འཕྲིན་ལས་འོད་ཟེར་གྱིས།
འུ་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ན་ཅི་འདྲའི་སྤྲོ་སྐྱིད་ལྡན་པའི་རྩེད་འགྲན་གྱི་སྣང་བརྙན་གསོན་པོ་ཞིག་དང་ལྷན ་དུ་ཁ་ཁུ་སིམ་པོའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་འདུག།།དེ་ཡང་ས་ཡ་དྲུག་གི་བདེ་སྡུག་དང་སྤུན་ཟླ་གྲངས་མང་ཞིག་གི་གཅེས་པའི་ཚེ་སྲོག་མེ་ཁར་སྤར་བཞིན་པའི་དུས་ཚིགས་ལ་མ་ལྟོས་པར། རྒྱ་གར་བྱང་ལྷོ་གཉིས་ཀྱི་གཙོ་བོར་ གྱུར་པའི་ཚོགས་སྡེ་ཁག་ཅིག་གིས་སྤྲོ་འཚོགས་རྒྱས་པོ་འདི་འདྲ་ཞིག་འཚོགས་ཐུབ་པ་ནི་ཁོང་ཚོར་མཚོན་ན། སྔ་ན ་མེད་པའི་གཟི་བརྗིད་དང་བརྗེད་དུ་མེད་པའི་ཁེ་སྦོག་གི་ཉིན་མོ་ཞིག་ཀྱང་ལོས་ཡིན།
འོན་ཀྱང་། མི་རིགས་ལ་དུངས་ཞེན་ཆེ་ཞིང་། དངོས་ཡོད་ལ་རྒྱབ་བསྐྱོར་ཡོད་པའི་དྲང་བདེན་གྱི་མི་བུ་ཚོར་མཚོན་ན ་འུ་ཚོའི་ཕྱི་ནང་མི་འཚུངས་པའི་ཕྱག་ལས་དེ་ལ་ཞེན་པ་སྟེང་ནས་ལོག་ཅིང་།སེམས་པ་རྨང་ནས་འཁྲུགས་པའི་ཁྲེལ་མེད་ཀྱི་ལས་ཀ་ཞིིག་ལ་ངོས་འཛིན་བྱེད་ལ།རྒྱ་ནག་དམར་པོའི་གཞུང་ལ་མཚོན་ན་ཁོང་ཚོས་བསམ་པའི་དམིགས་ཡུལ་དང་ཡང་ཁ་ཐག་ཉེ་རུ་འགྲོ་བའི་དགེ་མཚན་ལྡན་པའི་ལས་གཞི་ཞིག་ཀྱང་ཆགས་ཡོད།
ད་དུང་མཚན་ལ་མི་རིགས་ཀྱི་རྩ་དོན་རྩོད་པའི་དཔའ་སྡེ་ཞིག་གི་ཆོ་ལོ་བཏགས་ཏེ་ཉིན་གྲངས་མང་བོ་ཞིག་ལ་བསྟུད་མར་རྩེད་འགྲན་གྱི་འུར་ཟིང་ཁེངས་བཅུག་པ་དེས་ཤ་ཁྲག་རུས་གསུམ་དང་གློ་སྙིང་བྲང་གསུམ་གཅིག་ལས་མཆེད་པའི་གཞིས་བཞུགས་པའི་སྣང་ངོར་ཧང་སང་ཧོན་འཐོར་གྱི་བསམ་གཞིག་གི་རྒྱང་ཁམས་ཤིག་བསྐྲུན་ཡོད། དེ་ཡང་ འགའ་ཞིག་གིས་མི་རིགས་ཀྱི་བདེ་སྡུག་དང་། རིག་གཞུང་སྲུང་སྐྱོབས་བྱེད་མཁན་གྱི་རྒྱུན་འཛིན་པ་ཞིག་ཡིན་ཁུལ ་གྱི་ཁ་དབྱངས་ཀྱི་ཅ་ཅོ་བསྒྲགས་ཤིང།གླུ་གཞས་བསྐོང་འཚོགས་དང་གླུ་སྣ་འགྲན་བསྡུར་བྱས་ཏེ།མི་རིགས་དང་རིག ་གཞུང་ལ་ཤ་བཞེན་ཡོད་པའི་མི་དག་གི་སེམས་སུ་སྐྱོ་གུར་གི་མཁུན་སྒྲ་བཏང་དུ་བཅུག་ཡོད།
