ཨ་ནུ་ཐང་བསོད་ནམས།
ད་དུང་ཡང་ལྷ་འདྲེ་གདོན་བགེགས་ལ་རེ་བ་ཞུས་ཤིང་ལུང་བསྟན་གནང་བཞིན་ཡོད་པས། ག་རེ་བྱས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱི་གཡའ་བའི་གནའ་བོའི་དྲི་མ་ངན་པ་འདི་དག་བོད་ཀྱི་སྤྱི་ཚོགས་ནང་དུ་ཡང་ནས་ཡང་དུ་སླར་གསོ་བྱེད་དགོས་པ་ཡིན་ནམ། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ད་དུང་ཡང་འདི་འདྲ་ལ་ཡིད་ཆེས་མཁན་ཡོད་དམ། སྐྱོ་བ་ལ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རྣམས་རྨོངས་དད་ཀྱི་ཡུལ་ལས་སད་པ་ལ་སྐུལ་འདེད་བྱེད་རྒྱུའི་ཚབ་ཏུ་འདི་ལྟར་རྨོངས་དད་ཁྲོད་ལ་གང་ཐུབ་ཀྱིས་ཁྲིད་བཞིན་ཡོད་པས་ཡིན།
འདི་ལྟར་བྱས་ནས་བོད་འདི་དུས་དང་མཐུན་པར་སྐྱོད་མ་ཐུབ་པར་རྗེས་སུ་ལུས་ནས་ལུང་པ་ཤོར་བ་ཡིན་པས། ད་དུང་ཡང་སྔར་ལྟར་རྨོངས་དད་ཀྱི་བྱ་སྤྱོད་འདི་རིགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འགའ་ཡིས་རང་གི་ཆབ་སྲིད་ཀྱི་དགོས་མཁོ་འགྲུབ་བྱེད་དུ་མཚོན་ཆ་བཞིན་དུ་བེད་སྤྱོད་བཏང་བ་ཡིན་ན། བོད་འདི་འགྱེལ་ས་ནས་ནམ་ཡང་ལངས་མི་ཐུབ་པས། མི་ཐུབ་པ་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་གསལ་བོ་རྟོགས་ནས་ལྷ་དབང་རིང་ལུགས་ཀྱི་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་གཏན་ནས་བརླག་བྱེད་ཀྱི་ས་བོན་བྱེད་ངེས་རེད། ཡིད་ཆེས་བརླག་བྱེད་ཀྱི་ས་བོན་རང་གིས་བསྐྲུན་བཞིན་ཡོད་པས་མ་འོངས་པར་ཡིད་ཆེས་མེད་མཁན་ཚོ་ལ་སྡིག་དམོད་མ་བྱེད་རོགས། ཡིན་ཏེ། རྒྱུ་བསྒྲུབ་ན་འབྲས་བུ་འབྱུང་བས་ཡིན།
ད་དུང་ཡང་ཐབས་ཇུས་རྙིང་བ་འདི་འདྲ་ཞིག་ལས་གཞན་ཞིག་ཡོད་པ་མ་ཡིན་ནམ། ག་དུས་ཡིན་ཡང་དཀའ་ངལ་འཕྲད་སྐབས་སུ་མོ་བབས་ཚུལ་དང་། ལུང་བསྟན་བྱུང་ཚུལ། ལྷ་ཡིས་གསུངས་ཚུལ་སོགས་འཁྲབ་སྟོན་སྣ་ཚོགས་དང་སྒྲུང་གཏམ་སྣ་ཚོགས་བཟོས་ཤིང་། ངན་ཁག་ཐམས་ཅད་མོ་ལྷ་ལ་བཅོལ་བའི་ལྷ་དབང་རིང་ལུགས་ཀྱི་ལམ་ལུགས་ཀྱི་གཡོ་ཇུས་འདིའི་གསང་བ་ཕྱི་རོལ་ཏུ་སྔ་ས་ནས་བུད་ཟིན་ཅིང་རྙིང་བར་གྱུར་ཟིན་པས་དེང་རབས་ཀྱི་གཞོན་སྐྱེས་ཚོའི་མདུན་དུ་འདིས་ནམ་ཡང་ཁུངས་ཆོད་མི་སྲིད་པས། བོད་མིའི་སྒྲིག་འཛུགས་ཀྱིས་སྐྱི་གཡའ་བའི་གཡོ་ཇུས་འདི་དག་མཚམས་འཇོག་བྱེད་མ་ཐུབ་པ་ཡིན་ན། སྤྱི་སྒེར་གཉིས་ལ་གནོད་ལས་ཕན་འབྲས་མེད།
