དེང་དུས་ཁྱབ་ཆེ་བའི་མིང་ཚིག་Subtitleཞུ་བ་དེ་ཇི་ལྟར་སྒྱུར་ན་ལེགས་སམ།
དཔེར་ན་གློག་བརྙན་མང་པོ་སྐད་ཡིག་གཞན་པར་ཡིག་ཐོག་ནས་བསྒྱུར་རྗེས། བརྙན་ཤེལ་ཐོག་ཡིག་གེ་ཤར་ཐུབ་པ་དེ་ལ་Subtitleཟེར། བོད་ནང་འགའ་ཤས་ཀྱིས་ཕྲེང་ཡིག་བྲིས་པ་མཐོང་མྱོང་། དེ་བཞིན་འབེབ་ཡིག་དང་འོག་ཡིག་ཟེར་བ་མཐོང་རྒྱུ་འདུག སྨོན་ལམ་ཚིག་མཛོད་ལ་མཆན་ཡིག་ཅེས་བཀོད་འདུག
དེ་བཞིན་མདུན་འབྲུ་ཞེས་མདུན་ལ་མཐོང་ཐུབ་པའི་ཡིག་འབྲུ་ལྟ་བུ་དང་། དེ་བཞིན་ཤར་ཡིག་ཅེས་ཤར་ཐུབ་པའི་ངོ་བོ་བལྟས་ནས་སྒྱུར་ན་ཇི་འདྲ་རེད་དམ།
ཚང་མས་བསམ་ཚུལ་གསུངས་རོགས།
Subtitle ཞེས་པ་ལ་གོ་བ་སྣ་ཚོགས་ཡོང་ཆོག
བོད་དུ་ བརྙན་ཡིག་ ཅེས་གློག་བརྙན་གྱི་གཤམ་མཆན་ལ་འབྲི་བཞིན་འདུག་ཟེར། དེ་ཕལ་ཆེར་ལེགས་པར་མཐོང་།
དེབ་ཀྱི་ཁ་བྱང་སོགས་ཡིན་ན་ ཁ་བྱང་གི་འགྲེལ་ཞེས་པ་འདུག འདི་དང་ subtitle གཅིག་ཡིན་ནམ། དེ་ཡིན་ན་འདི་ལས་སྡུག་ག་ཞིག་མ་མཐོང་། འདི་འདྲ་ལ་ཁ་བྱང་འོག་མ་དང་ཡང་ན། ཁ་བྱང་ཕལ་བ་ཞེས་བྲིས་ན་ལེགས་པར་མཐོང་།
༼མཆན་༽གཅིག་པུ་བྲིས་ན་བོད་པ་ངོ་མ་ཞིག་ཡིན་ན་གོ་ངེས་རེད། ཞབས་མཆན་དང་། གཤམ་མཆན། བྲིས་ན་ཡང་འགྲིགས་པར་སེམས། སྤྱིར་བཏང་མཆན་ཞེས་པ་དེ་དོན་གསལ་པོ་འགྲེལ་བ་ཞིག་ལ་གོ་ཡིན་པ་འདྲ། subtitle ཞེས་པའི་subདེ་ནམ་རྒྱུན་ནས་གཤམ་དང་འོག་སོགས་ལ་གོ་བ་དང་། title ཟེར་འོངས་དུས་མིང་བྱང་དང་། གོ་གནས་སོགས་ལ་གོ་བ་རེད་འདུག དེས་ན་༼གཤམ་མཆན་༽ཟེར་ན་ཡང་མི་འགྲིགས་པ་གང་ཡོད། རེད་དེ་གློག་བརྙན་གྱི་subtitle དང་མཆན་ཞེས་པ་དེ་གཉིས་ཀ་གཤམ་ཁོ་ན་ལ་ཡོད་པའི་ངེས་མི་འདུག་མོད། ཡིན་ན་ཡང་རྩ་བའི་སྒྱུ་རྩལ་གྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་གང་བརྗོད་ཀྱང་རུང་བར་མངོན།
རྒྱལ་ཁབས་གང་ཞིག་གི་ཕ་སྐད་ལ་ཕབས་པའི་གློག་བརྙན་ཞིག་གི་སྐད་ཆ་དག་མི་རིགས་གཞན་གྱི་ཡི་གེ་ལ་བསྒྱུར་བཀོད་བྱེད་པ་ལ་subtitle་ཟེར།
ངག་བསྒྱུར་ཟེར་ན་དོན་དང་མཐུན། དབྱིན་ཇིའི་ངག་བསྒྱུར་ཡོད་པའི་གློག་བརྙན། རྒྱའི་ངག་བསྒྱུར་ཡོད་པའི་གློག་བརྙན། བོད་ཀྱི་ངག་བསྒྱུར་ཡོད་པའི་གློག་བརྙན། ཧྥའ་རེན་སིའི་ངག་བསྒྱུར་ཡོད་པའི་གློག་བརྙན་ཟེར་ན་ཡག་པོ་ཡོད།