དཔེར་ན། ཉེ་བའི་སྔོན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་བསྒྲིགས་བྱས་ཏེ་གླུ་གཞས་འགྲན་བསྡུར་སྤྲོ་སྐྱིད་ལྡན་ པ་ཞིག་གསོར་སྒར་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས་ཡོད་པ་དང་། ད་དུང་འགྲན་བརྩོད་ཀྱི་རྣམ་པ་ཙམ ་ལས་སྤྲོ་འཚོགས་ཀྱི་ངོ་བོ་ལས་གཞན་པའི་སྐྱོ་སྣང་གི་རྣམ་པ་བཏོན་ཡོད་ཁུལ་གྱི་སྙིང་རླུང་སྟེང་ནས་ལངས་པའི་ཁྲེལ་ གཏམ་སྣ་ཚོགས་བཤད་པ་ཐོས།དོན་དངོས་སྐྱོ་སྣང་གི་རྣམ་པ་ཞིག་ཕར་ཞོག་བཞད་བགད་དང་རྩེད་ཆས་ཀྱི་རྣམཔ་ཕྱི་རུ་བཏོན་ཏེ། གཞིས་བཞུགས་པའི་དཀའ་སྡུག་ལ་བསམ་གཞིག་ཙམ་ཡང་མ་བྱས་པའི་ངང་ཚུལ་ཕྱི་རུ་བསྟན་ ཡོད ། གཞིས་ལུས་སྤུན་ཟླ་ཚོས་འུ་ཚོ་བཙན་བྱོལ་བ་རྣམས་ལ་རེ་བ་རི་མགོ་ལྟར་བཅངས་ནས་སོ་སོའི་གཅེས་པའི་ཚེ་སྲོག་གི་རྒྱུ་བ་མེ་དཔུང་དང་འགྲོག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱོད་བཞིན་པའི་དུས་ཚིགས་འདིར།འུ་ཚོས་རྩེད་རིགས་གང་ཡག་དང་། གླུ་གཞས་གང་སྙན་གྱི་བྲོ་བ་ལ་རོལ་ནས་སྤུན་ཟླ་ཚོར་མྱ་ངན་གུས་འདུད་དང་། སྨོན་ལམ་ མཆོད་འབུལ་སོགས་ཀྱི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཡང་བསྟན་མེད་པ་དེ། གཞིས་བཞུགས་སྤུན་ཟླ་ཚོས་མཁྱེན་རྟོགས་ བྱུང་ཚེ།་སེམས་པ་ཡ་ཁུངས་ནས་ཆད་དེ་མ་ཁུངས་སུ་ལྷུང་མིན་ལ་བློ་ལྡན་སུ་ཡང་ཕྱང་མོ་ཉུག།།
དེ་ཡང་གོ་ཐོས་ལ་ཁ་སང་སྐད་ཡིག་རྒྱུན་འཛིན་ཚོགས་པའི་དགོང་འཚོགས་ཀྱི་ཉིན་མོར་བསྐྱར་དུ་རྔ་བ་ཁུལ་གྱི་བུ་ མེད་ཅིག་གིས་རང་ལུས་མེ་བསྲེགས་བཏང་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་མིན་དགོང་འཚོགས་དེའི་ཡར་ སྔོན་ཕྱི་ཚེ་༧ཉིན་གྱི་སྔ་གྲོ་བསྐྱར་དུ་རྔ་བ་ཁུལ་གྱི་མི་སྐྱ་གཉིས་ཀྱིས་སྐུ་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་ཁ་གསལ་འབྱོར་བ་སོགས་ལ་བསམ་གཞིག་ཅིག་བྱས་ན། འདི་འདྲའི་ཁྲེལ་མེད་ཀྱི་གླུ་གཞས་འགྲན་བརྡུར་བྱེད་འོས་པ་ ཞིག་མ་ཡིན་སྙམ།
ད་དུང་དེ་ལ་འགྲེལ་བཤད་བརྒྱབ་ཏེ་བོད་ནང་གི་བོད་མི་ཚོས་སྐད་ཡིག་གི་ཆེད་དུ་སྐད་འབོད་དང་རང་སྲོག་བློས་གཏོང་གི་ཡོད་ཙང་། ང་ཚོས་ཀྱང་ཧ་ལམ་མ་སོང་ན་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་ཡིན་ཞེས་གླེན་པ་མགོ་རྨོངས་པ་དང་། མཁས་པ་ཁྲེལ་བགད་ཤོར་བའི་ཁ་བདེ་བདེ་དང་མགོ་མགྱོགས་མགྱོགས་ཀྱི་སྐད་ཅ་སྣ་ཚོགས་ཤིག་བཤད་ཡོད་སྐད་ འདུག།།ཁོ་བོས་བལྟས་ན་འདིའི་རིགས་ཀྱི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་སོགས་ནི་གཞིས་བྱེས་ གཉིས་ཀྱི་དབར་དུ་འགལ་འདུའི་ཕུང་བོ་ཞིག་དང་། ཕན་ཚུན་ལ་ཡིད་ཆེས་དང་བློ་གཏད་བྱེད་མི་བཏུབ་པའི་རྐྱེན་ཞིག་ཏུ་མཐོང་བས། སེམས་ཚོར་གྱི་སྣང་བརྙན་གསོན་པོ་དེ་ཕྱི་ཕྱོགས་སུ་བསྟན་པ་ཙམ་མོ།།
སྐད་ཡིག་ཚོགས་པས་གླུ་གར་སྤྲོ་ཚོགས་ཡིན་ནམ་འགྲན་ཚོགས་ཡིན་ན་དེར་ཧ་དེ་ཙམ་ལས་མ་སོང་། ཚོགས་པར་ལངས་ཕྱོགས་གསལ་པོ་ཞིག་མེད་པ་ཡིན་ན། འདི་འདྲ་ཡོང་གི་རེད། སྐད་ཡིག་ཚོགས་པས་སྐད་ཡིག་སྲུང་སྐྱོབ་ཟེར་གྱིན་ཟེར་གྱིན་ལ། སྐད་ཡིག་ཚགས་པར་ཟེར་བ་དེ་ཡིག་ནོར་མེད་པ་ཞིག་ད་ལྟ་བར་བཏོན་མ་སོང་། དེར་ཧ་ལས་ཀྱི་འདུག
སྐད་ཡིག་ཚོགས་པ་ཡིན་ན་འང་འདྲ་རྡོ་སུ་དང་སུ་ཡིན་ན་མིང་དང་དོན་མཐུན་པ་ཞིག་བྱེད་ཐུབ་ན་ང་ཚོས་རྗེས་སུ་ཡི་རིང་ཡོད་
སྐད་ཡིག་རྒྱུད་འཛིན་གྱི་གླུ་གཞས་བཏང་ལེགས་བྱུང་། གླུ་གཞས་ཡིན་ན་སྤྲོ་སྐྱིད་ཡིན་དགོས་བའི་ངེས་བ་མེད་པས་རེད།
གྲོགས་པོ་ཚོ་གླུ་གཞས་འགྲན་སྡུར་ཡིན་ན། གླུ་གཞས་སྤྲོ་འཚོགས་ཡིན་མི་དགོས་པའི་ལྟ་བ་ནི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཁ་གཡར་ས་ཞིག་ལས། དོན་དངོས་ཀྱི་བྱུང་རིམ་དང་ཡོངས་སུ་འགལ་བའི་གཏམ་ཞིག་ལས་ཅི་ཡང་མ་མཐོང་། ཡང་གཅིག་བཤད་ན་སྐད་ཡིག་རྒྱུན་འཛིན་ཚོགས་པས་འདུ་ཤེས་དེ་ལྟར་བཟུང་ཡོད་སྲིད་ཀྱང་། དེ་ནི་གོ་བ་ལོག་སྒྲུབ་བྱས་པའི་ངང་ཚུལ་ལས་རྒྱུ་མཚན་གཞན་ཅི་ཡང་མི་འདུག།
གལ་སྲིད་དམིགས་ཡུལ་དེ་ལྟར་བཟུང་ཡོད་དུ་ཆུག་ཀྱང་། ཕྱི་ཕྱོགས་ཀྱི་མི་རིགས་ལ་ཤ་ཞེ་ཅན་དང་རྒྱབ་སྐྱོར་ཐོབ་པའི་སྤུན་ཟླ་ཚོས་འགྲེལ་བཤད་དེ་ལྟར་རྒྱག་སྲིད་དམ། ཁྱད་པར་དུ་གཞིས་བཞུགས་སྤུན་ཟླ་ཚོས་མཁྱེན་རྟོགས་བྱུང་ཚེ། ང་ཚོ་ཕྱི་སྡོད་བོད་པ་ཚོར་རེ་བ་སྟེང་ནས་ཆད་པར་སྟ་གོན་ཉག་གཅིག་བྱས་པ་མ་ཡིན་ནམ།།
འཕྲིན་ལས་འོད་ཟེར་གྱིས་སེམས་ཚོར་རྣོ་པོ་ཞིག་གིས་གཞིས་ལུས་བོད་མིའི་དཀའ་སྡུག་གླེང་བ་བདེན་མོད།
འོན་ཀྱང་སེམས་རྣལ་དུ་འཇོག་དགོས་པ་ཞིག་ལ་གཡས་ཕྱོགས་དཀར་པོ་ཡིན་ན།གཡོན་ཕྱོགས་ནག་པོ་ཡིན་པས་ཁྱབ་པ་འཛིན་མི་རུང་།གང་ཡིན་ཞེ་ན་ཤེས་ལྡན་པ་ཞིག་གི་མིག་ལ་ཚང་དགོས་པའི་ཆ་རྐྱེན་དང་པོ་ནི་དྲང་ལྡོག་གཉིས་ཀ་མཐོང་བའི་རིག་ཤེས་ལྡན་དགོས།