འདི་ལྟར་གནས་ཆུང་ལ་གསང་བའི་གནས་ཚུལ་ཀུན་རྟོགས་པའི་ནུས་པ་ཞིག་ཡོད་ན། དང་པོ་པཎ་ཆེན་གྱི་ཡང་སྲིད་གང་དུ་ཡོད་མེད་དྲིས་དང་། དེ་ནི་བོད་མི་ཀུན་གྱིས་ཤེས་འདོད་པའི་ཆེས་གལ་ཆེའི་གསང་བ་ཞིག་ཡིན་པས་ཡིན། ལྷག་པར་དུ་གནས་ཆུང་ལ་དེ་ལྟར་གསང་གནས་ཀུན་རྟོགས་པའི་ཐུན་མིན་གྱི་ནུས་པ་ཤིག་ཡོད་ན། ཨ་རི་དང་རྒྱ་ནག ར་ཤི་ཡ་དང་ཡོ་རོབ་སྣེ་འབྲེལ་སོགས། འཛམ་གླིང་གི་གལ་ཆེའི་གསང་བ་ཀུན་མཁོ་སྤྲོད་བྱས་ནས། ཕན་ཚུན་ལ་གསང་འཕྲིན་གྱིས་ཚོང་སྒྱུར་བྱོས་དང་། དངུལ་དངོས་དང་མཚན་སྙན་ཅི་འདོད་དུ་འབྱུང་བ་མ་ཟད། རྒྱ་ནག་ཡང་ཧ་ལས་ཏེ་གསང་གནས་ཕུད་པའི་རིན་འབབ་ཏུ་བོད་ལའང་རང་དབང་སྤྲོད་སྲིད།
དེ་ལྟར་བྱེད་པའི་ནུས་པ་ཅི་ཡང་མེད་པས་དད་སེམས་ཆེ་བའི་བོད་མི་རྣམས་རང་གི་ཁེ་ཕན་འགྲུབ་ཆེད་དུ་བྲན་གཡོག་ཏུ་བསྐོ་བྱེད་ཀྱི་མགོ་སྐོར་མ་གཏོང་རོགས། མི་ཆོས་ཀྱི་ཆ་ནས་བཤད་ཀྱང་དེ་དག་ཁྱེད་ཚོ་ལ་ཡིད་ཆེས་ ༡༠༠% ལས་བརྒལ་ནས་བྱེད་མཁན་ཚོ་ཡིན་པས། ཡིད་ཆེས་བྱེད་མི་ལ་མགོ་སྐོར་བཏང་བ་ནི་ཧ་ཅང་གི་ཁྲེལ་མེད་ཀྱི་ལས་ཤིག་ཡིན་པས་ཐུགས་རྗེ་ཆེ། དད་པ་ཅན་རྣམས་རང་གི་བྲན་གཡོག་ཏུ་བསྒྱུར་ཆེད་དུ་མགོ་སྐོར་མ་གཏོང་། ཁོང་ཚོ་ལ་སྙིང་རྗེ་ཞིག་བསྒོམ་རོགས་གནང་།
བློ་མཐུན་མཁས་དབང་ཨ་ནུ་ཐང་བསོད་ནམས་ལགས་ཕེབས་པར་ལེགས། དགོས་པའི་དུས་ལ་བསླེབས་བྱུང་། གནས་ཆུང་ཟེར་བའི་དངོས་མེད་ལྷ་འདྲེ་ཁོ་བབ་ནས་ལུང་བསྟན་རྒྱབ་མདོག་མདོག སྲིད་སྐྱོང་གིས་དགོངས་དག་ཞུ་དགོས་མདོག་མདོག ཕན་འབྲས་མེད་པའི་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་དགོས་མདོག་མདོག
མ་རུང་བ་དང་མི་འཚམས་པའི་སྐད་ཆ་གང་མང་བཤད་འདུག ལྷ་འདྲེའི་བྲན་གཡོག་ཏུ་གྱུར་པའི་བོད་མི་དམངས་མགོ་སྐོར་བཏང་གི་འདུག མཁས་དབང་ཨ་ནུ་ཐང་གིས་གསུངས་པ་ལྟར་གནས་ཆུང་ཟེར་བའི་འདྲེ་ཞིག་བབ་འོས་མཁན་མེད་པ་དང་། མཁྱེན་ཐུབ་མཁན་ཞིག་མེད་ངེས་རེད།
ལྷ་བབ་པ་རེད་ཟེར་བའི་ལུགས་སྲོལ་ངན་པ་འདི་མཉམ་མེད་ཤཀྱའི་རྒྱལ་པོའི་ཆོས་ལུགས་དང་ཡང་མི་མཐུན། སྐུ་བརྟེན་ཟེར་བ་དེའི་ཁོག་ཏུ་དངོས་མེད་ཀྱི་ལྷ་འདྲེ་འཛུལ་འོང་མཁན་མེད་པར་ཤེས་བཞིན་དུ་ལྷ་བབ་འོང་གི་ཡོད་མདོག་མདོག་གིས་མི་དམངས་མགོ་སྐོར་བཏང་བསྡད་པ་རྣམས་ནི་མི་ཆོས་བླ་མའི་རྫུན་རེད།
