རྫ་ཆུ་སྔོན་མོ།
འདིར་ཆབ་སྲིད་དང་། འཛིན་སྐྱོང་གི་དབུ་ཁྲིད་མི་མང་གིས་ཐད་གར་འོས་འདེམས་བྱེད་པའི་ལམ་སྲོལ་དར་བ་ནས་བཟུང་། ངས་བཀའ་སྤྱི་གཉིས་ཀྱི་སྔ་ཕྱིའི་འོས་བསྡུའི་ཆ་ཤས་མ་བླངས་དུས་གཅིག་ཀྱང་མེད།
འོན་ཀྱང་། ཕ་ཡུལ་གཅིག་པ་ཟེར་ན་འདྲ། ཆོལ་ཁ་གཅིག་པའི་མི་ཞིག་ལ་ངས་སྲིད་སྐྱོང་གི་འོས་བླུག་པ་ད་རེས་ཐོག་དང་པོ་ཡིན་ལ། སྐབས་བཅུ་བཞི་བའི་སྲིད་སྐྱོང་ལ་སྔོན་འགྲོ་དང་དངོས་གཞི་གཉི་གར་བློ་བཟང་སེང་གེ་བདམས་ཡོད། དེ་ནི་དབུས་གཙང་དང་ཨ་མདོའི་ཁྲོད་དུ་མི་འཇོན་ཐང་ལྡན་པ་དང་རྣམ་དཔྱོད་ཅན་མེད་སོང་བས་རྩ་བ་ནས་མ་རེད།
གལ་ཏེ། ཨ་མདོ་དང་དབུས་གཙང་གང་རུང་གི་ཤེས་འཇོན་གཉིས་ལྡན་གྱི་གང་ཟག་ཅིག་ལ་སྐབས་དེའི་བཀའ་ཁྲིའི་ཞབས་སྟེགས་ཕུལ་ཡོད་ནའང་། ད་ལྟའི་ཁ་སྟབས་འདི་ལས་སྐྱོ་རུ་འགྲོ་གཏན་ནས་མི་སྲིད་སྙམ།
འོ་ན། ཅིའི་ཕྱིར་ཁྱོད་རང་ཉིད་ལ་བདག་པའི་འོས་ཤོག་དེ་སྔ་ཆོལ་ཁ་གཞན་གྱི་མི་ཞིག་ལ་ཕུལ་བ་ཡིན་ཟེར་ན། དེ་ནི་བོད་རིཊ་མི་མང་ཕལ་ཆེ་བའི་མོས་ཕྱོཊ་ལ་རྒྱབ་སྐྱོར་དང་། ལྷག་ཏུ་ཆིག་སྒྲིལ་ཟེར་བ་དེ་སྤུན་ཟླ་ཕན་ཚུན་ལ་ཡིད་ཆེས་བྱས་ཏེ་འོང་དགོས་པ་ལས་མ་ཎི་བཞིན་བགྲང་བ་ཁོ་ནས་མི་འགྲུབ་པའི་གནད་དོན་ལ་བསམ་གཞིག་གྱིས་བློ་བཟང་སེང་གེར་ཡིད་ཆེས་བྱས་པ་ཞིག་ཀྱང་ཡིན་ལ། དེ་ཙམ་དུ་མ་ཟད་ལོ་མང་སྔོན་ནས་༸གོང་ས་མཆོག་གིས་བོད་མི་བཙན་བྱོལ་བའི་འགོ་ཁྲིད་ལ་ལོ་ཆུང་དེང་དུས་ཀྱི་ཤེས་ཡོན་ཅན་ཞིག་བྱུང་ན་དགོངས་པའི་ཐུགས་རེ་ལྟར། སྐབས་དེའི་སྲིད་སྐྱོང་གི་འོས་གཞི་ཚོའི་ཁྲོད་ཀྱི་བློ་བཟང་སེང་གེ་ནི་འོས་གཞི་གཞན་དག་ལས་དགོངས་ལོ་ཆུང་ཞིང་། ཤེས་ཚད་ཀྱི་ཆ་ནས་ཀྱང་། ཨ་རིའི་ཧ་ཝལ་ཊི་གཙུག་ལག་སློབ་གཉེར་ཁང་ནས་མཐར་ཕྱིན་པ་ཡིན་པས། འགོ་ཁྲིད་ཀྱི་ཉམས་མྱོང་དང་། འཛིན་སྐྱོང་གི་ཐུགས་རྒྱུས་སོཊ་ཆེར་མེད་ནའང་། ཁོང་ལ་གོ་སྐབས་ཐེངས་གཅིག་ཕུལ་བ་ཡིན་ན། གཅིག་བྱས་ན་བོད་ཀྱི་རྩ་དོན་དང་ཆིག་སྒྲིལ་སོཊ་གང་ཅིའི་ཐད་འོ་ཙམ་ཞིག་བྱེད་རྒྱུ་མེད་དམ་སྙམ་ནས་རེ་བ་ཆེན་པོ་བརྒྱབ་སྟེ་འོས་བླུགས་པ་ཡིན།
