གཡང་སྐྱབས་རྒྱལ།
———
“ང་ནི་བོད་ཡིན་”ཞེས་པའི་གླུ་ཞིག་འདུག
“བོད་ནི་ང་ཡིན་”ཞེས་པའི་གླུ་ཞིག་འདུག
ཆོལ་ཁ་གསུམ་གྱིས་རུས་པའི་ཚོད་དུ་བྱས།།
ས་དགེ་བཀའ་རྙིང་བོན་གྱིས་ཡན་ལག་གྲུབ།།
མི་རབས་གསར་རྙིང་ཁྲག་དང་ཤ་ཡི་དོད།།
མི་འཆི་ནད་ཀྱིས་ཐེབས་པའི་བོད་འདི་སྐྱོ།།
ཧ་ཧ།
བོད་འདིའི་མགོ་བོར་ཟུག་གཟེར་འཕར་ནས་འདུག
བོད་འདིའི་སྐེ་ལ་གཉན་ནད་བྱུང་ནས་འདུག
ལག་པ་གཡས་པས་ལག་པ་གཡོན་ལ་བསྣུན།།
ན་ཟུག་ལངས་པ་བཟོད་ཐབས་ག་ལ་ཡོད།
ཨོ་ཨོ།
མ་བཟོད་གཡོན་མས་སླར་ཡང་གཡས་ལ་གཞུས།།
དམར་པོ་ཁྲག་གིས་བྲང་ཁོག་ཡོངས་སུ་གཡོགས།།
ལག་པ་གཉིས་པོ་ཙམ་ཞིག་ག་ལ་ཡིན།།
རྐང་པ་གཉིས་ནི་དེ་ལས་སྡུག་ཅིག་འདུག
ཨ་ཁ་ ཨ་ཁ་
རང་གི་ཡན་ལག་རང་གིས་མི་ཚོར་བ།།
“བོད་”ངན་འདི་ཡི་ཁ་ལ་ཐལ་བ་སྟོབ།།
ད་ཡིན་ན་
རྒྱབ་ནས་རྒྱ་རིགས་ཆེན་པོས་ཤུགས་ཀྱིས་དེད།།
མདུན་ན་གར་འགྲོ་འདིར་འགྲོའི་ས་ཞིག་མེད།།
༼ད་དུང་༽
རང་གི་ཡན་ལག་ཉིང་ལག་འཁྲུགས་པ་འདི།།
མི་དགོས་གདོན་གྱིས་ཟིན་པའི་ཐན་ལྟས་རེད།།
ནད་འདི་བཅོས་པའི་སྨན་ཞིག་ཡོད་ཟེར་མོད།།
ལོ་ངོ་སྟོང་གི་རིང་ལ་གསོ་མ་ནུས།།
ཨ་ཙི་ ཨ་ཙི་
ད་དུང་གསོ་ལུགས་འདི་ཡིན་རྫོ་ལེ་མེད།།
“བོད་ཀྱི་ལུས་འདི་”དུམ་བུར་གཏོང་ངོ་ལོ།།
ལག་པ་གཡས་པ་ཆད་པའི་གཟུགས་པོ་ཞིག།
རྐང་པ་གཡོན་མ་ཞ་བའི་གཟུགས་པོ་ཞིག
ཁ་ཆག་སྣ་རལ་འདི་འདྲ་ཡོང་གི་རེད།
ཁ་བཙུམས། ཁ་བཙུམས།
བཤད་ན་དྲག་པའི་ན་ཚ་འདི་མ་རེད།།
མ་བཤད་དྲག་པའི་ན་ཚ་འདི་མ་རེད།
ཁ་བརྡའི་དྲ་བ་ཡོད་ཀྱང་མེད་ཀྱང་རུང་།།
ན་ཚ་འདི་འདྲ་གསོ་བའི་སྨན་མེད་དོ།།
ད་ཡིན་ན།
གཞུས་ཤིག་གཞུས་ཤིག་མཚོན་ཆ་དང་བཅས་གཞུས།།
ཁྲག་གི་འཁོར་ལོ་བསྐལ་པའི་བར་དུ་བསྐོར།།
