ཐོད་དཀར་བསོད་ནམས།
དེ་རིང་ནི་༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་རྒྱ་དམར་ཇག་པས་བཙན་ཁྲིད་བྱས་ནས་མི་ལོ་བཅོ་བརྒྱད་འཁོར་བའི་ཉི་མོ་ཡིན་ཞིང་། ཁོང་ད་ལྟ་གང་དུ་བཞུགས་ཡོད་དམ། ཁོང་སྐུ་འཚོ་བཞུགས་ཡིན་ནམ། མུན་པའི་བཙོན་དུ་བཞུགས་ཡོད་དམ། སློབ་གྲ་ཞིག་ཏུ་ཕེབས་ཀྱི་ཡོད་དམ། བོད་སྐབས་ཤེས་ཀྱི་ཡོད་དམ་སོགས་ཀྱི་དྲི་རྟགས་མང་པོ་ཞིག་ང་ཚོའི་ཀླད་པའི་ནང་དུ་རྒྱུགས་བཞིན་ཡོད་ལ། སྐུའི་འཁྲུངས་སྐར་དུས་དྲན་ཤར་རིམ་བཞིན་བོད་མི་གནས་སྡོད་ཀྱི་འཛམ་གླིང་ས་གནས་ཀུན་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་དམར་གཞུང་ཚབ་མདུན་དུ་སྐད་འབོད་དང་། རྒྱལ་ཁབ་སོ་སོའི་མཐོ་རིམ་དབང་ཚད་ལྡན་པའི་དཔོན་རིགས་ཚོར་ཀུན་གཟིགས་མཆོག་གློད་བཀྲོལ་ཡོང་བའི་རྒྱ་གཞུང་ལ་གནོད་ཤུགས་སྤྲོད་དགོས་པའི་འབོད་བསྐུལ་དང་། རྒྱ་གཞུང་ནས་ཀྱང་རྒྱུན་གཏན་གྱི་གཏམ་གཅིག་རང་སྟེ་ཁོང་སྐུ་གཟུགས་ཐང་མ་རེད། ཡབ་ཡུམ་མཉམ་དུ་བཞུགས་ཡོད། ཕྱིའི་མི་ལ་ཡབ་ཡུམ་ནས་མཇལ་འདོད་གནང་གི་མིན་འདུག་ཅེས་མ་ཎི་བཞིན་བགྲངས་ཀྱི་ཡོད། དེ་འདྲའི་ངང་ལ་མི་ལོ་བཅོ་བརྒྱད་སོང་བ་རེད། མ་ཟད་རྒྱ་གཞུང་ནས་སྲིད་དོན་གྱི་ལག་ཆར་དམིགས་ནས་དམར་ཤོག་ཚོགས་པའི་ཡང་སྲིད་ངོས་འཛིན་བྱས་ཡོད་ལ་ད་ཆ་ན་གཞོན་དར་མ་ཞིག་ཆགས་ཤིང་རྒྱ་དམར་གྱིས་མངོན་ལྐོག་ཅི་རིགས་ནས་ཀུན་གཟིགས་མཆོག་གི་ཡང་སྲིད་ངོ་མ་དེ་ཡིན་པར་ཤོད་ཀྱང་བོད་མི་ཀུན་གྱི་སེམས་ནང་གི་ཀུན་གཟིགས་མཆོག་ནི་དགེ་འདུན་ཆོས་ཀྱི་ཉི་མ་ཁོ་ན་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད།
