ལྷ་རྒོད།
འདས་པའི་དུས་ཡུན་ནང་དུ་བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེས་ཞུས་པ་ཡིན། གུས་བཀུར་ཞུས་པ་ཡིན། རེ་བ་བྱས་པ་ཡིན། མཛད་གཙོ་རྣམ་པར་ངན་སྨོད་དང་གཞི་མེད་པའི་སྐྱོན་བརྗོད་ཟུར་ཙམ་ཡང་ཞུས་མྱོང་མེད།
ད་ནི་ཡིད་ཐང་ཆད་སོང་། རེ་བ་བོར་སོང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་པོ་མཆོག་བཙན་བྱོལ་དུ་ཕེབས་འབྱོར་གྲུབ་མ་ཐག་ནས་ཐེངས་དང་པོར་དགོན་སྡེ་འཛུག་སྐྲུན་གནང་མེད་ལ། བོད་གཞུང་འཛུག་སྐྲུན་གནང་མེད། རྒྱུ་མཚན་ནི་བོད་པའི་བུ་ཕྲུག་དག་མ་འོངས་པའི་མི་རིགས་ཀྱི་སོན་རྩར་དམིགས་ནས་བོད་པའི་སློབ་གྲྭ་གསར་འཛུགས་ཀྱི་ལས་གཞི་ཐེངས་དང་པོར་མ་སོ་རིར་གཙོ་གཉེར་གནང་ཡོད།
སྐབས་དེར་ལྡི་ལི་སྲིད་གཞུང་གིས་བོད་ཕྲུག་དག་རྒྱ་གར་གཞུང་གི་སློབ་གྲྭ་འདྲ་མིན་ནང་དུ་འཇུག་རྒྱུར་དགག་བྱ་མེད་པར་ངོས་ལེན་གཙང་མ་གནང་ཡོད་མོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་རིགས་ཀྱི་སྐད་ཡིག་གཙང་མ་དར་སྤེལ་དང་རྒྱུན་འཛིན་ལ་དམིགས་ཏེ་དཀའ་ངལ་ཡོད་ཚད་ལ་གདོང་ལེན་གནང་ནས་བོད་པའི་སློབ་གྲྭ་ཨུ་ཚུགས་ཀྱིས་ཟུར་དུ་བཙུགས་ཡོད།
ད་ནི་རྟེའུ་ཆུང་རྒྱག་ན་མ་ལ་རྡོག་རྒྱག་ཟེར་བ་ལྟར་བཀའ་དྲིན་ལོག་འཇལ་དང་། ཇ་ལན་ཆུ་འཇལ་ལྟ་བུའི་གནས་སྟངས་འདི་དག་མཐོང་དུས་ངོ་མ་སྙིང་ན་ཡི་འདུག །ད་དུང་རྒྱ་ནག་གཞུང་གིས་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་གིན་འདུག་ཟེར་ནས་དུས་དང་རྣམ་པ་ཀུན་ཏུ་གངས་ཅན་སྐྱིད་གཤོངས་ནས་ཁྱི་ཟུག་ཟུག ། སྤྱང་ཀི་ངུ་ངུ་བྱེད་ཀྱིན་ཡོད། ངོ་ཚ་མེད་པའི་བྱ་སྤྱོད་མིན་ན་གང་ཡིན།
སྐྱེ་བོ་སྒེར་དང་ཚོགས་པ་སྒེར་ག་གེ་མོས་སྐད་ཡིག་མཐོང་ཆེན་བྱེད་མིན་གྱི་གནས་ཚུལ་ཙམ་མིན་པར། འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསྐྱར་ཞིབ་གཏན་འབེབས་ཟེར་ནས་བྲིས་འདུག །