གནས་ཆུང་ཟེར་བའི་མཁྱེན་འོང་མཁན་ཞིག་མེད་པར་ཤེས་བཞིན་དུ་བོད་མི་དམངས་ཀྱི་བདུན་དུ་ཡོད་མདོག་མདོག་གིས་ཆབ་སྲིད་ལག་ཆ་ལ་བེད་སྤྱད་མཁན་གྱི་དགེ་སློང་ཚོ་ནི་དམ་ཉམས་ཡིན། སྡོམ་པ་མེད་པའི་གྲྭ་ལོག མི་ཆོས་བླ་མའི་རྫུན་བཤད་ཀྱི་གྲྭ་ཆས་ཅན་ཚང་མ་གྲྭ་ལོག་རེད།
༄། །བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །
བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །
ཡེ་ཤེས་སྤྱན་ལྡན་གནས་ཆུང་རྡོར་གྲགས་ཀྱེ།
མ་གཡེལ་མ་གཡེལ་ཐུགས་རྗེའི་མཐུ་དཔུང་བསྐྱེད། །
མི་ཤེས་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། །
དམ་ཚིག་མི་སྲུང་སྤྱི་དོན་རས་བོར་ཞིང་། །
བསམ་བཞིན་ཁྱད་དུ་གསོད་པའི་དམ་ཉམས་རྣམས་། །
ཐལ་བའི་རྡུལ་དུ་སློག་ལ་མ་གཡེལ་ཞིག །
ལྷ་དམར་ནག་གཉིས་ཀྱིས་གྲོགས་མཛོད་ཅིག །
༄། །བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །
བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །
ཡེ་ཤེས་སྤྱན་ལྡན་གནས་ཆུང་རྡོར་གྲགས་ཀྱེ།
མ་གཡེལ་མ་གཡེལ་ཐུགས་རྗེའི་མཐུ་དཔུང་བསྐྱེད། །
མི་ཤེས་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། །
དམ་ཚིག་མི་སྲུང་སྤྱི་དོན་རས་བོར་ཞིང་། །
ཁ་ནས་ཅི་ཐོན་སྨྲ་བའི་དམ་ཉམས་རྣམས། །
ཐལ་བའི་རྡུལ་དུ་སློག་ལ་མ་གཡེལ་ཞིག །
ད་ཡིན་ན་ཞི་ཅིང་པིང་ལ་དཀའ་ལས་ཁག་སེ་བཟོས་སོང་ང། མ་གཞི་ནས་དེ་འདྲའི་ནུས་པ་ཡོད་ན་ང་དགུའི་སྐབས་སུ་འདོན་དགོས་པ་རེད་དེ་ཁོང་ཚོ་ཚང་མ་ཡང་བཙན་བྱོལ་བོད་མི་ཉམས་ཐག་པ་དང་ལྷན་དུ་བྲོས་པ་ཡིན་ས་རེད་ཅེས་གོང་ས་མཆོག་གིས་གསུངས་སོང། ད་ཡང་ཆོས་དད་རྨོངས་དད་དེ་ཚོ་ཡར་ལང་དུས་ཁོང་ཚོ་ཡང་ཏན་ཏན་ལང་ཡོད་ས་རེད། ནམ་རྒྱུན་ང་ཚོས་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ལྷ་གསོལ་ཀླུ་གསོལ་བྱེད་པ་དེ་འདྲ་མ་རེད། འཇིག་རྟེན་བཀོད་པ་པོར་མི་འདོད་མཁན་རེད་ཅེས་ཟེར་ནས་ངོམ་ངོམ་བྱེད་ཀྱིན་ཡོད། ཡང་ཕྱོགས་གཅིག་ནས་འཧིག་རྟེན་པའི་ལྷ་དེ་དག་འཇིག་རྟེན་མི་ཚེའི་མདུན་ལམ་གྱི་ཐག་ཆོད་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་བྱས་ནས་རྟག་པར་ཁྲ་ཁྲ་ཟིང་ཟིང་བྱས་དེ་གསོལ་ཡོང་གི་འདུག་མ་ཟད་འཇིག་རྟེན་ཆབ་སྲིད་ཀྱི་ཐག་ཆོད་ཀྱང་ཁོང་ཚོས་བྱེད་ཀྱི་ཡོད་པར་ངོས་འཛིན་གྱིས་བོད་ཀྱི་ཆབ་སྲིད་པ་ཆེ་དགུ་འདུས་ནས་ཐག་ཆོད་བྱེད་ཡོང་གི་འདུག