གནས་ཚུལ་མཁོ་གཏོང་བ། དཀོན་མཆོག་དོན་འགྲུབ།
ཕྱི་ཟླ་༨ པའི་ཚེས་༡༣ ཉིན་བསྐྱར་དུ་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་ཁ་སྔོག་འདོན་པ་མང་པོ་ཞིག་ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་སོགས་ས་གནས་ཁག་གསུམ་དུ་འབྱོར་ཡོད་འདུག
འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྫ་ཆེན་ཕྱོགས་ཀྱི་རི་བོ་ར་འདྲའི་མགར་བ་མཆེད་བརྒྱད་ཀྱི་ཕྱོགས་དང་། སྤྱི་རྫ་རྫ་དགུའི་གཞུང་ནས་བརྐོ་རྒྱུ་ཡིན་འདུག་ཀྱང་། མི་མང་གིས་ས་ཆེན་གཞུང་ནས་བཀག་ཡོད་འདུག ཨ་སྟོད་ཕྱོགས་ཀྱི་རི་བོ་སྟོང་དཔོན་རྡོ་རྗེ་རབ་གསལ་དུ་རྒྱལ་སྲིད་སྣ་བདུན་ཡོད་པའི་ནང་གི་བློན་པོའི་ཕྱོགས་ནས་བརྐོ་རྒྱུའི་འཆར་གཞི་ཡོད་འདུག རི་བོ་དེ་ཚོར་ས་ཁམས་བརྟག་དཔྱད་བྱེད་མཁན་གྱི་རིན་ཐང་བྲལ་བའི་ཕ་ལམ་དཀར་པོའི་གཏེར་ཁ་ཡོད་པ་ཤེས་ནས་སྔོག་འདོན་གྱི་ལས་གཞི་དེ་སྤེལ་བ་ཡིན་སྐོར་ཤོད་ཀྱི་འདུག
རྫ་ཆེན་ནས་རྒྱལ་མཚན་དང་། བསྟན་འོད། ཨ་སྟོད་ནས་ཁེ་ཚ་བསོད་རྡོར་དང་། ན་ག་བུ་རྫི། གཡག་སྦྲའི་ཁྲ་རྦོག། སྤྱི་རྫ་ནས་ཁྲོམ་པའི་བུ་ཁྲ་བཅས་ལ་རྒྱ་ནག་གཞུང་གིས་སྔོན་ནས་འཇུ་བཟུང་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག་པ་དང་། ད་ལྟ་ཡང་ཁོང་ཚོས་འགོ་ཁྲིད་ནས་རྫ་སྟོད་ས་གནས་སོ་སོའི་མི་མང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཕོ་ཟད་མོ་དང་ལག་ཟད་དཔུང་ལ་ཐུག་ཀྱང་གཏེར་ཁ་ཅུང་ཟད་ཙམ་བརྐོ་བཅུག་གི་མིན་ཟེར་བཞིན་བསྡད་འདུག རྫ་སྟོད་རྫོང་གི་ཁྲོམ་ལམ་ཡོངས་རྫོགས་དེང་སྐབས་དམག་གིས་བསྐོར་ནས་འཇིགས་སྐུལ་དང་དྲག་གནོན་གྱི་རྣམ་པ་ཤུགས་ཆེན་སྟོན་གྱི་ཡོད་འདུག་ལ། རིང་མིན་གཏེར་ཁ་སྔོག་འདོན་བྱེད་སའི་ཕྱོགས་གཏོང་ངེས་པ་ས་གནས་མི་མང་གིས་ཚོད་དཔག་བྱེད་ཀྱི་འདུག ས་གནས་མི་མང་རྣམས་འཇིགས་སྐྲག་དང་དོགས་པའི་ངང་དུ་གནས་འདུག
ད་ལྟའི་ཆཪ་ས་ཕྱོགས་དེ་གསུམ་ལ་ངོ་རྒོལ་བྱེད་མཁན་རྫ་ཆེན་ལ་མི་མང་༡༠༠༠ ལྷག་ཙམ་དང་། ཨ་སྟོད་ལ་མི་མང་༡༢༠༠ ཙམ། སྤྱི་རྫ་ལ་མི་མང་༡༥༠༠ ལྷག་ཙམ་རེ་སླེབས་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་དང་བཀག་འགོག་བྱེད་བཞིན་པ་རེད་འདུག
སྤྱིར་ཨག་སྟོད་དུ་གཏེར་ཁ་སྔོག་འདོན་བྱེད་མཁན་༡༠༠ ལྷག་ཙམ་དང་། རྫ་ཆེན་ལ་༡༥༠ ཙམ། སྤྱི་རྫའི་ཕྱོགས་ལ་༢༠༠ ལྷག་ཙམ་ཡོད་པའི་གནས་ཚུལ་འདུག