ཨོ་ཡ་ད་ཡིན་ན་ཚར་ཚར་་འདུག། བཙན་བྱོལ་བོད་མའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འགན་འཛིན་གཙོ་བྱས་ནས་བོད་མི་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་འདི་རྩ་གཏོར་དུ་བཏང་དང་གཏོང་བཞིན་ཡོད་པས་རང་སེམས་སྐྱོ་ནས་ཉིན་ཁ་ཤས་ལ་གཉིད་ཀྱང་ཁུག་ཐུབ་མ་སོང་། ད་ཡིན་ན་ཆོས་དང་རིག་གཞུང་ཕར་ཞོག་མཐའ་ན་བོད་རིགས་སྤུན་ཟླ་ནང་ཁུལ་དུ་འང་ཕུན་ཚུན་གོ་བརྡ་མི་འཕྲོད་པར་འགྱུར་མི་སྲིད་པ་མ་ཡིན་ནོ།
ཨ་ཁ། ད་ཡིན་ན་ཚར་ཤག རེ་བ་བརྒྱབ་ས་ཞིག་མེད་པ་འདྲ། སྐད་ཡིག་འདི་འདྲ་གང་ཡིན་ནམ། ད་ངོ་གནས་ཚར་ཤག ཐོན་མིས་དཀའ་ལས་བརྒྱབས་པ་དོན་མེད་རེད། རྒྱལ་བ་རིན་པོ་ཆེས་ཐུགས་ཁུར་གནང་བ་ཆུད་ཟོས་རེད། ད་ཡིན་ན་ཚར་འདུག་གོ།།།།།།།
དངོས་གནས་འདི་འདྲ་ཧ་ལས་པའི་རྫབ་ཆེན་གྱི་སྤྱོད་པ་རེད།སྔོན་མ་རིག་གནས་གསར་བརྗེའི་སྐབས་འབྲེལ་སྒྲ་ཚང་བའི་ཚབ་ལ་གཅིག་གིས་འགྲིག་པ་བྱས་པ་དང་འདྲ་བོ་རེད།འདི་འདྲ་གསར་གཏོད་དང་འགྱུར་བཅོས་དེ་འདྲ་ཕར་བཞག།རྨང་གཞི་ཡག་པོ་ཅིག་ཡོད་པ་དེ་གཏོར་བ་རེད་འདུག
ཡིད་མི་ཆད་གི འདི་འདྲའི་ལས་དོན་ནི་བཙན་བྱོལ་བོད་མིའི་གཟི་བརྗིད་དང་ཆེ་མཐོང་རེད། ཡི་མུག་ས་དེ་ནི་ལྷ་རྒོད་དང་བོན་ཚང་དང་ཁྲི་རལ་སོགས་ཀྱི་སྲང་རྡོ་ལྟར་འགྱུར་སླ་བའི་མི་བརྟན་པའི་བློ་དང་མི་གཤིས་དེ་ཡིན། ནོར་འཁྲུལ་ལ་ང་ཚོས་ནོར་བཅོས་བྱས་ན་འགྲིག དེ་ནི་དོན་དག་ཆེ་ཞྀག་མ་རེད།
དེ་མིན་བཙུན་གཟུགས་འཛིན་པའི་རྫ་ཚེ་བཀྲ་སོགས་ཀྱིས་སོ་སོའི་ངག་འཆལ་དེ་དག་ལ་མཐོལ་ལོ་བཤེགས་རན།
ཅོ་མྱི། ཡི་གེ་དེ་ལ་དཔག་པའི་བསམ་ཚུལ་ཞིག་བཤད་འདུག །མཐོང་སོང་བས་བརྡ་ཙམ་ལས་བགྲོ་གླེང་གི་ཡུལ་ཅང་མ་སྣང་།
ཁ་སྐད་བསྟུན་ཡིན་ཟེར་གིས།།
ཁ་སྐད་བསྟུན་ཡང་ཆོག་ག།
བྱེད་སྒྲ་རྩ་ནས་བརླགས་སོང་།།
ཁ་སྐད་ཡིན་རིན་མི་འདུག།
ཤེས་རིག་བྱིས་པའི་བཀའ་བློན།།
དབང་ཤེད་ཆེ་བས་ཡིན་འགྲོ།
ཕ་སྐད་རྙོག་པའི་ཀློག་དེབ།།