ཐོག་མར་དབྱིན་ཡིག་གི་ཐ་སྙད་༼ subtitle༽ཡི་དོན་ལ་གོ་བ་ཆ་ཚང་ཞིག་ལོན་དགོས། ཁམ་པིར་ཇི་ཚིག་མཛོད་ཆེན་མོ་རུ༼Cambridge Dictionary༽་དེའི་གོ་དོན་ལ་འགྲེལ་བཤད་འདི་ལྟར་བྱས་འདུག
subtitle ༼རྐྱང་ཚིག༽
a word, phrase, or sentence that is used as the second part of a book title and is printed under the main title at the front of the book
དཔེ་དེབ་ཀྱི་ཁ་བྱང་གི་ཡན་ལག་གཉིས་པའི་ཚུལ་དུ་བྲིས་པའི་མིང་ངམ། མིང་གི་ཚོགས་པའམ། ཚིག་གྲུབ་གང་རུང་ཞིག་ལ་ཟེར་བ་དང་། དཔེ་དེབ་མདུན་ངོས་ཀྱི་ཁ་བྱང་གཙོ་བོའི་འོག་ཏུ་བྲིས་པ་དེའོ།།
subtitles ༼མང་ཚིག༽
words shown at the bottom of a film or television picture to explain what is being said.
གློག་བརྙན་ནམ་བརྙན་འཕྲིན་ཟློས་གར་གྱི་ཞབས་ངོས་སུ་བཀོད་ནས་ཅི་ཞིག་བརྗོད་ཀྱིན་པ་འགྲེལ་བཤད་བྱེད་པའི་ཐ་སྙད་རྣམས་ལ་ཟེར།
འགྲེལ་བཤད་འདི་ལ་ལྟོས་ནས་ཐ་སྙད་དེ་བོད་ཡིག་ཏུ་བསྒྱུར་ན།
subtitle ཞེས་པའི་མིང་འདི་ལས་sub ནི་མིང་མཐའ་ཡིན་པ་དང་། དེའི་དོན་ནི། འོག་གམ། གཉིས་པའམ། ཉུང་ངུའམ། ཟུར་གཏོགས་སོགས་ལ་འཇུག title ནི་མིང་གི་གཞི་ཡིན་པ་དང་ཁ་བྱང་ངམ་ཁ་ཡིག་ལ་གོ ཐ་སྙད་ཆ་ཚང་བོད་ཡིག་ཏུ་བསྒྱུར་ན། ཁ་བྱང་འོག་མ། ཡང་ན། ཟུར་བརྗོད་ཁ་བྱང་།
subtitles ཞེས་པ་འདི་བོད་ཡིག་ཏུ་བསྒྱུར་ན། གར་ཡིག ༼ཟློས་གར་འཁྲབ་གཞུང་གི་གཏམ་ཡི་གེར་འཁོད་པ༽
གྲོགས་ཚོར་བསམ་ཚུལ་བརྗེ་རེས་སུ་ཕུལ།
subtitle ཡིག་སྐད་ལ་འབེབ་ཡིག དང་། ཁ་སྐད་ལ་འོག་ཡིག་རང་བདེ་པོ་འདུག
འོག་ཡིག་ཡོད་པའི་གློག་བརྙན།
འོག་ཡིག་མེད་པའི་གློག་བརྙན།
ངག་བསྒྱུར་ཡོད་པའི་གློག་བརྙན་ནི་སྐད་ཡིག་འདྲ་མ་འདྲའི་ནང་ལ་ཡོད་པ་རེད། དཔེར་ན། དབྱིན་ཇིའི་ངག་བསྒྱུར་ཡོད་པའི་བོད་སྐད་ངག་བསྒྱུར། རྒྱ་སྐད་ངག་བསྒྱུར། ཧི་སྐད་ངག་བསྒྱུར། དབྱིན་སྐད་ངག་བསྒྱུར་ལྟ་བུའོ། Tibetan subtitle, English subtitle, Hindi subtitle, chineses subtitle.
