གཞུང་པ་ཚེ་དབང་བསོད་ནམས་།
དེང་སྐབས་མང་གཙོའི་རྒྱལ་ཁབ་མང་ཆེ་བ་ཡུལ་མིའི་རྒྱལ་ཁབ་་( REPUBLIC ) ཀྱི་ངོ་བོའི་ཐོག་ནས་ཡུལ་མི་མང་ཚོགས་ཀྱིས་འཚོ་བ་ལ འགན་སྲུང་བྱེད་བཞིན་པ་ནས་མང་གཙོའི་རིག་པའི་གཞུང་ལུགས་ཟེར་ནའང་འདྲ་། མང་གཙོའི་ལྟ་གྲུབ་ཟེར་ནའང་འདྲ་། ( Democracy Theory ) ནང་ཡུལ་མིའི་རྒྱལ་ཁབ་། ( Republic ) གི་གོ་དོན་ངོ་མ་འདི་ལྟར།
( Head of the Nation and Head of the state is elected by people is called REPUBLIC NATION ) རྒྱལ་ཁབ་ཀྱི་དབུ་འཁྲིད་དང་། སྲིད་གཞུང་གི་འགོ་འཁྲིད་དེ་མི་མང་གི་འདམས་པའི་མི་ཞིག་དགོས་པ་ལ་ཡུལ་མིའི་རྒྱལ་ཁབ་ཟེར་བ་དང་། དེ་ཡང་མི་མང་ནས་ཐད་ཀར་འདམས་བཞིན་པའི་དབུ་འཁྲིད་དང་། མི་མང་གིས་འཐུས་མི་བརྒྱུད་ནས་འདམས་བཞིན་པའི་དབུ་འཁྲིད་བཅས་ལམ་ལུགས་གཉིས་ཡོད་པ་དང་། ཨ་རི་ལྟབུ་སྲིད་འཛིན་དེ་མི་མང་ནས་ཐད་ཀར་འདམས་བཞིན་པ་དང་། ( American President is Direct elected by people ) རྒྱ་གར་ལྟབུ་སྲིད་འཛིན་དེ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་བཅས་མི་མང་གི་འཐུས་མི་རྒྱུད་ནས་འདམས་བཞིན་པ་དང་། ( Indian President is elected by Member of two House and state MLA ) གོང་གི་ལམ་ལུགས་གཉིས་རྒྱུད་ནས་འདམས་པའི་སྲིད་འཛིན་གྱི་དབུ་འཁྲིད་པའི་མང་གཙོའི་རྒྱལ་ཁབ་ལ་ཡུལ་མིའི་རྒྱལ་ཁབ་། ( REPUBLIC ) ཟེར་བ་དང་། མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་། ( REPUBLIC ) ཡུལ་མིའི་རྒྱལ་ཁབ་ཡིན་པའི་སྒྲུབ་བྱེད་གོང་གི་འབྲེལ་བཤད་ནས་གོ་རྟོགས་ཐུབ་པ་དང་། ཨ་རི་ལྟབུ་སྲིད་འཛིན་ལམ་ལུགས་ནང་སྲིད་འཛིན་ལ་དམིགས་བསལ་དབང་ཆ་། ( Veto Power ) ཡོད་པ་ནི་སྲིད་འཛིན་དེ་མི་མང་ནས་ཐད་ཀར་འདམས་པའི་དབང་གིས་དབང་ཆ་ཆེ་བ་ཡོད་པ་དང་། རྒྱ་གར་ལྟབུ་གྲོས་ཚོགས་ལམ་ལུགས་ནང་སྲིད་འཛིན་ལ་དབང་ཆ་དམིགས་བསལ་མེད་པ་ནི་སྲིད་འཛིན་དེ་ཐད་ཀར་མི་མང་གི་འདམས་པ་ཞིག་མིན་པ་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་བཅས་མི་མང་གིས་འཐུས་མི་བརྒྱུད་ནས་འདམས་པ་ཞིག་ཡིན་པ་བཅས་།
སྤྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ནས་ཆབ་སྲིད་ཀྱིས་སྐུ་དབང་བོད་མི་མང་ལ་གནང་རྒྱུའི་སྐོར་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་གསུང་འཕྲིན་ཕེབས་པའི་ནང་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་དེ་དང་ཕྱོགས་མཐུན་དགོས་པའི་སྐོར་བཀའ་ནན་ཕེབས་ཡོད་ན་ཡང་། སྤྱི་འཐུས་སྐབས་བཅོ་ལྔའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཡུལ་མིའི་རྒྱལ་ཁབ་། ( REPUBLIC ) དེ་ ( ཡུལ་མིའི་སྲིད་སྐྱོང་ ) ལ་སྤྱི་མོས་ཀྱིས་བསྐྱར་བཅོས་གནང་བ་དེ་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལྟ་གྲུབ་བམ་ལམ་ལུགས་ལ་དཔེ་བླངས་པ་ཡིན་གསལ་པོ་ཤེས་མ་སོང་ལ་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདིའི་གོ་དོན་ཇི་ཡིན་ད་ལྟ་ཡང་ཤེས་ཐུབ་མ་སོང་ན་ང་ཚོའི་མང་གཙོའི་ལམ་ལུགས་དེ་འཛམ་གླིང་སྤྱིའི་མང་གཙོའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་དང་ཕྱོགས་མཐུན་མ་ཐུབ་ཚེ་ང་ཚོ་སླར་ཡང་རྗེས་ལུས་ནས་ཁ་བྲལ་མ་ཐུབ་ནས་ཡངས་ལུས་ལ་ཁ་ཕྱོགས་འདོད་པ་མ་རེད་དམ།
སྤྱི་ལོ་ ༢༠༢༡ / ༩ / ༢༧ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ་།