བྱིས་པའི་ཁ་ལ་བརྫངས་སོང་།།
ངས་དཀའ་ངལ་འདི་ལོ་བཅོ་ལྔའི་སྔོན་ལ་མཐོང་སོང་། དེའི་ཆེད་དུ་༼ བོད་རིགས་སྤྱི་སྐད་ ༽ ཅེས་པའི་རྩོམ་ཐུང་ཚིགས་བཅད་མ་ཞིག་ཀྱང་། བོད་མིའི་རང་དབང་གསར་སོགས་ཀྱི་ནང་ལ་སྟོན་སོང་། ཤེས་རིག་ལྷན་ཁང་སོགས་ནས་གལ་ཆེར་མ་བརྩིས་ཙང་།
གཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་བཞིན་པའི་སྐབས་ལ་ཁོང་རང་གི་ཕྱག་ལ་འདྲ་བཤུས་ཞིག་ཕུལ་བ་ཡིན། དེ་དུས་ང་མི་ཆུང་ཡང་སེམས་བཟང་གི་ཆེད་རྩོམ་ལ་ཟུར་མིག་ཞིག་བལྟས་པ་ཡིན་ན། རྩོད་པ་མང་པོ་འོངས་སྲིད་ཀྱང་། དུས་ད་གཟོད་སྤྱི་སྐད་ཚད་ལྡན་ཞིག་གྲུབ་ཚར་བ་ཡོད།
ད་བར་ང་ཚོ་ལ་མཐོང་ཡང་མེད། དབང་ཡང་མེད། རང་ལ་ཡོད་པའི་སེམས་ཤུགས་ཡང་ཆགས་ལ་ངེས་པའི་་དུས་ལ་བསླེབས་པ་རེད། ད་ལྟད་མོ་ལྟ་ནས་སྡོད་ཡ་མ་གཏོགས་བཤད་ས་ཨ་ཡོད་སྙམ་ནས་བསྡད་ཡོད་དོ།། །།
དེང་སང་ཁྱེད་ཀྱི་སྐྱག་པ་ལ་དྲི་མ་ངན་འདུག་ལབ་ནའང་སྐྱོན་བརྗོད་རེད་ཟེར་ནས་ངར་ཡོང་བ་ལས་ཁས་ལེན་མི་བྱེད་པའི་གནས་སྟངས་ཡ་མཚན་ཅན་མང་པོ་མཐོང་རྒྱུ་འདུག ། ངོ་མ་ཡིན། དྲང་བདེན་ཟེར་བ་དེ་གཞི་གང་ཞིག་ལ་འཛིན་དགོས་མིན་ངས་ནི་ཧ་མི་གོ་ངོ་མ་རེད། དཔེ་ན། ཤེས་རིགས་ལས་ཁུངས་ཀྱིས་ལམ་བསྟོན་འོག་ནས་བྱེད་འབྲེལ་རྩ་མེད་བཏང་བའི་གཟའ་མཇུག་གི་སློབ་དེབ་ལ་བསྐྱོན་བརྗོད་བྱས་ན་མི་འོས་ཚུལ་དང་། དཀའ་ལས་བརྒྱབ་ཡོད་རབ། ཚོགས་འདུར་མང་པོ་ནས་གོ་བསྡུར་བྱས་ལུགས་སོགས་རྒྱུ་མཚན་བགྲང་བ་ལས་སྐྱོན་མཚང་ལ་ངོས་ལེན་གྱི་བསམ་བློ་ཟུར་ཙམ་ཡང་མེད་པར་མཐོང་ཡོང་འདུག །ད་དུང་ཁྱོས་གང་བྱས་རྗེས་གང་འཇོག་ཡོད་སོགས་ཚུར་སྐྱོན་བརྗོད་བྱེད་ཀྱིན་འདུག །
ཤེས་རིག་སློབ་དེབ་རྩོམ་སྒྲིག་པས་ཁ་སྐད་མིན་པས་ཡིག་སྐད་འབྲི་མི་པ་དེས་ནོངས་པ་རེད།
ངས་ཀྱང་ལོ་བཅུ་དྲུག་གི་སྔོན་ལ་གཟའ་མཇུག་ཀློག་དེབ་ཟེར་བ་ཞིག་བྲིས་ཏེ་ཟམ་གདོང་རིན་པོ་ཆེའི་མ་བྱན་གྱི་ཕྱག་ཏུ་བཞག་ཡོད་དེ་རིན་པོ་ཆེ་ལ་འཕྲོད་ཡོད་ས་མ་རེད། ཕང་བ་ལ། ཕང་བ་ལ།