དེ་འདྲ་ནི་བོད་རྒྱུད་ནང་པ་སངས་རྒྱས་པ་ཁོ་ནས་མ་གཏོགས་ཆོས་ལུགས་དང་ཆབ་སྲིད་པ་སུ་ཞིག་ཀྱང་མེད།ད་བྱེད་དུས་ཉིན་ཞིག་གནས་ཆུང་དང་དེ་མིན་བཙན་བྱོལ་བས་གསོལ་མཆོད་བྱེད་པའི་ལྷ་སྲུང་དེ་ཚོར་འོས་བླུགས་ནས་སྲིད་སྐྱོང་དང་སྤྱི་འཐུས་སོགས་འདེམས་པའི་དུས་ཤིག་ཤར་ས་རེད། དྲ་གྲོགས་ཚོས་གཟིགས་ན་གང་འདྲ་འདུག་གམ། རྗེས་མ་ལྷ་སྲུང་གི་སྲིད་སྐྱོང་ཞིག་བསྐོ་ཐུབ་ན་ལེགས།
ལྷ་འདྲེའི་ཕན་གནོད།
ལྷ་འདྲེ་འདོད་པ་ཆོས་ལུགས་ཀུན་གྱི་ལུགས། །
ལྷས་ཕན་འདྲེས་གནོད་ཆོས་ལུགས་ཀུན་ལ་ཡོད། །
མི་རྣམས་ཚོགས་འདུ་འཚོགས་ནས་ཐག་བཅད་པར། །
གྲོས་ཆོད་ལག་ལེན་འཁྱེར་དུས་ལྷར་དྲིས་འགྲིགས། །
གལ་སྲིད་མི་ཡིས་ནོར་འཛོལ་བྱུང་བ་ལྷས་འཚོར་ནས། །
སྐྱོན་འཛུགས་དག་སེལ་ཡོ་སྲོང་བྱས་ན་མི་ལེགས་ཅི། །
ཨ་ནུ་ཐང་ལགས། དབུས་སྒྲིག་འཛུགས་ཀྱི་མཛད་གཙོ་ཚོས་གནའ་ཞིག་གི་འགྲོ་ལུགས་ལྟར་ལུགས་གཉིས་ཀྱི་དོན་དག་ལྷ་ལུང་ལ་སྟེན་རྐྱང་བྱེད་པ་འདི་འགྲིག་མིན་ལབ་ན། དངོས་གནས་བསམ་བློ་གཏང་དགོས་ས་ཞིག་རེད་འདོད། བསམ་བློ་གཏང་དགོས་ས་ཞིག་ཡིན་པའི་རྒྱུ་མཚན་བསྡུས་ནས་བཤད་ན། ང་ཚོའི་སྒྲིག་འཛུགས་དེ་སྔར་དང་མི་འདྲ་བར་སྒོ་ཀུན་ནས་དེང་རབས་སམ། ཡོངས་ཁྱབ་ཀྱི་སྒྲིག་འཛུགས་ཤིག་ལ་བསྒྱུར་དུ་གཞོལ་གྱིན་པ་ནི་ཀུན་ཤེས་རེད་ལ། དེ་ཡང་རང་རེའི་དམ་པ་དག་གི་ཐུགས་དགོངས་ཀྱང་རེད། དེར་མ་ཟད། བཅོས་སྒྱུར་འདི་ནི་ཤེས་རབ་ཀྱིས་གནོད་པ་མེད་པའི་ལས་སུ་རུང་ཞིང་དུས་དང་སྟུན་པ་ཞིག་ཏུའང་མང་པོས་གླེང་གིན་པ་རེད། དེས་ན། སྒྲིག་འཛུགས་ཤིག་གི་བྱ་བའི་དོན་དག་ཡང་གོང་དུ་བཤད་དོན་ལྟར་ཡོངས་ཁྱབ་རིན་ཐང་ཞིག་གི་ངོས་ནས་སམ། འཇིག་རྟེན་སྣང་ཚོད་ཅིག་གི་སྟེང་ནས་བྱ་དགོས་པ་ནི་རིགས་འགྲེ་ཡིས་ཤེས་པ་ཞིག་རེད་འདོད། དེ་བས་དེང་སང་རང་མི་མང་པོ་ཞིག་གིས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཚོས་སྒྲིག་འཛུགས་ཀྱི་དོན་དག་ཐག་གཅོད་ནི། ལྷ་ལུང་ལས་མིའི་ཤེས་རབ་བམ་བསམ་བློས་བགྱིད་དགོས་ངེས་འདོད་པ་སྨྲོས་མེད་རེད་ལ། སྒྲིག་འཛུགས་ཀྱིས་ཀྱང་གལ་སར་ཐུག་ན་མི་ཤེས་མ་གཏོགས། སྤྱིའི་ཆ་ནས་རྒྱུན་ལྡན་གྱི་འགྲོ་སྟངས་ནི་ཡོངས་ཁྱབ་རང་བཞིན་ཞིག་ཡིན་པ་བཤད་མི་དགོས་པ་རེད།