ཡིན་ནའང་། ངས་རེ་བ་བརྒྱབ་པ་ནང་བཞིན་བྱུང་མ་སོང་བ་མ་ཟད། དེ་ལས་བཟློག་སྟེ། ལོ་ལྔ་མ་ཟིན་ཙམ་གྱི་ཁོང་གིས་འཛིན་སྐྱོང་གི་ལས་ཡུན་རིང་། གཏམ་གྲགས་དོན་གཉེར། སྒེར་དོན་ལྐོག་འབྲེལ། དབང་ཆ་ལོག་སྤྱོད། ཤོག་ཁག་རྒྱ་བསྐྱེད་རྐྱང་བྱས་ཏེ་བསྒྲུབ་དགོས་ངེས་ཀྱི་སྤྱི་བའི་ལས་དོན་རྣམས་འཐུས་ཤོར་ལ་བཏང་སོང་སྙམ་པའི་ཚོར་བ་ཤུགས་ཆེན་པོ་སྐྱེ་ཡིན་འདུག
དེའི་ཕྱིར་ན། ད་ཐེངས་བློ་བཟང་སེང་གེ་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་བདམས་མེད་ལ། དངོས་གཞིར་ཡང་གདམ་རྒྱུ་མིན། རྣམ་པ་ཚོ་ཡིན་ནའང་། མིག་ཡོད་བཞིན་དུ་གཡང་ལྕེབ་དགོས་དོན་མེད་པས། སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་གཉིས་ཀྱི་ཕ་ཡུལ་དང་ལུང་ཚན་གང་ཡིན་ཙམ་ལ་མི་བལྟ་བར། ཁོང་གཉིས་ཀྱི་མི་གཤིས་དང་། འཇོན་ཐང་། རྣམ་དཔྱོད། ལྷག་བསམ། འཆར་གཞི་སོཊ་ལ་ཞིབ་འཇུག་དང་གཤིབ་བསྡུར་མཐིལ་ཕྱིན་པ་གནང་སྟེ། ད་ཐེངས་རང་ཉིད་ལ་དབང་བའི་འོས་གཅིག་པུ་དེ་ཆུད་ཟོས་སུ་མི་གཏོང་བའི་རེ་བ་ཡོད།
མདོར་ན། སྐབས་བཅོ་ལྔ་པའི་སྲིད་སྐྱོང་ལ་འོས་ཤིང་འཚམས་པའི་མི་ཤེས་འཇོན་གཉིས་ལྡན་གྱི་གང་ཟག་ཁྱད་དུ་འཕཊ་པ་ཞིག་ཆོལ་ཁ་སུའི་ཁོངས་སུ་ཡོད་ནའང་། དེ་ལ་རང་ཉིད་ཀྱི་འོས་ཤོག་གཅིག་པུ་དེ་འབུལ་རྒྱུའི་སྙིང་སྟོབས་ཅིས་ཀྱང་ལྡན་དགོས་སོ། །
བློ་གཟུར་བོར་གནས་པ་ཧ་ཅང་གི་ཡག་པོ་རེད་་་་རྗེས་སུ་ཡི་རང་ཡོད་་
༄། །བསྡུས་གྲྭའི་རིགས་པ་ལོག་པར་སྤྱད་པ་མཐུན་སྒྲིལ་གཏོར་བའི་འགད་རྫས་ཡིན།