རང་ལ་ཡོད་པའི་སེམས་ཤུགས་ཡང་ཆགས་ལ་ངེས་པའི་་དུས་ལ་བསླེབས་པ་རེད། །
འདི།
རང་ལ་ཡོད་པའི་སེམས་ཤུགས་ཀྱང་ཆག་ལ་ངེས་པའི་་དུས་ལ་བསླེབས་པ་རེད།
༅༅། བཤད་རྒྱུ་མང་པོ་བཤད་འདུག་ བཤད་ཚད་སྐྱོན་ཀྱང་རེད་འདུག་
བཤད་པ་ཙམ་གྱི་ཅི་ལ་ཕན་ ཕན་པའི་ཐབས་ལམ་སྤུ་ཙམ་མེད།
མེད་རྩ་ན་སྟོང་བཤད་ལས། སྤྱི་སྒེར་སུ་ལའང་ཕན་པ་མིན།
༅༅། གཞན་ལ་བལྟ་བའི་མིག་ཡོད་ཀྱང། རང་ལ་བལྟ་བའི་མེ་ལོང་དགོས།
སྤྱི་སེམས་ཡོད་མདོག་བསྟན་ན་ཡང། དཀའ་ངལ་སེལ་བའི་ཐབས་ལམ་མེད།་
ཐབས་ལམ་ཡོད་ན་འདི་ཡིན་བྲིས། དེ་མིན་མཁས་མདོག་མ་སྟོན་ཨང།
དངོས་གནས་སྐད་ཡིག་ཞེན་ཡོད་ན། སྤྱི་ཚོགས་ནང་ལ་མར་ཡོང་ནས།
སྐྱོན་སེལ་ལེགས་སྤྱེལ་འདི་ཡིན་ཞེས། རྩོམ་དང་ཤོད་དང་སློབ་ཐུབ་ན་།
རྒྱལ་ཞེན་སྐད་ཞེན་མི་རིགས་ཞེན། མང་པོས་ཁྱོད་ལ་ལོས་ཀྱང་བཀུར།
༅༅། རང་གི་མི་བྱེད་མི་ཐུབ་ཅིང། གཞན་གྱིས་བྱས་ན་མིག་རྩ་འབུར།
སྤྱི་སྒེར་སུ་ལའང་མི་ཕན་པའི། གཏམ་འཆལ་བཤད་པ་སྐད་སྟོང་རེད།
རྒྱ་གར་སྐད་དུ་་མུག་རྦ་དུར། བོད་ཀྱི་སྐད་དུ་ཁ་སྟོང་རེད་།
དྲྭ་འབུ་ལས་ཟད་དག་ལ་གསལ་བཤད། ཐབས་ལམ་བཤད་ཀྱིན་ཡོད། མི་རིགས་ཀྱི་སློབ་དེབ་ནང་དུ་ཤེས་རིག་ལས་ཁུངས་ཀྱིས་ཡིག་ནོར་ཕ་རོ་ལྟ་བུ་སྤུངས་པ་དེ་ཚོ་གཙང་སེལ་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་ནས་བཟོ་དགོས། བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེན་པོ་དག་ལ་བོད་མི་དགོས་ཀྱང་། མི་རིགས་སོན་རྩ་རུ་རེ་ཡུལ་གཞོན་སྐྱེས་དག་ལོག་ལམ་དུ་ཁྲིད་མ་འགྲོ་ཟེར་གྱིན་ཡོད་རེད། རང་སྲོག་རང་གིས་གཅོད་པར་ངོ་བརྒོལ་བྱེད་ཀྱིན་ཡོད།
རྩ་བ་ཐུག་ས་དེ་བཙན་བྱོལ་ནང་གི་སློབ་གསོ་གྲུབ་འབྲས་མ་ཐོན་པ་དེ་རེད། དེའང་དཀའ་ལས་མ་བརྒྱབ་པ་མ་ཡིན་པར་ཐབས་ལམ་མ་འགྲིག་པར་ཐུག་ཡོད། ཐབས་ལམ་འགྲིག་སོང་ན་བོད་ནང་ག་འདྲ་ཡག་པོ་བྱུང་གི་འདུག
