ནི། ཡི་གེ་སྐྱེལ་བའི་རླངས་འཁོར་རོ། །
ཡིག་སྐྱེལ་ནི། ཡི་གེ་སྐྱེལ་བའོ། །
སྦྲག་སྲིད་ནི། ཡིག་སྐུར་སྲིད་ཇུས་ཏེ། དཔེར་ན། སྦྲག་སྲིད་མྱུར་སྐྱེལ། སྦྲག་སྲིད་དངུལ་ཁང་སོགས་སོ། །
སྦྲག་བྱང་ནི། སྦྲག་སྲིད་དངུལ་ཁང་གི་དངུལ་བྱང་ངོ་། །
སྦྲག་སྲིད་ཨང་གྲངས་སམ་སྦྲག་ཨང་ནི། ཡིག་སྐྱེལ་གྱི་ས་གནས་ཨང་རིམ་མོ། །
དེང་སང་ནི་དྲ་ལམ་དར་ཁྱབ་བྱུང་སྟེ་ཡིག་བསྐུར་གྱི་ལས་ཀ་ཉུང་དུ་འགྲོ་བའི་ལྷན་ཐ་སྙད་རྣམས་ཀྱང་དྲན་ཡུལ་ནས་ཡལ་ཉེན་ཡོད་དོ། །
བོད་་མངའ་རིས་ཁུལ་དུ་སྡེ་པ་གཞུང་གི་ཡིག་སྐྱེལ་ལ་བང་ཆེན་ཟེར་བ་དང་གསེར་དཔོན་གྱི་སྔོན་དུ་ཨ་་དྲུང་ཟེར་བ་དང་ཉིན་མཚན་་མེད་པ་རྟ་བཤད་གྱི་བང་ཆེན་འབྱོར་ནས་གསེར་དཔོན་སྐུ་ངོ་ཚོ་བཞུགས་ས་གུར་དང་ཐབ་ཆས་སོགས་སྒྲ་སྒྲིག་འཐུས་ཚང་གནང་དགོས་པ་རེད་།