བོད་མི་རིགས་ལ་མཐུན་སྒྲིལ་ཡོང་བ་ཤིན་ཏུ་དཀའ། མཐུན་སྒྲིལ་གྱི་སློབ་གསོ་དང་ལག་ལེན་གཉིས་ཀར་རྗེས་ལུས་ཐེབས་འདུག ། གང་ལགས་ཞེ་ན་བསྡུས་གྲྭའི་རིགས་ལ་བཀོལ་ནས་གཞན་སྐྱོན་འཚོལ་ཞིང་། ཀུན་ལ་དོགས་པ་ཟ་བ་གྲུང་པོར་བརྩི་བས་སློབ་གསོའི་རྨང་གཞི་ལ་སྐྱོན་ཆེན་པོ་བཟོས་འདུག ། ༡༽སྐྱོན་ཆ་གདོང་ལེན་གྱི་སྤོབས་པ་མེད། བོད་མི་རིགས་དགྲ་བོའི་མདུན་དུ་འཆི་བའི་དཔའ་སྙིང་ཡོད་ཀྱང་སྐྱོན་བརྗོད་ལ་ཁ་ནང་དུ་བསྐོར་ནས་བསམ་གཞིག་དང་། ཉེས་པ་ཡོད་ན་དྭངས་ལེན་གྱི་བསམ་བློ་མི་འདུག མི་གཞན་ཞིག་གིས་སྐྱོན་བརྗོད་བྱས་མ་ཐག་དེ་ལ་རང་བདེན་གྱི་ལན་ཅི་ལྟར་འདེབས་དགོས། གནས་ཚུལ་དེ་ལ་ཐད་ཀར་ལན་མི་འདེབས་པར་མི་དེའི་རྒྱབ་ལྗོངས། མི་ཚེའི་ཉེས་པ་བགྲངས་ནས་ནག་པོ་བཟོ་ཐབས་ཁོ་ན་ལྷུར་ལེན། གཞན་སྐྱོན་བཙལ་བ་ཁྲིམས་རྩོད་པ་ཞིག་ལ་མཁོ་བ་ཡིན་ཀྱང་མཐུན་སྒྲིལ་ལ་དེ་ལས་གནོད་པ་ཆེ་བ་ཞིག་མེད། གཅིག་བྱས་ན་དེ་བསྡུས་གྲྭ་སྦྱང་བའི་བསམ་བློ་ལས་བྱུང་བ་ཡིན་སྲིད། ༢༽དཀྲོག་གཏམ་བདེན་པར་འཛིན་པ། གཞུང་གི་མི་ཆེན་ནས་སྤྱི་དམངས་བར་དུ་ཕན་ཚུན་ལ་ཡིད་ཆེས་ཆུང་ཞིང་། དོགས་པ་ཟ་སླ་བ། ཕ་རོལ་པོར་ལམ་འགྲོ་བྱུང་བ་རང་གི་བློ་ལ་མི་འཐད་པ། ཕྲག་དོག་ཤིན་ཏུ་ཆེ་བ་སྟེ། མི་ཞིག་གིས་ཚིག་ཟུར་དུ་སྐྱོན་ཞིག་འདོགས་ས་རྙེད་ཚེ་བྱ་དགའ་ཐོབ་པ་བཞིན་དེ་ལ་དམ་དུ་འཇུས་ནས་རྟོག་བཟོ་དང་སྒྲུང་གཏམ། དཀྲོག་གཏམ་ཟེར་སྒྲོས་ཐམས་ཅད་དེ་ལ་སྤུང་ནས་རྟགས་གསལ་དུ་མ་བརྩེགས་ཏེ་ཕ་རོལ་པོ་ཡར་ལང་མི་ཐུབ་པའི་གནས་སུ་འགོད། དེ་ཚེ་རྒྱུ་འབྲས་ཀྱང་བཏང་སྙོམས་སུ་འཇོག་པ་དང་། སྟོན་པ་དང་། མི་རིགས་ཤ་ཁྲག་གཅིག་པའི་བསམ་བློ་ཡང་རེ་ཞིག་ཟུར་དུ་བཞག་ཏེ། ཆོས་དང་ལམ་ཚིག ཆིག་སྒྲིལ། རིས་མེད་སོགས་ཡལ་བར་འདོར་བའི་སྐྱོན་ཞིག་ཡོད། ༣༽སྐྱོན་སྒྲོགས་བྱེད་པའི་གོམས་གཤིས་ངན་པ། གནའ་མིའི་གཏམ་དཔེར། སྙན་པ་སྒོ་ལ་མི་ཐོན། །སྐྱོན་འདོགས་རི་ལ་སྐྱེལ། བཟང་པོ་བྱས་ཚད་མ་གོ། མ་རིག