རིག་འཛིན་ཨེ་མ་ཧོ།
ཀྱེ་མ་ཧོ།
འཁོར་བའི་སྡུག་བསྔལ་འདི་ཆུ་ཚོད་བཞིན་འཁོར་ནས།།
སྐྱེ་རྒ་ན་འཆི་ཡི་ཕྲེང་ཐག་ནམ་ཟད་དུ་བགྲང་ཡང་།།
སྡུག་ཀུན་མཚམས་ཆད་ཉིད་མྱང་འདས་མཐར་ཐུག་ཕྱིན་པས།
ཐར་མཆོག་ཡང་དག་གི་བཅོམ་ལྡན་བདེ་གཤེགས་རྒྱལ་བ།།
གཞུང་ལུགས་རབ་འབྱམས་ལ་མཁས་དབང་ཕུལ་བྱུང་དམ་པ།།
རིམ་གཉིས་བསྐྱེད་རྫོགས་ལ་དངོས་གྲུབ་ཐུགས་དམ་འབྱོར་པས།།
དགོངས་པ་ཆོས་དབྱིངས་ལ་གཤེགས་མཛད་བདེ་གཤེགས་ཡིན་ཡང་།།
སློབ་འབངས་མྱ་ངན་ལ་ཐུགས་བརྩེས་སྤྱན་རས་མ་གཡེངས།།
བློ་བཟང་རྒྱལ་བ་ཡི་བསྟན་པའི་སྲོག་སྙིང་འཛིན་ཞིང་།།
འཆད་རྩོད་རྩོམ་གསུམ་གྱིས་སྐུ་ཚེ་གང་བོར་སྐྱོང་བའི།།
བཤད་སྒྲུབ་ཕྲིན་ལས་ཀྱི་དེད་དཔོན་མཁན་པོ་རིན་ཆེན།།
ཐུགས་དགོངས་ཞིང་གཞན་དུ་ཕེབས་ཀྱང་མྱུར་བྱོན་མཁྱེན་ནོ།།
ཞེས་རབ་རྒྱན་ཤིང་རྟའི་སྨྲོན་ཟླའི་ཡར་ཚེས་བཟང་པོར་དགོང་མོའི་ཆུ་ཚོད་༦:༡༠ཡས་མས་སུ་འདྲེན་མཆོག་བླ་ན་མ་མཆིས་པ་གཞུང་ལུགས་རབ་འབྱམས་ཀུན་ལ་རིགས་ལམ་གཉིས་ཀྱི་ཐོག་ཐོགས་མེད་སྨྲ་བ་མཁས་དབང་སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོང་བར་ཐོས་པའི་མོད་པ་མྱ་ངན་འཚམས་འདྲི་རུ་དམ་པ་ཁོང་གི་སློབ་འབངས་ཡོངས་ལ་ཝ་ཡེལ་རྒྱལ་ཁང་ནས་རིག་འཛིན་ཨེ་མ་ཧོས་གུས་པས་སྨོན་པར་དགེའོ།། །།