ང་ཚོའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་འདི་རིགས་ཀྱི་ནོར་བ་ལ་དོ་སྣང་གནང་དགོས། དེ་མིན་འདི་ལྟར་གྱི་ནོར་བ་རྒྱུན་འབྱམས་སུ་སོང་བ་ལས་ཉིན་ཞིག་རང་རེའི་མི་རིགས་ཀྱི་ངོས་འཛིན་ལའང་དོ་ཕོག་ཡོང་སྲིད་པ་རེད། ལྷ་རྒོད་ལགས་ཀྱིས་ཐེར་འདོན་གནང་བར་དགའ་བསུ་ཞུ། ངོས་བོད་མི་རྣམས་ཀྱིས་འདི་ལྟར་གྱི་ཡོ་བསྲང་གནང་བར་རྒྱབ་སྐྱོར་ཞུ་དགོས་པ་དང་། དེ་ཡང་སྐྱོན་བརྗོད་ཀྱི་ངོ་བོར་མ་ཡིན་པར་རང་རེའི་མི་རིགས་ཀྱི་ཁེ་ཕན་ཆེད་ཡིན་པར་ཤེས་དགོས།
གོང་གི་དཔེར་བརྗོད་དེ་ཚོའི་ནང་ནོར་འཁྲུལ་དངོས་གནས་གང་བྱུང་འདུག་ཟེར་ན།
ཁོང་གོམ་པ་རྒྱག་གི་འདུག་ཟེར་རྒྱུའི་ཚབ་ཏུ་རྒྱག་ཀྱི་ཞེས་འབྲི་ནོར་ཤོར་འདུག
རང་དགར་མི་ཁ་ཤས་ཀྱིས་བོད་མེས་པོའི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བརྡ་སྤྲོད་གཏན་འབེབས་བྱས་པ་ནི། བོད་སྐད་ཡིག་ལ་སྒེར་གཅོད་བྱས་པ་ཞིག་རེད་ལ། སྒེར་གཅོད་འདིའི་མཇུག་འབྲས་ནི་བོད་མི་རིགས་ཀྱི་སྒལ་ཚིགས་འཐོར་རྒྱུ་དེ་ཡིན་པ་ཤོད་ཅི་ལ་དགོས། དེ་ལྟ་ན། གནད་དོན་འདིའི་ཐད་བོད་མི་ཡོད་དོ་ཅོག་གིས་བློ་གཟུར་བོར་གནས་པའི་ཐོག་མུ་མཐུད་དགག་སྒྲུབ་ཀྱི་རྩོམ་ཡིག་གང་མང་སྤེལ་རྒྱུ་དེ། བོད་རིགས་ཤེས་ལྡན་པ་ཚོར་ཐད་ཀར་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད་སྙམ།
བོད་མི་རིགས་ཀྱི་སྐད་ཡིག་དམར་གསོད་གཏོང་བཞིན་པ་འདི། ཤེས་རིག་ལས་ཁུངས་གཅིག་པུ་ག་ལ་ཡིན། ཡབ་གཞིས་ཚང་གི་གསར་སྐྱེས་དེ་ཚོའི་ནང་བོད་ཀྱི་སྐད་ཡིག་ཤེས་མཁན་ཡོད་མ་རེད། བསྟན་པ་མགོ་ནས་བཤིག་ཡོང་དུས་མཇུག་ནས་དེ་བཞིན་རེད་བ། བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཐོང་ཡོང་བའི་བོད་ཡིག་མཁས་པ་གཅིག་ཀྱང་མཐོང་རྒྱུ་མེད་པ་འདི། བོད་ཀྱི་སྐད་ཡིག་དམར་གསོད་གཏོང་མཁན་ངོ་མ་དེ་བོད་གཞུང་ཡིན་ཡ། ད་དེང་སང་ཤེས་རིག་ལས་ཁུངས་དང་འབྲེལ་བའི་བྱང་ཨ་རིའི་ནང་བརྡ་སྤྲོད་དམར་གསོད་གཏོང་སྟངས་འདི་ལ་གཅིག་ལྟོས་གདའ། བོད་ཀྱི་བརྡ་སྤྲོད་གཞུང་འདི་ཚོ་དེང་སང་བཙན་བྱོལ་གཞུང་གིས་བྱིས་པའི་རྩེད་ཆས་ཙམ་རྩི་ཡི་ཡོད་མ་རེད་ཡ།