Sub -ཟེར་བ་དེ་གནས་སྟངས་འདིར་ཤམ་འོག་མ་རེད་ཆུང་བའམ་ཡང་ན་ཆ་ཤས་ལ་གོ་དགོས་།་་་Title-་དོན་ནི་མགོ་བརྗོད་ཡིན་ཡང་གནས་སྟངས་འདིར་གོ་བ་ངེ་མཇུག་གི་མེད།་་ད་ལྟེའི་སྐབས་དེ་ནི་གནས་ཚུལ་ཡང་ན་གནས་སྟངས་ཞིག་འབྲེལ་བརྗོད་མདོར་བསྡུས་བྱེད་པ་ཞིག་ལ་ཟེར་གྱི་ཡོད་པ་མངོན་གསལ་རེད།་་དེས་ན་Sub title ཕྱོགས་སྡོམས་བྱེད་ན་གནས་ཚུལ་རྒྱས་པ་ཤིག་མདོར་བསྡུས་བྱེད་ནས་གསལ་བཤད་བྱེད་པ་ལ་གོ་དགོས་པ་སེམས།་
ཐ་སྙད་འདི་རིགས་སྒྱུར་དུས་subདང་ title གཉིས་ཀྱི་གོ་དོན་ཇི་ཡིན་དང་པོར་ཤེས་རྒྱུ་གལ་ཆེན་པོ་རེད་མོད། འོན་ཀྱང་དེ་གཉིས་ཀྱི་དོན་རེ་རེ་ནས་ཤེས་རྗེས། དེ་བོད་སྒྱུར་བྱེད་དུས་ཁ་བྱང་འོག་མ། ཡང་ན། ཟུར་བརྗོད་ཁ་བྱང་། གཤམ་མཆན། ཕྲེང་ཡིག འབེབ་ཡིག འོག་ཡིག འོག་མཆན་ཟེར་བ་ལྟ་བུར་བསྒྱུར་ན་སྟབས་བདེ་བ་ཞིག་དང་ཚོར་སྣང་སྤྲོད་ཐུབ་ཀྱི་ཡོད་ན་ཡག་ཤོས་རེད་དེ། འོན་ཀྱང་ངས་བལྟས་ན་ཁ་བྱང་འོག་མ་དང་ཟུར་བརྗོད་ཁ་བྱང་། གཤམ་མཆན། ཕྲེང་ཡིག འབེབ་ཡིག འོག་ཡིག འོག་མཆན་སོགས་ལྟ་བུར་སྒྱུར་བ་ལས། བརྙན་ཡིག་དང་། ཤར་ཡིག འགྱུར་ཡིག ཡིག་འགྱུར། ཡིག་འགྲེལ། སོགས་སུ་བསྒྱུར་ན་ཡག་པོ་འདུག་སྙམ། དཔེར་ན་subtitle ཡོད་པའི་གློག་བརྙན་ལ། བརྙན་ཡིག་ཡོད་པའི་གློག་བརྙན། ཤར་ཡིག་ཡོད་པའི་གློག་བརྙན། འགྱུར་ཡིག་ཡོད་པའི་གློག་བརྙན། ཡིག་འགྱུར་ཡོད་པའི་གློག་བརྙན། ཡིག་འགྲེལ་ཡོད་པའི་གློག་བརྙན། ལྟ་བུར་སྒྱུར་ཆོག་སྙམ་ལ། ད་དུང་དེ་བས་སྟབས་བདེ་བ་བྱས་ན། subtitle ཡོད་མཁན་ལ། བརྙན་ཡིག་གློག་བརྙན། ཤར་ཡིག་གློག་བརྙན། འགྱུར་ཡིག་གློག་བརྙན། ཡིག་འགྱུར་གློག་བརྙན། ཡིག་འགྲེལ་གློག་བརྙན་ལྟ་བུར་བསྒྱུར་ན་ཡང་སྟབས་བདེ་པོ་འདུག་སྙམ། དེ་ལྟ་ན་གློག་བརྙན་དེ་ལ་subtitle