ཁམས་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་བརྐོ་བའི་གནས་ཚུལ་དེ་༢༠༡༢ ལོའི་ཕྱི་ཟླ་༧ ནང་རི་བོ་རྫ་ཆེན་ར་འདྲའི་མགར་བ་མཆེད་བརྒྱད་དུ་རྒྱ་གསེར་རྐོ་མང་པོ་ཞིག་སླེབས་ནས་གཏེར་བརྐོ་གྲབས་བྱས་པ་དང་། ས་གནས་མི་མང་གིས་བཀག་འགོག་ཤུགས་ཆེན་བྱེད་སྐབས། རྒྱ་གཞུང་གིས་ས་གནས་མི་མང་སུས་གཏེར་ཁ་བརྐོ་རྒྱུར་བཀག་འགོག་བཟོས་ན་འཛིན་བཟུང་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་ཀྱང་། ཁོ་རང་ཚོའི་གཏེར་ཁ་བརྐོ་བྱེད་ཀྱི་འཕྲུལ་ཆ་ལ་སྐྱོན་བྱུང་ནས་ལོ་དེར་བརྐོ་མ་ཐུབ་པར་ལུས་པ་རེད། ཡིན་ཡང་འཕྲུལ་ཆས་ལ་སྐྱོན་བྱུང་བ་དེ་ས་གནས་མི་མང་གིས་བྱས་ཡོད་པའི་ཉེས་མེད་ཉེས་འགེལ་བྱས་ཡོད་ནའང་། སྐབས་དེར་ཐོག་བརྒྱབ་ནས་འཕྲུལ་ཆས་ལ་སྐྱོན་བྱུང་བ་ཡིན་སྐོར་ས་གནས་མི་མང་གིས་ཤོད་བཞིན་འདུག །
གཅིག་དང་གཉིས་ཀྱིས་ཁྱོད་མེད་ང་མེད་ཀྱི་དཔའ་རྟགས་སྟོན་དགོས་རེད། ཉིན་དཀར་གྱི་ལྷ་བྱེད་མི་ཉན། མཚན་མོར་འདྲེ་སྐྱེས་ལེན་དགོས་བ་རེད། ངོ་མ་ཡར་ལ་གཏུགས་ས་ཞིག་དང་རེ་བ་ཞུ་ས་ཞིག་མེད་དུས། ཕམ་ཁའི་ནང་ནས་ཕམ་ཁ་རོགས་པ་ལས། ཕམ་ཁའི་ནང་ནས་རྒྱལ་ཁ་ཞིག་ཨེ་ལོན་ཡིན་གཅིག་ལྟ་དགོས་བ་རེད། རྒྱ་ནག་ལ་གཏེར་ཁ་སྟེར་ནས་རྒྱ་འདྲེ་རྒྱུ་ཐོག་ལ་ཕུད་མི་ཉན། རྒྱུ་ཤུགས་ཚང་མ་དམག་དོན་ལས་གཞན་པར་མི་བཀོལ། བོད་ནོར་ཤོར་ནས་བོད་ལ་གྱོང་ཁ་རག་མི་ཉན། ས་གང་ནས་གང་ཐུབ་པའི་རང་ས་བདག་འཛིན་བྱེད་དགོས།
བོད་མི་རིགས་ཀྱི་རྩ་ནས་བཙན་འཕྲོག་འདི་འདྲ་བྱེད་དུས་སྙིང་ལ་ན་ཟུག་བརྒྱབ་ཀྱི་འདུག བོད་མི་རིགས་ཀྱི་བདག་དབང་ཡིན་པའི་ཕ་ལམ་དང་གསེར། དངུལ་དང་ལྕགས། ཟངས་དང་ཞ་ཉེ་སོགས་སྒོར་མོ་དུང་ཕྱུར་མང་པོའི་རིན་གོང་ཡོད་པའི་གཏེར་ཁ་ཕྲོགས་འགྲོ་དུས་སྡར་མ་ངུ་ནས་སྡོད་པ་ལས་ཅི་ཞིག་བྱ་ཐུབ་བམ།
བོད་ལ་ཡོད་པའི་བོད་མི་རྣམས་འཚོ་བའི་ཆ་རྐྱེན་ཧང་ཅང་སྐྱོ་པོ་ཡིན། གཟུགས་པོ་བཀྲུ་སའི་ཁྲུས་ཁང་ཡག་པོ་ཞིག་ཀྱང་མེད། ཅི་དང་གང་གི་ཐོག་ནས་དཔལ་འབྱོར་གནས་སྟངས་གྱི་སྐྱོ་པོ་རེད། ཕྱི་ལ་ཡོད་པའི་བོད་མི་རྣམས་ནི་དེ་ལས་མི་གཞན་གྱི་ལུང་པའི་ནང་དུ་གཡོག་ལས་བྱས་ནས་མི་ཚེ་སྐྱེལ་བཞིན་ཡོད།