དེ་ནས། ལྷ་བབ་ཀྱི་གནས་ཚུལ་དེ་མགོ་སྐོར་ཞིག་རེད་ལབ་ན། དེ་ཡིན་པའི་རྒྱུ་མཚན་མ་ཤོད་བར་ཅི་བཤད་རུང་ཉན་རིན་ཡོད་པ་ཞིག་ཡིན་ནི་མ་རེད། གལ་ཏེ་ལྷ་བབ་འདི་དོན་དངོས་ཤིག་ཡིན་ནའང་། ལྷ་བབ་འདིས་ཤེས་བྱ་ཐམས་ཅད་ཤེས་དགོས་པ་མ་རེད་ལ། ཤེས་བྱ་ཀུན་ཤེས་མཁན་ཞིག་ཡིན་ནའང་། ཤེས་ཚད་བཤད་པའི་ངེས་པ་མི་འདུག་སྙམ། འདི་ཚོའི་དོན་དག་ནི་ང་དང་ཁྱོད་བརྩད་ནས་འདུག་མཁན་ཞིག་གིས་ཇི་བཞིན་ཤེས་རྒྱུ་ཞིག་ཀྱང་ཨེ་ཡིན་སྙམ། མ་གཞི་ལྷ་བབ་ཀྱིས་མཚོན་པའི་ཆོས་དང་འབྲེལ་བའི་བྱེད་སྒོ་རེ་འགའ་ནི། རིག་གནས་ཤིག་གི་གཏིང་མ་སྔོག་པར་ནམ་རྒྱུན་རང་རེ་ཚོའི་ཁ་ལ་ཐོགས་པའི་སྐད་ཆ་ཕལ་བ་ཞིག་གིས་རྙེད་མི་འོང་། མདོ་དོན། འདི་ཚོའི་སྐོར་ལ་ཞིབ་འཇུག་འདོད་ནི་ཞིག་ཡིན་ན། མངོན་སུམ་ལ་མ་སྙོན་པའི་སྟེང་ནས་གནའ་དེང་གི་རིག་གནས་དཔང་པོ་ལ་འཇོག་དགོས་པ་ཤེས་དགོས་ངེས། ངས་བལྟས་ན་ཁྱེད་ཀྱི་སྐད་ཆའི་ཟུར་ལ་ལྷ་བབ་ཀྱི་གནས་ཚུལ་དེ་མགོ་སྐོར་ཞིག་ཏུ་བཤད་ཡོད་པ་འདྲ་ཞིག་མཐོང་། དེ་བས་བསམ་འཆར་བཤད་པ་ཡིན། ནོར་ཡོད་ན་དགོངས་དག
ལྷ་དང་ཆོས་ལ་མི་དགའ་ཞིང་ལྷ་དང་ཆོས་ཀྱི་འཐུ་འོག་ནས་ནར་གསོན་པའི་ཨ་ནུ་ཐང་ལགས་སྐད་ཆ་བཤད་སྟངས་དང་ཡི་གེ་འབྲི་སྟངས་སོགས་ལ་ལྟོས་ན་ཅུང་བྱང་ཆ་ལྡན་མོ་འོན་ཀྱང་ཁ་ཐོན་ས་ལ་ལག་གི་ཟུར་ཙམ་ཡང་ཐོན་མི་ཐུབ་པའི་རང་ཕོར་ཁོ་ནའི་ཁྱད་མི་ཚེ་གཞན་ཡུལ་ཉུལ་བའི་མགོ་སྟོང་་ཁ་སྟོང་ཞིག་ཡིན་པ་ངས་སྔ་ནས་ཤེས་ཡོད་དྲང་མོ་བཤད་མྱི་འདིའི་རིགས་ང་ཚོའི་སྤྱི་ཚིགས་ནང་ན་ཏག་ཙམ་མང་བའི་རྐྱེན་གྱིས་ག་དུས་ཡིན་ན་རྙོག་དྲ་དང་དཀྲོག་གཏམ་གྱིས་གང་ནས་ཡོད།