དྲྭ་འབུ་རླུང་ཐོག་ལགས། བོད་པའི་སྐད་དང་ཡི་གེ་ཟེར་བ་ཞིག་བཙན་བྱོལ་བའི་སྤྱི་ཚོགས་ནང་དུ་ད་ལྟ་བར་དུ་གནས་ཡོད་པ་འདི་རྩ་བ་ཐུག་ས་ངོ་མ་དེ་ཕར་ཕར་དེད་སོང་ན་ཁྱེད་ཅག་གིས་འབོད་ཀྱིན་པའི་ཡབ་གཞིས་ཚང་ཟེར་བ་དེ་ལ་ཐུག་འགྲོ་གི་ཡོད་པ་ནི་དུད་འགྲོ་ཞིག་མིན་ན་ཁས་མི་ལེན་ཀ་མེད་རེད། དེ་མིན་བོད་མིའི་བསྟན་སྲིད་སྤྱིའི་དོན་དུ་ཐུགས་དུས་ཆོས་པ་ཡིན་མདོག་དང་། སྒེར་གྱི་དོན་དུ་ཐུག་དུས་ཚོང་དཔོན་དག་མ་སྟེ། ངོ་གཉིས་མའི་གྲངས་འབོར་མི་ཉུང་བ་ཞིག་མིག་མདུན་ཡོད་པར་ནི་ས་རིས་ཐང་གསལ་རེད། གདོང་ལ་ལྕགས་འབག་གྱོན་མེད་ན་དྲན་ཚད་ཁ་ནས་མ་སྨྲ་ན་བཟང་། སྙིང་རྗེའི་བསླབ་བྱ་ཙམ་ཡིན། དམིགས་བསལ་གྱི་ལས་འགན་འདྲ་ཡོད་ན་ནི་གང་འདོད་བྱོས།
ལྒ་རྒོད་ཧཧཧཧཧཧ། དེ་རེད་བཙན་བྱོལ་བོད་ཀྱི་སྐད་དང་ཡིག་གེ་ཉམས་བཞིན་པ་འདི་ཕར་ཕར་དད་སོང་ན་ཡབ་གཞིས་ཚང་ལ་ཐུག་འགྲོ་ཡི་ཡོད། རྒྱ་ལོའི་བུ་ཕྲུག་རྒྱ་ཚ་རེད་དེ་དག་གི་བོད་ཀྱི་སྐད་ཡིག་མི་ཤེས། རྗེ་བཙུན་པདྨའི་བུ་ཕྲུག་གི་བོད་ཀྱི་སྐད་ཡིག་མི་ཤེས་པས་མ་ཚད། ཊི་སིས་པྷིས་སློབ་གྲྭ་ཐམས་ཅད་ལ་དབྱིན་ཇི་ཁོ་ན་ལས་བོད་ཀྱི་སྐད་ཡིག་རང་སྐྱ་ཕེར་བ་ཞིག་སླབས་མྱོང་མེད། གཞན་ཡབ་གཞིས་ཚང་གི་བུ་དེ་ཚོའི་དབྱིན་མོ་དང་མི་ནག་ལ་ཆང་ས་རྒྱབ་ནས་ཕྲུག་གུ་དེ་ཚོས་བོད་སྐད་ཐོག་ཕ་མ་ཙམ་ཡང་ལབ་མི་ཤེས་པ་ཆག་བསྡད་ཡོད། ད་དེང་སང་ཡབ་གཞིས་ཚང་གི་སྒྲིག་འཛུགས་འོག་བོད་ཀྱི་སྐད་ཡིག་དམར་གསོད་གཏོང་བཞིན་པ་འདི་རེད། ད་ཐུག་འདུག་གདའ་ཚང་མ་ཡབ་གཞིས་ཚང་ལ།
ཁོ་གོམ་པ་རྒྱག་གི་འདུག
ལས།
ཁོ་གོམ་པ་རྒྱག་ཀི་འདུག
འདི་དག་པ་རེད། འདི་ལས་ཀྱང་།
ཁོ་གོམ་པ་རྒྱག་བགྱིད་འདུག
འདི་དག་པ་རེད།