ཡོད་རེད་པས་ཞེས་པ་ལྟ་བུའི་ཚབ་ལ། གློག་བརྙན་དེ་ལ་ཡིག་འགྱུར་ཡོད་རེད་པས། གློག་བརྙན་དེ་ལ་འགྱུར་ཡིག་ཡོད་རེད་པས། གློག་བརྙན་དེ་ལ་བརྙན་ཡིག་ཡོད་རེད་པས། གློག་བརྙན་དེ་ལ་ཤར་ཡིག་ཡོད་རེད་པས། གློག་བརྙན་དེ་ལ་ཡིག་འགྲེལ་ཡོད་རེད་པས་ལྟ་བུར་སྤྱོད་ཆོག་པས་སྟབས་བདེ་པོ་འདུག་སྙམ། ད་དུང་རྣམ་པ་ཚོར་བསམ་ཚུལ་ཡོད་ན་གསུང་རོགས།
མཆན་ཞེས་བྲིས་ན་འགྲིག་གི་རེད་་་དེས་འཐུས། འོག་ཡིག་གཤམ་ཡིག་དེ་འདྲར་བསྒྱུར་ན་ཁྱབ་རྒྱ་ཆུང། མཆན་ཡིག་དེ་དག་རྟག་ཏུ་གློག་བརྙན་གྱི་གཤམ་དང་འོག་ཏུ་ཡོད་པར་ངེས་པས་མ་ཁྱབ་བོ།
http://www.bosubtitle.com བོད་བརྙན་དྲ་བ།
subtitle — བརྙན་ཡིག།
Subtitle ལ་དོན་འགྲེལ་དང་ཚིག་འགྲེལ་མང་པོ་ཞིག་བྱ་རྒྱུ་ཡོད་ཀྱང་། ད་བར་གོ་བདེ་ཤོས་དེ་ནི་(བོད་བརྙན་)ཚོགས་བཏགས་པའི་“བརྙན་ཡིག་”ཟེར་བ་འདི་ལེགས་ཤོས་སུ་མཐོང་། ཁོང་རྣམ་པས་ལོ་ཤས་རིང་འདིའི་སྐོར་ཕྱག་ལས་གནང་སྟེ་གྲུབ་འབྲས་ཀྱང་མི་དམན་པར་ཐུབ་ཡོད།
འདི་ནི་ཁོང་ཚོས་སྒྲུབ་བཞིན་པའི་(བོད་བརྙན་དྲ་བ)རེད། http://www.bosubtitle.com/
མཆན་༡༡དང་དང་པོའི་རྒྱུ་མཚན་དང་། ལྷག་དོན་བོད་བརྙན་ཚོགས་པའི་ཕྱག་ལས་ལ་གུས་བཀུར་བཅས། བརྙན་ཡིག་ཅེས་བཀོལ་བར་བྱའོ། ཚང་མས་བློ་རྩལ་འདོན་གནང་བར་ཐུགས་རྗེ་ཆེ། འདིས་ཀྱང་གངས་ལྗོངས་ཤེས་རིག་དར་ཞིང་རྒྱས་པར་བསྔོ་བའོ།
Subtitle འབེབ་ཡིག འོག་ཡིག
བརྙན་ཡིག་ནི། བརྙན་ཡིག་གི་ཚིག་གི་གོ་དོན་ཐད་ཀར་ལ་ནི། གཟུགས་བརྙན་གྱི་ཡེ་གེར་གོ
གོང་གསལ་གྱི་དབྱིན་ཡིག་ “subtitle” ཞེས་པར་བོད་ཡིག་གི་ནང་དུ་”ཡིག་འགྲེལ་”ཞེས་འབོད་ན་གང་འདྲས་འདུག་གཱ
གང་ཡིན་ཟེར་ན། གློག་བརྙན་དང་བརྙན་འཕྲིན་ནང་གི་སྐད་ཆ་རྣམས་ཡིག་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་པ་རེད།
ཡིག་འགྲེལ་ཞེས་འབོད་ན་ཡང་གོ་དོན་འདུག