ལོ་ངོ་བཅོ་བརྒྱད་དེའི་རིང་ལ་བདེན་མིན་ལ་མ་ལྟོས་པར་བོད་ནང་དུ་ཡང་སྲིད་རིན་པོ་ཆེ་འཚོལ་ཞིབ་ཀྱི་འགན་འཛིན་བདེན་པའི་དཔའ་བོ་བྱ་བྲལ་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་ཞིག་ཐོན་ཡོད་ལ། ཡང་སྲིད་འཚོལ་ཞིབ་ཀྱི་གཙོ་བོའི་ཐུགས་འགན་བཞེས་མཁན་སྔགས་ཆེན་པོ་ཆེ་དང་། བྱ་བྲལ་རིན་པོ་ཆེའི་དྲུང་ཡིག་རྒན་བྱང་པ་གཅུང་ལགས་ཡང་དགོངས་པ་རྫོགས་པ་རེད། དེ་ལྟར་ཡང་སྲིད་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་གལ་ཆེའི་མི་སྣ་དེ་དག་དེ་རིང་ལོ་རྒྱུས་ཀྱི་མི་སྣ་ཞིག་ཏུ་གྱུར་ཅིང་། ཡང་སྲིད་རིན་པོ་ཆེའི་ད་ལྟ་དང་མ་འོངས་པ་་ནི་མུན་ནག་གི་མཚན་མོ་ཞིག་ཏུ་གྱུར་པ་རེད། ད་ང་ཚོས་དཔའ་རྒོད་ཁོང་ཚོའི་མཛད་རྗེས་ལ་ཡིད་རངས་དང་འབྲེལ་ཡང་སྲིད་རིན་པོ་ཆེའི་ཆེད་དུ་གཅིག་གནང་དགོས་པའི་དུས་ལ་སླེབས་འདུག
རྒྱ་མི་ང་ཚོ་བོད་པའི་དགྲ་བོ་ངོ་མ་ལ་ངེས་བཟུང་ཉིན་ང་ཚོ་ལ་བྱེད་རྒྱུ་མང་པོ་ཡོད་པ་རེད། དེ་མིན་མགོ་ནས་མར་ལ་མི་སྐྱོབས། རྐང་བ་ནས་ཡར་ལ་མི་སྐྱོབས་ས་ནས། བུ་དགའ་རེ་ཡོད་ན་ཁེར་རྒྱུག་ཙམ་ལས་དོན་ཆེན་ཞིག་ལག་དུ་འབབ་པ་ཁག་པོ་རེད། དཔའ་བོ་བརྒྱ་ལས་མ་ཚད་པ་ཅིག་བསྲེགས་སོང་། གནའ་ནས་ད་བར་བོད་གངས་ཅན་གྱི་ལ་དོན་ལ་ཕུལ་བའི་ཚེ་སྲོག་དེ་ཚོ་བསམ་ན་རང་རོགས་གཉིས་ཀའི་སྟེང་ལ་ཁྱག་ཁོལ་ནི་འདྲ་ཞིག་རེད། ད་ཅི་བྱེད། གསར་ཁོ་ཆ་བོ།
བླ་མ་ཉི་ཟླ་འདྲ་བོའི་གཅིག་བཙོན་ལ་བཅུག། གཅིག་ས་མཐར་ཕུད།
ངོ་མ་དད་པ་ཅན་ཚོས་ཅིག་བཅས། ལ་རྒྱ་ཅན་ཚོས་ཅིག་བཅས་ན་བཅའ་རྒྱུ་ཡོད་པ་རེད། བཅའ་རྒྱུ་ཡོད་པ་དེ་མཉམ་དུ་བཅས་ན། རྒྱ་ངོ་མི་ལོན་ནིའི་མྱི་རིགས་ཐབས་ཟད་ཞིག་མ་རེད་རེད་ཨ། བྱང་སེམས་རྫུན་མ་ཞིག་གིས་བྱས་ཉེས་ཚེ་གང་ལ་གཏད་པའི་ཁ་ངོ་འདི་ནམ་ཞིག་ལ་འུ་ཚང་གིས་རྙེད་རྒྱུ་ན། བཙན་རྒྱལ་རྒྱ་དམར་ལ་བོད་ན་གནས་ཞིག་མེད་པའི་དམར་ཁྲིད་སློབ་སྟོན་བྱེད་ལོས་ཐུབ། ཡིན་ན་ཡང་་་་་་་་་་་་་་་་། ཡིན་ན་ཡང་་་་་་་་་་་་། ད་ཆི་ཟིག་ཟེར་དགོས་ནས་མི་ཤེས་འི། ཚང་མས་བསམ་བློ་ཐོངས།