ཆོད་ཅིག་ཆོད་ཅིག་མཚོན་ཆ་དང་བཅས་ཆོད།།
ཡན་ལག་ཉིང་ལག་དུམ་བུ་དུམ་བུར་ཆོད།།
ཡིན་དཱ། མུ་མཐུད་ནས་ ཡིན་དཱ།
ཁྱོད་ཅག་འཁྲུག་པ་མ་རྒྱག་སྐུ་མཁྱེན།
མིང་ལ་གཡང་ཞེས་འབོད་པའི་མི་བུ་ཁྱེད། །
རང་རེའི་བོད་ཀྱི་བྱུང་རབས་རྟོགས་མ་རྟོགས། །
རང་རེའི་བོད་ཀྱི་བྱུང་བ་མ་རྟོགས་ན། །
དེབ་ཐེར་དཀར་པོའི་ཤོག་བུའི་ངོས་ལ་གསལ། །
མ་མཐོང་རྒྱང་ནས་གྲགས་པའི་གཡར་གྱི་རྔ། །
ལྡིར་སྒྲས་བར་སྣང་འགེངས་ཏེ་གནམ་ས་གཉིས། །
གས་བ ལྟ་བུའི་འུར་སྒྲོག་ཆེ་ན་ཡང་། །
ཡུན་ཙ
དགོངས་འགལ་མེད་པ་མཁྱེན། ལག་པ་ཤོར་ཐལ། ཚིག་རྐང་མཐའ་མ་ དེ འདི་ལྟར་བཅོས་རོགས།
( ཡུད་ཙམ་ཞིག་གི་སྤྲིན་ནག་ཡལ་བར་འགྱུར། ། )
སྔོན་གྱི་དུས།
བོད་ནི་ང་ཡིན་ཞེས་པའི་གླུ་ཞིག་ལེན།།
ང་ནི་བོད་ཡིན་ཞེས་པའི་གླུ་ཞིག་ལེན།།
སྔོན་ཚེ་སོག་པོས་ཅ་ལག་ཚུལ་དུ་སྤྱད།།
མི་རྟ་ཆོས་གསུམ་ཡོན་དུ་ཕུལ་བ་ལ།།
ཆོལ་ཁ་གསུམ་དུ་བྱས་པ་འགྲིག་ཡོད་མིན།།
ད་ལྟའི་དུས།
བོད་ནི་ང་ཡིན་ཞེས་པའི་གླུ་ཞིག་ལེན།།
ང་ནི་བོད་ཡིན་ཞེས་པའི་གླུ་ཞིག་ལེན།།
འཇོན་པོ་རྒོད་པོ་ཚང་མ་ཕྱོགས་རིས་ཆེ།།
མཁས་བླུན་འཚང་ཁའི་བར་ལ་ཕྱོགས་ཞེན་འཚང༌།།
མཐུན་སྒྲིལ་ལག་གདང་མདུད་པ་ཆད་ལ་ཉེ།།
མ་འོངས་དུས།
བོད་ནི་ང་ཡིན་ཞེས་པའི་གླུ་ཞིག་ལེན།།
ང་ནི་བོད་ཡིན་ཞེས་པའི་གླུ་ཞིག་ལེན།།
མདུང་རྩེ་ནང་གཏོད་རྒོད་པོས་འཚང་ཁ་རྒྱག།
ཕུ་ནུ་ནང་དཀྲུག་དཔའ་བོས་འཚང་ཁ་རྒྱག།
འཚང་འདི་ཚོས་བོད་སྐེར་ཐགས་པ་འདོགས།།
འཚང་༼ཁ༽འདི་ཚོས་བོད་སྐེར་ཐགས་པ་འདོགས།། ཞེས་བཅོས་རོགས།
ཨ་རོགས་གཡང་སྐྱབས་རྒྱལ།
ཁྱོད་ཀྱིས་ད་ཡི་འོག་ལ་འ་ཞིག་མ་བཏགས་ན་ད་དེ་འཕུར་འགྲོ་ནི་མ་རེད་ལ།