སོ་སོའི་གསེར་དང་ཕ་ལམ་སོགས་རྒྱ་མིས་ཁུར། སོ་སོའི་སྤྲང་ལུས་ལེན་དགོས་པའི་གནས་སྟངས་ལ་ཞིབ་ཏུ་བསམ་བློ་གཏོང་ཕོད་ཀྱི་མི་འདུག སྡུག་བསྔལ་འདི་ལས་ཆེ་བ་ག་རེ་དགོས། མྱི་ཞིག་ཡིན་མདོག་བྱས་ནས་འཛམ་གླིང་ཐོག་ཏུ་སྐྱེས། རང་ཡུལ་བདག་པོ་མ་ཐོན་ནས་སྐྱབས་བཅོལ་བའི་གཡོག་ལུས་ལེན། སྡར་མ་ཁྱི་རྒན་ངའི་སྙིང་ལ་ཁྲག་དང་དྲོད་མི་འདུག
དཔའ་བོ་སྟག་དང་སེང་གེའི་མིང་ཡོད་མཁན་ཚོས་རྒྱལ་སྤྱིའི་ཁྲིམས་ལ་གཏུགས་ནས་རང་རྒྱུ་རང་བདག་ཐོན་པ་ཞིག་གནང་རོགས་བྱོས། བོད་མི་ཁོག་ན་སྙིང་དང་སྙིང་ལ་དྲོད་ཡོད་པའི་ཕོ་རྒོད་ཚོས་ཅིག་བྱེད་རན་འདུག མགོ་ལ་ཀླད་པ་དང་ཀླད་པའི་ནང་ཤེས་ཡོན་ཡོད་པའི་བོད་པའི་མཁས་དབང་ཚོས་ཅིག་གསུང་རན་འདུག་འདོད་དོ།།
དྲ་གྲོགས་ཚོ། ཆོས་ལུགས་དང་གྲུབ་མཐའ་རྩོད་ནས་སྡོད་པ་ལས་འདི་དག་གི་ཐོག་ཏུ་ཏོག་ཙམ་རེ་གསུང་ཡ་འདྲ་མེད་པེ། ཇུས་འདྲ་སྟོན་ཡ་མེེད་པེ། མཆན་བུ་ཚ་སབ་སོབ་རེ་ཡང་འདེབས་ཀྱི་མེད་དམ། རང་ལུས་མེ་སྲེག་པ་རྒྱལ་གཅེས་དཔའ་བོ་ཀརྨ་ངེས་དོན་རྒྱ་མཚོ་མཆོག་རྐང་པ་ཞ་བོ་ཡིན་ན་གཏེར་ཁའི་དོན་དག་བཀའ་མོས་ངར་པོ་ག་འདྲ་གསུངས་མི་འདུག་གམ།
རྒྱ་ནགས་གཞུང་གིས་བོད་ས་ཡོངས་བཙན་འཕྲོག་བྱས་དོན་ཡང་གཏེར་ཁ་དང་ས་ཆའི་ཆེད་དུ་རེད། བོད་ས་ཁུལ་ན་གཏེར་ཁ་གང་ན་ཡོད་པ་དེར་རྒྱ་དམར་ཁོང་ཚོ་སླེབས་ཏེ་དང་པོ་ས་གནས་དེའི་མི་དམངས་ཚོར་ཁ་སྙན་མོ་བཤད། དེ་ནས་གཏེར་ཁ་དེ་བརྐོས་འགྲོ་གི་ཡོད་པར་ང་ཚོ་ཚང་མས་མཐོང་གིན་ཡོད་ཀྱང་འགོག་ཐུབ་ཀྱིན་ཡོད་པ་མ་རེད། དེ་འདྲ་དེ་འདྲ་བྱས་ཏེ་བོད་ས་ཡོངས་ཀྱི་གཏེར་རིགས་རྫོགས་འགྲོ་བར་སེམས་ཁུར་བོད་མི་ཕལ་ཆེར་ལོས་ཡོད་མོད། རྒྱ་དམར་གཞུང་ལ་དངོས་ཡོད་གནས་ཚུལ་ཞུ་ས་དང་། ཁོར་ཡུག་སྲུང་སྐྱོབས་དགོས་ཚུལ་བཤད་ན་ལམ་སང་བཙན་འཁྲིད་བྱས་འགྲོ་བར་མཐོང་ཞིང་ཤེས་པས་བྱ་ཐབས་རྩ་ནས་མེད་སོང་བས་མེ་སྲེག་གི་གནས་སྟངས་འདི་ཡོང་གི་ཡོད་པ་རེད།
བོད་ནང་གི་བོད་མི་ཚོས་རང་སྲོག་བློས་བཏང་གིས་རྒྱ་དམར་གཞུང་ལ་རྒོལ་གྱིན་པར་བཙན་བྱོལ་བའི་བོད་མི་ཚོས་ངེས་པར་དུ་ཤེས་དགོས་པ་རེད་ལ། ཤེས་ནས་ཀྱང་རང་ང་མི་འཇོག་པར་འཛམ་གླིང་ཁོར་ཡུག་སྲུང་སྐྱོབས་ཚོགས་པ་གང་ན་ཡོད་ན་དེ་ལ་རོགས་བསྐུལ་གནང་དགོས་པ་རེད།
བོད་ན་རྡོ་རྗེའི་ཕ་ལམ་ཡོད་ནི་ཨེ་རེད་་་་གོ་ཚུལ་ལ་ནོར་རྡོ་རྗེའི་ཕ་ལམ་ལྷོ་ཧྤི་རི་ཁ་མ་གཏོགས་ཡོད་མེད་རབས་འདྲ་འདུག་ག