གྲོགས་པོ་ལགས། ཡིད་ཐང་ཆད་པའི་ཚོར་བ་དེས་ང་ཚོར་ཅི་ཡང་ཕན་ངེས་མིན། དེ་བས་ང་ཚོས་མིག་མདུན་གྱི་དོན་དངོས་ལ་ཁས་ལེན་དང་། མོ་འོངས་པའི་མི་རིགས་འདིའི་མདུན་ལམ་ལ་བསམ་ནས་མདུན་སྐྱོད་བྱེད་དགོས། པན་ཆེན་རིན་པོ་ཆེ་ཡང་སྔ་ཕྱིར་མ་གཏོགས་རྒྱ་དམར་གྱིས་བཙོན་ནས་གློད་ཀྱི་རེད། ད་ལྟ་ཁོང་བཙོན་དུ་བཅུགས་པ་ནི་གཙོ་བོ་ཆབ་སྲིད་ཀྱི་དགོས་དབང་རེད། གཙོ་ཆེ་ཤོས་དེ་བོད་པ་མི་སྒེར་སོ་སོས་བློས་གཏོང་དང་། བག་ཁུམ་གྱི་བསམ་བློ་ནམ་ཡང་ཁྱེར་རྒྱུ་མེད། དེ་ནི་ཕམ་ཉེས་ཀྱི་འབྱུང་རྩ་དེ་རེད།
བཙན་པོའི་བུ་ལགས་ནས་སྙིང་སྟོབས་ཀྱི་སོན་རྩ་སྦྱིན་པར་ཐུགས་རྗེ་ཆེ།
པཎ་ཆེན་ཡཱ་ པཎ་ཆེན་ ཁྱོད་མེད་པའི་ཉིན་མོ་དེ་ནས་ང་ཚོ་ལ་མུན་ནག་དོང་ཆེ་འདི་ནས་མིག་མདུན་གསལ་བའི་སྒྲོ་མེ་ཞིག་གང་ན་ཡོད་/པཎ་ཆེན་ཡཱ་ པཎ་ཆེན་ ཁྱོད་མེད་པའི་དེ་རིང་ནས་བཟུང་ང་ཚོ་ལ་སྙིང་སྟོབས་ཀྱི་རྒྱབ་ལྗོངས་གསལ་བའི་སང་ཉིན་ཞིག་ག་ལ་ཡོད་/རིན་པོ་ཆེ ཁྱོད་མེད་པའི་ད་ལོ་ནས་ང་ཚོ་ལ་དཔའ་མཛངས་ཀྱིས་ཕྱུག་བའི་སང་ལོ་ཡིའི་འཇིག་རྟེན་ཞིག་གང་ན་ཡོད་/
རྒྱ་དམར་གྱི་བྱེད་སྟངས་དེ་ཚོ་ཚང་མ་འཇིག་རྟེན་གྱི་མི་སྤྱོ་དང་འགལ་བ་རྐྱང་རྐྱང་ཡིན། བོད་ཀྱི་གནས་སྟངས་འདི་ལ་འཛམ་གླིང་གི་ནང་པའི་རྒྱལ་ཁབ་དང་མི་རིགས་ཚང་མས་བསམ་བློ་གཏིང་ནས་བརྟན་པོ་ཞིག་བཏང་དགོས་པའི་དུས་ཚོད་ཅིག་ཡིན། དེ་མིན་ནང་པའི་རྒྱལ་ཁབ་གཅིག་སྟོངས་སོང་ན་གྱོང་དང་གོད་ཀ་དེ་ནང་ནང་པ་ཞིག་ལ་རེད།