ཆབ་སྲིད་ལྷ་འདྲེ་ལ་བཅོལ་བའི་གནས་བབ་ཀྱིས་བོད་འདི་འཛམ་གླིང་མི་སྡེའི་རྒྱལ་ཁབ་ནས་བུད་སོང་བ་རེད། ལྷ་སྲུང་མངོན་གཟིགས་དང་ལུང་སྟོན་གྱིས་བོད་ཀྱི་མི་སྡེའི་སྤྱི་ཚོགས་དང་མི་དམངས་རྣམས་དཀའ་སྡུག་ལས་གཡོལ་མྱོང་མེད་པ་མ་ཟད་གནས་ཆུང་དང་ཚེ་རིང་མཆོད་ལྔ་སོགས་བོད་ཀྱི་ལྷ་སྲུང་རྣམས་བསྟན་དགྲ་དང་རྒྱ་དམར་གྱི་མདུན་སར་དབུགས་ཀྱི་སྒྱུ་བ་ཡང་འགག་ཟིན་པ་རེད། འོན་ཀྱང་རྨོངས་དད་དང་ཉམ་ཆུང་ནུས་མེད་ཀྱི་བོད་མིའི་ཚོགས་སྡེའི་མདུན་སར་ཁོང་ཚོའི་ནུས་མཐུ་དང་མངོན་གཟིགས་ལུང་སྟོན་སོགས་ཆེ་ཚུལ་བསྟན་པ་ནི་ཅི་འདྲའི་ཀླད་མེད་ཅོ་འདྲི་ཞིག་མིན་ནམ། རྨོངས་དད་ཀྱི་སྤྱི་ཚོགས་འདི་བཞིན་ཇི་སྲིད་དུ་གནས་པ་དེ་སྲིད་དུ་སྤྱི་ཚོགས་ཡར་རྒྱས་ཡོང་མི་སྲིད་པ་ནི་དངོས་བྱུང་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་སུ་གསལ་གསལ་དག་དག་ཡོད་པས་དེ་ལུགས་ཐུགས་བསམ་བཞེས་རྒྱུ་གལ་ཆེའོ།།
ལྷ་འདྲེ་མེད་ཟེར་མཁན་གཞོན་སྐྱེས་ཁག་ཅིག་གིས་བོད་ཀྱི་སྐད་ཡིག་ཙམ་སྦྱང་ནས་དེ་ཙམ་ཀྱིས་ཆོས་དང་། ཆབ་སྲིད། ཚན་རིག་སོགས་ཀྱི་ཚད་འཇལ་མཁན་ཚོས། གནས་ཆུང་སོགས་ལྷ་བབ་པ་རྫུན་མ་རེད་ཟེར་བ་དང་། དེ་སོགས་ཡོད་པ་མ་རེད་ཟེར་ནས་མགོ་གཡུག་གཡུག་བྱེད་པ་ནི། རྒྱ་མཚོའི་རུས་སྦལ་དང་ཁྲོན་པའི་སྦལ་བ་གཉིས་ཀྱི་དཔེ་ལས་མ་འདས། ལྷ་དང་འདྲེ་ཡོད་པ་ནི་དེང་སང་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དང་། སྐད་གོ་རྒྱུ་ཡོད་པ་བརྙན་པར་སོགས་ནས་ཀྱང་ཧ་ཅང་གསལ། གནས་ཆུང་མི་ཁོག་ཞུགས་ནས་ལུང་བསྟན་གནང་རྒྱུ་ཡོད་པ་ཡང་མཐོང་རྒྱུ་དང་རིག་རྒྱུ་ཡོད་པ་རྣམ་དཔྱོད་ཅན་ལ་གསལ་བོ་རེད། ལྷག་ཏུ་བོད་བསྟན་པ་ཆབ་སྲིད་ལ་བཀའ་དྲིན་ཆེ་བ་སོགས་ནི་༧གོང་ས་མཆོག་ནོར་བུ་གླིང་ཀ་ནས་བྲོས་བྱོལ་ལ་ཕེབས་སྐབས་དུས་ཚོད་དང་། ཕེབས་ལམ་སོགས་ཇི་ལྟར་ཕེབས་དགོས་མིན་གནས་ཆུང་ཆོས་རྒྱལ་མཆོག་གིས་བསྟན་ཚུལ་༧གོང་ས་མཆོག་གི་ཞལ་དྲོན་མོ་ནས་ཡང་ཡང་གསུང་ཡོད་པ་ཚང་མས་ཧ་གོ་དོན་གསལ་རེད། དེ་སྐབས་གློ་བུར་གློ་བུར་དུ་ཕེབས་ནས་ལུང་བསྟན་གནང་བ་སོགས་དེ་དུས་ཀྱི་རྒན་པ་རྣམས་ཀྱིས་གནས་ཆུང་འདི་འགག་རྩ་ལ་ཐུག་དུས་བསླུ་བ་མེད་ཟེར་ཡིད་ཆེས་འཕེར་བ་ཡོད་པ་ཞིག་རེད།
དེར་བརྟེན་གནས་ཆུང་ཆོས་རྒྱལ་གཙོས་ཚེ་རིང་མཆེད་ལྔ་དང་། བསྟན་མ་བཅུ་གཉིས་སོགས་དཀར་ཕྱོགས་སྐྱོང་བའི་ལྷ་འདྲེ་ཚང་མ་རང་རང་གི་མཐུ་ནུས་ལ་དཔག་པའི་བཀའ་དྲིན་ཆེན་པོ་ཡིན་པ་༧གོང་ས་མཆོག་གིས་བརྩམས་པའི་བོད་ལྗོངས་ལྷ་སྲུང་འཕྲིན་སྐུལ་ལ་ལྟོས་ན་གསལ་བོར་རྟོགས་ཐུབ།