ང་ཚོའི་སྤྱི་ཚོགས་ནང་གི་རྩོམ་པ་པོའི་འོས་འགན་ནི་སྤྱི་ཚོགས་སྣེ་འཁྲིད་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་ལས་གང་བྱུང་སྨྱུག་རྩེ་ནས་བཞུར་རྒྱུ་དེ་མི་གཙོ་སྙམ།
བྱང་ཆུབ་ལགས་ཀྱིས་བཤད་པ་བདེན་པ་རེད། རྩོམ་པ་པོ་ཞིག་ཡིན་ཕྱིན་རང་བདེན་དང་དྲང་བདེན་མ་ཡིན་པའི་ལམ་ཁ་སྣ་ཚོགས་ཤིག་འདྲེན་བྱེད་ཀྱི་སྟེགས་བུ་རུ་ཡོང་བ་ནི་ཆོས་ཉིད་ཀྱིས་གྲུབ་པའི་གནས་ལུགས་ཤིག་རེད་ལ། དེ་ལྟ་བུའི་གླེང་སློང་དེ་དྲང་བདེན་གྱི་ལམ་ནས་ཐག་གཅོད་པའི་དཔྱོད་ཤེས་ལྡན་དགོས་པ་ནི་འུ་ཚོ་སྨྱུག་ཐོག་པ་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་ལ། དོན་དངོས་དང་མཐུན་པའི་གནས་ལུགས་ཤིག་ཀྱང་རེད།
སྔོན་ཡང་ཁྱོད་བཟང་ང་རྫིག་གིས་ཕན་ཚུན་ལ་བསྟོད་བསྔགས་དང་། གསང་བ་འགེབས་རེས་བྱས་ཏེ་རང་སྐྱོན་རི་བོ་ལྟར་ཡོད་ཀྱང་སྦས་གསང་བྱས་པའི་བརྒྱུད་རིམ་ལས། འུ་ཚོའི་སྤྱི་ཚོགས་ཀྱི་གནས་རིམ་འདི་ལྟ་བུ་ཞིག་ལྷུང་ཡོད་པ་སུས་ཀྱང་ཤེས། དེའི་ཕྱིར་དྲང་བདེན་ལ་རྒྱབ་སྐྱོར་དང་། གནས་ལུགས་མེད་པའི་ཁྲེལ་མེད་ཀྱི་བྱ་ བ་ལ་དགག་རྒྱག་བྱེད་དགོས་པ་ཧ་ཅང་གལ་ཆེ་བར་སེམས།
བྱང་ཆུབ་ལགས་ཀྱིས་བཤད་པ་བདེན་པ་རེད། རྩོམ་པ་པོ་ཞིག་ཡིན་ཕྱིན་རང་བདེན་དང་དྲང་བདེན་མ་ཡིན་པའི་ ལམ་ཁ་སྣ་ཚོགས་ཤིག་འདྲེན་བྱེད་ཀྱི་སྟེགས་བུ་རུ་ཡོང་བ་ནི་ཆོས་ཉིད་ཀྱིས་གྲུབ་པའི་གནས་ལུགས་ཤིག་རེད་ལ།དེ་ལྟ་བུའི་གླེང་སློང་དེ་དྲང་བདེན་གྱི་ལམ་ནས་ཐག་གཅོད་པའི་དཔྱོད་ཤེས་ལྡན་དགོས་པ་ནི་འུ་ཚོ་སྨྱུག་ཐོག་ པ་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་ལ། དོན་དངོས་དང་མཐུན་པའི་གནས་ལུགས་ཤིག་ཀྱང་ རེད།
སྔོན་ཡང་ཁྱོད་བཟང་ང་རྫིག་གིས་ཕན་ཚུན་ལ་བསྟོད་བསྔགས་དང་། གསང་བ་འགེབས་རེས་བྱས་ཏེ་རང་ སྐྱོན་རི་བོ་ལྟར་ཡོད་ཀྱང་སྦས་གསང་བྱས་པའི་བརྒྱུད་རིམ་ལས། འུ་ཚོའི་སྤྱི་ཚོགས་ཀྱི་གནས་རིམ་འདི་ལྟ་བུ་ཞིག་ལྷུང་ཡོད་པ་སུས་ཀྱང་ཤེས། དེའི་ཕྱིར་དྲང་བདེན་ལ་རྒྱབ་སྐྱོར་དང་། གནས་ལུགས་མེད་པའི་ཁྲེལ་མེད་ཀྱི་བྱ་ བ་ལ་དགག་རྒྱག་བྱེད་དགོས་པ་ཧ་ཅང་གལ་ཆེ་བར་སེམས།