མི་ཤེས་པའི་ཚུལ་དུ་འཇོག །དཀྲོག་གཏམ། སྐྱོན་བརྗོད་ཞིག་ཐོས་མ་ཐག་མི་ཚེའི་སྙིང་པོ་ལོན་པ་ལྟ་བུས། མདུན་ནས་ཤུབ་བུར་བཤད། རྒྱབ་ནས་གཟེངས་མཐོར་བསྒྲགས། དེ་ནི་ཤེས་བྱའི་ནང་ནས་མཆོག ཤེས་རབ་ནང་ནས་དམ་པ། ཡོན་ཏན་ཀུན་གྱི་གཞི། གྲུང་པོ་དང་། མཁས་པའི་ལུགས་སུ་བརྩི་བའོ། །འདི་དག་ལ་གྱུར་བཅོས་ཤིག་མ་ཐུབ་ན་མཐུན་སྒྲིལ་ལ་ལམ་ཁ་གཏན་ནས་མི་འདུག་སྙམ། །ནོར་བ་ཡོད་ན་འཐོལ་ལོ་བཤགས་སོ། །དྲི་མེད་པའི་རྣམ་རྟོག་གོ།
#2 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
February 1st, 2016 at 8:52 pm
༄། །བསྡུས་གྲྭའི་རིགས་པ་ལོག་པར་སྤྱད་པ་མཐུན་སྒྲིལ་གཏོར་བའི་འགད་རྫས་ཡིན། ་་་་་ཟེར།
བསྡུས་གྲྭ་ལ་སྐྱོན་བརྗོད་བྱས་པ་ནི། མཐུན་སྒྲིལ་གཏོར་བྱེད་ཀྱི་འབར་འགད་དང་འདྲ་བ་རེད།
བསྡུས་གྲྭ་ནི་རིག་གཞུང་ཞིག་རེད། དེ་ལ་སྐྱོན་ཡོན་གཉིས་ཀ་ཡོད། དེ་ལ་མི་ཞིག་གིས་སྒེར་བདག་བྱས་ཏེ་དེབ་སྐྱེལ་མ་བྱས་བར་བདག་པོ་སུ་ཡང་མེད། སུམ་རྟགས་ལ་དགག་བཞག་བྱས་ན་སུམ་རྟགས་སྦྱོང་མཁན་ཚང་མ་ལ་ཕོག་མི་འགྲོ། དཔེར་ན་པ་པོ་དང་། ཡང་འཇུག་ད་ས་ལ་དགོས་མིན་རྩོད་པ་བཞིན། བསྡུས་གྲྭ་ལ་སྦྱང་ཡོད་མཁན་ཞིག་ན་བསྡུས་གྲྭ་རང་ཉིད་དགག་པ་བྱེད་ཐབས་ཀྱི་རིག་གཞུང་ཞིག་ཡིན་པས་དེ་ལ་ལ་ཁྲོ་དགོས་དོན་མེད། བསྡུས་གྲྭ་ལ་དད་པ་བྱེད་མཁན་ཞིག་ཡོད་ན་དེའི་དད་མོས་ཀྱི་་ཆོས་ལ་སྐྱོན་བརྗོད་བྱེད་མི་རུང་པ་ངེས་ཅན་རེད། དཔེར་ན་ཕྱག་རྫོགས་དབུ་གསུམ་ལ་ཆོས་ལོགས་སུ་སྨྲས་ན་ཆོས་ལུགས་དང་དད་མོས་ཀྱི་ཡུལ་ལ་སྐྱོན་བརྗོད་བྱས་པ་རེད། བསྡུས་གྲྭ་ཀུན་ལ་ཐུན་མོང་དུ་གྱུར་བའི་རིགས་ལམ་ཞིག་ལས་ཆོས་ལུགས་ཤིག་མ་རེད། བསྡུས་གྲྭ་མ་ཤེས་ན་ཚད་མ་དང་བསྡུས་གྲྭའི་ཁྱད་པར། བསྡུས་གྲྭ་དང་ཆོས་ལུགས་ཀྱི་ཁྱད་པར་གྱི་དོན་གོ་མི་ཐུབ་པ་བདེན་པ་རེད།