འོན་ཀྱང་ད་དུང་བཀའ་དྲིན་ལོག་མཇལ་གྱི་སྐད་ཆ་བཤད་པ་དག་ནི་མ་འོས་པ་རེད།
གཅིག་བྱས་ན་དོལ་རྒྱལ་ཚོགས་མི་དང་། རྒྱ་གུང་བྲན་གྱི་སོ་པས་ལག་ངན་རྐྱོང་བཞིན་ཡོད་ངེས།
ལྷ་ལུང་རྫུན་མ་ཡིན་སྟངས་གསལ་བོར་གདུང་དང་ཉན་འདོད་ཡོད།དེ་མིན་སྐལ་ཆ་མང་བས་ཅི་ཕན།
གསུང
གནས་ཆུང་གིས་བཤད་པ་བཟང་ངན་གླེང་རྒྱུའི་ཚབ་ཏུ་རང་རང་གི་ཁ་ནས་ཅི་ཞིག་ཐོན་གྱིན་ཡོད་མེད་ལ་དོ་སྣང་བྱས་དང་ཡག་ཤོས་རེད། ཁྱོད་ཚོའི་ཁ་ནང་ནས་གནས་ཆུང་གི་བཤད་པ་ལས་ཡག་པ་ཅི་ཞིག་ཐོན་གི་ཡོད། ཁྱོད་ཚོ་གནས་ཆུང་ལས་བཟང་ཞིག་ཡིན་ན་རང་རང་གི་ས་ནས་བོད་སྤྱི་ཕན་གྱི་ལས་ཀ་གྱིས་དང་གནས་ཆུང་གིས་ཁྱོད་ཚོར་རྐང་ལྕགས་ལག་ལྕགས་ནི་བརྒྱབ་མ་སོང་།
དངོས་མེད་ལྷ་འདྲེ་འཁྲབ་གཞུང་གང་ཡིན་ན་རུང། ཁོ་རང་གི་ངོ་བོའི་ཐོག་བཞག་ནས་ལྷ་གསོལ་འདྲེ་བསྡུང་གང་བྱས་རུང་ཁྱད་པར་གང་ཡང་མེད། དངོས་མེད་ལྷ་འདྲེ་གང་རུང་ཞིག འགྲོ་བ་་མིའི་ཁོག་ཏུ་འཛུལ་ནས་མ་འོངས་ལུང་བསྟན་གྱི་མངོན་ཤེས་གཤད་པ་འདི་དུས་རབས་དང་མི་འཚམ་པའི་ལྷ་སྒྲུང་འཁྲབ་བྱའི་ཟློས་གར་ཞིག་རེད།
དཔྱད་རྩོམ་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ།
གནས་ཆུང་གིས་བཤད་པ་ལ་གང་བལྟ། ཐོག་མར་སྔར་ལོ་མང་པོའི་སྔོན་ནས་བཤད་པའི་བོད་ཀྱི་བདེན་མཐའ་དེ་ནམ་སྐྱ་བཏང་ཚར་ནས་ད་ཉི་མ་ཤར་རན་ཡོད་ཅེས་ལུང་བསྟན་བརྒྱབས་པ་དེ་ཁུངས་ཞིག་བསྐྱེལ་ཤོག །དེ་ནས་རིམ་པའི་བལྟ།
བོད་དོན་གྱི་སྐོར་ནས་༸གོང་ས་མཆོག་གིས་གསུངས་ཚར་བའི་རྗེས་ལ་གནས་ཆུང་གིས་ལད་ཟློས་འདྲ་ཞིག་བྱེད་ཀྱིན་འདུག་པ་ནི་ལམ་དང་ལུགས་སྲོལ་ལྟ་བུར་གྱུར་ཟིན། དེར་མ་ཟད་གནད་དོན་ཚབ་ཆེན་ལྷག་ཚར་བའི་རྗེས་ལ་མ་གཏོགས་ཁོག་ཏུ་འཛུལ་མི་ཤེས་པ་འདིས་ཕར་དཔྱད་མི་དགོས་པར་ཚར་ཤར་འདུག་པའི་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་ཡོད་པ་རེད། དེ་བས་མཆོང་མཁན་དེ་མཆོང་དུ་ཆུགས། ང་ཚོས་རང་ཉིད་རང་ལ་དབང་བ་ཞིག་བྱེད་ཐུབ་ཕྱིན་ཆད་ཁོང་ཚོ་ངང་གིས་བརླག་འགྲོ་གི་རེད།
རེད་རེད་ལྷ་འདྲེ་དེ་ཚོས་བློ་སེང་དང་སྤེན་ཚེ་ལ་འབྲུ་བྲབས་བྱས་ནས་སྡིག་དམོད་བཟོ་འདྲ་ཞིག་བྱེད་ཀྱི་འདུག དེ་འདྲའི་མཁྱེན་པའི་བདག་པོ་ཡིན་ན་སྲིད་སྐྱོང་གི་འོས་ཀྱི་འགྲན་རྩོད་བྱེད་སྐབས་བྱས་ན་ཡག་པོ་ཡོད་རེད། ད་ནི་ཚར་བ་ནི་ཚར་ཟིན་པ་རེད། སྲིད་སྤྱི་གཉིས་ཀས་དེ་ལྟར་བཤད། རེད་རེད་གོང་ས་མཆོག་གི་ལད་བཟློས་བཟོ་འདྲ་བོ་ཞིག་རེད། འོས་བསྡུའི་སྐོར་ལ་བཀའ་སློབ་ཕེབས་ཟིན་ནས་ཅུང་མ་འགོར་བར་ལྷ་འདྲེ་དེ་ཚོས་འཁྲབ་སོང། གཅིག་བྱས་ན་ལྷ་འདྲེ་དེ་ཚོའང་དགའ་ལྡན་ཕོ་བྲང་ནང་གི་ནང་གཏམ་ཤོད་ཀྱི་འདུག
༄། །བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །
བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །
ཡེ་ཤེས་སྤྱན་ལྡན་གནས་ཆུང་རྡོར་གྲགས་ཀྱེ།
མ་གཡེལ་མ་གཡེལ་ཐུགས་རྗེའི་མཐུ་དཔུང་བསྐྱེད། །
མི་ཤེས་རྨོངས་དང་ཆགས་སྡང་ཕྱོགས་ལྷུང་གིས། །
དམ་ཚིག་མི་སྲུང་སྤྱི་དོན་རས་བོར་ཞིང་། །
ཁ་ནས་ཅི་ཐོན་སྨྲ་བའི་དམ་ཉམས་རྣམས། །
ཐལ་བའི་རྡུལ་དུ་སློག་ལ་མ་གཡེལ་ཞིག །
ལྷ་མིའི་དམ་ཚིག་གཙང་མ་ཡོང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན། གནསགཆུང་དང་ ཚེ་རིང་མ་ལ་ཁ་མ་གཏོང་ན། རང་གི་མི་ཚེའི་ལམ་འགྲོ་ཡང་ཆེ་བ་འོངས་སྲིད་པས། ཀུན་གྱིས་གཟབ་པར་གྱིས་ཤིགུ
༄། །བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། །
བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། །
ཡེ་ཤེས་སྤྱན་ལྡན་གནས་ཆུང་རྡོར་གྲགས་ཀྱེ།
ལེགས་ཉེས་བཏང་འཛིན་འབྱེད་ལ་ཐུགས་མ་གཡེལ། །
བཞད་པ་རྡོ་རྗེའི་གསང་ཡུམ་ཚེ་རིང་མཆེད། །
བཀའ་བརྒྱུད་བསྟན་པ་སྲུང་བའི་གཡར་དམ་ཅན།
མ་གཡེལ་མ་གཡེལ་ཐུགས་རྗེའི་མཐུ་དཔུང་བསྐྱེད། །
བཀའ་བརྒྱུད་ཆོས་པའི་ཞབས་འདྲེན་ཚར་གཅོད་རེམ། །
ལྟ་ངན་ལས་ངན་དུས་འདིའི་མི་བུ་འགར།།
ལྷ་མེད་ཀླུ་མེད་ཀླད་པ་དེ་བས་མེད།
དད་པ་གུས་བ་གང་མེད་སྤྱོད་ངན་ཚོགས།།
འདྲེ་གདོན་ཞུགས་པས་ལྷ་ལ་རྒོལ་འདི་ཐལ།།
གདོན་མའི་མི་ལ་ལྷ་ཀླུ་གཞི་བདག་ཡོད།
རྒྱལ་མཚམས་ཆུ་མཚམས་མེད་པར་གླིང་ན་ཡོད།
ཡོད་པས་མ་ཚད་མཆོད་ནི་བཀུར་ནི་ཡོད།
མ་རིག་མ་གོ་བྱུང་ན་གཞན་ལ་ལྟོས།།
ལེགས་ཉེས་བློ་ཡིས་མི་དཔགས་གླུན་རྒན་ཚོ།།
འཛམ་གླིང་མིག་གིས་མ་རིག་རྟུལ་རྒན་ཚོ།།
ཡོན་ཏན་སྣ་གཅིག་མི་འཛོམས་འཁྱོལ་རྒན་ཚོ།།
བོད་དང་བོད་མིའི་དད་མདུན་འཕྲོག་འདོད་ཐལ།།
ཨ་ནུའི་ཆེད་དུ། གནས་ཆུང་སྐོར་ལ།
http://nechungfoundation.org/oracle.html